ཤར་ཕྱོགས་ཁུག་རྟ།
བོད་མི་རིགས་འདི་སྤྱིར་ལས་ཅན་ནང་གི་ལས་ངན་ཞིག་རེད། ལས་ཅན་ཡིན་པ་དེ་དབུ་ཁྲིད་༸གོང་ས་མཆོག་ལྟ་བུ་ཞིག་ཡོད་པས་མཚོན་ཐུབ་ནའང། བོད་མིར་གཏོགས་པ་ཕལ་མོ་ཆེ་རང་གི་རྩ་དོན་ལ་སྒྱུད་ལུག་སྣང་མེད་ཀྱི་ངན་གཤིས་ཤིག་ཡོད་པ་དེ་དེ་རིང་སང་ཉིན་གསལ་རུ་གསལ་རུ་འགྲོ་གི་འདུག ང་ཚོ་བཙན་བྱོལ་བོད་མི་ཚོས་རྡོག་ལ་སྒྲིལ་ཏེ་རང་ཉིད་ལྟོགས་ཐུབ་པ་གྲང་ཐུབ་པ། ཐ་ན་གཅེས་པའི་བཟའ་ཟླ་དང་བུ་ཕྲུག་ཚུན་ཆད་འདོར་ཕོད་པའི་འདུ་ཤེས་བརྟན་པོ་ཞིག་མ་རྙེད་བར་མི་རིགས་ཀྱི་རང་དབང་འཐབ་རྩོད་པའི་དཔུང་ཁག་བརྟན་པོ་ཞིག་ཆགས་རྒྱུ་ཕ་རིའི་སྤང་རྒྱན་རེད།
ང་ལྟ་བུ་མཚོན་ན་བོད་མི་ཆིག་སྟོང་གཞིས་བསྐྱོད་ཟེར་པ་དེ་ནས་བཟུང་སྟེ་གཞིས་ཆགས་ཁག་ཁང་སྟོང་འཐོར་བཤིག་ཏུ་གྱུར། བཙན་བྱོལ་བ་ཙམ་དུ་མ་ཟད་བོད་ནས་ཚུར་ཡོང་མཁན་མང་པོས་ཀྱང་དམིགས་ཡུལ་ཕྱི་རྒྱལ་ལ་ཐར་རྒྱུ་འགྲོ་རྒྱུ་བཟུང། དེ་རིང་སང་ཉིན་དབུ་ཁྲིད་ཚོས་འོས་ཤོག་ཐོབ་ཆེད་སུམ་སྟོང་དང་ལྔ་སྟོང་གི་ངོམས་སོ་བྱས་ནས། བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་རྩ་དོན་གནས་བབ་ཕྱོགས་ཡོངས་ནས་བལྟས་ན་ཞེད་སྣང་ཚ་བོ་ཞིག་ཆགས་ཡོད་པ་གསལ་བོ་རེདཅེས་བཤད་མཁན་གྲས་ཡིན་ལ། མ་གཞི་ནས་ཕྱི་རྒྱལ་ལ་གཏོང་བ་འདིས་ནི་རྩ་བ་ནས་རྩ་དོན་ལ་ཕན་ཐོགས་མེད་པ་གསལ་བོ་རེད།
གཉིས་ནས་བོད་པ་ཚོའི་གཉའ་ལ་དཀའ་ངལ་དང་དཔྲལ་བར་མེ་མདའ་མ་བཙུགས་པར་ངང་རྒྱུད་རིང་པོའི་འགུལ་བསྐྱོད་མི་རྒྱག་པ་དེའང་གསལ་བོ་རེད། ཕྱོགས་དེ་དག་ལ་བསམ་བློ་ཞིག་བཏང་ན། ཡོ་རོབ་ནང་གི་སྲིད་བྱུས་འདི་དག་འགྲིག་བསྡད་བཞག་བསམ་གི་འདུག
བོད་ནས་ཚུར་རྒྱ་གར་ལ་བྲོས། རྒྱ་གར་ནས་རང་རང་གི་ཁ་སྟབས་ལ་དཔག་པའི་རྩ་དོན་སྲི་ཞུ་རེ་ཨེ་འཁྱོང་ལྟོས། ཡང་ཕྱིར་ཕ་ཡུལ་དུ་ལོག་ནས་རིག་གནས་ལས་དོན་སོགས་སྣ་མང་གཉེར་ཨེ་ཐུབ་ལྟོས། དེ་གཉིས་གང་རུང་ཞིག་ལ་བོད་ཀྱི་བདེན་མཐའ་མ་གསལ་བར་མི་ཚེ་བསྟིམས་རྒྱུ་ཡིན་བསམས་པའི་ཆོད་སེམས་ཤིག་ཡོད་ན། ང་ཚོ་བོད་མི་རིགས