རཱ་ཧུལ་གྱིས།
________
དེ་རིང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་གཏོང་གསལ་ལ། ཡོ་རོབ་ཁུལ་དུ་བོད་ཀྱི་སྡུག་བསྔལ་དང་མནར་གཅོད་སྐོར་ལ་གཏམ་རྒྱུད་ཟློས་གར་འཁྲབ་པར་བསྐྱོད་པའི་ཚོགས་མི་གྲངས་དྲུག་ཕྱིར་མ་ལོག་པར་ཡུལ་གྲུ་དེ་ལ་ལྷག་ཡོད་པའི་སྐོར་ལ་ས་བིས་ཡུལ་དུ་སྔོན་ཆད་ནས་སྐྱབས་བཅོལ་ལ་ཡོད་པའི་བོད་མིའི་སྐྱིད་སྡུག་ཚོགས་གཙོས་སེམས་འཁྲལ་དང་ཁྲིམས་ལ་སྐྱེལ་འདོད་ཡོད་སྐོར་བཤད་སོང་། སྙིང་རྗེ། ཁོང་ཚོས་ད་ལམ་གོ་སྐབས་ཡག་པོ་ཞིག་རག་ནས་སྒོར་མོ་འབུམ་མང་པོ་གཡར་ལེན་དང་། ཆང་ས་རྫུན་མ། བླ་གྲྭ་ཨ་ནེ་རྫུན་མ་སོགས་གང་ཡང་བྱེད་མ་དགོས་པ་ཡུལ་གྲུ་ཡོ་རོབ་ཏུ་སླེབས་པ་རེད། ཁོང་ཚོས་ལ་མཚོན་ན་དེ་ནི་ནང་པ་སངས་རྒྱས་པའི་ཐར་བའི་ལུགས་སྲོལ་བཞིན་བཤད་ན། ས་བརྒྱད་པ་ཐོབ་པ་ལྟ་བུ་རེད། དེ་ལ་བི་ཟ་དང་ལམ་བར་གྱི་སེམས་འཁྲལ་གྱི་དཀའ་སྡུག་མྱོང་མ་དགོས་པར་དེ་ཐོབ་པ་རེད། བོད་མི་གཞོན་ནུ་ཚོས་སྣང་ངོར་ལ་ས་དགུ་བ་ཁ་ན་ཌ་དང་ས་བཅུ་བ་དང་ཐར་བ་དེ་ནི་ཨ་རི་ལ་འདོད། ད་ལམ་གྱི་ས་བརྒྱད་ཐོབ་པར་འདོད་མཁན་འགའ་ཤས་ཀྱིས་ཐར་ལམ་ལ་བར་ཆད་བྱུང་ཡོད། དེ་ནི་ལས་དང་ཕྲག་དོག། ཆབ་སྲིད་སོགས་ཡིན་སྲིད། དེང་སང་གི་དུས་སུ་རྒྱ་གར་ནང་དུ་ཡོད་པའི་གཞོན་སྐྱེས་བརྒྱ་ཆ་དགུ་བཅུས་ཕྱི་རྒྱལ་དུ་འགྲོ་རྒྱུར་བསམ་བློ་གཏོང་གིན་ཡོད། དེའི་ཆེད་དུ་ཨ་མས་རང་གི་བུ་མག་པ་ལེན་པ་དང་། སྲིང་མོས་གཅེན་པོར་མག་པར་བསུ་བར་བྱེད། ཨ་ཕས་རང་གི་བུ་མོ་མནའ་མར་ལེན་པ། ཆང་ས་རྫུན་མ། གྲྭ་བ་རྫུན་མ། བླ་མ་རྫུན་མ་སོགས་ག་རེ་བྱེད་དགོས་ན་བྱེད་སྲིད་པའི་དུས་ཚོད་འདི་ལ། བོད་མི་རྣམས་སྤྱིར་བཏང་ཡ་རབས་སྤྱོད་བཟང་དྲང་བོར་དྲང་བཞག་ཡོད་པ་དེ་བརླག་འགྲོ་མིན་ནམ།
http://www.rfa.org/tibetan/otherprograms/stringer/guchusum-performers-refuse-to-return-to-india-05072009103553.html
གལ་སྲིད་འཁྲབ་སྟོན་པ་དེ་དག་ཆབ་སྲིད་བཙོན་ཟུར་ཚོ་ཡིན་ན་དེ་ཚོས་ཡང་སྐྱར་སུད་སིའི་བོད་མིའི་ལག་ནས་བཙོན་ཁང་དུ་འགྲོ་དགོས་ན་ཐང་ཀི མི་དེ་ཚོས་ལས་ངན་ཅི་ཞིག་བསགས་པ་ཡིན་ནམ། ཅིའི་ཕྱིར་མི་དེ་དག་གིས་མ་ཤི་བར་དུ་རང་རང་གི་འཚོ་ཐབས་ཙམ་ཡང་འདེམ་རྒྱུའི་རང་དབང་མེད་པ་རེད་དམ། དཔོན་པོ་དེ་ཚོའི་མིང་གལ་ཆེ་བ་རེད་དམ་རྒྱ་མི་དམར་པོའི་བཙོན་ཁང་ནས་དཀའ་སྡུག་མྱངས་པའི་མི་དེ་དག་གི་མི་ཚེའི་མདུན་ལམ་གལ་ཆེ་བ་རེད། གལ་སྲིད་ཆབ་སྲིད་བཙོན་ཟུར་མིན་ན་ཡང་འདི་ལྟར་བྱེད་འོས་སམ། ན་ནིང་ཞིག་ལ་ང་ཚོའི་ས་གནས་སུ་ཡང་རྡ་ས་ནས་ཟློས་གར་བ་ཞིག་བསླེབས་སོང་ལ། ཁོང་གིས་ཕྱིར་འགྲོ་འདོད་མ་བྱས་པས་ང་ཚོའི་བོད་རིགས་ཚོགས་པས་རོགས་རམ་བྱས་ནས་སྐྱབས་བཅོལ་ཡིག་ཆ་རེག་ཐབས་སོགས་བྱས་སོང་ཟེར་གི
ང་ཚོ་མི་ཡིན། ལྷ་མིན། ང་ཚོ་ལ་བདེ་བ་འདོད། སྡུག་བསྔལ་མི་དགོས། ང་ཚོ་ལ་ཡ་རབས་མི་དགོས། ང་ཚོ་ལ་དངུལ་དང་། ལས་ཀ། ཁང་པ། གཟའ་ཟླ། བུ་ཕྲུག་བཅས་དགོས། ང་ཚོ་དབྱིན་སྐད་སྦྱོང་དགོས་ཡོད། འདི་འཛམ་བུ་གླིང་གི་སྤྱི་སྐད་རེད།
ང་ཚོ་ལ་མི་སྤྱི་མཚུངས་ཀྱི་འདོད་པ་དང་རྨི་ལམ། རེ་བ། ཕུགས་བསམ་བཅས་ཡོད། མི་གཞན་ལ་ཡོད་པ་འདི་ང་ཚོར་ཡང་ཡོད་ལ། ང་ཚོ་ལ་ཡོད་པ་འདི་ཡང་མི་ཚང་མ་ལ་ཡོད།
རྒྱལ་བ་རིན་པོ་ཆེ། སྐུ་མཁྱེན། ང་ཚོ་མི་ལ་འཇོག་རོགས། ང་ཚོ་ལ་ལྷའི་ཡོན་ཏན་དང་གོ་གནས་དང་སྐྱེ་བ་སོགས་མི་དགོས། ང་ཚོ་ལ་མི་ཕལ་པ་ཞིག་གི་ཐོབ་ཐང་དང་སྐྱིད་སྡུག་དགོས། ང་ཚོ་ལ་སྟོང་ཉིད་དང་བྱང་ཆུབ་སེམས་པའི་ཡོན་ཏན་མི་དགོས། ང་ཚོ་ལ་ལུང་པ་ཞིག་དང་འཚོ་བརྟེན་ཞིག་དགོས།
ང་ཚོ་ལ་སྔོན་གྱི་ཎ་ལན་ཊའི་ཤེས་ཡོན་དེ་ཚོ་མི་དགོས་ལ་ང་ཚོའི་བུ་ཕྲུག་ཚོ་ལ་ཡང་མི་དགོས། ང་ཚོ་ལ་ད་ལྟའི་ཨ་རི་དང་དབྱིན་ཇིའི་ནང་གི་སློབ་ཆེན་གྱི་ཤེས་ཡོན་དེ་ཚོ་དགོས། ང་ཚོ་གྲུབ་མཐའ་སྦྱངས་མི་འདོད། ང་ཚོ་གློག་ཀླད་དང་རྩིས་རིག་པ་སྦྱངས་འདོད། ང་ཚོ་འཛམ་གླིང་གི་ཞི་བདེ་ལ་དོ་སྣང་མེད། ང་ཚོ་ལ་སོ་སོའི་ལུང་པ་བོད་ཀྱི་ནང་ཞི་བདེ་དང་བདེ་སྐྱིད་དགོས།
