ཀུན་ཕན་ཚང་།
བོད་མི་ཚོས་བཞེངས་སྐྲུན་བྱས་པ་ཞེས་པའི་འགྲེམས་སྟོན་གྱི་རི་མོ་སྐོར་ཚོགས་ཤིག་ལ་རྩེའི་ཇ་ཁང་ནང་ལ་སྤེལ་མྱོང་། ད་ལྟ་རི་མོའི་ཚོགས་དེ་ནེའུ་ཡོག་གྲོང་ཁྱེར་ལ་སླེབས་ནས་བདུན་ཕྲག་རྗེས་མར་འགྲེམས་སྟོན་བྱེད་ཀྱི་འདུག རི་མོའི་ཚོགས་དེའི་ནང་ན་རི་མོ་གྲངས་ ༡༤༣ ཡོད་ཅིང་རྒྱལ་ཁབ་བརྒྱ་དལ་ཁ་ཐོར་དུ་བཞུགས་པའི་རི་མོ་བ་བརྒྱ་དང་ཞེ་གསུམ་གྱི་བརྩམས་ཆོས་ཡིན། འདི་ལྟ་བུའི་རི་མོ་གྲངས་མང་པོ་འགྲེམས་སྟོན་ཐེངས་གཅིག་བྱེད་པ་ནི་ཧ་ཅང་ཉུང་བས་ཤོར་དུ་ཕངས་པའི་གོ་སྐབས་ཤིག་ཡིན། འགྲེམས་སྟོན་བྱེད་ཡུན་ནི་ཟླ་ལྔ་བའི་ཚེས་ ༢༥ ནས་ ༢༨ དེ། བདུན་ཕྲག་རྗེས་མ་ཆ་ཚང་རེད།
འགྲེམས་སྟོན་བྱེད་ས་ནི་
Exhibition The Art of Humanity
Pratt Institute / The Rubelle and Norman Schafler Gallery
Chemistry Building, 1st Floor (campus entrance: 200 Willoughby Avenue)
Brooklyn འདི་རེད།
ཕྱི་རྒྱལ་བ་ཚོས། ཡི་ཤུ་མ་ཤི་ཀའི་སྐུ་པར་དེ་འདྲ་བྲིས་པ་བྱུང་མེད།
ཀུན་ཕན་ཚང་ལ། གོང་གི་དུས་ཚོད་དང་འགྲེམས་སྟོན་བྱེད་ཡུལ་ཁ་བྱང་གསལ་པོ་ཞིག་བཀུར་རོགས་གནང། ང་དང་་ཕྱི་རྒྱལ་མི་རིགས་རི་མོ་བ་འགའ་དང་མཉམ་དུ་འགྲོ་རྩིས་ཡོད།
ནུབ་ཕྱོགས་གངས་ཕྲུག་ལགས།
ཁ་བྱང་འདིར་ཡང་བསྐྱར་འབུལ་ཡོད།
Pratt Institute
Chemistry Building, 1st Floor
200 Willoughby Avenue
Brooklyn, NY 11205
ཁ་པར། 718.636.3517
ཀུན་ཕན་ཚང་བཀའ་དྲིན་ཆེ།