རྡུལ་ཕྲན།
བཙན་བྱོལ་བས་ནི་ཁོ་ཚོར་རྒྱ་མིར་བརྩིས་ཏེ་དོ་སྣང་དེ་ཙམ་བྱེད་ཀྱི་མི་འདུག་་་རྒྱ་ནག་གིས་ནི་ཁོ་ཚོར་བོད་པ་ཡིན་པར་ཁག་བཞག་སྟེ་ལྟ་སྟངས་གཞན་ཞིག་འཛིན་ངེས།ད་ནི་ཁོ་ཚོར་ཅི་ཞིག་མཁོ་ཞིང་གང་ཞིག་དགོས་པའི་རེ་བ་དག་རྩ་མེད་དུ་འགྲོ་ཉེན་ཧ་ཅང་ཆེ་ཨང་་་
འབྲུག་ཆུའི་མི་མང་ནི་བོད་པ་གཙང་མ་ཡིན་ཟེར་ནས་ཁོ་ཚོས་ང་རྒྱལ་དང་སྤོབས་པ་ཆེན་པོས་གླེང་གི་ཡོད་པ་མ་ཟད།ཁོ་ཚོ་ནི་སྲོང་བཙན་སྒམ་པོས་རྒྱ་བོད་གཉིས་ཀྱི་ས་མཚམས་སུ་མངགས་པའི་དམག་མི་ཡིན་ཚུལ་དང་།ཁོ་ཚོའི་ཡུལ་སྐད་ཀྱི་ནང་དུ་དབུས་སྐད་ཀྱི་བརྡ་རྙིང་ཤིན་ཏུ་མང་པོ་ཡོད་ཚུལ་ཕ་ཡུལ་འབྲུག་ཆུ་ནས་ཡིན་པའི་གྲོགས་པོ་སུས་ཀྱང་གླེང་མྱོང་།
དེ་ཙམ་མ་ཟད་ཉིས་སྟོང་བརྒྱད་ལོའི་ཞི་རྒོལ་ཆེན་མོའི་སྐབས་ཀྱང་འབྲུག་ཆུའི་གྲོང་སྡེ་མང་པོ་ཞིག་ནས་སྐད་འབོད་དང་ཞི་བའི་ངོ་རྒོལ་རབས་དང་རིམ་པ་བྱུང་ཡོད་པ་ངའི་གྲོགས་པོ་འབྲུག་ཆུ་བ་ཚོས་དུས་ནས་དུས་སུ་གླེང་མྱོང་ལ།སྐབས་དེར་བོད་དོན་ཆེད་སྡུག་སྦྱོང་མནར་གཅོད་མྱོང་པའི་འབྲུག་ཆུ་བ་ཡང་གང་མང་ཡོད།ད་དུང་ཡུལ་ཤུལ་ས་ཡོམ་བྱུང་སྐབས་ཆེད་དུ་འབྲུག་ཆུའི་ཕག་ཤ་
དང་བག་ལེབ།འབྲུ་རིགས་སྣ་མང་བཅས་གནོད་ཐེབས་ས་ཁུལ་ལ་རོགས་སྐྱོར་ཏུ་ཕུལ་བ་སོགས་ནི།་ཁོ་ཚོ་བོད་པ་ཡིན་ལ་ཁོ་ཚོ་དུས་གཏན་ཏུ་བོད་དང་སྐྱིད་སྡུག་གཅིག་པ་བྱས་ནས་སྡོད་རྒྱུ་ཡིན་པ་མ་ཟད།ས་ཁོངས་དང་ལོ་རྒྱུས་གང་གི་ཆ་ནས་ཀྱང་བོད་པ་འཁྲུལ་མེད་ཡིན་ཞེས་པའི་བརྡ་གསལ་བོ་སྟོན་གྱི་ཡོད།