རྒྱལ་བ་རིན་པོ་ཆེ། ང་ཚོ་ལ་སྐྱེ་བ་ཕྱི་མའི་བདེ་སྐྱིད་མི་དགོས། རྒྱལ་བ་རིན་པོ་ཆེ། ང་ཚོ་ལ་ཚེ་འདིའི་འགྲོ་བ་མི་གཞན་མཚུངས་ཀྱི་བདེ་སྐྱིད་ཤིག་དགོས།
སྐུ་མཁྱེན།
གོང་གི་རཱ་ཧུལ་མཚན་ཅན་གྱིས་བྲིས་པའི་རྩོམ་དེ་དང་། དེ་ནས་ཚངས་དབྱངས་ཀྱིས་བཀོད་པའི་མཆན་བུ་གཉིས་ལ་ལན་འདེབས་རེ་བྱེད་ན་འདོད།
བོད་མི་ཚོས་ཕྱི་རྒྱལ་ལ་ཐར་ཐབས་བྱེད་པ་དང་དེའི་ཐབས་ལམ་མང་པོ་འཚོལ་བཞིན་ཡོད་པ་དེ་ཚོ་དངོས་ཡོད་གནས་ཚུལ་ཞིག་དང་བྱུང་བ་ངོ་མ་ཞིག་ཡིན་པར་བརྟེན། ང་ཚོའི་གསར་འགོད་པའམ་ཡང་ན་རྩོམ་འབྲི་མཁན་ཚོས་ངོ་མ་དོ་སྣང་གིས་ཞིབ་འཇུག་བྱེད་དགོས་པ་ཞིག་ཏུ་མཐོང་། མི་རེ་རེ་ལ་ལོ་རྒྱུས་རེ་རེ་ཡོད་རེད། སྤྱི་ཚོགས་ཀྱི་ཞབས་འདྲེན་དུ་འགྲོ་བའམ་ཡང་ན་ཡ་རབས་མ་རེད་ཅེས་གཡུགས་རྐྱང་བྱས་ན་འོས་མིན་མི་ཤེས། སྤྱི་ཚོགས་ཀྱི་མཐོང་ཚུལ་དེ་དག་གི་འོག་ཏུ་གབ་པའི་ཁོང་ཚོ་མི་རེ་ངོ་རེའི་གནས་ཚུལ་རྣམས་ལ་རྒྱུས་ལོན་བྱེད་རྒྱུ་གལ་ཆེན་པོར་མཐོང་།
དེ་ནས་༧རྒྱལ་བ་རིན་པོ་ཆེ་འདི་ལ་འབྲེལ་བ་ཨེ་ཡོད། ཚངས་དབྱངས་ཀྱིས་གསུངས་པ་དེ་ཚོ་གཟིགས་ན། འདི་ཚང་མ་༧རྒྱལ་བ་རིན་པོ་ཆེས་གནང་བ་ལྟ་བུ་ཞིག ཡིན་ན་ཡང་༧རྒྱལ་བ་རིན་པོ་ཆེས་ཕྱི་རྒྱལ་ལ་འགྲོ་མཁན་གྱི་བོད་མི་ཚོའི་མགོན་སྐྱབས་གནང་ཡོད་པ་ལས་གནོད་བསྐྱལ་བ་ཞིག་ཨེ་ཡོད།
དྲ་གྲོགས་ཚངས་དབྱངས་མིང་ཅན་ལགས། ཉིད་ཀྱིས་སྐད་ཆ་འདིའི་ཤུགས་བསྟན་དུ་༧གོང་ས་མཆོག་གི་མཚན་འཁུར་ནས་ཡོང་དེ་སྐད་ཆ་འདི་ལྟར་བཤད་དོན་ཅི་ཡིན། ད་ནི་ཟོས་པས་རྗེས་སུ་སྐྱུག་འདོད་ཀྱི་བློ་ཁོག་ཆེ་རུ་འགྲོ་བཞིན་ཡོད་པ་འདྲ། ཁྱེད་རང་ཡང་ཕྱི་རྒྱལ་གང་རུང་ཞིག་དུ་སོང་དེ་ལོ་ཁ་ཤས་ཤིག་སོང་ཡོད་མཁན་ཞིག་ཡིན་ཁོ་ཐག་རེད་འདུག་སྐད་ཆ་བཤད་ཕྱོགས་ལ་བལྟས་པ་ཡིན།
དྲ་གྲོགས་ཚོ། དགུ་བཅུ་སུམ་གྱི་བཏང་པའི་ཆབ་སྲིད་རྩོན་ཟུར་གྱི་མིང་ཁུར་མཁན་གྱི་མི་སྣ་དེ་དག་གིས་ཡུ་རོབ་ནང་དུ་འཁྲབ་སྟོན་དུ་ཕྱིན་བ་དེ་ཚོ་ ཚུར་རྒྱ་གར་དུ་འབྱོར་མེད་པ་དེ་བདེན་པ་རེད་འདུག གནས་ཚུལ་དེ་དག་རིགས་གསར་བ་མ་རེད་ མང་པོ་བྱུང་ཚར་བ་རེད་ མི་དེ་དག་གི་བོད་པའི་སྤྱི་ཡོངས་ཀྱི་འགན་མ་ཁུར་བ་རེད་ ང་ཚོ་བོད་པའི་ཁ་རྒྱུད་དུ་ལ་ ཆ་ལུགས་ངན་ན་ངན་ རང་དོན་འགྲུབ་ད་ཁེ་སེང་རེད་ཟེར་བ་ལྟར་རེད། མི་དེ་དག་གི་རང་དོན་ཁོ་ན་བསམ་པ་ཞིག་རེད་ལགས། གཅིག་བྱེད་ན་ཚོགས་པའི་དབུ་འཛིན་མཉམ་དུ་སྐད་ཆ་བཤད་ཡོད་སྲིད། དེ་དག་གི་གནས་ཚུལ་རྒྱུན་ལོན་བྱེད་རྒྱུ་འདི་གལ་ཆེ་འོ། མི་རེ་རེ་ལ་མཚན་རེ་བཤད་རྒྱུ་ཡོད། མི་དེ་དག་ལ་བར་ཆད་མི་ཡོང་བའི་སྨོན་ཡོད་།
zôïh-qºÛ-D-Mãm-hÝ-¤-¼ïhü
hzÞÅ-G®P-GÛ-D-Mãm-»Ûm-q-»ôhü
V-¾ÞGÅ-z®ôG-m-z®ôG ¼P-hôm-ºIâz-m-Dï-¸P-¼ïhü ¸ï¼-z-»Ûmü
(((((((((ང་ཚོ་མི་ཡིན། ལྷ་མིན། ང་ཚོ་ལ་བདེ་བ་འདོད། སྡུག་བསྔལ་མི་དགོས། ང་ཚོ་ལ་ཡ་རབས་མི་དགོས། ང་ཚོ་ལ་དངུལ་དང་། ལས་ཀ། ཁང་པ། གཟའ་ཟླ། བུ་ཕྲུག་བཅས་དགོས། ང་ཚོ་དབྱིན་སྐད་སྦྱོང་དགོས་ཡོད། འདི་འཛམ་བུ་གླིང་གི་སྤྱི་སྐད་རེད།
ང་ཚོ་ལ་མི་སྤྱི་མཚུངས་ཀྱི་འདོད་པ་དང་རྨི་ལམ། རེ་བ། ཕུགས་བསམ་བཅས་ཡོད། མི་གཞན་ལ་ཡོད་པ་འདི་ང་ཚོར་ཡང་ཡོད་ལ། ང་ཚོ་ལ་ཡོད་པ་འདི་ཡང་མི་ཚང་མ་ལ་ཡོད།
རྒྱལ་བ་རིན་པོ་ཆེ། སྐུ་མཁྱེན། ང་ཚོ་མི་ལ་འཇོག་རོགས། ང་ཚོ་ལ་ལྷའི་ཡོན་ཏན་དང་གོ་གནས་དང་སྐྱེ་བ་སོགས་མི་དགོས། ང་ཚོ་ལ་མི་ཕལ་པ་ཞིག་གི་ཐོབ་ཐང་དང་སྐྱིད་སྡུག་དགོས། ང་ཚོ་ལ་སྟོང་ཉིད་དང་བྱང་ཆུབ་སེམས་པའི་ཡོན་ཏན་མི་དགོས། ང་ཚོ་ལ་ལུང་པ་ཞིག་དང་འཚོ་བརྟེན་ཞིག་དགོས།
