འོས་སྦྱོར་བ། འཇམ་དབྱངས་དཀར་པོ།
རྒྱ་ནག་གཞུང་ཚབ་ཡན་ལག་ཁང་ལ་མེ་བརྒྱབ་པ་བོད་མི་དང་འབྲེལ་བ་ཡོད་གནས་སྐོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བསྒྲགས་གཏམ།
ཕྱི་ལོ་༢༠༡༤ ཟླ་༡ ཚེས་༡ སྔ་དྲོ་ཨ་རིའི་ཆུ་ཚོད་ ༩།༢༥ ཐོག་ཨ་རིའི་གྲོང་ཁྱེར་སན་ཕཱི་རན་སི་སུ་ཀོར་་ཡོད་པའི་རྒྱ་ནག་གཞུང་ཚབ་ཡན་ལག་ཁང་ལ་ཆེད་དུ་མེ་བརྒྱབ་སྟེ། གཞུང་ཚབ་ཁང་གི་མདུན་སྒོ་དང་བཅས་ལ་གཏོར་སྐྱོན་ཚབས་ཆེན་ཐེབས་ཡོད་འདུག་པ་ནི་བློ་ཕམ་གྱི་གནས་ཚུལ་ཞིག་ཡིན་ལ། དེ་ལྟ་བུའི་འཚེ་བའི་ངན་སྤྱོད་ལ་སྐྱོན་བརྗོད་དང་འགོག་ཐབས་བྱ་རྒྱུ་ནི་འཛམ་གླིང་སྐྱེ་བོ་ཀུན་གྱི་འགན་འཁྲི་ཡིན་པ་ནི་བརྗོད་ག་ལ་དགོས།
འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གིས་དོན་རྐྱེན་དེ་རིགས་སྤེལ་བར་སྐྱོན་བརྗོད་ཤུགས་ཆེ་སྤེལ་བཞིན་པ་དང། དམིགས་བསལ་རྒྱ་ནག་གཞུང་ནས་མེ་རྒྱག་མཁན་གང་མགྱོགས་འཛིན་བཟུང་གིས་ཉེས་ཆད་ལྗིད་པོ་གཏོང་དགོས་ཚུལ་དང། སོ་སོའི་གཞུང་ཚབ་ཁང་ལ་ཆེད་དུ་མེ་བརྒྱབ་པར་རྒྱ་ནག་རྒྱལ་ཕྱི་ནང་གི་མི་སེར་རྣམས་ཁོང་ཁྲོ་མེ་ལྟར་འབར་བཞིན་པའི་དུས་སྐབས་གནད་འགག་གི་སྒང་དེར། ཨ་རིའི་རྒྱང་བསྒྲགས་ལས་ཁུངས་(ABC)གསར་ཁང་ནས་མེ་བརྒྱབ་པའི་ས་ཆར་དེར་བོད་དོན་དང་འབྲེལ་བའི་ཡིག་ཆ་ཡོད་སྐོར་བསྒྲགས་པ་དང།
དེས་རྐྱེན་གྱིས་རྒྱ་ནག་མི་དམངས་ཉིན་རེའི་ཚགས་པར་གྱི་ཡན་ལག་ཚགས་ཤོག་གོ་ལའི་དུས་བབ་(Global Times)ནས་གནད་དོན་དེར་ཁ་གཡར་ཏེ་བོད་རང་བཙན་ཤོག་ཁག་གིས་རྒྱུན་དུ་ནས་རྒྱ་ནག་གི་གཞུང་ཚབ་སོགས་ལ་གཏོར་སྐྱོན་བཏང་བའི་ལས་འགུལ་སྣ་མང་སྤེལ་ལུགས་དཔྱད་གླེང་གང་མང་སྤེལ་བ་མ་ཟད། རྒྱ་ནག་ཤིན་ཧྭ་གསར་ཁང་སོགས་བརྒྱུད་ལམ་ཁག་ནས་གོང་གི་གནས་ཚུལ་ལུང་འདྲེན་དང་བཅས་ཁྱབ་བསྒྲགས་ཆེན་པོ་བཟོས་པ་དང། རྒྱ་ནག་གི་སྲིད་དོན་དཔྱད་གླེང་པ་ཚོས་ཀྱང་རྒྱ་ནག་ལ་རྣམ་ཀུན་ནས་རྒོལ་རྡུང་གཏོང་མཁན་ཤིན་ཅང་རང་བཙན་ཚོགས་པ་དང། ཕཱ་ལོན་ཀོང། བོད་རང་བཙན་ཤོག་ཁག་སོགས་ཡིན་ལུགས་གླེང་སློང་ཤུགས་ཆེ་སྤེལ་ཡོད་པས། རྒྱ་ཆེ་བའི་རྒྱ་ནག་མི་མང་དང་འཛམ་གླིང་མི་མང་མདུན་ལ་བོད་མིས་འཚེ་བའི་ལས་འགུལ་སྤེལ་བཞིན་པའི་བག་ཆགས་ངན་པ་ཞིག་བཞག་བཅུག་ཡོད་ལ། བོད་རྒྱ་མི་རིགས་གཉིས་དབར་འཁོན་འཛིན་ཆེ་རུ་འགྲོ་བའི་རྒྱུར་གྱུར་ཡོད།