འོན་ཀྱང་ད་ལྟ་འབྲུག་ཆུའི་ས་ཁུལ་ལ་གནམ་ལྷུང་གོད་ཆག་གི་འཇིགས་པ་འདི་ལྟར་བྱུང་བའི་སྐབས་སུ།ཁོ་ཚོའི་སྲོག་སྐྱོབ་ཀྱི་དྲིན་ཆེན་དང་སེམས་གསོ་གཏོང་མཁན་གྱི་ཤ་ཉེ་སྤུན་གྲོགས་ངོ་མ་ནི་རྒྱ་ནག་གི་དམག་མི་དང་ཉེ་འཁོར་གྱི་རྒྱ་རིགས་ཚོ་ལས་སུ་ཡང་མཐོང་རྒྱུ་མེད་ཅིང་།བཙན་བྱོལ་དུའང་སྨོན་ལམ་ཙམ་དང་སེམས་གསོའི་འཚམས་འདྲི་ཡིན་ཟེར་བའི་རྒྱང་བཤད་རེ་ལས་ཅི་ཡང་གོ་
རྒྱུ་མི་འདུག
ཞིབ་ཏུ་བསམ་ཏེ་བལྟས་ན།ད་ལན་འབྲུག་ཆུ་ལའང་ཡུལ་ཤུལ་ཀྱི་ས་ཡོམ་སྐབས་བཞིན་བོད་པ་ཡོངས་ཀྱིས་གནོད་སྐྱོབ་རོགས་དངུལ་ཕྱོགས་ཡོངས་ནས་བསྡུ་དགོས་པ་དང་།བོད་ཁུལ་ཡོངས་ཀྱིས་གདུང་སེམས་མཉམ་བསྐྱེད་ཀྱི་རྣམ་འགྱུར་ཤུགས་ཆེར་སྟོན་དགོས་པ་མ་ཟད།བཙན་བྱོལ་བོད་གཞུང་གི་ངོས་ནས་ཀྱང་གདུང་སེལ་ཚོགས་ཆུང་སོགས་བཙུགས་ཏེ་གདུང་སེམས་ཀྱི་མཉམ་བསྐྱེད་ཀྱི་རྣམ་པ་ཡུལ་ཤུལ་དང
་གཅིག་མཚུངས་སྟོན་དགོས་ཀྱི་འདུག་་
དེ་ལྟར་གནང་མ་ཐུབ་པས་ནི་སི་ཁྲོན་བུན་ཁྲན་ལ་ས་ཡོམ་བྱུང་སྐབས།རྒྱལ་རོང་གི་བོད་པ་མང་པོར་ཤི་རྨས་ཚབ་ཆེན་དང་རྒྱུ་ནོར་ལ་གྱོང་གུད་ཆེན་པོ་ཐེབས་སྐབས།བོད་མི་མང་དང་བཙན་བྱོལ་བོད་གཞུང་བཅས་ཀྱི་ངོས་ནས་དེ་ཙམ་དོ་སྣང་མ་བྱས་པར་བློ་ཕམ་དང་།དེ་རྗེས་ཡུལ་ཤུལ་ལ་གནོད་ཐེབས་རྒུད་སྐྱོབ་ཕོན་ཆེན་བྱས་པ་མཐོང་བས་རྒྱལ་རོང་གི་བོད་དང་ཡུལ་ཤུལ་གྱི་བོད་ལ་ཁྱད་པར་འད
ུག་ཟེར་བའི་སྐད་ཆ་བཤད་མཁན་མང་པོ་བྱུང་གི་ཡོད་པ་མ་ཟད།རྒྱལ་རོང་བ་མང་པོའི་སེམས་ལ་བོད་ཕྱི་ནང་གཉིས་ནས་ང་ཚོ་བོད་པར་བརྩི་བཞིན་མི་འདུག་ཟེར་ནས་བློ་ཕམ་ཀྱང་མང་པོ་ཡོང་གི་ཡོད།