ང་ཚོ་ལ་སྔོན་གྱི་ཎ་ལན་ཊའི་ཤེས་ཡོན་དེ་ཚོ་མི་དགོས་ལ་ང་ཚོའི་བུ་ཕྲུག་ཚོ་ལ་ཡང་མི་དགོས། ང་ཚོ་ལ་ད་ལྟའི་ཨ་རི་དང་དབྱིན་ཇིའི་ནང་གི་སློབ་ཆེན་གྱི་ཤེས་ཡོན་དེ་ཚོ་དགོས། ང་ཚོ་གྲུབ་མཐའ་སྦྱངས་མི་འདོད། ང་ཚོ་གློག་ཀླད་དང་རྩིས་རིག་པ་སྦྱངས་འདོད། ང་ཚོ་འཛམ་གླིང་གི་ཞི་བདེ་ལ་དོ་སྣང་མེད། ང་ཚོ་ལ་སོ་སོའི་ལུང་པ་བོད་ཀྱི་ནང་ཞི་བདེ་དང་བདེ་སྐྱིད་དགོས།
རྒྱལ་བ་རིན་པོ་ཆེ། ང་ཚོ་ལ་སྐྱེ་བ་ཕྱི་མའི་བདེ་སྐྱིད་མི་དགོས། རྒྱལ་བ་རིན་པོ་ཆེ། ང་ཚོ་ལ་ཚེ་འདིའི་འགྲོ་བ་མི་གཞན་མཚུངས་ཀྱི་བདེ་སྐྱིད་ཤིག་དགོས།)))))))))
ཁྱོད་ཀྱི་གོང་གི་སྡུག་སྐད་འདི་དག་རྒྱ་ནག་གཞུང་ལ་འདོན་དགོས་པ་ལས་༸གོང་ས་མཆོག་ལ་མ་རེད། མ་འོངས་པར་དེ་འདྲ་མ་བྱེད་མ་གཏོགས་ཁ་ལས་རླུང་རྟ་རྒུད་ནས་ད་ལྟའི་གནས་སྟངས་འདི་ལས་སྡུག་ཙམ་ཆགས་ཡོང༌། ང་བཟའ་མ་བེུད་གཅིག་ཡིན་ཀྱང་ཁྱོད་ཀྱིས་བཤད་པའི་ཅོལ་གཏམ་ལ་སྙིང་པོ་མེད་པ་ལོས་ཤེས། གྲྭ་ལོག་ལྟ་ལོག་ཚོ་ངོ་མ་ཕྱི་གླིང་ན་སྨྱོ་གི་ཡོད་ས་རེད། སྙིང་རྗེ་སའི་ཡུལ་རེད།
ཁག་ཡོད་རྒྱུ་མ་རེད་ད་ལྟ་བར་དུ་༸གོང་ས་མཆོག་གི་ཐུགས་བྱམས་དང་བརྩེ་བའི་ཕྱག་འོག་ནས་སྐྱེ་ལང་ཤོར་བ་ཤ་སྟག་རེད།
སེམས་ཕངས་པ་ཞིག་ལ་ངའི་འཆན་བུ་མེད་སོང་དོན་ཅི་?????????????????????????
ཚངས་དབྱངས་ལགས་ཀྱིས་གསུངས་པ་རྣམས་ནི་ངའི་སེམས་སུ་རྒྱུན་དུ་འཁོར་གྱིན་ཡོད་པའི་བསམ་བློ་ཤ་སྟག་ཡིན་ཡང་ད་དུང་མིད་པ་ནས་ཐོན་མེད་པ་འདི་དག་རེད། རྒྱབ་སྐྱོར་ཡོད། ཡིན་ནའང་རབ་གསལ་གྱིས་བཤད་པ་ལྟར་རྒྱལ་པ་རིན་པོ་ཆེས་བོད་མི་ཕྱི་རྒྱལ་དུ་འགྲོ་རྒྱུ་ལ་དགག་པ་བརྒྱབ་གནང་བ་ངས་ཐོས་མ་མྱོང་། སྐྱོན་འཛུགས་བྱ་རྒྱུ་ཡིན་ན་སྐྱོན་འཛུགས་བྱ་གཞིའི་གནད་དོན་དེ་ཡག་པོ་རྟོགས་ན་ལེགས།
རཱ་ཧུལ་གྱིས་ “བོད་མི་རྣམས་སྤྱིར་བཏང་ཡ་རབས་སྤྱོད་བཟང་དྲང་བོར་དྲང་བཞག་ཡོད་པ་དེ་བརླག་འགྲོ་མིན་ནམ།”ཞེས་པའི་དྲི་བ་འདི་འདྲི་བའི་དུས་མ་རེད། གང་ཡིན་ཟེར་ན། བོད་མི་བཙན་བྱོལ་བའི་གནས་སྟངས་འདི་ལ་དྲང་པོ་དྲང་བཞག་བྱེད་མཁན་དཀོན་པོ་རེད།
དེང་སང་ཡ་རབས་སྤྱོད་བཟང་གི་ཁྲོམ་རྭ་རླག་ཚ་བ་རེད། ཁྱེད་ལ་ “སྙིང་རྗེ་” “སྙིང་རྗེ་” ཞེས་སེམས་གསོ་གཏོང་མཁན་མ་གཏོགས་དོན་ངོ་མའི་ཐོག་ཏུ་ཡ་རབས་ལ་འདེང་འཇོག་སྤྲོད་མཁན་ཤིན་ཏུ་དཀོན་པོ་རེད། ཁྱོད་ཀྱིས་རྒྱལ་སྤྱིའི་ཁྲིམས་དང་རྒྱལ་ཁབ་སོ་སོའི་ཁྲིམས་ལ་དྲང་པོ་དྲང་བཞག་བྱས་ནས་བལྟས་པ་ཡིན་ན་ང་ཚོ་བཙན་བྱོལ་བོད་མི་ཚོ་འཛམ་གླིང་འདིའི་ནང་དུ་ཚུད་མེད་པར་མཐོང་མ་སོང་ངམ།
བོད་མི་ཚོས་ཐབས་ཤེས་གང་བྱེད་ནས་སོ་སོའི་དགོས་དོན་དེ་འགྲུབ་ཐུབ་པར་ང་ཚོ་བོད་མི་ཚོས་རྒྱབ་སྐྱོར་དང་སྨོན་འདུན་ཞུ་དགོས་པ་རེད། “རང་ལས་གཞན་གཅེས་”ལྟ་བའི་ལག་ལེན་དུ་འཁེལ་རྒྱུ་མེད་པའི་ཡ་རབས་ཀྱི་ཚིག་བཙོག་པོ་འདི་དག་ད་དུང་ང་ཚོའི་སྤྱི་ཚོགས་ནང་དུ་སྤྱོད་ཀིན་སྡོད་ན་དོན་ངོ་མའི་ལས་དོན་འགྲུབ་རྒྱུ་ལ་བར་ཆད་བཟོ་ཡི་ཡོད། དོན་དག་རྡོག་རྡོག་བྱས་ནས་བཤད་ན་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཏུ་ཡོང་ནས་སོ་སོའི་སྒེར་དོན་འགྲུབ་ཀྱི་ཡོད་ལ་སྤྱི་དོན་ཞིག་བསྒྲུབ་ནའང་ཕན་ནུས་དེ་བས་ཆེ་བ་ཡོད། སོ་སོའི་སྒེར་གྱི་དོན་དག་འགྲུབ་མཁན་དེ་ཚོ་ཡང་བོད་མི་རིགས་ཞིག་ཡིན་པར་བསམ་བློ་འཁོར་ཐུབ་པ་ཞིག་དགོས།
དྲ་གྲོགས་ཚོ།
རྒྱལ་བ་རིན་པོ་ཆེས་ཆོས་ཀྱི་ཐོག་ནས་བོད་པ་རྣམས་ལ་མི་ཞིག་གི་སྤྱོད་ལམ་དང་ལྟ་བ། དེ་བཞིན་ཚེ་འདི་ཕྱི་གཉིས་ཀྱི་འགྲོ་སྡོད་ཉལ་གསུམ་གྱི་སྐོར་ལ་གསུངས་ཀྱི་འདུག ཡིན་ནའི་ང་ཚོ་ངོ་མ་མི་ཡུལ་ལ་སྤྲང་པོ་བྱས་ནས་སྡོད་དགོས་པ་འདི་ཡང་ཆོས་དང་འབྲེལ་བ་མེད་པ་མ་རེད། དེར་བརྟེན་ང་ཚོ་ལམ་གཞན་ཡང་འཚོལ་དགོས་ཀྱི་འདུག ལམ་གཞན་འཚོལ་བར། དང་པོ་ངེད་ཚོའི་སེམས་ལ་རང་དབང་དང་ལེགས་ཉེས་དཔྱོད་དགོས་པའི་བསམ་བློ་གུ་ཡངས་འདི་ཚོ་དགོས་ཀྱི་འདུག ཆོས་དང་བླ་མ་ལ་རྒྱུ་མཚན་ལྡན་པའི་སྒོ་ནས་སྐྱོན་བརྗོད་བྱེད་པ་འདི་ལ་ཉེས་ཅན་ལ་བརྩི་རྒྱུ་མིན་འདུག ངས་ཀྱང་རྒྱུ་མཚན་ལྡན་པའི་སྒོ་ནས་རྒྱལ་བ་རིན་པོ་ཆེ་ལ་སྐྱོན་ཆ་མང་པོ་མཐོང་གི་འདུག་རུང་བོད་པ་གཞན་ལ་འདི་ལྟར་བཤད་ན་ང་གསོད་ཀྱི་རེད།