སྟབས་ལེགས་པ་ཞིག་ལ་ཕྱི་ལོ་༢༠༡༤ ཟླ་༡ ཚེས་༦ ཉིན་ཨ་རིའི་ཉེན་རྟོག་པས་འབྲེལ་ཡོད་དོགས་ཅན་མི་སྣ་འཛིན་བཟུང་ཐུབ་པ་དང། དོགས་ཅན་མི་སྣ་དེའང་རྒྱ་རིགས་ཤིག་ཡིན་པ་གསལ་བསྒྲགས་བྱས་པ་དེས་གནས་ཚུལ་གསལ་པོ་ཆགས་ཡོད་ཀྱང། གོང་གསལ་གསར་ཁང་གཉིས་ཀྱིས་དངོས་དོན་མིན་པའི་གནས་ཚུལ་སྤེལ་བ་དེས་བོད་མིའི་དྲང་བདེན་འཐབ་རྩོད་འཚེ་མེད་ཞི་བའི་ལམ་ནས་སེལ་ཐབས་ཀྱི་སྲིད་བྱུས་དང་ལངས་ཕྱོགས་ལ་གསབ་ཐབས་མེད་པའི་གྱོང་གུན་བཟོས་ཡོད་སྟབས། གལ་སྲིད་གོང་གསལ་ཨ་རིའི་རྒྱང་བསྒྲགས་ལས་ཁུངས་(ABC)གསར་ཁང་དང། རྒྱ་ནག་མི་དམངས་ཉིན་རེའི་ཚགས་པར་གྱི་ཡན་ལག་ཚགས་ཤོག་གོ་ལའི་དུས་བབ་(Global Times)གཉིས་ནས་གོང་གསལ་གནད་དོན་དང་འབྲེལ་བའི་ཐོག་བོད་མིར་ཁུངས་བསྐྱེལ་དཔང་རྟགས་དང་བཅས་འགྲེལ་བཤད་འདང་ངེས་ཤིག་མེད་ན། ང་ཚོས་ཁྲིམས་ཐོག་ནས་ལག་བསྟར་ཇི་དགོས་བསམ་བློ་གཏོང་རྒྱུ་ཡིན་པ་ནན་གྱིས་བརྗོད་རྒྱུ་དང།
དེ་རིང་གི་དོན་རྐྱེན་དེ་དང་འབྲེལ་ང་ཚོས་སླར་ཡང་གསལ་བརྗོད་བྱ་རྒྱུ་ཞིག་ལ། བོད་མིའི་དྲང་བདེན་གྱི་འཐབ་རྩོད་ལ་བོད་གཞིས་བྱེས་གཉིས་ནས་ཐོག་མཐའ་བར་གསུམ་དུ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེའི་དགོངས་གཞི་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ནས་མཐའ་གཅིག་ཏུ་གོམ་པ་སྤོ་བཞིན་ཡོད་ཀྱང། རྒྱ་ནག་གཞུང་གི་དཔོན་ངན་རེ་ཟུང་ནས་བོད་མིའི་འཐབ་རྩོད་དེ་འཚེ་བའི་ངོ་བོར་ བསྒྱུར་ཐབས་ཀྱི་བྱུས་ངན་སྣ་རིགས་སྤེལ་བཞིན་པ་དཔེར་ན། ཕྱི་ལོ་༢༠༠༨ ལོར་རྒྱ་ནག་གྲོང་ཁྱེར་ཁྲོམ་ཆིན་དུ་སྐོར་སྲུང་དམག་ཅིག་ལྐོག་གསོད་བཏང་བའི་གནས་ཚུལ་བྱུང་ཡོད་པ་དེ་བོད་མི་འཇིགས་སྐུལ་པས་བྱས་ལུགས་བཙན་གྱིས་བསྒྲགས་པ་དང།
ཕྱི་ལོ་༢༠༠༨ ལོར་གོང་གསལ་ཨ་རིའི་གཞུང་ཚབ་ཡན་ལག་ལ་མེ་སྐྱོན་ཕོག་སྐབས་ཀྱང་བོད་མི་དང་འབྲེལ་བ་ཡོད་ལུགས་བསྒྲགས་པ། ལྷག་པར་དུ་བོད་ནང་དུ་རང་ལུས་མེར་སྲེག་གཙོས་གཞིས་ལུས་བོད་མི་རྣམས་ཀྱིས་ཞི་བའི་ལས་འགུལ་ཇི་སྤེལ་ཡོངས་རྫོགས་འཚེ་བ་དྲག་པོའི་ལས་འགུལ་དུ་བཙན་གྱིས་བསྒྱུར་ཐབས་བྱེད་བཞིན་པའི་རྒྱ་གཞུང་གི་བྱུས་ངན་ལ་རྒྱལ་སྤྱིའི་གཞུང་དང་མང་ཚོགས་མགོ་རྨོངས་སུ་མ་འགྱུར་བའི་རེ་བ་དང་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་༢༠༡༤ ཟླ་༡ ཚེས་༡༤ ལ།།
༼འདྲེན་ཁུངས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲ་རྒྱ།༽ འབྲེལ་ཐག་འདིར་བསྣུན་http://www.chithu.org/index.php?option=com_content&view=article&id=1139:2014-01-14-05-03-25