་ཟེར་བ་འདིས་ཅིག་འཁྱོང་གི་རེད། རང་དབང་རྩོད་ཐུབ་ཀི་རེད། དེ་མིན་འདི་མུར་སོང་ཚེ། རང་བཞིན་འཐོར་བཤིག་དང་ཕྱིའི་གནོན་ཤུགས། ནང་ཁུལ་འཁྲུག་འཛིང་སོགས་ལྟས་ངན་སྣ་ཚོགས་པའི་རྟགས་མཚན་མཐོང་གི་འདུག་སྟབས། ད་གཟབ་གཟབ་བྱས་ཏེ།་བལྟས་ན། ཡོ་རོབ་ཀྱི་སྲིད་བྱུས་འདི་དག་ཀྱང་རྐྱེན་ངན་གྲོགས་ཤར་ལྟར་འགྲིག་བཞག་བསམ་སོང། རྐྱེན་ངན་ཡང་དག་པར་བསྒྱུར་རྒྱུའི་སྤོབས་པ་བཅངས་ཏེ་བོད་མི་ཚོས་བསམ་བློ་གཏོང་དགོས་པའི་དུས་ཚོད་སླེབས་འདུག་སྙམ།
༢༠༡༤། ༧། ༩། ཉིན། སིམ་ལ་ནས་བྲེལ་སྟབས་ཀྱིས། འདིའི་ཐད་ཁོམ་མཚམས་བགྲོ་གླེང་ཞིབ་ཚགས་བྱེད་དགོས་གལ་མཐོང་བས་བསམ་ཚུལ་རྣམ་འབུལ་ངེས་ཡིན།
འགྲོ་མི་འགྲོ་ཞེས་པ་དེ་ནི་འགྲོ་བ་མིའི་ཐོབ་ཐང་ཡིན་ཕྱིན། བཙན་བྱོལ་གཞུང་གིས་བསྟུན་དགོས་པ་མ་གཏོགས་གཏོང་མི་གཏོང་གི་བཀོད་འདོམས་བྱས་ན་རྒྱ་གཞུང་དང་ཁྱད་པར་ཅི་ཡོད། མི་འདོད་བཙན་གྱིས་འཇུག་པའི་དོན་ཡང་མེད། འདོད་ན་བཙན་གྱིས་འགོག་པའི་དོན་ཡང་མེད། ཤར་ཁུག་འདི་ལ་ཁ་ཡག་ངོ་དགའ་བྱེད་པའི་མོས་པ་ཁྱད་དུ་འཕགས་པ་ཞིག་ཡོད་ལ་དགོས་པའི་ཡོན་ཏན་ཏིལ་འབྲི་ཙམ་ཡང་མི་འདུག
རྩྭ་ཁ་བཟང་ས་ལ་ནོར་འཚོ་ཤེས་ནི་ཞིག་གི་ཀླད་པ་ཡང་མེད་ཀི། སྟོབས་ཟེར་བ་འདི་ཅི་ལྟར་རྒྱས་མིན་གྱི་དཔྱོད་པ་ཡང་མེད་ཀི། ཁུག་རྟ་འདིས་བསམ་བློ་མ་གཏང་བར། བྲེལ་སྟབས་དང་ཤད་མེར་རྐྱང་རྐྱང་ལ་བྲིས་བའི་སྐྱོན་ལོས་ཡིན། དགོས་ནི་མཁོ་ནི་ཞིག་ནམ་ཡང་བཤད་རྒྱུ་མེད་ཀི།
འཐབ་རྩོད་ཟེར་བ་འདི། རང་དོན་ནས་ཁྱིམ་དོན། ཁྱིམ་དོན་ནས་རྒྱལ་དོན་ལ་ཐུག་འགྲོ་བ་ཞིག་ལས། རྒྱལ་དོན་སྲུང་བ་ལ་ནང་འཁོར་མི་དགོས་ཟེར་ན། སྨྱོན་པ་ཞིག་མིན་ན་དམག་མི་ཞིག་ཡིན་དགོས་པ་རེད། རྒྱལ་ཁབ་གྱི་དམག་མི་ཞིག་ཡིན་ན་ཡང་། དང་པོ་ཕ་མ་དང་བུ་ཕྲུག་ཡིན་པ་རེད། ཤེས་སོང་ངམ།
ཆོས་མ་ཤེས་བར་ཆོས་སྡོམ་ཤོར། སྲིད་མ་ཤེས་བར་སྲིད་ཇུས་དཀྲུག མི་འདི་ཡིན་ན། རྫབ་ཆེན་རེད་ཡ། མི་ཤེས་ཤེེས་ཁུལ་མ་བྱེད་འདྲེ་ཁུག་རྟ།
