རྩོམ་པ་པོ། འབུམ་རམས་པ་ཞུའུ་ཕེ།
ལྷ་སྡེ་གནམ་ལོ་ཡག་གིས་བོད་སྒྱུར་བྱས།
ང་རང་ནི་འཇར་མན་གྱི་རྒྱ་རིགས་ཤིག་ཡིན་ནའང་། བོད་དོན་དང་འབྲེལ་བའི་བརྗོད་གཞི་ཡོད་ཚད་ལ་དོ་སྣང་བྱེད་ཀྱི་ཡོད་ཅིང་། རྒྱུ་མཚན་ནི་ང་རང་བོད་ཁུལ་དུ་སྐྱེ་བས་ཡིན་ལ། གཅིག་བྱས་ན་སྐྱེ་བ་སྔོན་མར་བོད་མི་ཞིག་ཡིན་ཡང་སྲིད། གང་ལྟར་ངས་འཇར་མན་ནས་ཕ་ཡུལ་དུ་ལོག་རྩིས་སྔ་རྗེས་སུ་ཐེངས་གཉིས་ལ་བྱས་ཀྱང་ཕྱིར་ལོག་མ་བཅུག་པས། ང་རང་ལ་རྒྱ་ནག་དམར་ཤོག་ཚོགས་པ་ནི་ནག་ཉེས་ཀུན་ཀྱི་འབྱུང་ཁུངས་ཡིན་པ་ངོ་འཕྲོད་ཡོད་ལ། རྒྱ་ནག་དམར་ཤོག་ཚོགས་པའི་དྲག་གཞུང་འཐོར་ཞིག་ཏུ་མ་སོང་བར་དུ་སྲིད་གཞུང་སྒེར་སྤྱོད་འོག་འཚོ་སྡོད་བྱེད་ཀྱིན་པའི་མང་ཚོགས་ཏེ། མི་རིགས་གང་ཡིན་ནའང་འདྲ། གྲལ་རིམ་གང་དུ་གཏོགས་ནའང་ཆོག བདེ་ཞིང་སྐྱིད་པའི་འཚོ་བ་ཞིག་རོལ་དབང་ནམ་ཡང་མེད། ཡིན་ནའང་། གླུ་མ་ཚེ་བརྟན་སྒྲོལ་མ་ལྟ་བུའི་རྒྱ་དམར་གཞུང་གི་སྐད་ངག་དང་བསླུ་བྲིད་ཀྱི་ཡོ་ཆས་གྱུར་ཟིན་པ་དག་ལ་ག་དུས་ཡིན་ཡང་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་འཕྲོག་ཟིན་པ་ངོ་འཕྲོད་རྒྱུ་དཀའ་མོ་རེད།
ཕྱི་ལོ་༢༠༠༤ ལོར་ང་རང་འཇར་མན་གྱི་རྒྱལ་ཁོངས་སུ་ཞུགས་པ་དང་། འོས་འདེམས་མཁན་ཞིག་གི་འོས་འགན་དང་ཐོབ་ཐང་ལོངས་སུ་སྤྱོད་འགོ་ཚུགས། ཕྱིར་འདང་ཞིག་བརྒྱབ་ན། མིག་རྡེབ་ཐེངས་གཅིག་ལྟ་བུའི་དུས་ཡུན་ནང་ལོ་བཅུ་གཅིག་འདས་ཟིན་འདུག་ལ། དམངས་གཙོའི་སྒྲོམ་གཞིའི་ཁྲོད་ཀྱི་ཡག་བཙོག་གཉིས་ཀར་རྒྱུས་མངའ་ཅན་ཞིག་ཏུ་གྱུར་ཟིན་པར་མ་ཟད། སྒྲོམ་གཞིའི་དེའི་འོག་ཏུ་སྐྱིད་སྣང་ཞིག་ཁུར་ནས་མདུན་དུ་བསྐྱོད་ཀྱིན་ཡོད་པ་དང་། རང་ནུས་ཡོད་ཚད་རྩལ་དུ་སྤྲུགས་ནས་རྒྱ་ནག་སྐམ་ས་ཆེན་མོ་ན་མི་རིགས་མང་བོས་རྒྱ་དམར་དྲག་གཞུང་ལ་ངོ་རྒོལ་དང་རང་དབང་དམངས་གཙོ་རྩོད་ཀྱིན་པར་རྒྱབ་བསྐྱོར་བྱེད་ཀྱི་ཡོད།