ངོ་ཚ་མེད་པའི་རྒྱ་ལ། འཚེ་བ་བྱས་ཀྱང་མ་བྱས་ཀྱང་བོད་མི་ནི་རིག་ན་མིག་ལ་ཟན་པའི་དུད་འགྲོ་རེད། གང་ལྟར་བོད་མི་ཚང་ལ་འབྱོན་ཐང་ཡོད་ན། ལག་པ་འཇུ་ས་ཡོད་དུས་འཕག་དགོས་བ་རེད་ཟེར་རྒྱུ་ཡིན།
“རྒྱ་ནག་གཞུང་ཚབ་ཡན་ལག་ཁང་ལ་ཆེད་དུ་མེ་བརྒྱབ་སྟེ། གཞུང་ཚབ་ཁང་གི་མདུན་སྒོ་དང་བཅས་ལ་གཏོར་སྐྱོན་ཚབས་ཆེན་ཐེབས་ཡོད་འདུག་པ་ནི་བློ་ཕམ་གྱི་གནས་ཚུལ་ཞིག་ཡིན་ལ” སྐད་ཆ་འདི་ངོ་མ་ཡིན་ནམ། ཅི་འདྲའི་ཤ་ཚ་བ་ལ་ཨང་་
“སོ་སོའི་གཞུང་ཚབ་ཁང་ལ་ཆེད་དུ་མེ་བརྒྱབ་པར་རྒྱ་ནག་རྒྱལ་ཕྱི་ནང་གི་མི་སེར་རྣམས་ཁོང་ཁྲོ་མེ་ལྟར་འབར་བཞིན་པའི་དུས་སྐབས་གནད་འགག་གི་སྒང་དེར།” ཟེར་་འདི་ན་རྒྱ་ནག་དམངས་གཙོ་དོན་གཉེར་བ་སོགས་ཀྱི་ནང་ན་དགའ་གི་ཡོད་པ་མང་པོ་འདུག་གོ
“བོད་མིའི་དྲང་བདེན་གྱི་འཐབ་རྩོད་ལ་བོད་གཞིས་བྱེས་གཉིས་ནས་ཐོག་མཐའ་བར་གསུམ་དུ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེའི་དགོངས་གཞི་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ནས་མཐའ་གཅིག་ཏུ་གོམ་པ་སྤོ་བཞིན་ཡོད་་་” བོད་ང་དུ་མེ་བསྲེགས་པའི་ལས་འགུལ་གཅིག་ཀྱང་སྤེལ་མྱོང་མེད་དམ། ངོ་རྒོལ་གྱི་བརྒྱ་ཆའི་གོ་དགུ་ཞི་བ་ཡིན་ཞེས་བརྗོད་ན་འོས།
རྒྱ་གཞུང་གིས་བོད་མི་ཚོ་འུ་ཐུག་ཏུ་བཅུག་ཡོད་པས་མ་འོངས་པར་བོད་མིའི་ནང་ན་འཚེ་བའི་ངོ་རྒོལ་བྱེད་མཁན་མི་ཡོང་བའི་ངེས་པ་མེད་ལ། དེ་འདྲ་རེ་གཉིས་བྱུང་བ་དེས་བོད་མིའི་གཞི་རྩའི་ཞི་བའི་ངོ་རྒོལ་ལ་ནང་ཐིག་ཀྱང་རྒྱག་མི་ཐུབ་པར་ང་ཡིད་ཆེས་ཡོད། དེ་བས་བོད་མིའི་སྒྲིག་འཛུགས་ནས་བོད་མི་བརྒྱ་ཆའི་བརྒྱ་བོས་དྲག་པོའི་ངོ་རྒོལ་གཏན་ནས་མི་བྱེད་པའི་འགན་ལེན་འདྲ་བོ་གནང་དགོས་དོན་མེད། དེ་མི་ཐུབ་པ་ཞིག་རེད།
ལྷག་པར་གོང་དུ་གསར་འགོད་པ་རེ་གཉིས་ཀྱི་འཆལ་གཏམ་འདྲ་བོ་དེ་རིགས་ལ་དེ་འདྲའི་ཧང་སངས་མདོག་འདྲ་བོ་བྱེད་དགོས་དོན་མི་འདུག་ལ། རྒྱལ་སྒོ་ཙམ་བསྲེགས་པ་དྲག་སྤྱོད་འཇིགས་སྐུལ་བ་འདྲ་བོར་དེ་བས་ཀྱང་ངོས་འཛིན་ཞུ་འོས་མ་མཆིས།
རྒྱའི་གཞུང་ཚབ་སྒོར་ཆེན་མེ་ལ་ཤོར་འདུག་ཟེར་ནས་ངུས། སྐད་ཆེན་པོ་བརྒྱབ་ནས་ངུ་རོགས་བྱོས། བློ་ཕམ་སེམས་སྐྱོ་ཡོད་ན་འདོད་པ་ཁེངས་བར་དུ་ངུས། རྣམ་རྟོག་ལོངས་མཁན་འདི་ཚོ།
