༄༅། །དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་རྒྱས་ཀྱི་ཞབས་དྲུང་དུ།
ཆེད་གསོལ།
ད་ལམ་འདི་མཉམ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་འཁོད་༧སྙན་ཞུ་ཕུལ་པའི་ངོ་བཤུས་དེ་གའི་མཁྱེན་རྟོགས་སླད་ཟུར་ཕུལ་བཞིན་ ད་རེས་ཡོངས་ཁྱབ་གསུམ་བཅུའི་གསུང་འཕྲིན་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཆབ་སྲིད་ཀྱི་དབང་ལུང་ཡོངས་རྫོགས་འོས་འདེམས་བྱས་པའི་འགོ་ཁྲིད་རྣམས་ལ་རྩིས་སྤྲོད་གནང་རྒྱུའི་ཐག་གཅོད་ཟིན་པ་ཡིན་ཞེས་བཀའ་སློབ་ཕེབས་པ་ནི་བདག་ཅག་གི་བསམ་བློར་གཤོང་དཀའ་བ་དང་བློས་འགན་བཟོད་ཐབས་རྩ་བྲལ་ལ་སོང་། བཙན་བྱོལ་བོད་མིའི་འཛིན་སྐྱོང་དང་འབྲེལ་བའི་ལས་དོན་ཆེ་ཕྲ་མཐའ་དག་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་གནང་འོས་ཀྱང་། བོད་མིའི་རྩ་དོན་དང་འབྲེལ་བའི་བོད་རྒྱ་གཞི་མོལ་དང་། བོད་མི་མང་གི་མགྲིན་ཚབ་པའི་ཐུགས་འགན་བཅས་༧གོང་ས་མཆོག་ནས་སྔར་བཞིན་མུ་མཐུད་ཐུགས་འགན་མཛད་བཞེས་ཡོང་བ་ཞེས་གཞིས་བྱེས་བོད་མི་ཡོངས་ཀྱིས་ཚབ་ཞུས་ཏེ་གསོལ་བ་ཕུར་ཚུགས་སུ་འདེབས་གནང་ཡོང་བའི་རེ་བསྐུལ་ནན་པོ་ཞུ་རྒྱུ་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ལ་གསུང་འཕྲིན་བརྒྱུད་བཅའ་ཁྲིམས་ཀྱིས་གཙོས་ཁྲིམས་སྒྲིག་ཁག་ལ་གཞི་རྩའི་བསྐྱར་བཅོས་བྱ་དགོས་པའི་ལམ་སྟོན་བཀའ་སློབ་ཕེབས་པ་འདི་བཞིན་གཞིས་བྱེས་བོད་མི་སྤྱི་ཡོངས་ཀྱི་བདེ་རྩར་འབྲེལ་བའི་གལ་འགངས་ཆེ་བའི་གནད་དོན་ཞིག་ལ་བརྟེན་དེའི་སྐོར་བཙན་བྱོལ་གྲོས་ཚོགས་ཀྱིས་བསྐྱར་བཅོས་མ་གནང་གོང་རྒྱ་ཆེའི་བོད་མི་ཡོངས་ལ་གོ་བསྡུར་དང་འབྲེལ་མང་མོས་འོས་བསྡུའི་ལམ་ནས་ཐག་གཅོད་གནང་རྒྱུར་ངེས་པར་འཇོག་གནང་ཐུགས་རྗེ་ཆེ་བ་ཞེས་འབོད་བསྐུལ་སྙན་གསེང་ཞུ་རྒྱུ་ལགས་ན་དེ་དོན་དགོངས་བཞེས་ཅི་ནས་ཡོང་བ་མཁྱེན་ཞུར།
གུས་འབངས་ཨ་རིའི་རྒྱལ་ས་མངའ་ཁུལ་བོད་རིགས་ཐོུང་ནས་ ༢༠༡༡ ཟླ་ ༣ ཚེས་ ༡༤ ལ།
ཕུལ།།
ངོ་བཤུས།