གོ་ཐོས་སུ་དུས་རབས་ཉི་ཤུ་བའི་ལོ་རབས་བདུན་ཅུའི་ནང་འཁྲུངས་པའི་བོད་མི་སྐྱབས་བཅོལ་བ་ཨ་ཚོགས་ཀླུ་མཁར་བྱམས་མཆོག་སྲིད་སྐྱོང་འོས་འགྲན་ནང་ཞུགས་འདུག དེ་ནི་ཧ་ཅང་གི་དགའ་དགོས་པའི་དོན་ཆེན་ཞིག་སྟེ། ཁོང་ནི་སྐུ་དངོས་སུ་རྒྱ་དམར་དྲག་གཞུང་གི་བཅའ་སྟངས་ལས་སྟངས་འོག་བརྒྱུད་མྱོང་བས། ༼དབུ་མའི་ལམ༽ལ་ཕྱོགས་གང་དུའང་ལམ་ཁ་ཞིག་ལྷག་མེད་པར་ཤེས་རྟོགས་བྱུང་ཡོད་པས་རེད་ལ། དེ་ནི་ང་རང་ནས་ཀྱང་ཕྱི་ལོ་༢༠༠༣ ལོ་ནས་བཟུང་ཡོངས་གྲགས་སུ་བརྗོད་ཀྱིན་པའི་མཐོང་སྣང་ཡང་ཡིན། ཕྱི་ལོ་༢༠༠༨ ལོར་ཏཱ་ལའི་བླ་མ་མཆོག་གིས་རྒྱབ་བསྐྱོར་གནང་བར་བརྟེན་ནས་པེ་ཅིན་དུ་ཨོ་ལིམ་ཕེཀི་ལུས་རྩལ་འགྲན་ཚོགས་བསྡུ་བསྐོང་བྱེད་ཐུབ་ཡོད་པར་མ་ཟད། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཉིན་རྒྱུན་ཇེ་སྡུག་ཇེ་བཙོག་ཏུ་སོང་ཡོད། བོད་ནང་ཉུང་མཐར་བོད་མི་སྐྱ་སེར་༡༤༩ ལྷག་གིས་གཅིག་རྒྱུན་གཉིས་མཐུད་ཀྱིས་རང་ཉིད་ཀྱི་ཚེ་སྲོག་རང་དབང་གི་དཔལ་འབར་དུ་བསྒྲོན་ཡོད་མོད། དྲག་ཏུ་མཆེད་པའི་མེ་ལྕེ་དག་གིས་ཀྱང་པེ་ཅིན་ནས་བརྗེད་ཟས་བརྗེད་ཆུ་སྤྲད་ཟིན་པའི་བོད་འདུ་བའིོ་འཛམ་གླིང་གི་རྒྱལ་ཁབ་ཁག་གི་སྲིད་དོན་གྱི་དབུ་ཁྲིད་ཚོ་ད་དུང་གཉིད་ལས་སད་དུ་འཇོག་ཐུབ་མེད།
ངས་ཨ་ཚོགས་ཀླུ་མཁར་བྱམས་ལགས་ལ་སྲིད་སྐྱོང་གི་རྒྱལ་ཁ་ཐོབ་པར་སྨོན་ལམ་རྒྱག་གིན་པའི་ཁར། ཁོང་གིས་བོད་མི་རྣམས་ཀྱི་སྣེ་ཁྲིད་ནས་མི་རིགས་གཞན་དག་གི་ངོ་རྒོལ་སྟོབས་ཤུགས་ལ་དཔུང་བ་མཉམ་གཤིབས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པ་རྩ་གཏོར་བྱེད་དགོས། འདི་ནི་བོད་ལ་རང་དབང་རེག་པའི་སྔོན་འགྲོའི་ཆ་རྐྱེན་ཡིན། རེ་བ་ཡིན་ན་བོད་མི་ཚོའང་རྒྱ་ནག་རྩ་རླུང་སྒོམ་སྒྲུབ་ཚོགས་པས་སྤེལ་བཞིན་པའི་དམར་ཤོག་ཚོགས་པ་དང་གུང་གཞོན་། སྔོན་ཐོན་ན་གཞོན་སོགས་ཀྱི་རྩ་འཛུགས་ལས་ཕྱིར་འབུད་ཀྱི་ལས་འགུལ་ནང་དུའང་མཉམ་ཞུགས་གནང་རོགས། དྲ་བ(http://tuidang.epochtimes.com)འདི་བརྒྱུད་ནས་མཉམ་ཞུགས་བྱེད་ཐུབ་པ་དང་།