ད་འོ་ན་ངེད་ཚོས་སྐྱོན་ཆ་དེ་ཚོ་མིག་གིས་མཐོང་བཞིན་དུ་ཤོད་མ་ནུས་པར་སྡོད་དགོས་སམ། འདི་ཡར་རྒྱས་ལ་ཕན་གྱི་རེད་དམ།
ཚངས་དབྱངས་ཡིན་ན་འདིས་བོད་པས་མི་བསོད་གི་རེད་ཟེར་བ་འདི་ད་ཐེངས་ལ་ཁ་བརྡ་དྲྭ་རྒྱའི་སྟེང་དུ་བཀྲམས་པ་ཐེངས་གཉིས་པ་དེ་རེད། ན་ནིང་རྒྱ་མིས་བོད་མི་དམར་གསོད་བཏང་བའི་མི་ཚད་འཛམ་གླིང་མི་མང་ལ་བོད་པས་མི་བསད་སོང་ཟེར་ནས་བཀྲམས་པ་རེད་ལ། ཞོར་དུ་བོད་མི་ཀླད་མེད་ཁ་ཤས་ལ་དངུལ་སྤྲད་ནས་ནང་ཁུལ་དཀྲུགས་ཤིང་དང་བོད་མིའི་མངོན་འདོད་རྩ་མེད་དུ་གཏོང་བའི་ཇུས་ངན་ནག་པོ་དགུ་འཐེན་ཡོད་རེད། ཚངས་དབྱངས་འདི་རྒྱ་མིའི་རྒྱུགས་ཁྱི་དེའི་ནང་གི་གཏེ་བོ་གཅིག་ཡིན། ཁོ་དགུ་བཅུ་གོ་གྲངས་ནང་བོད་ནས་རྒྱ་གར་ལ་འབྱོར་དུས་གྲྭ་ཆས་གོན་ཡོད་ལ། ཉིས་སྟོང་ལོའི་གཡས་གཡོན་དུ་ཤུགས་ལྡན་དང་ཆོས་དད་རང་མོས་ཁ་ལ་འཁྱེར་ནས་རང་གཞུང་ལ་གཞི་མེད་སྐྱོན་འདོགས་དང་བོད་མི་མང་པོར་གཅེར་བརྡུངས་བྱས་པའི་མ་ཚད་མཐའ་ན་མི་གསོད་ཁྲག་སྦྱོར་བྱས་པའི་གྲས་ལའང་མི་འདི་ཐེ་གཏོགས་ཡོད་པས། རྒྱ་གར་ཉེན་རྟོག་པས་ཐེངས་མང་རྗེས་འདེད་དང་བཀག་ཉར་བྱས་མྱོང་ཡོད། ཡིན་ནའང་ཤུགས་ལྡན་རྗེས་འབྲངས་པས་རྒྱ་དམར་དངུལ་སྒོར་གྱི་ཤུགས་ཚད་ནས་ཁོ་བཙོན་ཁང་ནས་གློད་པ་མ་ཟད་ཉིས་སྟོང་གཅིག་ལོར་ཁོ་ཕྱི་རྒྱལ་དུ་སླེབས་པ་རེད། ཉིས་སྟོང་བརྒྱད་ལོར་དགྲ་བོས་རང་རིགས་དམར་གསོད་གཏོང་དུས་འཛམ་གླིང་གི་བོད་མི་རྣམས་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་དགྲ་བོར་ངོ་རྒོལ་བྱེད་དུས་མི་འདི་རྒྱ་ཕྲུག་ཚོ་དང་མཉམ་དུ་ཡོ་རོབ་དང་ཨ་རི་སོགས་སུ་རྒྱལ་བ་རིན་པོ་ཆེར་ངོ་རྒོལ་རྗེས་འདེད་བྱེད་མཁན་གྱི་གཙོ་བོ་ཞིག་ཡིན་ན་བོད་མི་བསམ་ཡོད་ཚང་མས་རིག་པ་སྣ་མགོ་ལ་གཏད་ནས་མི་འདིར་བལྟ་རྟོགས་ནན་པོ་བྱེད་རོགས།
སྐུ་ཞབས་དགེ་འདུན་རབ་གསལ་ལགས།
ངས་ཕྱི་རྒྱལ་ལ་འགྲོ་རྒྱུའི་གནས་ཚུལ་དང་རྒྱལ་བ་རིན་པོ་ཆེ་གཉིས་འབྲེལ་བ་བཟོ་བར་མི་བྱེད། ངས་རྒྱལ་བ་རིན་པོ་ཆེ་ལ་སྨོན་ལམ་བརྒྱབ་ནས། ང་ཚོ་ལ་ཆོས་མ་གསུངས་རོགས། ང་ཚོ་ལ་བྱང་ཆུབ་སྤྱོད་པ་མ་གསུངས་རོགས། ང་ཚོ་ལ་སྐྱེ་བ་ཕྱི་མའི་སྐོར་བཀའ་སློབ་མ་གནང་རོགས་གནང་། ང་ཚོ་ལ་མི་ཞིག་གི་བདེ་སྡུག་དང་འབྲེལ་བའི་དཔལ་འབྱོར། བཟའ་ཚང་། ནང་མི། སློབ་གསོ། ལས་ཀ་བཅས་གནང་རོགས་ཅེས་སྨོན་ལམ་རྒྱག་བཞིན་ཡོད།
ང་ལ་དཔལ་འབྱོར་དང་ལས་ཀ་ཡག་པོ་ཞིག་དགོས། ན་ལན་ཌའི་བརྩོད་རྙོག་ཆེ་བའི་རྒྱ་གར་གྱི་རིག་གཞུང་རྙིང་པ་དེ་མི་དགོས། འབུམ་པ་དཀར་པོ་ཡིན་ནའི་རེད། འབུམ་པ་འཁོར་བ་ཡིན་ནའི་རེད། གང་ཟག་་བདག་མེད་དང་བདག་ཡོད་ཀྱིས་ངའི་སྡུག་བསྔལ་དེ་མེད་པ་བཟོ་ཐུབ་ཀྱི་མིན་འདུག དེས་ངའི་ཕ་ཡུལ་ན་བཙོན་ལ་ཡོད་པའི་གྲོགས་པོ་དེ་ཚོའི་བདེ་སྡུག་ལ་ཕན་གྱི་མིན་འདུག དེས་བོད་མི་རིགས་ཀྱི་མདུན་ལམ་ལ་ཡང་ཕན་གྱི་མིན་འདུག ང་ལ་ལས་ཀ་དང་། དཔལ་འབྱོར་ཡག་པོ་བྱུང་ན་དེས་འགྲིག་གི་འདུག བྱས་ཙང་ངའི་མངོན་འདོད་ཞུ་གི་ཡོད། གཞན་རྙོག་དྲ་ཅི་གང་ཞུ་གི་མེད།
ངའི་འདོད་པ་འདི་འདྲ་མི་མང་པོ་ལ་འདུག གལ་ཏེ་ངེད་གཉིས་ཆང་ཁང་ཞིག་གི་ནང་བུད་མེད་བཟོ་ལྟ་ཡག་པོ་ཞིག་ཐུག ཆང་ཕོར་པ་འགའ་མཐུང་རྗེས། བུད་མེད་དེས། ངའི་ནང་ལ་ཆང་ཞིམ་པོ་ཞིག་ཡོད། དེ་འཐུང་བར་འགྲོ་ཟེར་བ་དང་། དེའི་རྗེས་ལ་ཁ་པར་ཞིག་འབྱོར་ནས། ཚན་ཉིད་གྲྭ་ཚང་གི་གྲྭ་པ་ངོ་ཤེས་པ་ཞིག་གིས། ཁོ་རེ། ང་ལ་མགོན་པོ་ཀླུ་སྒྲུབ་ཀྱི་རིག་པ་དྲུག་བཅུ་པའི་འགྲེལ་བ་ལེགས་པོ་ཞིག་བརྙེད་བྱུང་། ད་དེའི་སྐོར་ལ་གྲོས་མོལ་བྱེད་པར་ཤོག་ཟེར་ན། ཁྱེད་གང་འདེམས་རྒྱུ་ཡིན་ནམ། ཧ་ཧ་ཏོག་ཙམ་བརྩེད་མོ་ཡིན། ཡིན་ནའི་བསམ་བློ་ཡག་པོ་ཞིག་གཏོང་དང་། ང་ཚོས་རང་གི་རང་ལ་མགོ་སྐོར་གཏོང་བ་འདི་ལ་ང་བཞེད་ཀྱི་འདུག