ནུབ་ཕྱོགས་དམངས་གཙོའི་རྒྱལ་ཁབ་ནང་ངོ་རྒོལ་སོགས་འབྱུང་སྐབས་མོ་ཏྲ་མེ་ལ་བསྲེག་པ་དང་ལས་ཁུངས་དང་ཚོང་ཁང་སོགས་མེ་བརྒྱགས་པ་སོགས་ནི་སྤྱིར་སྟངས་ཞིག་རེད། འོན་ཀྱང་འཚེ་བའི་ངན་སྤྱོད་དང་དྲག་སྤྱོད་ལ་ངོས་འཛིན་བྱེད་མཁན་ཅང་མི་འདུག་མོད། ཡ་མཚན་པ་ཞིག་ལ་ཡུལ་བགྱར་སྲིད་གཞུང་གིས་ཀྲུང་གོའི་གཞུང་ཚབ་ཀྱི་སྒོ་ཆེན་མེར་བསྲེག་པར་འཚེ་བའི་ངན་སྤྱོད་ཀྱི་མིང་བཏགས་འདུག་ལ་བློ་ཕམ་ཆེན་པོས་ཀྲུང་གོ་གཅིག་ལ་གདུང་སེམས་མཉམ་བསྐྱེད་བྱེད་པ་འདི་ཅི་འདྲའི་ཡ་མཚན་མ་རེད་པས། གཞུང་ཚབ་ཀྱི་སྒོ་ཆེན་བསྲེག་དགོས་དོན་གཅིག་བསྡུས་རིང་ལུགས་གོ་བརྟིང་བསློག་དགོས་པའི་སྔོན་བརྡ་གཏོང་གི་ཡོད་པ་རེད།
ཧཧཧཧ་་་་རྒྱ་ནག་གཞུང་ཚབ་ལ་མེ་སྐྱོན་ཤོར་བར་དགའ་བསུ་ཞུ།།
ཅོ་ཉི་འདི་མི་རྒྱུད་བཟང་གི་་་ངོ་མ་ཡིན་་་ཕོ་རབས་ཅིག་རེད།།
འབྲེལ་བ་ཡོད་གནས་སྐོར་རེད།
འབྲེལ་བ་མེད་གནས་སྐོར་རེད།
རྒྱ་ནག་གི་གཞུང་ཚབ་ཡན་ལག་ཁང་ག་གེ་མོ་ཞིག་མེ་ལ་འབར།
དེ་ལ་བོད་ཕྱི་བྱོལ་སྒྲིག་འཛུག་གཞུང་གིས་སྨས་ངག་བཏོན།
བོད་གངས་ཅན་ཡུལ་ལ་དགོན་པ་གཉིས་དང་གནའ་མཁར་ཞིག་མེ་ལ་འབར།
དེ་ལ་བོད་ཕྱི་བྱོལ་གཞུང་སྤྱི་འཐུས་ལྷན་རྒྱས་ནས་གང་ཅི་གསུང་མ་སོང་།
ད་བྱ་འདི་ལ་བལྟས་ན་སྔ་བཞུགས་རེད་མ་གཏོག་བོད་ཕྱི་བྱོལ་བ་དག་ཁ་འཐོར་བ་རེད།
གྲོགས་པོ་ཚོ། ལྷག་པར་གཞི་ཆགས་ནང་གི་གཉོམ་ཆུང་ཚོ་དང་བོད་ནས་འབྱོར་བའི་གསར་འབྱོར་ཚོ།
རང་རང་སྒེར་ངོས་ནས་རང་དོན་ཡོང་བར་ཅེས། བོད་གཞུང་ཞེས་མཐའ་གཅིག་ཏུ་གློ་གཏད་འཇོག་ས་ཞིག་མེད་ཁོ་ཐག་རེད།
བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པར་ཡང་། །གོང་དུ་གོང་དུ་འཕེལ་བར་ཤོག །ཅེས་མིང་དོན་མཚུངས་པའི་ལམ་དབུ་མའི་ལྟ་གྲུབ་ལ་གནས་པར་གྱུར་ཅིག ཡིན་ན་ཡང་རང་ཚུགས་མ་ཤོར། གཞན་སེམས་མ་དཀྲུགས། ཧཧཧཧཧཧཧཧཧཧཧཧ
ད་ལྟའི་དུས་འདིར་ཆོས་ལུགས་ཀྱི་ན་ཚ་རྙིང་པའི་མིག་ཤེལ་འོག་གནས་བོད་གཞུང་གིས་གང་བྱས་ལ་ཟུར་ཟ་དང་མི་དགའ་བྱེད་པ་ནི་ཕན་མེད་གནོད་ཉེན་ཆེ། ད་བོད་གཞུང་དགེ་ལུགས་པ་མ་རེད། རྙིང་མ་པ་མ་རེད། ས་སྐྱ་པ་མ་རེད། བཀའ་བརྒྱུད་པ་མ་རེད། བོན་པོ་ཡང་མ་རེད། ཚང་མའི་རེད། འོན་ཀྱང་འཕྱར་གྲུ་མཉམ་འདེགས་མེད་པར་ཟུར་ནས་ངན་ལབ་རྐྱང་རྐྱང་བྱས་ན་རང་བཞིན་གྱིས་ཟུར་ལ་ཐོན་འགྲོ་ཡི་ཡིན་པ་ནི་ཆོས་ཉིད་འདྲ་པོ་རེད། ༸གོང་ས་མཆོག་གི་ཡང་དག་པའི་དབུ་འཁྲིད་འོག་འཆམ་མཐུན་རྡོག་རྩ་བསྒྲིལ་ན་དེ་ལས་བཟང་བ་ཅི་ཡོད། དེ་ལ་འགྲོ་སོང་མེད་ལ་གཉིད་ཀྱང་སྐྱིད་པ་འོངས།