དེ་བས་ཐེངས་འདིར་ཡང་ནོར་འཁྲུལ་དེ་བཞིན་མི་ཤོར་བའི་ངེས་པ་མི་འདུག་ལ་་་བློ་ཕམ་ཀྱང་དེ་བཞིན་མི་འབྱུང་བའི་ངེས་པ་མི་འདུག་པས།་བོད་མི་མང་གི་ངོས་དང་།བཙན་བྱོལ་བོད་གཞུང་གི་ངོས།ཚོགས་པ་ཁག་གིས་ངོས།རྩོམ་པ་
པོ་དང་གླུ་བ་གླུ་མ་སོགས་ཀྱི་ངོས་གང་ནས་ཀྱང་དོ་ཁུར་ཆེན་པོ་དང་གདུང་སེམས་ཆེར་བསྐྱེད་ཀྱི་སྒོ་ནས།ཤ་ཁྲག་གཅིག་པའི་བོད་རིགས་འབྲུག་ཆུ་བ་ཡོངས་ལ་གདུང་སེམས་གཞི་གཅིག་ཏུ་བསྲེས་ཤིང་།མྱ་ངན་མཉམ་གཅིག་ཏུ་བྱེད་གྱི་ཡོད་པའི་སེམས་པ་དུས་གཅིག་ཏུ་བསྒྲག་དགོས་པར་འདོད་དོ།
ལགས་རེད།
ངོ་མ་རེད།
དོན་དག་འདི་གལ་ཆེན་གནད་ཆེན་ཞིག་རེད། རྒྱལ་ཁབ་སྲུང་དགོས་ན་ས་མཚམས་སྲུང་དགོས་གི་རེད།
ང་ཚོའི་མི་རིགས་འདིར་ས་མཚམས་བདག་པོ་རྒྱག་མ་ཐུབ་པའི་ཉམས་མྱོང་གི་ལོ་རྒྱུས་མང་པོ་ཡོད་རེད།
སྔོན་ཆད་ཀྱི་སྐྱོན་དེ་སྐྱོན་ཡིན་པ་ཧ་གོ་བྱས་ནས་ཕྱིན་ཆད་སྐྱོན་དེ་རིགས་མི་འབྱུང་བར་བྱེད་དགོས་གི་རེད།
ཆེན་པོ་མི་ཐུབ་རུང་རང་དང་འཚམས་པ་ཞིག་འཇོན་གི་རེད། མིའི་སེམས་རེད།
བཙན་བྱོལ་གཞུང་དམངས་གཉིས་ཀྱི་འདས་པའི་ལོ་ངོ་ལྔ་བཅུ་ལྷག་གི་སྟོབས་ཤུགས་མང་ཆེ་བ་ནི་ཕྱི་འབྲེལ་དང་དྲིལ་བསྒྲགས་གཉིས་ཀྱི་ཐོག་ལ་རེད། ཕྱི་འབྲེལ་གྱི་ཐོག་ནས་ག་འདྲ་བྱུང་ཡོད་མེད་མི་ཤེས། ཡིན་ནའང་དྲིལ་བསྒྲགས་ཀྱི་གཟུངས་སྔགས་ནི་འདི་འདྲ་ཞིག་མ་རེད་དམ།
དབྱིན་ཇིའི་སྐད་དུ། རྒྱ་མི་སྡུག་ཅག་རེད། བོད་པ་མང་པོ་བསད་སོང་། དགོན་པ་མང་པོ་བཅོམ་སོང་། རྩ་ཆེའི་རིག་གཞུང་གཏོར་སོང་། ཁོར་ཡུག་རྩ་མེད་བཏང་སོང་། ད་ནི་བོད་དུ་ཆོས་མེད། རིག་གཞུང་མེད། རང་དབང་མེད། ཟ་རྒྱུ་མེད། འཐུང་རྒྱུ་མེད། སློབ་སྦྱོང་མེད། ཧུམ་ཧུམ་ཕཊ་ཕཊ། Free Tibet, Chinese Out!