འདས་པའི་ལོ་ངོ་བཅུའི་རིང་དུ་རྒྱ་ནག་ནང་དུ་གོང་བརྗོད་རྩ་འཛུགས་གསུམ་ལས་ཕྱིར་ཐོན་མི་འབོར་དུང་ཕྱུར་གཉིས་(༢༡༣༦༦༧༤༨༠)ལྷག་བརྒལ་ཡོད། རྒྱུ་མཚན་ནི་མི་རེ་རེ་བཞིན་སེམས་བསམ་པའི་གཏིང་ནས་རྒྱ་ནག་དམར་ཤོག་ཚོགས་པ་དང་ཁ་གྱེས་དགོས་ལ། དེ་ནི་མི་རེ་རེ་བཞིན་རང་དབང་རང་བཙན་དུ་གོམ་པ་སྤོ་བའི་མ་མཐའི་ཆ་རྐྱེན་ཆགས་ཡོད། ཕྱི་ལོ་༢༠༡༥ ལོའི་ཟླ་༩ ཚེས་༡༠ ཉིན་རའེན་གཙང་བོའི་འགྲམ་དུ་བྲིས།
བསྒྱུར་མཆན། འབུམ་རམས་པ་ཞུའུ་ཕེ་ལགས་ནི་བོད་ཤར་ཕྱོགས་དར་རྩེ་མདོ་ནས་འཁྲུངས་པའི་རྒྱ་མོ་ཞིག་དང་། རྒྱ་ཡིག་དང་འཇར་མན་ཡི་གེ་ནང་རྩོམ་ཡིག་སྤེལ་བཞིན་པའི་མིང་དུ་གྲགས་པའི་སྐད་གཉིས་རྩོམ་པ་པོ་ཞིག་ཡིན་པར་མ་ཟད། འཇར་མན་ནང་འབུམ་རམས་པ་ཐོན་པའི་ཆེད་མཁས་པ་ཞིག་ཀྱང་རེད།
༼ལྷ་སྡེ་གནམ་ལོ་ཡག་གིས་བོད་ཀྱི་དུས་བབ་ནས་བརྒྱུད་འགོད་བྱས།༽
དངོས་གནས་རེད། བཙན་བྱོལ་གཞུང་འདི་མུ་མཐུད་དུ་གནས་དགོས་ན་ངེས་པར་དུ་རང་བཙན་ལམ་ཁར་འགྲོ་དགོས་རེད། དེ་མིན་ཁུ་སིམ་མའི་ངང་ཕྱིར་བོད་ལ་ལོག་ན་དགའ། བླུན་པོ་ཁ་ཅིག་གིས་བོད་ལ་སྟོབས་འབྱོར་དང་དམག་ཤུགས་སོགས་གང་གིས་འཐད་ནས་སྐྱོ་བོ་ཡིན་པས་རང་བཙན་ལེན་མི་ཐུབ་ཟེར་མོད། དེས་ན་དབུ་མའི་ལམ་ཇི་ལྟར་གྲུབ་འབྲས་ཐོན། རྒྱ་ནག་གིས་རང་བཙན་དང་དབུ་མའི་ལམ་གང་ཡིན་ཀྱང་ངོས་ལེན་བྱེད་ཀྱི་མ་རེད། ཡིན་ཡང་དམར་ཕྱོགས་ཚོ་འཐོར་ན་གཉིས་ཀ་གྲུབ་འབྲས་ཐོན་སྲིད་པ་རེད། དེའི་ཕྱིར་རིང་ཐུང་གི་དུས་ཚོད་མ་གཏོགས་ནམ་ཞིག་དམར་ཕྱོགས་ཚོ་འཐོར་རྒྱུ་ཡིན་པ་སྨོས་མེད་རེད། །