སྤྱི་འཐུས་ལྷན་ཚོགས་ཀྱིས་༢༠༠༩ ལོའི་དཔའ་བོ་བཀྲ་བྷེ་ནས་བཟུང་སྟེ་ ༢༠༡༣ ལོའི་བར་གྱི་དཔའ་བོ་ཞི་ཆུང་ལགས་བར་དཔའ་བོ་དཔའ་མོ་ ༡༢༡ གི་མཚན་གཞུང་མུ་འགོད་བྱས་རྗེས་མཚམས་ཧྲིལ་གྱིས་བཞག་པ། ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གིས་དཔའ་པོ་བཀྲ་བྷེ་ནས་བཟུང་དབང་ཆེན་སྒྲོལ་མའི་བར་དཔའ་བོ་དཔའ་མོ་ ༡༡༩ མཚན་གཞུང་མ་གཏོགས་རྒྱལ་གཅེས་དཔའ་བོ་གཞན་དེ་དག་གི་མཚན་གཞུང་དྲྭ་ཐོག་ཏུ་བཀོད་མེད་པ་དེ། རྒྱ་དམར་གཞུང་གི་གནོན་ཤུགས་ཡིན་ནམ་ཡང་ན་ཚོགས་སྡེ་སོ་སོའི་འཐུས་ཤོར་ཡིན།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་ལྟེ་གནས་ཁང་གི་དྲྭ་རྒྱར་རྒྱལ་གཅེས་པ་དེ་དག་མཚན་དྲི་ཙམ་ཡང་མེད། སྐུ་ངོ་དེ་ཚོའི་ཕྱག་ལས་གནང་སྟངས་ཡག་པོ་འདུག་ག
ཁང་པའི་སྒོ་ལོགས་ཙམ་མེར་བསྒྲོན་པ་ཉིད་འཚེ་བར་བརྩིས་ན། སྲོག་དང་ལུས་པོ་མེར་སྦར་བར་ཅི་ཟེར་རམ། སྤྱི་འཐུས་ལྷན་ཁང་ལ་བསམ་བློ་ཚུལ་བཞིན་དུ་གཏོང་ཤེས་པ་ཞིག་མི་འདུག་ལ། ལྷག་པར་དུ་ཆབ་སྲིད་དང་ཁྲིམས་ལུགས་ཀྱི་སར་སྔ་ཕྱི་འདུམ་ཤེས་པ་ཞིག་མི་འདུག་སྙམ། གང་ལྟར་གཟབ་འཚལ་སྤེན་ཚེ་ལགས།
ང་ཚོས་དམ་བཅའ་ནི་འཚེ་མེད་དང་བདེན་པ་ཁོ་ན་ཉིད་ཡིན་པས། བདེན་པ་གླེང་རྒྱུར་ནམ་ཡང་དཔའ་ཞུམ་དགོས་དོན་མེད། ང་ཚོའི་བདེན་པའི་འཐབ་རྩོད་ཀྱི་ངོ་བོ་དཀར་གཙང་དྲི་མེད་ཅིག་ཡིན་པས་གཞན་གྱིས་བསླད་མི་ནུས། འོན་ཀྱང་ང་རང་ཚོས་ཧ་ཅང་གཟབ་དགོས།
ང་ཚོའི་འཐན་རྩོད་འདི་མི་རིགས་དང་ཆབ་སྲིད་ཀྱི་འཐབ་རྩོད་ཅིག་ཆགས་ཡོད་པས་ནང་པའི་ཐེག་པ་ཆེན་པོའི་ཚད་གཞི་ནས་ཚད་འཇལ་མི་འོས། ཟམ་གདོང་རིན་པོ་ཆེས་གསུངས་པ་ལྟར་ང་ཚོར་བདེན་པའི་ཨུ་ཚུགས་མཁན་མི་བརྒྱ་མི་ལོངས་ས་ནས་གནམ་སྐས་ལ་མ་འཛེགས་པར་ས་ནས་འཕག་འཚག་རྒྱབ་ན་དོན་དངོས་དང་མཐུན།
ཨོ་ཡ། ཐེག་པ་ཆེན་པོ་མ་རེད་ཟེར་ན་ཁག་པོ་རེད། ཐེག་པ་ཆེན་པོ་ཞེས་པའི་དོན་ཁུར་ཆེན་པོ་འཁུར་ཐུབ་མཁན་ཞེས་པའི་དོན་རེད། དབུ་མའི་ལམ་དེས་ཕྱོགས་གཉིས་ཀའི་བདེ་སྡུག་དང་། སྐྱོན་ཡོན་ཆ་ཚང་འཁུར་དུ་འཁྱེར་ནུས་དུས་རྩ་ནས་ཐེག་པ་ཆེན་པོའི་ལམ་གྱི་ཆ་ཤས་སུ་བཞག་ན་མི་འགྲིགས་པ་ཡོད་རྒྱུ་མ་རེད། གང་ལྟར་ཡང་དབུ་མའི་ལམ་དེ་གཞན་ཕན་དང་འབྲེལ་བ་ཞིག་རེད། མི་རིགས་དང་། ཆབ་སྲིད་ཀྱི་འཐབ་རྩོད་ཡིན་ན་ཡིན་གཅིག་མིན་གཉིས་རང་ཁེ་གཞན་ཕམ་ཞིག་གི་རྩ་བ་འཛིན་དགོས་པར་འདོད་ན་དེ་ག་རང་རེད། ཡིན་ཡང་དབུ་མའི་ལམ་གྱི་ངོ་བོ་དེ་འཚེ་བ་མེད་པ་དང་། རང་གཞན་གཉིས་ཀར་སྨན་པའི་ལམ་ཞིག་ཡིན་དུས་རྩ་ནས་ཐེག་ཆེན་པོའི་ལམ་དང་འབྲེལ་བ་ཡོད་དམ་སྙམ།
འོ་ན་ང་ཚོའི་མིའི་ནང་ན་ཡང་རང་གཞན་གཉིས་ཀ་བསམ་མཁན་མང་ནི་རེད་ཡ་་ཐེག་པ་ཆེན་པོར་རང་དོན་ཞིག་ཡོད་པ་གོ་མ་མྱོང་ཡ