ཅེས་མགོ་སེར་ཚོའི་སྔུན་ནས་ཁ་བཏོན་སློང་མོ་བྱེད་པ་དེ་འདྲ་ཞིག་མ་རེད་དམ། སྔར་སྡེ་པ་གཞུང་གི་སྐབས་སུ་ཡུལ་ཤུལ་ཕར་ཞོག ཨ་མདོ་ཧྲིལ་བོ་ཡ་མེད་དུ་གཡུག་བཞག་ཡོད་པ་རེད། དེང་སང་སྐུ་འབུམ། བླ་བྲང་། རེབ་གོང་ཟེར་ན་བོད་ཁོངས་ཞིག་ཡིན་པ་ཤེས་ཀྱི་ཡོད་པ་འདི་ནི་རྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་རེད་ལ། དེ་བཙན་བྱོལ་བོད་གཞུང་གི་བྱས་རྗེས་མ་རེད་ཅེས་ཀྱང་བཤད་ཆོག་རྒྱུ་མ་རེད་མོད། ད་ནི་བོད་མི་འཇོན་པོ་ཚོའི་ཁྲོད་ན། བོད་གཞུང་གི་ལས་ཁུངས་སུ་ལས་ཀ་ལས་འདོད་ཡོད་མཁན་དང་མེད་མཁན་གཉིས་ཀྱི་ནང་ནས་མེད་མཁན་མང་པས། ད་དེ་བོད་གཞུང་གི་སྐྱོན་རེད་ཅེས་བཤད་འཇོག་རྒྱུ་མི་འདུག གནས་སྟངས་ཐབས་སྐྱོ་པོ་འདི་འདྲ་ཞིག་རེད། བོད་གཞུང་ཞེས་སྐྱོན་བརྒྱག་པ་ལས་དཔེར་ན། ཕྱི་དྲིལ་བཀའ་བློན་དང་དྲུང་ཆེ་ཞེས་བཤད་ན་དམངས་གཙོའི་སྨྲ་བརྗོད་རང་དབང་གི་ཁྱད་ཆོས་འདྲ་ཞིག་མཚོན་ཐུབ་པ་འདྲ། གང་ལྟར། ཁྱེད་ཀྱི་ཟིན་བྲིས་ནང་གི་བསམ་ཚུལ་དང་གནས་ཚུལ་དེ་དག་བློ་ལ་འབབ་པོ་འདུག
འབྲུག་ཆུ་བ་ནི་་་བོད་རྒྱལ་སྲུང་བཙན་གྱི་དམག་མི་ལས་མཆེད་པའི་བོད་རིགས་གཙང་རྐྱང་འདི་ལྟར་ཡང་། འདི་ན་རང་རིགས་བཙན་བྱོལ་བོད་མིའི་ཁྲོད་ན་གོད་ཆགས་ཐེབས་ཡུལ་གྱི་ས་ཆ་དང་མི་དམངས་བཅས་རྒྱ་མའི་ཡིན་ཚུལ་གླེང་མཁན་ཉུང་ཉུང་མིན། འཁྱོད་བཤད་འདི་དང་བསམ་ཚུལ་འདིའི་དབང་གིས་ཡིན་ནམ་་་་གང་ལྟར་་་བཙན་བྱོལ་གཞུང་དང་་་་མི་དམངས་བཅས་ནས་དེ་ཙམ་དོན་གནང་དང་་་་གདུང་སེམས་མཉམ་ཁུར་མཚོན་པའི་གཞུང་འབྲེལ་གྱི་མཆོད་མེ་རྐང་གཅིག་ཡང་འབུལ་གྱིན་ཡོད་པ་དེ་སྔར་ཅང་མ་མཐོང་། འདི་ན་འབྲུག་ཆུ་བ་དང་ཁ་ཐག་ཉེ་བའི་ཐེ་བོ་བ་ཚང་མ་མཉམ་འདུས་ཀྱིས་གཙུག་ལག་ཁང་དུ་ཉིན་བདུན་རིང་མཆོད་མེ་སྟོང་ཕྲག་ཁ་ཤས་རེ་ཉིན་བཞིན་འབུལ་གྱིན་པ་འདིས། རང་རིགས་བོད་མི་ཡོད་དོ་ཅོག་རྡོག་རྩ་གཅིག་སྒྲིལ་དང་ལྷག་པར་དུ་འབྲུག་ཆུ་བ་བོད་མི་གཙང་མར་ཡིན་པ་མཚོན་གྱིན་ཡོད་པ་རེད། བདུན་གཅིག་གི་མཆོད་མེའི་འགྲོ་སོང་དེ་ཡང་ ཐེ་བོ་བ་ཁོང་ཚོས་ཞབས་འདེབས་ཕུལ་པ་ཡིན་པ་ལས་མི་དམངས་ལག་ནས་ཞབས་འདེབས་བསྡུས་པ་དེ་འདྲ་གང་ཡང་མ་རེད། གནས་ཚུལ་གཞན་ཞིག་ནི་་་་མདོ་སྨད་དབུས་རྒྱུད་ནས་གོ་སྐབས་འདི་དམ་འཛིན་གྱིས་མི་དམངས་ལག་ནས་ཞབས་འདེབས་བསྡུ་གང་ཐུབ་གནང་གིན་པ་འདིའི་དམིགས་ཡུལ་དང་འབྱུང་འབྲས་གང་ཞིག་ཡོང་མིན་དེ་རིང་བཤད་མི་ཐུབ་ཀྱང་། ང་དང་སྤུན་ཟླ་ཚོའི་རེ་བ་ལ་་་་་མདོ་སྨད་དབུས་རྒྱུད་ནས་བསྡུས་པའི་ཞབས་འདེབས་གང་བྱུང་བ་དེས་་ས་གནས་དེའི་མི་དམངས་ལ་ཕན་ཐོགས་རྒྱ་མི་ཆུང་བ་ཡོང་བའི་རེ་བ་ཡོད་ལགས།
འདི་ནི་འདི་ན་མཐོང་བའི་ཟུར་ཙམ་ཡིན་་་་་
གོང་གི་རྩོམ་དང་མཆན་བཀོད་མཁན་ཡོངས་ཀྱི་བསམ་ཚུལ་ལ་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན། དཀའ་ངལ་འོག་གནས་པའི་ང་ཚོའི་ཤ་ཁྲག་གཅིག་པའི་སྤུན་ཟླ་འབྲུག་ཆུ་བ་དག་ལ་ཐབས་ལམ་འདྲ་མིན་ཐོག་ནས་གདུང་སེམས་མཉམ་སྐྱེས་ཞུ་བར་མཚོན་པ་བྱེད་རྒྱུ་ཤིན་ཏུ་གལ་ཆེ་བར་མཐོང་། ང་རང་གི་བསམ་ཚུལ་ལ་དེང་སྐབས་གསར་འགྱུར་བརྒྱུད་ལམ་ཁག་ནང་བཀའ་སྤྱིའི་འོས་གཞི་དག་སྐྱོན་བརྗོད་གཏོང་རེས་བྱེད་པ་ལས་འདིའི་སྐོར་ཞི་དྲག་གོ་ཡ་མེད་པའི་ཟོ་འདྲ་བོ་ཞིག་མཐོང་སོང།
དེ་ཡང་རེད།བོད་པ་ཚང་ནི་གནད་ལ་ཐུག་དུས་ཤུལ་རྗེས་གང་ཡང་མེད་པའི་མི་རིགས་ཤིག་ཡིན།ཛ་དྲག་ལ་ཐུག་དུས་སྐད་ཆགང་ཡང་མི་ཤོད་མཁན་ཞིག་ཡིན།འདི་ཚོ་ནི་བོད་བསྟན་སྲིད་ཀྱི་དོན་ལ་བདག་པོ་རྒྱག་མ་ཤེས་པའི་ལང་ཤོར་གྱི་གཤིས་ཀ་སྐྱག་དྲི་ཁ་བ་དེ་མ་ཡིན་ནམ།
བོད་མི་དང་བོད་གཞུང་གི་དངོས་ནས་རྣམ་འགྱུར་འཛིན་སྟངས་ལ་རྗེས་སུ་ཡི་རིང་ཡོད། གཉིས་ནས་གོང་གི་མཆན་དག་ལ་བལྟས་པས་གསལ་འདེབས་ཤིག་ཀྱང་བྱས་ན་འདོད། སྐྱེ་དགུ་མདོ་དང་འདྲ་མཚུངས་བྱེད་མི་དགོས་ཏེ། འབྲེལ་ཡོད་དག་གིས་བཤད་ན་བོད་པ་ཆགས་སྒོ་འདིའི་ནང་ཤུ་རྨས་ཐེབས་པ་ཉུང་ཉུང་རེད་ཅེས་གསར་ལམ་ཁག་དུ་བརྗོད་ཀྱིན་འདུག་པས། བོད་གཞིས་བྱེས་ཡོངས་ནས་རོགས་སྐྱོར་བྱ་དགོས་མིན་བསམ་བློ་གཏོང་དགོས་པ་ཞིག་རེད། དེ་ལས་ལུང་དགུ་སོགས་ལ་སྐྱེན་ངན་རིམ་བྱུང་གི་གནོད་འཚེ་ཐེབས་པ་དག་ལ་མི་རིགས་གཅིག་གི་འདུ་ཤེས་ཀྱི་སྒོ་ནས་འཚམས་འདྲི་དང་བསྔོ་སྨོན། དེ་དག་བོད་རིགས་ཡིན་པའི་གསལ་འདེབས་བགྱིས་ཏེ་དམུ་དགེ་བསམ་གཏན་ཚང་གི་དྭགས་པོའི་མི་རིགས་སྐོར་ལ་ལྟ་སྟངས་བཤད་པ་ཞེས་པའི་རྩོམ་ཡིག་ལ་རྒྱུས་མངའ་ཡོད་པ་བྱས་ན་ཕན་ཆེ་བ་ལགས། དྲུག་ཅུ་རེ་གྲངས་ནས་རྒྱ་གཞུང་གིས་དུམ་གཅོད་ཀྱི་ལག་པ་འཆང་ས་ཞིག་ཡིན་པ་བརྗེད་མི་རུང་ངོ་། ཐེ་སྨད་བོད་ས་དང་དེར་འཚོ་བའི་མི་རིགས་དེ་བོད་པ་མིན་བའི་སྒྲུབ་བྱེད་རྒྱ་གཞུང་གི་དེ་སྔ་བཤད་མྱོང་མེད་ལ། བོད་གཞུང་དམངས་སུས་ཀྱང་བོད་པ་མིན་བའི་དོག་པ་བྱས་མྱོང་མེད་སྟབས་རི་བོང་ཅལ་འགྲོག་བྱ་མི་དགོས། དེ་བས་ལུང་དགུ་མདོ་ལ་འབྱུང་བའི་ཆགས་སྒོ་རིམ་བྱུང་ནང་རྒྱ་གཞུང་གིས་འཆྭང་རིགས་སུ་འབོད་པའི་རང་རིགས་སྟོང་ཕྲག་མང་བོ་ལ་མི་རྒྱུ་སྲོག་གསུམ་གྱི་གྱོང་གུད་བླ་མེད་བྱུང་ཡོད་ནའང་། ད་ལྟ་བར་དུ་གསར་འགྱུར་བརྩོད་ལེན་བྱ་མཁན་གྱི་ཟ་ཧམ་ཅན་ཚོས་བོད་རིགས་ཡིན་པ་བརྗོད་མ་མྱོང་བས་ཆབ་སྲིད་དང་མི་གཤིས་བཟང་སྤྱོད་གང་ཐད་ནས་དེ་དག་གིས་ནག་ཉེས་གཙོ་བོ་ཁུར་དགོས་པ་ཞིག་ཡིན།
དོན་བཀྲ
མི་ཉུང་ཤས་ལས་ཤུ་རྨས་ཐེབས་མེད་ཚུལ་གསར་ལམ་ཁག་གི་བསྒྲགས་གཏམ་ལ་ཡིད་ཆེས་བྱས་ནས་སྐྱེ་དགུ་མདོ་དང་འདྲ་མཚུངས་བྱེད་མི་དགོས་ཚུལ་གླེང་བ་འདི་ནི། དོན་བཀྲ་ཁྱེད་རང་་་ཁོག་རྒྱ་དང་་་བསམ་ཤེས་ཆེ་དྲག་པས་ཡིན་རྒྱུ་རེད། ང་ལྟ་བུའི་མི་ཉམ་ཆུང་ཞིག་གི་དངོས་ནས་བཤད་ན་་་་ལྷག་པར་དུ་བོད་མི་སུ་དང་གང་ལ་ཆགས་སྒོ་བྱུང་དུས་གཞུང་སྒེར་ཚང་མས་བལྟ་སྟངས་གཅིག་མཚུངས་དགོས་ཀྱིན་རེད་འདོད་ཀྱིན་ཡོད།
ཉིད་ལ་་་་འབྲུག་ཆུ་ས་ཁུལ་གྱི་གོད་ཆགས་ཁྲོད་ཤུ་རྨས་ཐེབས་པར་སྙིང་རྗེ་དང་གདུང་སེམས་མཉམ་སྐྱེད་གནང་རྒྱུའི་བསམ་བློ་རྒྱ་ཆེན་རང་མེད་ཀྱང་འགྲིག ས་ཁུལ་དེའི་ཡུལ་མི་གཉིས་ཀར་མཐོང་ཆུང་དང་་གཞུང་སྒེར་ཚང་མས་གདུང་སེམས་མཉམ་སྐྱེད་མི་དགོས་ཚུལ་གླེང་བ་འདི་་་ཀུན་ལ་བསྟུན་ཤེས་པས་ཡིན་རྒྱུ་རེད་མ་གཏོགས་ཤེས་ཡོན་ཡོད་ཟེར་མཁན་ཞིག་གིས་་གླེང་རྒྱུ་ཞིག་མ་ཡིན་པ་སེམས་ལ་འཛིན་རོགས་ཞུ།