ཁུག་རྟ་རྒྱ་དམར་གྱིས་བོད་ལ་གདན་འདྲེན་བྱེད་ཁོ་ཐག་རེད། ར་སྟོད་བསོད་ནམས་དང་།་ཕུ་བ་དཔོན་བསོད་སྟོབས། གངས་ཅན་བླ་མ་སོགས་ནང་བཞིན་གདན་འདྲེན་བྱེད་ངེས་ཡིད་ཆེས་ཡོད། ལྷག་པར་རྒྱ་མའི་དར་དམར་འཁྱེར་ནས་འགྲོ་དང་་དགའ་བསུ་ཚད་མེད་བྱེད་བྱེད་རེད།
ཡག་པོ་བྲིས་ཤག
འཁོར་གསུམ་མང་པོ་བཟས་འདུག།
རེད་ཡ་བོད་མི་ཡོད་དོ་ཅོག་རྒྱ་གར་ལ་བསྡད་ནས་དབུ་མའི་ལམ་ཟེར་ཕྱི་མིན་ནང་མིན་ཞིག་གི་ཁོག་བརྡུང་ནས་བསྡད་ན། ནམ་ཞིག་རྒྱ་གར་གཞུང་གིས་ཡོ་རོབ་ཀྱི་སྲིད་ཇུས་ཞིག་བཟུང་ན། ཤར་ཁུག་སོགས་ལ་དབུ་མ་དང་དབུ་ལམ་ཟེར་སའི་རྡ་སའི་རི་ཟུར་དེ་མ་ལྷག་ན། བོད་ཕྱི་ནང་གི་འཐབ་རྩོད་ཟེར་བ་ཞིག་ཨ་ཡོང་ན། ཕྱི་ནང་ཟུང་གི་འཐབ་རྩོད་ཞིག་མེད་ན། བོད་ནང་ཁོ་ནས་འཐབ་རྩོད་དེ་ལ་ཚེ་སྲོག་ལ་ཅི་ཡང་མི་སེམས་པའི་དམར་གཞུང་དེས་གང་བྱེད་ལ་ཆགས་ན། སུ་ཞིག་གིས་ཞུ་འབོད་བྱེད་དེ་དུས་ནག་ཐོམ་ཐོམ་མར་ཡོད་ཚད་རྫོགས་ན། ན་ཅན་གྱི་འདྲི་རྟགས་ཚོམ་བུ་འདི་ཡོང་མི་སྲིད་པ་མིན་སྟབས་དེ་ལུགས་ང་ཚོ་ལའང་ཇུས་ཤིག་ཡོད་ནདགའ་སྙམ།
བཙན་བྱོལ་ནང་བསྡད་པ་དང་། ཕྱིར་ཕ་ཡུལ་ལ་ལོག་པ། ཕྱི་རྒྱལ་དུ་འགྲོ་བ་ཚང་མས་བོད་ཀྱི་རྩ་དོན་ལ་ཕན་གི་རེད། ཁུག་རྟས་སྐད་ངན་མ་རྒྱབ་ན་བསྡད་ཐུབ་གི་མ་རེད། དེ་ཁོང་གི་རང་གཤིས་རེད། ནད་སྙིང་རྒྱུན་དུ་ན་གི་ཡོད་ཡོད་རེད།
ཁུགས་རྟ་་་་་དེ་རིང་གཉིས་ལས་སད་འདུག སྐད་ཆ་བདེཾན་པ་བཤད་འདུག ཨ་མདོ་བ་ལ་ཨོང་ཐོ་ཡོད་འདུག ཧ་ཧ་་་་་་་་་་
ཁྱེད་ལ་དེ་འདྲའི་ལྷག་བསམ་དང་ལ་རྒྱ་བོད་ན་་་ཕྱར་གྲུ་མཉམ་འདེགས་མི་གནང་བར་་་་རང་གི་རྐུབ་སྟེགས་ཀྱི་ཆེད་དུ་་་གཞུང་སེང་གེ་སོགས་ལ་ཁ་ཅོག་ལངས་དགོས་དོན་གང་ཡིན། དེ་རིང་ཁ་ནས་བདེ་བོ་ཞིག་བཤད་ནི་ཅི་རེད། ཁྱེད་ལ་ཝེ་ས་མ་རེག་ནས་མི་གཞན་ཚང་མ་ཤོར་སོང་ནས་ཕྲག་དོག་ལངས་ཀྱི་ཡོད་པ་ཡིན་ནམ། དངོས་གནས་ལྷག་བསམ་ཡོད་ན་ཨོ་སི་ཁྲི་ལི་ཡ་ལ་་་བརྒྱན་ཤོག་་་་ག་རེ་བྱས་ནས་ལངས་ཡིན་་་ཧ་ཧ་་་་་་་་་་ཞབས་འདྲེན་་་་་་
ཧ་ཧ་ཧ་་་་་་་་་་་་་་་་་་་་་ད་ཤེས་སོང་་་་་་ཞབས་འདྲེན་ཚོ་་་་་་་་་་་་་་