བོད་ནས་འཁྲུངས་པའི་རྒྱ་མོ་འདིས་བློ་གཟུ་བོར་གནས་པའི་གཏམ་བརྗོད་ཤག མ་འོངས་པར་བོད་རྒྱ་ཞི་མོལ་བྱེད་ས་དང་པོ་དེ་བོད་ནང་གི་རྒྱ་མི་ཆགས་ཡོད། ཁོ་རང་ཚོས་བོད་ལ་ག་ཚད་རྒྱབ་བསྐྱོར་ཡོད་ན་དེ་ཙམ་གྱིས་ཕན་གྱི་ཡོད། ་ཨ་ཚོགས་ཀླུ་མཁར་བྱམས་ལགས་རང་ག་བ་ཞིག་མིན་པ་འདི་ནས་ཀྱང་ངོ་འཕྲོད་ཡོད།
བཙན་བྱོལ་སྒྲིག་འཛུགས་ཀྱིས་ངོས་ནས་དམངས་གཙོ་བརྩད་ཀྱི་མེད་ཅེས་ཁ་གསལ་གཏིང་གསལ་བྱས་ནས་སྲིད་སྐྱོང་གིས་བསྒྲགས་ཡོད་རེད། རྒྱ་ནག་དམངས་གཙོ་ཅན་དུ་བསྒྱུར་པ་ལ་དབུ་མའི་ལམ་གྱི་སྲིད་ཇུས་ཀྱིས་འགོག་རྐྱེན་བཟོ་བཞིན་ཡོད་རེད། བོད་རིགས་ཡོངས་རྫོགས་དམར་ཕྱོགས་པའི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་རང་སྐྱོང་གི་འཚོ་བ་སྐྱེལ་མཁན་འགྲོ་དགོས་པ་རེད། གནད་དོན་འདིས་དམངས་གཙོ་དོན་གཉེར་བ་རྣམས་ལ་བློ་ཕམ་བཟོ་ཡི་ཡོད་པར་མངོན་གསལ་རེད། རྒྱ་ནག་དམར་གཞུང་མགོ་གཏིང་བསློགས་པ་ལ་རང་དབང་མེད་པའི་མི་རིགས་ཡོངས་ཀྱིས་རྡོག་རྩ་ཆིག་སྒྲིལ་བྱས་ནས་འཐབ་རྩོད་བྱེད་དགོས་པ་ནི་གལ་ཆེན་རེད་འདོད་དོ།
དམར་ཕྱོགས་ཕམ་པར་རྒྱག་གི་ཡོད་ཟེར་ནིའི་རྩོམ་རེ་དང་། ཞལ་འདེབས། གོ་སྐབས་རེ་འཚོལ་བཞིན་པ་གོ་ཐོས་ལས། རྩ་རླུང་སྒོམ་ཆེན་པ་ཚོ་མ་ཡིན་པ་ལས། མྱི་དེ་དག་ལ་ནང་སྙིང་ཞིག་མེད་པ་གསལ་བོ་ཡིན། མྱི་འདི་ཅན་པོས་ང་ཚོས་ཤ་རེག་ན་བསམ་ཡོད་དུས། ཁྲག་རེག་ན་བསམ་ཡོད་མཁན་ཡིན།
དགྱ་མོ་འདིས་གཞི་གང་ལ་བཅོལ་ནས། ང་ཚོ་རང་བཙན་གྱི་ལམ་ལ་བུད་ན་དགེ་མཚན་ཡོད་པ་བཤད་ཀྱིན་ཡོད་པ་རེད།
མོ་རང་ཉིད་བོད་ནང་དུ་འཁྲུངས་པའི་རྒྱ་མི་ཞིག་ཡིན་པའི་ངོས་ཐད་ནས་བོད་རང་བཙན་ལ་རྒྱབ་བསྐྱོར་གནང་གི་ཡོག་རེད། བོད་པ་ཡིན་ཟེར་མཁན་ཁྱོད་རང་ཚོ་ག་རེ་མ་འགྲིག་པ་མ་རེད་དམ།
བོད་ས་བཙན་འཛིན་གྱིས་བཟུང་བའི་ཁྱིམ་རྒྱུད་ཞིག་ལ། བོད་ཡུལ་ནས་དགྱ་མོ་ཞིག་སྐྱེས་ན་ཡང། འཁྲུངས་སོང་ཟེར་བ་སོགས་རིག་ན། ཀརྨ་བློ་གསལ་འདི་ནམ་ཡིན་ན་ཡང་བློ་མི་གསལ་བའི་དགྱ་མིན་བོད་མིན་ཞིག་ཡིན་པ་གསལ་བོར་ཆགས་སོང་། ལྟས་ངན་འདི་ཚོ།