ངས་བལྟས་ན། ང་ཚོ་ཚང་མ་འདོད་རྒྱུ་དེ་ཚེ་འདིའི་བདེ་བ་རེད། འདོད་རྒྱུ་དེ་རང་བཙན་རེད། ཡིན་ནའི་མ་འདོད་བཞིན་དུ་ཁ་ནས་ལས་རྒྱུ་འབྲས་དང་། དབུ་མ་ཟེར་དུས་ང་བདེ་པོ་མིན་འདུག བྱས་ཙང་ངས་རང་ཉིད་ལ་དྲང་གཤེར་བྱེད་ཀྱི་ཡོད།
དྲ་གྲོགས་ཚངས་དབྱངས་ལགས། རང་གི་བདེ་སྡུག་ལས་གང་ལ་ཡང་འགན་འཁུར་འདོད་མེད་པ་དེ་ནི་ཁྱེད་རང་གི་ལྟ་བ་དངོས་ཡིན་ན་ནི། ཁྱེད་རང་གིས་གཏན་ནས་༧གོང་ས་མཆོག་གི་གསུང་ཆོས་ཉན་དགོས་དོན་མི་འདུག་ལ། ལྷག་པར་དུ་༧གོང་ས་མཆོག་ཁ་ལ་འཁྱེར་ནས་གཏམ་བཤད་བྱེད་སྤྱད་ཀྱི་གཞི་རུ་བྱེད་དགོས་དོན་དེ་བས་མི་འདུག ད་ནས་བཟུང་། སྐུ་ཉིད་ཀྱིས་རང་གི་ལྟ་ཚུལ་ཚེ་འདིའི་རང་དོན་གཅིག་བུར་ཁོ་ནར་ཕྱོགས་དེ་ཆོས་ལུགས་ཟེར་བ་ཞིག་ལ་དད་འདོད་ཡོད་པས་དབང་དུ་བཏང་བ་ཡིན་ན་ནི། ཁྱེད་རང་ཁ་ཆེ་ཆོས་ལུགས་ལ་ཞུགས་དེ་རང་དོན་ཁོ་ན་ལག་ལེན་བྱེད་རོགས་གནོང་། དེ་མིན་མི་ཤེས་ཤེས་ཁུལ་གྱིས་༧གོང་ས་མཆོག་གིས་ད་ནི་བྱམས་བརྩེ་དང་སྙིང་རྗེའི་བསྐོར་མ་གསུང་རོགས་ཟེར་ནས་སྡུག་སྐད་འདོན་དགོས་དོན་ནི་གཏན་ནས་མེད་པ་རེད། ཁྱེད་རང་ལྟ་བུ་ལོངས་པའི་བསམ་བློ་བ་ཁ་ཤས་ཤིག་མ་གཏོགས་འཛམ་གླིང་གི་སྐྱེ་འགྲོའི་མང་ཤོས་ལ་བྱམས་དང་སྙིང་རྗེའི་བཀའ་སློབ་འཁོ་བ་དེ་ནི་ཚེ་འདིའི་རང་གཞན་ཚང་མས་བདེ་སྐྱིད་དང་འབྲེལ་བར་ངོས་ཟིན་ཐོབ་པས་རེད་ཅེས་བཤད་ན་འགྲིག་གི་ཡོད། དེ་ནི་ཚེ་འདིའི་བདེ་སྐྱིད་ལ་ཚད་མཐོ་བའི་ཞབས་འདེགས་ཞུ་བཞིན་ཡོད་པ་ཤེས་ཀྱི་ཡོད་པ་རེད། ད་རེབས་དེ་ཙམ་གྱིས་མདོར་ཙམ་ཞུས་པ་ཡིན། གལ་ཏེ། སྐུ་ཉིད་ཀྱིས་་མུ་མཐུད་དུ་དེ་ལྟར་གླེང་འདོད་ཡོད་ན་ནི། བོད་ནང་གི་སེང་རྡོར་དང་གྲོགས་བསྒྲིགས་ཤིག་དང་། ད་གཟོད་ཁྱེད་རང་ལ་བཤད་རོགས་ཡག་པོ་ཞིག་རེག་ངེས་ཡིན།
དབྱངས་རྟ་འདི་གང་ནས་བཞུར།
རྩ་བའི་བླ་མས་གནང་བའི་བསླབ་བྱ་ཡིས།།
དད་པའི་སེམས་སུ་བྲིས་པའི་རི་མོ་ཏེ།།
ཆུ་དང་ཆར་བས་མི་གསུབ་རིགས་ཞེན་གྱིས།།
སྲ་མོ་དམ་ཚིག་བསླུ་མེད་རྒྱལ་གྱུར་ཅིག།
ཀུན་ལ་ལྟ་ཚུལ་གཅིག་པ་རིག་པའི་མཛོད།།
ཚང་མར་མངའ་བའི་ངེས་པ་མ་མཆིས་ཀྱང་།།
བདེན་དྲུང་དེ་རུ་མི་རྣམས་འདོད་པའི་བློ།།
ཚང་མར་ཡོད་པ་ཆོས་ཉིད་རང་བཞིན་ཡིན།།
མཛའ་བའི་གཏམ་ལ་ཚིག་གི་ལོ་མ་དང་།།
འདྲིས་པའི་ཉེ་སར་དུངས་པའི་དབྱངས་རྟ་ཞིག།
མི་དགོས་ཟེར་ས་མེད་པའི་འགྱུར་ལུགས་འདིས།།
འགྲོ་བ་མི་ཡི་གཤིས་ལ་ངང་གིས་འཇགས།།
དགའ་གུས་ལྷག་བསམ་ཆེ་བའི་འགྲུལ་བ་དང་།།
ཞེན་ཁོག་ཁྲག་རྩ་སྤོམ་པའི་ངན་ཞེན་རིགས།།
འདོད་དང་མི་འདོད་བར་གྱི་ཚོར་འདུ་ཡིས།།
མི་རྣམས་བྲེལ་བའི་ལས་སུ་རང་བཞིན་ཆགས།།
༧།༥།༠༩
དྲ་གྲོགས་རིག་འབྱུང་བཀྲ་ ཤིས་དོན་འགྲུབ་ལགས། སྐུ་ཉིད་ལ་འདི་ལྟར་དཀའ་ཚེགས་རེ་མི་གཏོད་ཐབས་མེད་རེད། དེ་རིང་ཡང་རྩོམ་ཡིག་འདི་དྲ་ཐོག་ལ་འགོད་པར་འབོད་སྐུལ་ཞུ།
ཚངས་དབྱངས། ཨ་ཧ་བོ། ཨ་ཧ་བོ། ཡང་་་་་་་་་་་ཁྱོད་སྙིང་རྗེ།་་་་་་་་་་ཤ་ཚ། འོན་ཀྱང་མི་སུ་ཡིན་རུང་རང་ཉིད་ལྟ་བ་ལོག་པ་དང་། རང་གིས་སྨོན་ལམ་ལོག་པ་འདེབས་པའི་དབང་ཆ་ཡོད་སྟབས་ངས་ཁྱོད་ལ་ཁ་རྡུང་གཏོང་གི་མེད། འོན་ཀྱང་“རྒྱལ་བ་རིན་པོ་ཆེ་ལ་སྨོན་ལམ་བརྒྱབ་ནས། ང་ཚོ་ལ་ཆོས་མ་གསུངས་རོགས། ང་ཚོ་ལ་བྱང་ཆུབ་སྤྱོད་པ་མ་གསུངས་རོགས། ང་ཚོ་ལ་སྐྱེ་བ་ཕྱི་མའི་སྐོར་བཀའ་སློབ་མ་གནང་རོགས་གནང་”ཟེར་བའི་ང་ཚོ་ང་ཚོ་ང་ཚོ་ཟེར་བ་འདི་ཅི་ཡིན་ནམ། མི་གཞན་གྱི་ཚབ་མ་བྱེད་རོགས་གནང་། ཁྱོད་དང་ང་ཅན་པོའི་རིགས་འདི་རང་གི་གྲོད་ཁོག་ལག་མཐིལ་འདྲ་བོའི་ནང་ལ་ཅིག་སླེབས་སོང་ན་དེས་འགྲིགས་པ་ལས། མི་གཞན་གྱི་ཚབ་བྱེད་མཁན་ཅན་པོ་ཡིན་ནི་མ་རེད། རང་གི་རིན་ཐང་རང་གིས་ཤེས་རྒྱུ་གལ་ཆེ་ནི་རེད། ད་དུང་བུད་མེད་ཅིག་གིས་ཆང་འཐུང་བར་འགྲོ་ཟེར་བ་དང་། ཡང་གྲྭ་པ་ཞིག་གིས་རིག་པ་དྲུག་བཅུ་པའི་འགྲེལ་བའི་སྐོར་ལ་གྲོས་མོལ་བྱེད་པར་ཤོག་ཟེར་ན། ཁྱེད་གང་འདེམས་རྒྱུ་ཡིན་ཟེར་བ་དེ་ཅི་རེད། འདི་འདྲ་བའི་རིགས་པ་གཏོང་ཚུལ་ཞིག་ཀྱང་ཡོད་ནི་ཨེ་རེད། ངོ་མ་སྙིང་རྗེ། མི་འགའ་ཞིག་ཆང་འཐུང་བར་འགྲོ་གི་རེད། མི་འགའ་ཞིག་རིགས་པ་དྲུག་ཅུ་པའི་སྐོར་ལ་སྐད་ཆ་བཤད་པར་འགྲོ་གི་རེད། ད་དུང་མི་གཅིག་ཡིན་རུང་སྐབས་དེའི་བསམ་བློའི་ཚོར་སྣང་ལ་བལྟ་སྲིད་ཀྱི་རེད། འོ་ན་ཁྱོད་ལྟར་ན་བོད་མི་ས་ཡ་དྲུག་པོས་ཆང་འཐུང་དུ་འགྲོ་རྒྱུ་འདེམས་ཀྱི་ཨེ་རེད། ཧ་ཧ་ཧ་ཧ་ཧ་ཧ་། ལྟོས་དང་། ལྟ་ལོག་ཞིག་གི་ནང་ནས་མགོ་འཁོར་སྡོད་མཁན་ཚོ་ནམ་རྒྱུན་འདི་འདྲའི་མིའི་ལུས་ལ་དུད་འགྲོའི་རྣམ་ཤེས་ཞུགས་པ་ཤ་སྟག་རེད། ཨ་ཧ་བོ་སྙིང་རྗེ། ངའི་སྤུན་ཟླ་སྐལ་ངན་འདི་ཚོ། སྐལ་ངན། སྐལ་ངན། སྐལ་ངན་ནི་སྐལ་ངན་རང་རེད།
ངའི་སྤུན་ཟླ་ཚངས་དབྱངས། ཁྱོས་སྐལ་ངན་ཟེར་བ་འདི་ཨེ་ཤེས། འདི་ལ་བསམ་བློ་ཞིག་ཐོངས། ཇི་ཞིག་ལ་སྐལ་ངན་ཟེར། དྲིན་ཆེན་པོ། ད་མི་སེམས་མ་གསོད། དྲིན་ཅན་ཕ་མ་གཉིས་ཀྱི་ཞབས་འདྲེན་མ་ཞུ། རྒྱུ་མ་ལུག་པའི་སེམས་ཅན་ལྟར་མི་ཐམས་ཅད་ཁྱོད་ལ་སྙིང་རྗེ་དང་སྐྱུགས་མེར་གཉིས་མཉམ་དུ་ཡོང་གི་མ་འཇུག ངས་ཁྱོད་ལ་སེམས་ཁུར་བྱེད་ཀྱི་ཡོད། བར་དོ་ངོ་མ་ཤེས་པའི་གྲི་ཤི་ཞིག་གི་རྣམ་ཤེས་ལྟར་རང་གིས་རང་ངོ་མི་ཤེས་པ་དེ་ཡག་པོ་མ་རེད། གོང་དུ་དྲ་གྲོགས་ལྷ་ཀླུ་ལགས་ཀྱིས་གསུངས་པ་བཞིན། འཛམ་གླིང་མི་ས་ཡ་ཐེར་འབུམ་དུ་མས་༧གོང་ས་མཆོག་གིས་སྟོང་ཉིད་དང་སྙིང་རྗེ་སོགས་ཀྱི་བཀའ་སློབ་གཞན་ལ་མེད་པའི་ཡིད་བཞིན་གྱི་ནོར་བུ་ལྟ་བུ་དེ་ཚོ་ལན་གཅིག་ཡིན་རུང་ཨེ་ཐོས་ཀྱི་རེ་བ་བྱེད་ཀྱི་ཡོད་རེད། ཁྱོད་ཀྱིས་དེ་ཚོ་རྣ་བས་མི་ཐོས་པའི་སྨོན་ལམ་འདེབས་དགོས་དོན་ཅི་ཡིན་ནམ། གལ་ཏེ་སྨོན་ལམ་དེ་འདྲ་འདེབས་དགོས་ན་ཁྱོད་རང་གཅིག་པོས་མི་ཐོས་པའི་སྨོན་ལམ་འདེབས་རྒྱུ་ལས། ང་ཚོ་ང་ཚོ་ང་ཚོ་ཟེར་ནས་མི་ཀུན་གྱི་ཚབ་བྱས་ཏེ་སྨོན་ལམ་མ་འདེབས་རོགས། དཔེར་ན་ང་གཅིག་པོ་ལ་མཚོན་ན་ཡང་ཁྱོད་ཀྱི་སྨོན་ལམ་དེའི་ནང་དུ་མེད། ངོ་མ་ཡིན། ཧ་ཅང་ཐལ་ན་ཡག་པོ་ཨེ་ཡོད། མོ་ཊ་ཞིག་ཡིན་རུང་ཁ་བསྒགས་མེད་ན་གཡང་ལ་མཆོངས་འགྲོ་གི་རེད་ད། འོན་ཀྱང་ཁ་ཏ་སློབ་གསོ་བྱས་རུང་མི་གོ་ན་ཁྱོས་ལྟོས། ཕལ་ཆེར་ཁྱོད་རང་གི་ཚེ་སྔོན་མའི་ལས་ཤིག་ཡིན་རྒྱུ་རེད།
དྲ་གྲོགས་ཚངས་དབྱངས་ལགས་སུ་སྤྲིངས་པའི་འཕྲིན་རིགས་ཞེན་གྱི་དྲན་སྐུལ།
དྲ་གྲོགས་ཚངས་དབྱངས་ལགས། དངོས་ནས་ངས་བསམ་བློ་གཏོང་བཞིན་གཏོང་བཞིན་དངོས་ནས་དྲང་ནས་ཀྱི་སེམས་པ་སྐྱོ སྤྱིར་བཏང་མི་ཟེར་བ་ནི་སྣ་ཚོགས་ཤིག་ཡོད་པ་ལྟར་བསམ་བློ་ཡང་སྣ་ཚོགས་ཤིག་ཡོང་གི་ཡོད་པ་དེ་ནི་ཆུང་དུས་ཀྱི་རང་རང་གི་གོམ་གཤིས་དང་མི་རིགས་རང་ཉིད་གང་དུ་འཚར་ལོངས་བྱུང་སའི་མི་རིགས་དེའི་གོམ་གཤིས་དང་འགྲོག་ནས་འཚར་ལོངས་བྱུང་དེ་འོང་དུས། ཁོང་ཚོ་ལ་ལྡོག་དུ་མེད་པའི་བསམ་བློའི་བག་ཆགས་ཤིག་ཀྱང་རང་བཞིན་གྱིས་ཤ་གསེང་རུས་གསེང་དུ་ཟུག་དེ་འོང་བཞིན་ཡོད་པ་རེད། དེའི་སྟབས་ཀྱིས་མི་རིགས་སོ་སོ་ལ་རང་རང་གི་ལྟ་བའི་གོམ་གཤིས་རེ་རང་བཞིན་གྱིས་འོང་བཞིན་ཡོད་པ་རེད། དེའི་སྟབས་ཀྱིས་སྐུ་ཉིད་ནི་བོད་མི་ཞིག་དུ་སྐྱེ་བ་མ་ཟད། དེའི་ནང་དགོས་སུ་༧གོང་ས་མཆོག་གི་གསུང་ཐོས་མྱོང་མཁན་ཞིག་གིས་སྐད་ཆ་དེ་འདྲ་བཤད་དེ་འོང་དུས་དངོས་ནས་སེམས་སྐྱོ་བ་ཞིག་རེད་ཟེར་ནས་བཤད་ཀྱི་ཡོད་པ་ལས། ༧གོང་ས་མཆོག་དང་རྒྱུས་མངའ་མེད་མཁན་ཞིག་གིས་གང་ཞིག་བཤད་ཀྱང་ང་རང་དངོས་ནས་དེ་འདྲ་སེམས་པ་སྐྱོ་ས་མ་རེད། གང་ཡིན་ཟེར་ནས་ཁོང་ཚོས་གང་ཡང་མ་ཤེས་པར་གཞན་གྱིས་ཟེར་སྒྲོས་སུ་རྒྱུགས་བཞིན་ཡོད་པ་དེ་རེད། སྐུ་ཉིད་ལ་དོན་དངོས་ཐོག་ག་རེ་བྱུང་བ་རེད། དེའི་ལན་ཡང་སྐུ་ཉིད་ཀྱིས་ཤ་གསེང་རུས་གསེང་དུ་བཙལ་ནས་ལན་ངོ་མ་ཞིག་ལོག་རན་རེད། དེ་མིན་སྐུ་ཉིད་ཀྱིས་དེ་ལྟར་བསམ་བཞིན་ཡོད་པ་དེ་ཡང་མང་གཙོའི་ཁེ་དབང་ཡོད་པའི་ལུང་བ་ཞིག་ནས་བཤད་བཞིན་ཡོད་ལ། གང་བཤད་འདོད་པའི་སྨྲ་བརྗོད་རང་དབང་དེ་ང་རང་ལ་ཡོད་པ་རེད་ཟེར་འདོད་ན་ནི། དེ་ནི་གང་ཡང་འགན་འཁུར་བྱེད་འདོད་མེད་མཁན་གྱི་མི་ག་གེ་མོ་དག་གིས་བྱ་སྤྱོད་ཅིག་ལས། བོད་མི་རིགས་ཀྱི་འགན་འཁུར་ཡོད་མཁན་ཞིག་གིས་བསམ་བློ་གཙང་མ་དང་ཀུན་སློང་ལྷད་མེད་རྣམ་དག་ཅིག་གི་སྐད་ཆ་ཞིག་མིན་སེམས་བསམ་པའི་གཏིང་དུ་འཛིན་རོགས་ཟེེར་ནས་བོད་རིགས་ཤིག་གི་ལས་དབང་ད་ལྟའི་ཚེ་ཐོག་འདི་ལ་ལྷན་དུ་ཐོབ་ཡོད་པའི་སེམས་བྱུང་དེའི་སྐུལ་ནས་རང་གི་བསམ་ཚུལ་ཐུང་ཐུང་འདི་ཉིད་ལ་དྲ་ཐོག་ནས་ཤར་མར་བྲིས་པ་ཡིན་ནོ།
ཁ་བརྡའི་དྲ་དཔོན་ལགས། རྩོམ་ཡིག་འདི་དྲ་ཐོག་ལ་འགོད་རོགས་ཞུ། གལ་སྲིད་དགོས་མེད་ཅིག་དུ་མཐོང་བཞིན་ཡོད་ཚེ་མ་འགོད་ཀྱང་རུང་བ་ཡིན་ནོ།
ནང་ཆོས་ཀྱི་སྟོང་ཉིད་དང་སྙིང་རྗེ་གཉིས་ཁ་ཐུག་ནས་ད་ཡིན་ན་བོད་པའི་སྤྱི་ཚོགས་ནང་དུ་སྤྲང་ཕྲུག་ལུང་པ་གང་རྒྱོང་འདུག་གཱ
ཁ་ནས་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་སྐྱེས་དགོས་ཟེར་བ་མ་ཎ་བགྲང་བགྲང་དང་། ཡང་ཁ་ཡིས་སེམས་ཅན་གྱི་ཤ་ཟ་འདོད་ནས་ “ལོ་མང་པོ་བློ་སྦྱོང་བྱེད་པའི”སེམས་དེ་ཡང་བཅུན་མ་ཐུབ་པ་ཤ་ཚོང་ཁང་གི་མཐའ་སྐོར་རུ་མུ་གེ་འཆི་ལ་ཁེད་ཀྱི་འབུ་ནག་བཞིན་འཁོར་གྱིན་ཡོད་པའི་གོས་དམར་པོ་གྱོན་མཁན་འདི་ཚོ་མཐོང་བ་ན་་་་་་ངའི་ཨ་མས་སྤྲོད་པའི་ལྷན་སྐྱེས་ཀྱི་སྙིང་རྗེ་དེ་ཡང་སུ་ལ་སྐྱེས་དགོས་ཀྱི་ཡོད་པ་མི་ཤེས་གི
ཡང་རྡ་རམ་ས་ལ་མྱི་རྒན་ཟླ་བ་ཚེ་རིང་ཟེར་མཁན་འདིས་བོད་ཁྱིམ་སློབ་གྲྭར་ནང་ཆོས་ཉིན་གཉིས་ཀྱི་གསུང་ཆོས་འདྲ་བོ་ཞིག་གོ་སྒྲིག་བྱེད་འདུག་གཱ ད་ཡིན་ན་ཚན་རིག་གི་རྨང་གཞི་ས་ཆ་མེ་རླུང་ཀྱི་སྤྱི་འགྲོས་ཚན་ཉིད་ཅང་མི་ཤེས་མཁན་གྱི་བོད་ཕྲུག་དེ་ཚོ་ལ་འགྲུབ་རྒྱུ་མེད་པའི་དོན་དག་ཆེན་པོ་དེ་འདྲ་གསུང་ནས་མགོ་འཐོམ་བཅུག་རྒྱུ་རེད་འདུག
དེའི་ཚབ་ཏུ་ཚན་རིག་གི་སྟོན་མོ་ཆེན་པོ་ཞིག་བདུན་གཅིག་གི་རིང་ལ་བོད་ཁྱིམ་དུ་གོ་སྒྲིག་བྱེད་། དེ་རུ་༸གོང་ས་མཆོག་ཀྱང་གདན་འདྲེན་ཞུ། འཛམ་གླིང་ནང་གི་ཚན་རིག་གི་སློབ་གསོ་ལ་མཁན་པ་མང་པོ་ཞིག་གདན་ཞུ་ཕུལ་ནས་མཉམ་ཞུགས་བྱ་རྒྱུ་ཡིན་ན་ཕན་ཐོགས་ག་འདྲ་ཆེ་རྒྱུ་རེད། ཡིན་ནའང་དེ་ལྟ་བའི་གོ་སྒྲིག་བྱེད་པ་ལ་ཚོགས་འདུའི་ངོ་སྤྲོད་ཀྱང་འབྲི་ཤེས་མཁན་དང་བཤད་ཤེས་མཁན་དང་བསམ་ཤེས་མཁན་བཙན་བྱོལ་སྤྱི་ཚོགས་ནང་དཀོན་པོ་མིན་ནམ། ༀམཎིཔདྨེཧཱུྃ། སྡིག་པ་བསགས་སོང་མ་གསུངས་རོགས་གྱིས། ང་ནི་ཚེ་ཕྱི་མ་ཡོད་ན་དགའ་མཁན་ཞིག་དང་ཡོད་མེད་མི་ཤེས་མཁན་ཞིག་ཡིན་ནོ།།
གོང་ལ་མཆན་འགོད་མཁན་པོ་ཚོའི་ལན་ལ་ཐུགས་རྗེ་ཆེ་ཞུ།
ང་ཚོའི་མི་རིགས་འདི་ཡག་པོ་ཞིག་ཡོང་བར། དང་པོ། གནས་ཚུལ་དངོས་ལ་ཡག་པོ་བལྟ་དགོས། དཔྱད་པ་བྱེད་དགོས། དེ་ནས་གནས་ལུགས་ཤོད་དགོས། ཁྱེད་ཚོ་འགའ་ཤས་ཀྱི་བཤད་པའི་གནས་ལུགས་དེ་ཚོར་རྒྱུ་མཚན་མིན་འདུག མང་ཆེ་བ་འོབ་ཚོད་དང་། སྟོང་བཤད་རེད་འདུག བོད་པ་འདི་ལ་བྱང་སེམས་བཤད་ནས་ལོ་སྟོང་གཅིག་ལྷག་འགྲོ་བཞིན་འདུག མི་རིགས་གཞན་དང་བསྡུར་ན། བོད་པ་འདིའི་གཤིས་ཀ་སྡུག་པ་ལས་ལེགས་པ་མིན་འདུག ལྟོས་དང་། ཁྱེད་ཚོ་བྱང་སེམས་ཤོད་མཁན་དེ་ཚོས། རང་གི་སྤུན་ཉེ་དང་ཕ་མ་མ་ཚུད་པར་སྤྱི་ཚོགས་ཐོག་ཕན་པའི་བྱ་བ་ག་ཚོད་བྱས་ཡོད།