ཐེག་ཆེན་པ་ལ་རང་དོན་མེད་ན་དོན་གཉིས་མཐར་ཕྱིན་ཞེས་པ་ཇི་ལྟར་འབྱུང་། དཔེར་ན་ཀུན་རྫོབ་དོན་དམ་བདེན་པ་གཉིས་མེད་ན་བདེན་གཉིས་ཇི་ལྟར་བཞག དེ་ཕྱིར་ཆབ་སྲིད་ཀྱི་རྩ་བའི་ལྟ་གྲུབ་རང་ཁེ་གཞན་ཕམ་དང་། ཆོས་ཀྱི་ལྟ་གྲུབ་སྙིང་པོ་གཞན་ཕན་གཙོ་བོ་ཡིན་ཡང་། དེ་གཉིས་རྩ་བ་ནས་འབྲེལ་མེད་ཅིག་ཏུ་ཁས་བླང་ན་ཐལ་ཆེ་བ་ཡིན་ནམ་བསྙམ།
གུས་ཀྱེ ཐེག་ཆེན་གྱི་རང་དོན་མཐར་ཕྱིན་ཟེར་བ་དེ་ང་ཚོའི་ཧམ་སེམས་ཀྱི་སྒེར་དོན་དང་གཅིག་པ་ག་ལ་ཡིན། ཕན་འདོགས་ཀྱི་འབྲེལ་བ་ཡོད་པ་ཙམ་གྱིས་གཅིག་པའི་ངེས་པ་མེད། ཉ་ཉུངས་མ་བསྲེས་ན་ལེགས།
བྱང་ཆུབ་སེམས་མཆོག་རིན་པོ་ཆེའི་སྨོན་ལམ་དེ་སེམས་སྐྱེད་དེ་འདྲ་ཡོད་པ་དག་ལ་དགེ་བ་སྟོབས་ཆེན་རེ་ཡོད་ན་མ་གཏོགས་ཁ་ཡག་ཁོག་ནག་གི་སྐྱོར་འདོན་བྱེད་པ་དག་ལ་མཚོན་ན་དེ་ནི་ཆོས་སེམས་ཤིག་མིན་པར་ཆབ་སྲིད་ཀྱི་འཁྲབ་སྟོན་ཚམ་ཞིག་རེད། དཔེར་ན་དེ་སྔོན་རྒྱ་ནག་ལ་ས་ཡོམ་རྒྱུགས་དུས་བོད་ཕྱི་ནང་གཉིས་ནང་ན་རྗེས་སུ་ཡི་རང་བྱེད་མཁན་མི་ཉུང་ག
ང་ཚོས་འཐབ་རྩོད་འདི་ཆོས་ཀྱི་ཉམས་ལེན་ཆེད་དུ་ཡིན་ནམ། འཛམ་གླིང་གི་ཞི་བདེའི་འཐབ་རྩོད་ཟེར་བ་ཅི་འདྲ་ཞིག་ཡིན་ན་ང་ཚོས་ཀྱང་དེ་འདྲ་ཞིག་འཁྱོངས་ན་དེས་འཐུས། ཐེག་པ་ཆེན་པོ་དང་སྦྱར་ནས་ང་ཚོའི་དྲང་བདེན་གྱི་འཐབ་རྩོད་འདི་དམའ་སར་མ་འཕེན་རོགས། གུས་ཀྱེ། འདི་མི་གཅིག་ལ་ཞུས་པ་ཙམ་མིན།
རང་ཕྱོགས་གཅིག་པུར་བསམས་པས་ཆབ་སྲིད་ནག །
རང་གཞན་གཉིས་ཀར་བསམས་པས་ཆབ་སྲིད་དཀར། །
རང་གཞན་ཞོར་ལ་ཁྱིམ་མཚེས་བསམས་པས་བཟང་། །
རང་གཞན་ཀུན་ཁྱབ་ཡོད་ཚད་བསམས་པས་བདེ། །
འདི་ཚོས་ཆོས་བཤད་སར་སྲིད་བཤད། སྲིད་བཤད་སར་ཆོས་བཤད་ནོ་ལྟོས་མདའ་འཕེན་སར་མ་ཕོག་རང་ལ་ཕོག་ཟེར་ནོ་ད་རེད།
ཆབ་སྲིད་ཟེར་བ་དེ་ཁེ་ཕན་ཞིག་གི་ཆེད་དུ་རེད་ཆོས་ལུགས་ནི་རང་ཉིད་འདུལ་ཐབས་ཤིག་རེད། ཆོས་སྲིད་གཉིས་མཉམ་བསྲེས་མ་བྱས་ན་ལེགས་སྙམ།
ང་ལ་དྲི་བ་ཞིག་ཡོད་པ་ནི། ཆབ་དང་སྲིད་གཉིས་ལ་གོ་དོན་ལོགས་སུ་འགྲེལ་རྒྱུ་ཡོད་དམ། ངོ་གདོང་གི་ཚིག་དོན་ལྟར་བྱས་ན། ཆབ་ནི་ཆུའི་ཞེ་ས་དང་སྲིད་ནི་འཇིག་རྟེན་ལ་གོ་དགོས་པས། འགྲེལ་བཤད་ཅིག་རྒྱག་རོགས་གནོངས། རྒན་ཆབ་བྲག་ལགས།
རང་དོན་ཡོད་ཚད་འཐབ་རྩོད་ཅིག་དང་། འཐབ་རྩོད་ཡོད་ཚད་འགྲན་སེམས་ཤིག འགྲན་སེམས་ཡོད་རང་ཁེ་གཞན་ཕམ་ཞིག་ཡིན་པའི་དབང་དུ་བཏང་ན། ཐེག་ཆེན་དང་མ་འབྲེལ་བར་བདེན་ཡང་། ཆབ་བྲག་པས་རང་དོན་ཡིན་ན་འཐབ་རྩོད་ཅན་དུ་ངེས་པར་ངོས་འཛིན་ནུས་སམ། ཆོས་སྲིད་ཟུང་འབྲེལ་གྱི་གོ་བ་དེ་ད་དུང་ཇི་ལྟ་བ་བཞིན་ཐུགས་ལ་བཏགས་ཡོད་ས་མ་རེད། ཧཧཧཧཧ
བྱང་ཆུབ་སེམས་མཆོག་ཅེས་སོགས་དང་། དོན་གཉིས་སོགས་ནི་༧གོང་ས་མཆོག་གིས་གསུང་བཞིན་པའི་དབུ་མའི་ལམ་དང་འབྲེལ་བ་ཡེ་ནས་མི་འདུག དབུ་མའི་ལམ་དེ་རང་གཞན་གཉི་གར་ཕན་དགོས་པ་ཞིག་ཡིན་ངེས་ཀྱང་། རང་ཉིད་རྒྱལ་མ་ཐུབ་ན་དབུ་མའི་ལམ་ལེགས་འགྲུབ་མ་བྱུང་བ་ཡིན། དཔེར་ན། དེང་སང་བཞིན། ང་ཚོ་ལ་ནམ་ཞིག་རྒྱལ་ཁ་ཐོབ་ཚེ། དབུ་མའི་ལམ་ལེགས་འགྲུབ་བྱུང་བ་ཡིན། དེའི་ཕྱིར་དབུ་མའི་ལམ་རྩོད་ལེན་བྱེད་སྐབས་ཀྱང་རྒྱལ་ཕམ་ནི་རང་བཞིན་གྱིས་ཡོད་པ་ཞིག་ཡིན།
ཨོ་རྒྱན་ཉི་མ་ལགས། “ཆོས་ཀྱི་ལྟ་གྲུབ་སྙིང་པོ་” གཞན་ལ་མི་འཚེ་བ་དེ་རེད། “གཞན་ཕན་གཙོ་བོ་” བྱེད་མཁན་དེ་ཐེག་ཆེན་པོ་ཁོ་ན་རེད། དེ་གཉིས་ཀ་ཁྱད་པར་ཧ་ཅང་ཆེན་པོ་ཡོད་པ་རེད།
རྒྱ་ནག་གཞུང་ཚབ་ཀྱི་ཡན་ལག་ཕྱི་བསྡོད་བོད་པ་ཞིག་གིས་མ་བསྲེགས་པའི་གནས་ཚུལ་འདི་ངོ་ཚ་དགོས་པའི་གནས་ཞིག་ཡིན་པ་མ་གཏོགས་སྤྱི་འཐུས་ལྷན་ཚོགས་ལྟར་དགའ་འོས་པའི་གནས་ཞིག་ག་ལ་ཡིན། སྤྱི་འཐུས་ནས་རྒྱ་གཞུང་གིས་སྒྲོ་བཏགས་པའི་ངན་བརྗོད་ལ་དེ་འདྲ་ཞེད་དགོས་དོན་ཨེ་ཡོད། རྒྱ་གཞུང་གི་ཡན་ལག་དང་རྒྱ་སྒོ་མ་ཟད་དེའི་ཉིང་ལག་དང་རྩ་བ་རྩད་པ་ཡོངས་སུ་རྫོགས་པར་སྲེག་ཐུབ་ན་རྗེས་སུ་ཡི་རང་བྱ་འོས་པ་མ་གཏོགས་དེ་ལ་ཁ་མཆུ་བཤད་ནས་ཁེ་བཟང་ལོན་པའི་རེ་བ་སྟོང་བ་དེ་བྱ་རྒྱུ་ག་ལ་ཡོད། ད་བར་དུ་བཙན་གནོན་མྱང་མྱང་ནས་ད་དུང་དེ་འདྲའི་ནམ་མཁའི་འཇའ་ལྟ་བུའི་གྲུབ་འབྲས་ལོན་པར་བརྩོན་པ་ནི་བཙན་བྱོལ་གཞུང་གི་འཚང་ངོ་།
ད་གཉིད་སད་དེ་མགོ་བཀྱགས་ཏེ་ཡར་ལངས་ཏེ་ཁ་ཕྱེས་ཏེ་གཅིག་བལྟས་དུས། ང་ཕམ་འདུག ཧཧཧཧཧ
ཆབ་སྲིད་ཅེས་པའི་སྒྲ་དོན་ནི་དག་ཡིག་ཁུངས་མ་གང་ཞིག་ལས་འདི་ལྟར་གསུངས་སོ་ཞེས་ལུང་འདྲེན་རྒྱུ་བདག་ལ་མེད་ཀྱང། དཔྱད་པར་འོས་པ་འདི་ལྟ་སྟེ། ཆབ་ཆབ་ནི་ཕ་རོལ་ན། ཡར་ཆབ་ནི་ཕ་རོལ་ན། ཞེས་པ་སོགས་བོད་མི་རིགས་འདི་འཚོ་སྡོད་ཀྱི་གཞི་ནི་གཙང་ཆབ་ཆེ་ཆུང་དག་གི་ངོགས་སམ་འཁྲིས་དག་ཡིན། ལྷག་པར་ཡར་ཀླུང་གཙང་བོ་དང་རྨ་འབྲི་སོགས་ནི་གཙོ་བོ་ཡིན། ཆབ་གཙང་དེ་དག་དང་ཉེ་བར་འཚོ་ཞིང་ལོངས་སུ་སྤྱོད་པའི་འབངས་མི་ཚོར་ཆབ་འབངས་ཞེས་འབོད། ཆབ་ཆེན་པོ་དེ་དག་གི་སྲིད་དེ་རིང་ཚད་དུ་ཁྱབ་པའི་འབངས་ཡོངས་ལ་དབང་སྒྱུར་མཁན་ལ་བཙན་པོ་ཟེར། དེ་ལྟར་ན་ཆབ་སྲིད་ནི་བཙན་པོས་དབང་ལུང་སྒྱུར་ཡུལ་ལམ་ས་གཞི་ཆེན་པོའི་ཚད་ཡིན། དེས་ན་ཆབ་སྲིད་ལ་དབང་སྒྱུར་པ་ཞེས་པར་གོ་རྒྱུ་ཆེན་པོ་ཡོད། རིམ་བཞིན་དུ་ཆབ་སྲིད་ཀྱི་གོ་དོན་རྒྱལ་ཁྲིམས་དང་དབང་ཤུགས། ཐབས་བྱུས་སོགས་རྣམ་གྲངས་མང་པོར་གྱུར་བར་འདོད། དེང་སང་ཆབ་འབངས་ཡོངས་ལ་སྲིད་ཀྱི་དབང་སྒྱུར་བ་ཞེས་པ་འདིའི་སྲིད་ཀྱི་གོ་དོན་རྐྱང་པས་ཆབ་སྲིད་གོ་ཞིང། དེ་ཡང་དབང་སྒྱུར་བའི་དམག་དོན་གཙོ་བོར་གྱུར་པའི་ཁྲིམས་ལུགས་ལ་གོ་འོས་པ་ལྟ་བུ་རེད་སྙམ་མོ།
ཆབ་བྲག་ལྷ་མོ་སྐྱབས་འདི་དངོས་གནས་མི་དྲང་པོ་ཞིག་མཐོང་་་སྤྱི་མཐུས་ཡིན་པའི་སྐབས་གཏམ་བཤད་ཚང་ཡག་པོ་གནོང་་དངོས་གནས་མི་དྲང་ལྡན་ཅན་ཞིག་རེད་འདུག་་་
སྤྱི་མཐུན་མུན་ཐུམ་། བློ་ཕམ་ན་བོད་པའི་ཐོག་རྒྱ་རོས་དྲག་གནོན་སོགས་བློ་ཕམ་དགོས་པ་ལས་རྒྱ་རོའི་ཡན་ལས་ཁུང་གི་སྒོ་ཞི་མེ་རྒྱབ་པ་ལ་བློ་ཕམ་དགོས་དོན་མེད། ད་དཀོན་མཆོག་མཁྱེན་ང་ནི་
བོད་ཕྱི་ནང་གི་རང་སྲེག་ཐད་ལ་ཡང་འཚེ་བ་ཡིན་མིན་གླེང་སློང་བྱས་པ་རེད། དམ་པའི་ཆོས་ཀྱི་ཉམས་ལེན་ཐད་ནས་རང་སྲོག་གཅོད་པ་འཚེ་བ་ཡིན་མིན་དེ་ནང་པ་ཚོ་ཁོ་ནས་ནང་ཆོས་ཀྱི་ཐད་ཁོ་ན་ནས་གླེང་རྒྱུ་ཞིག་རེད། དེ་བས་རང་ལུས་མེར་བསྲེགས་པ་ཚང་མ་ཚད་གཞི་དེའི་ཐོག་ནས་ཚད་འཇལ་བ་འདི་དཔའ་བོ་ཐུབ་བསྟན་དངོས་གྲུབ་སོགས་ཀྱི་མངོན་འདོད་ངོ་མ་དང་རིང་དུ་བརྒལ་བའི་ཚད་འཇལ་སྟངས་ཤིག་མ་ཡིན་ནམ།
བོད་ཙམ་མ་ཡིན་པའི་རང་བསྲེགས་ཀྱིས་བདེན་དོན་རྩོད་པ་དང་ངོ་རྒོལ་བྱེད་པའི་རྣམ་པ་མང་པོ་ཡོད། འདི་དག་ཚང་མར་ནང་ཆོས་ཀྱི་ལྟ་བའི་སྒོ་ནས་འཚེ་བ་ཡིན་མིན་རྩོད་པ་ནི་སྐབས་དོན་ག་ལ་ཡིན། དེང་གི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ངོས་འཛིན་ལ་མི་གཞན་དང་སྤྱི་ཚོགས་ལ་གནོད་པ་སྐྱེལ་བར་འཚེ་བ་དང་འཇིགས་སྐུལ་ཟེར་བ་ལས་རང་ལ་ཚེ་འདི་ཕྱི་གང་ཞིག་ན་གནོད་ཀྱི་ཡོད་མེད་ལ་བསམ་བློ་གཏོང་མཁན་མེད།
དེ་བས་ང་ཚོས་སྤྱི་ཚོགས་ཀྱི་བྱེད་སྒོ་ཅི་རིགས་ལ་ཆོས་ཀྱི་གནས་ལུགས་ཁྱེར་ཡོང་ནས་འགྲེལ་བཤད་རྒྱག་ཚུལ་འདི་རིགས་ཏག་ཏག་བསྡད་ཡོད་མ་རེད། ངོས་འཛིན་འདི་རིགས་དང་འགྲེལ་བཤད་འདི་རིགས་ཀྱིས་ད་གཟོད་ཆོས་སྲིད་ཟུང་སྦྲེལ་ལ་དཀར་ནག་ཁྲ་གསུམ་གྱི་རྒྱ་གྲམ་བཀོད་པ་རེད།
རྒན་ཆབ་བྲག་ལགས། བཀའ་དྲིན་ཆེ་སོང་།
ད་རེས་ཆབ་བྲག་ཕོ་ཉས་གཏམ་དྲང་པོ་་ཞིག་བོར་ཐལ།
མོས་མཐུན་གནང་བར་བཀའ་དྲིན་ཆེ་ཞུ། ཡིན་ན་ཡང་སྐད་ཆ་བདེན་རྫུན་ཟེར་བ་དེ་རང་རང་གི་བློ་ལ་འབབ་མིན་ཙམ་གྱིས་ཐག་གཅོད་མི་འོས།