རྒྱ་བལ་ས་མཚམས་ནས་བོད་མི་བཀག་བསྡོམས།
ཉེ་བའི་སྤྱི་ཟླ་གསུམ་པའི་ཚེས་༩་ནས་རྒྱ་གར་ནས་བལ་ཡུལ་ལ་ཡོང་མཁན་བོད་མི་ཚོ་བལ་ཡུལ་གི་ཉེན་རྟོག་པས་བལ་ཡུལ་རྒྱལ་ནང་དུ་འཛུལ་ཞུགས་བྱེད་དུ་མ་བཅུག་པར་བཀག་བསྡོམས་བྱས་ཡོད་པ་དང་། རྒྱ་བལ་ས་མཚམས་ན་བོད་མི་བརྒྱ་ལ་ཉེ་བ་ལུས་བསྡད་ཡོད་པ་རེད། བལ་ཡུལ་ས་མཚམས་གྱི་མཐའ་སྲུང་བ་དང་ཉེན་རྟོག་པས་བཤད་ན་དེ་ནི་སུམ་ཅུའི་དུས་དྲན་རིང་བལ་ཡུལ་རྒྱལ་ནང་དུ་བོད་མི་ཚོས་བོད་དོན་ཆེད་ལས་འགུལ་འདྲ་མིན་སྤེལ་མཆར་ཡོད་པའི་དོགས་གཞིའི་འོག་གོང་རིམ་ནས་བཀའ་རྒྱ་བཏང་བ་ལྟར་བཀག་བསྡོམས་བྱས་བ་ཟིག་ཡིན་པ་དང་། ས་མཚམས་ན་ལུས་ཡོད་པའི་བོད་མིའི་ཁོངས་སུ་བོད་ནས་རྒྱ་གར་ལ་གནས་སྐོར་གཉེན་འཕྲད་ལ་ཕེབས་པའི་བོད་མི་མང་པོ་ཡོད་པ་དང་། ཁོང་ཚོ་མི་ཉུང་བ་ཟིག་ས་མཚམས་ལ་ལྷག་ནས་ཉིན་གྲངས་ཁ་ཤས་འགྲོ་བཞིན་པར་གནམ་གཤིས་དང་ཟས་གོས་སོགས་གྱི་བཀའ་ངལ་ཤུགས་ཆེན་འཕྲད་བཞིན་པ་དང་། ལོ་ན་རྒན་པ་མང་པོ་ཞིག་གཟུགས་གཞི་མི་བདེ་བར་གྱུར་བཞིན་པར་ད་ལྟ་བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་འབྲེལ་ཡོད་ལས་བྱེད་པ་ས་མཚམས་ལ་སོང་ནས་བོད་མི་དེ་ཚོ་རོགས་རམ་བྱེད་ཐབས་བྱེད་བཞིན་པ་རེད། ཉེན་རྟོག་པས་བཤད་ན་ལག་འཁྱེར་ཚད་ལྡན་མེད་པའི་བོད་མི་ཚོ་བལ་ཡུལ་རྒྱལ་ནང་དུ་འཛུལ་ཞུགས་ལ་བཀག་བསྡོམས་བྱེད་རྒྱུ་ཡིན་པ་བཤད་ཡོད།
ད་བོད་མི་ཚོ་ཚུར་ཡོང་གི་མི་འཇུག་ཁར་ཕར་ལའང་འགྲོར་འཇུག་ས་མ་རེད། བལ་ཡུལ་རྒྱལ་ཁབ་འདིས་ཀྱང་རྒྱ་ནག་ནང་བཞིན་གང་ཐུབ་ཀྱུས་ང་ཚོ་བོད་མི་རིགས་འདི་ལ་གནོད་པ་ཆེན་པོ་བྱེད་བཞིན་འདུག ཟ་ལ་འདི་ཚོ།
ང་ཚོ་བོད་པ་ཚོ་ད་གང་དྲག ང་ཚོར་ཐུབ་ཚོད་མི་བྱེད་མཁན་འཛམ་བུ་གླིང་འདིའི་ནང་དཀོན་པོ་རེད།
དངོས་གནས་དེ་འདྲ་འདྲ་པོ་ཞིག་ཆགས་ཡོད། ༢༠༠༨ ལོར་བོད་པ་ཚོས་འཛམ་གླིང་ས་ཆ་གང་སར་གཞི་རྒྱ་ཆེ་བའི་ཁྲོམ་སྐོར་བྱས་དུས་རྒྱལ་ཁབ་རེ་རེའི་རྒྱལ་སྲིད་དྲག་ཆས་(a state’s coercive apparatus)ང་ཚོ་དང་ང་ཚོའི་རོགས་སྐྱོར་པ་ཚོའི་ཐོག་འགྲོ་སོང་ཆེ་ལ་འཆར་གཞི་ལྡན་པའི་ངང་བེད་སྤྱོད་བྱས་ཡོད། ཡིན་ནའང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་རྒྱ་ནག་གིས་བོད་ལ་དམ་དྲག་བྱས་པ་འགའ་མ་གཏོགས་རང་རང་གི་རྒྱལ་ཁབ་ཀྱིས་བཙན་ཤུགས་ཀྱིས་བོད་དོན་ངོ་རྒོལ་པར་སྟངས་འཛིན་བྱས་ནས་རྒྱ་ནག་ལ་རོགས་རམ་བྱས་ཡོད་པ་གླེང་མེད། མ་གཞི་ཕྱི་ནང་གི་ཆབ་སྲིད་ལ་བསམ་གཞིགས་བྱེད་དུས་ང་ཚོས་རྒྱལ་སྲིད་དབང་ཤུགས་(state power)ཟེར་བ་འདི་སུས་བཟུང་ཡོད་པ་ཤེས་དགོས།