ཁྱེད་ཚོ་བློ་ནང་ལ་བསྐོར་ནས་སོམ་དང་། ཉིན་ཞག་གཅིག་ལ་སྤྱི་ཚོགས་ཀྱི་འགན་འཁུར་ནས་མི་ལ་ཕན་པའི་བྱ་བ་ག་ཚོད་སྒྲུབ་ཀྱིན་ཡོད། བྱང་སེམས་བཤད་ནས་ཕན་གྱི་མིན་འདུག ཨ་རི་ལ་སྐྱབས་བཅོལ་བརྫུན་མ་དང་། སྤྱོད་ལོག་བྱེད་མཁན་མང་ཆེ་བ་བོད་པ་རེད། ཟམ་སྟོང་རིན་པོ་ཆེས་གྲྭ་ཆས་བཞེས་འདུག མ་ནི་བཏོན་གྱི་འདུག ལས་དོན་དངོས་ལ་སླེབས་དུས་རང་གི་དགའ་ཉེ་དང་གྲོགས་པོ་ཚོའི་བདེ་སྡུག་ལ་དང་པོ་མཆོངས་ཀྱི་འདུག དཔེར་ན། ཨ་རིའི་དོན་གཅོད་ལ་སྐུ་ངོ་བཀྲ་ཤིས་དབང་འདུས་ལགས་ཀྱི་ལས་དོན་ཚགས་ཚུད་པོ་གནང་བཞིན་པའི་སྒང་ལ་ཁོང་ཁ་སྣ་ཚོགས་ལ་བཏགས་ནས་ཡོ་རོབ་ཀྱི་རྒྱལ་ཁབ་ཆུང་ཆུང་ཞིག་ལ་བཏང་ནས། ཕྱི་སྲིད་དང་། རྒྱལ་སྤྱིའི་སྲིད་དོན་ལ་ཉམས་མྱོང་སྤུ་ཙམ་མེད་པའི་ཁོང་གི་ཞབས་ཕྱི་བློ་བཟང་སྙན་གྲགས་ཨ་རིའི་དོན་གཅོད་ལ་བཀོད་སོང་། བློ་བཟང་སྙན་གྲགས་གཞན་ཕར་ཞོག དབྱིན་ཇི་ཡག་པོ་ཤེས་ཀྱི་མིན་འདུག ཕྱི་སྲིད་ཀྱི་འབྲེལ་བ་ཡག་པོ་སྒྲུབ་ཐུབ་ཀྱི་རེད་པས། བློ་བཟང་སྙན་གྲགས་བཀའ་བློན་ལ་གནས་མི་ཐུབ་པ་འདི་ཁོ་པའི་སྤྱོད་པ་དང་འཇོན་ཐང་གིས་མ་ལྡང་སྟབས་སྤྱི་ཐུས་ཀྱི་ཁོང་བཀའ་བློ་ལ་བསྐོས་མེད། དེ་ཁྱེད་ཚོ་བྱང་སེམས་ཁ་ལ་འཁྱེར་མཁན་གྱི་མི་ཚོའི་སྤྱོད་པ་མ་རེད་པས། སྤྱི་པའི་དོན་ལ་ཨེ་རེད། ངས་ཟམ་སྟོང་རིན་པོ་ཆེ་དཔེ་ལ་འཇོག་དགོས་དོན་ནི་ཁོང་རྒྱལ་བ་རིན་པོ་ཆེའི་གསུངས་ཆོས་ཉན་ནས་མགོ་དཀར་པོ་ཆགས་འདུག ད་དུང་སེམས་ལ་སྒྱུར་བ་ཐེབས་མིན་འདུག ཁོང་ལྟ་བུ་ལ་ལོ་བཅུ་ཕྲག་ཁ་ཤས་ཆོས་ཉན་ནས་སེམས་ལ་སྒྱུར་བ་ཐེབས་རྒྱུ་མེད་ན། ད་གཞན་སུ་ལ་རེ་བ་ཡོད་རེད། ང་རྒྱུ་མཚན་ཤོད་ཀྱི་ཡོད། སྨྱོ་གཏམ་ཤོད་ཀྱི་མེད། ངར་པོ་དང་སྡིགས་རྭ་སྤྲོད་ཀྱི་མེད། གཞན་ལ་མཐོང་ཆུང་བྱེད་ཀྱི་མེད། དྲང་པོ་ཤོད་ཀྱི་ཡོད།
ངས་ཁྱེད་ཚོར་འདྲི་བ་ཐུང་ཐུང་དང་གསལ་པོ་ཞིག་ཡོད། ལན་གསལ་པོ་ཞིག་འདེབས་རོགས།
༡༩༦༠ནས་ད་བར་རྒྱལ་བ་རིན་པོ་ཆེའི་བཀའ་ཆོས་ཞུས། བྱང་སེམས་སྒོམ་མཁན་བོད་སྤྱི་པའི་དོན་ལ་ལེགས་སྐྱེས་འབུལ་མཁན་གྱི་ཕུལ་དུ་བྱུང་བའི་བོད་པ་མི་གསུམ་གྱི་མིང་འདོན་རོགས་གནང་། དེ་གྲྭ་པ་དང་བླ་མ། སྤྲུལ་སྐུ་མིན་ན་དེ་བས་ལེགས་པ་འདུག དེའི་རྒྱུ་མཚན་ནི། གྲ་པ་དང་བླ་མ་སྤྲུལ་སྐུ་དེ་ཚོས་གཞན་ཕན་གྱི་བྱ་བ་ཁ་ལ་འཁྱེར་ནས། དངུལ་གྱི་རྗེས་ལ་རྒྱུག་གི་འདུག བྱས་ཙང་ཁོང་ཚོའི་སྤྱོད་པ་དེ་སོམ་ཉི་རེད།
དྲ་གྲོགས་ཚངས་དབྱངས་ལགས། ཉིད་ཀྱིས་བོད་པ་ཚང་གི་མི་ངན་ཁ་ཤས་ཀྱི་སྤྱོད་པ་འགའ་ཞིག་ལས་བོད་པ་ཚང་གི་མི་སྤྱི་ཡོངས་ཀྱིས་འཚོ་བ་དངོས་ལ་ད་དུང་ཁྱེད་རང་གིས་རྒྱུས་མངའ་དངོས་ནས་ལོན་མི་འདུག དེ་ལྟར་བསམ་དུས་ཁྱེད་རང་བོད་དུ་སྐྱེ་བའི་བོད་པ་ཞིག་དང་བོད་སྐད་བཤད་ཤེས་པའི་བོད་པ་ཞིག་ལས། ཁྱེད་རང་གིས་བོད་པ་ཟེར་བ་ངོ་མ་ཞིག་ཤེས་ཀྱི་མི་འདུག་གོ་ཟེར་ནས་དེ་རིང་འདི་ནས་མཚམས་འཇོག་བྱེད། རྒྱུ་མཚན་ནི་ང་རང་ལ་དུས་ཚོད་ཧ་ཅང་ཐུང་ཐུང་ཅིག་མ་གཏོགས་མེད། རྗེས་སུ་གླེང་མོལ་བྱེད་ཆོག
བོད་མི་སྐྱབས་བཅོལ་བ་ཕྱི་རྒྱལ་དུ་འགྲོ་ནའང་འགྲོ་ལུགས་རྣམ་པ་བཅོ་བརྒྱད་ཡོད་པ་ཚང་མས་མཁྱེན་གསལ་རེད།འོན་ཀྱང་ཆབ་སྲིད་བཙོན་པའི་མིང་ཐོག་ནས་ད་ཐེངས་ཕྱི་རྒྱལ་ལ་བསྐྱོད་དེ་ཚུར་ལོག་མ་ཡོང་བ་དེ་དངོས་གནས་ཐབས་སྐྱོ་པོ་རེད།ཁོ་པ་ཚོ་མི་དགུའི་བྱེད་སྟངས་དེས་རང་ཉིད་ཀྱི་ཆེ་མཐོངས་མེད་པར་བཟོས་པ་མ་ཟད་ཆབ་བཙོན་ཚང་མ་ནག་པོ་བཟོས་པ་ཚང་མས་མཁྱེན་གསལ་རེད། འོན་ཀྱང་ཁོ་པ་ཚེར་གྷཁག་ཅི་ཡོད། འདི་ནི་བདེ་སྲུང་ལས་ཁུངས་ཀྱིས་ཁོང་ཚོར་དྲང་པོ་མ་བྱས་པའི་ཉེར་ལེན་ལས་བྱུང་བ་རེད།བོད་གཞུང་གིས་ཁོ་པ་ཚོས་བོད་ཀྱི་བསྟན་སྲིད་ཀྱི་དོན་དུ་རང་སྲོག་འབེན་ལ་བཙུགས་དཀའ་ལས་མང་པོ་ཞིག་རྒྱབ་པའི་ཐུགས་རྗེ་ལེགས་འབུལ་ལམ་སེམས་གསོའི་ཆེད་ཕྱི་རྒྱལ་ལ་གཏོང་གི་ཡོད། འོན་ཀྱང་ཁོ་པ་ཚོ་མང་ཆེ་བ་ནི་བཙན་བྱོལ་དུ་འབྱེོར་ནས་ལོ་ངོ་མང་པོ་ཞིག་ཕྱིན་སོང་ཡང་ད་དུང་ཨ་སོ་ཀྲུ་ལི་ཡར་བསྐྱོད་ཐུབ་མེད།༼རྒྱན་རྒྱག་ལམ་ལུགས༽་དེས་ཆབ་བཙོན་མང་པོ་ཞིག་གི་སེམས་ཤུགས་ཆགས་སོང་བ་རེད།ད་ཆ་ཁོང་ཚོས་འུ་ཐུག་གི་མཆོངས་རྒྱག་ཐེངས་ཅིག་རྒྱབ་རེད།