༡། དཔལ་ལྡན་སྐུ་སྒེར་ཡིག་ཚང་།
༢། བཀའ་ཤག
༣། ནིའུ་ཡོཀ་བོད་གཞུང་དོན་གཅོད།
༤། བྱང་ཨ་རིའི་སྤྱི་འཐུས།
ཨ་རིའི་རྒྱལ་སའི་ཁུལ་གྱི་བོད་པའི་སྤྱི་མཐུན་ཚོགས་པར་འབྲེལ་བ་གནང་ཡུལ། catatibetan@yahoo.com
རྒྱལ་བ་རིན་པོ་ཆེ་ཡི་དགོངས་གཞི་འབབ་ས་གཙོ་བོ་ནི༼བོད་དོན་བདེན་མཐའ་མ་གསལ་བར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་རྒྱུན་གནས་ཐུབ་པ་དང༌། བོད་མིའི་དྲང་བདེན་གྱི་འཐབ་རྩོད་རྒྱུན་སྐྱོང་ཐུབ་པ་ཞིག་དགོས་གལ་ཤིན་ཏུ་ཆེ་ཞིང༌། ཅི་སྟེ་ད་དུང་ལོ་བཅུ་ཕྲག་འགའ་ཤས་མུ་མཐུད་གནས་དགོས་པ་བྱུང་ན་ངོས་ནས་འགོ་ཁྲིད་བྱེད་མ་ཐུབ་པའི་དུས་ཤིག་ངེས་པར་ཡོང་རྒྱུ་ཡིན་པ་ནི་ཚང་མས་ཤེས་གསལ་དང༌། ད་ལྟ་ངོས་རང་བདེ་ཐང་ཡོད་སྐབས་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འགན་ཁུར་ཆ་ཚང་ྋརྒྱལ་བ་རིན་པོ་ཆེར་བརྟེན་མི་དགོས་པར་རང་ཚུགས་ཐུབ་པ་ཡོང་རྒྱུའི་གོམས་གཤིས་འཇགས་ཐབས་སུ། ལམ་སྲོལ་འདི་ད་ལྟ་ནས་ལག་བསྟར་བྱེད་རྒྱུ་བྱུང་ན་དཀའ་ངལ་འཕྲད་ཚེ་སེལ་ཐབས་སུ་ངོས་ཀྱིས་མཐུན་འགྱུར་བྱེད་ཐུབ། དེ་མིན་འདི་མུར་ལུས་ཏེ་ནམ་ཞིག་གློ་བུར་ངོས་ཀྱི་འགོ་ཁྲིད་མེད་པའི་དུས་སྐབས་ཤར་ཚེ་ཅི་བྱ་གཏོལ་མེད་ཀྱི་གནས་ཚུལ་ཞིག་ཡོང་སྲིད་པས་དེ་འདྲ་མི་ཡོང་ཆེད་ད་ལྟ་ནས་ངེས་པར་ལག་ལེན་བྱེད་དགོས་པ་དེ་བོད་མི་ཡོངས་ཀྱི་གལ་ཆེའི་ལས་འགན་ཞིག་ཏུ་གྱུར་ཡོད༽ཅེས་པ་འདི་རང་རེད།
དགོངས་གཞི་འདི་བཞིན་ལེགས་ལམ་དུ་མ་སོང་ན་འདོད་ཀྱིན་པའི་དཔུང་ཁག་གཉིས་ཡོད་པ་རེད།
༡ པེ་ཅིན་སྲིད་གཞུང་རེད་ལ། དམིགས་ཡུལ་གཙོ་བོ་ནི་རྒྱལ་བ་རིན་པོ་ཆེ་མ་བཞུགས་པའི་ཕྱི་ཉིན་བོད་ཀྱི་གནད་དོན་ཚར་ཟིན་པར་བཟོ་རྩིས་ཀྱི་འཆར་གཞི་བཏིངས་ཡོད་པ་རེད།
༢ ཁེ་བཟང་ལེན་མཁན་ཕྱོགས་ཁག་རེད་ལ། སྐུ་བཞུགས་ཐོག་མི་ལས་དགུ་ལས་ཀྱིས་ལེགས་འགྲུབ་མ་བྱུང་ན་ཡོད་ཚད་དབུ་ལ་གཡུགས་རྐྱང་བྱེད་ཀྱིན་པ་རེད་ལ། ཁོང་ཚོ་མཚོན་ན། སྡེ་སྲིད་ལྷན་ཚོགས་ཞེས་པ་དེར་དམིགས་བསལ་གྱི་བརྩེ་བ་ཡོད་པ་ཞིག་རེད།