མིག་གསུམ་པ།
མཆིད་འགྲོ་ཞོར་མ།
ང་ཚོ་བོད་མི་རིགས་འདིའི་འདས་མ་ད་གསུམ་གྱི་གནས་སྟངས་ལ་བསམ་བློ་གཏོང་ཁུལ་བྱེད་པ་ནི་རང་ཉིད་ཀྱང་བོད་མི་ཞིག་ཡིན་པའི་འདུ་ཤེས་ཀྱིས་དུས་དང་རྣམ་ཀུན་ཏུ་བཅངས་ཡོད་པ་ཞིག་དང་། བོད་མི་ཞིག་ཡིན་ཕྱིན་མི་རིགས་རང་ཉིད་ཀྱི་ཚེ་སྲོག་ཕྲ་མོ་འདི་རྒྱུན་གནས་བྱེད་པར་རང་ཉིད་ཀྱི་ནུས་ཚོད་དང་ཐུབ་ཚོད་་ཀྱིས་ཞབས་འདེགས་ཞུ་དགོས་པའི་བསམ་བློ་ངེས་པར་དུ་འཁོར་དགོས། དེས་ན་བོད་མི་རིགས་འདི་གོ་ལ་ཧྲིལ་བོ་འདིར་ཡུན་རིང་གནས་ཐུབ་མིན་དེ་ནི་མི་རིགས་དེའི་སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས་དང་ཤ་འདྲེས་པགས་འདྲེས་སུ་སོང་ཡོད་པར་མ་ཟད། སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས་ལ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་དུ་གཏོང་དགོས་པའི་ལས་འགན་བོད་མི་རེ་རེའི་ཕྲག་སྟེང་དུ་ལྗིད་ཏིག་གེར་ལྷུང་ཡོད་པ་རེད། དེའི་ཕྱིར བདག་ཀྱང་བོད་མི་རིགས་ཀྱི་གྲལ་མཐའ་ནས་བགྲེང་སྟེ་རང་ཉིད་ཀྱི་བསམ་ཚུལ་ཐུང་ངུ་ཞིག་བརྗོད་འདོད་སྐྱེས་སོང་།
བོད་མི་རིགས་ཀྱི་འདས་སོང་ལོ་ཟླ་དང་སྐད་ཡིག་གོམས་སྲོལ།
འདས་ཟིན་པའི་བོད་ཀྱི་བྱུང་བ་ལ་བསམ་ཞིབ་དང་ཕྱིར་རྟོག་ཅིག་བགྱིས་ཚེ། བོད་རྒྱལ་སོ་གཉིས་པ་སྲོང་བཙན་སྒམ་པོའི་སྐབས་ནས་བཟུང་དུས་རབས་ཉི་ཤུའི་ལོ་རབས་དྲུག་ཅུ་བར་དུ་བོད་མི་རིགས་ལ་ཆག་འཇིག་གི་དར་རྒུད་སྣ་ཚོགས་ཤིག་བྱུང་ཡོད་ནའང་བོད་མི་རིགས་ཀྱི་ཚེ་སྲོག་དང་ཧ་ཅང་འབྲེལ་བའི་སྐད་ཡིག་དེ་ཙམ་གྱིས་ཉམས་དམས་སུ་ཕྱིན་མེད་པའི་སྣང་ཚུལ་འདས་ཟིན་པའི་ལོ་རྒྱུས་ལས་ཞིབ་གསལ་རྟོགས་ངེས་ཡིན། དེ་ནི་མེས་པོ་གོང་མ་རྣམས་ཀྱི་དཀའ་སྤྱད་སྡུག་རུས་དང་དུས་བསྟན་གྱི་སྒོ་ནས་སྐད་གསར་བཅད་བགྱིས་པའི་ཉེར་ལེན་ཁོ་ན་ཞིག་གོ འདས་ཟིན་པའི་་བརྒྱུད་རིམ་གྱི་ཁྲོད་དུ་ཁོད་སོ་དྲུག་ཟེར་བའི་བོད་མི་བྱིངས་ཀྱི་འདུ་ཤེས་ལ་མཐུན་པའི་ཁྲིམས་ལུགས་གསར་གཏོད་མཛད་པ་ནས་བཟུང་ང་ཚོས་ཡང་ཡང་གླེང་ཆོག་པའི་བོད་ཀྱི་ཁྱད་ནོར་གྱི་རིག་གནས་ཤིག་ཏུ་གྱུར་བ་རེད་ལ། ད་ལྟའི་སྐབས་འདིར་མཚོན་ནའང། མི་རིགས་གཞན་དང་ཐུན་མིན་དུ་བདོག་པའི་བོད་ཀྱི་སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས་ལ་འཛམ་གླིང་མི་མང་གིས་དོ་སྣང་དང་། ཞིབ་འཇུག་བྱེད་ཡུལ་དུ་གྱུར་ཡོད་པ་འདིས་ང་ཚོར་རྩ་ཆེ་རིག་གནས་དང་གོམས་སྲོལ་བཟང་པོ་ཞིག་ཡོད་པ་རང་བཞིན་དུ་བསྒྲུབ་པར་ནུས་སོ། ཡོངས་གྲགས་སུ་དུས་རབས་བདུན་པ་ནས་བོད་ཀྱི་སྐད་ཡིག་དར་འགོ་ཚུགས་པ་དང་བོད་བརྒྱུད་ནང་བསྟན་གྱིས་མཚོན་པའི་ཕྱི་ཕྱོགས་ཀྱི་རིག་གནས་མང་པོ་ཞིག་ཀྱང་སྐད་ཡིག་འདིས་ནང་འདྲེན་བགྱིས་པར་མ་ཟད། མི་རིགས་ཀྱི་འགྲོ་འདུག་སྤྱོད་གསུམ་དེ་རིག་གནས་ཀྱིས་དབང་བསྒྱུར་བྱས་པའི་ངོས་ཐད་ནས་བལྟས་ན་ང་ཚོས་གོམས་སྲོལ་བཟང་པོ་འདིའང་གཙོ་ཆེར་བོད་བརྒྱུད་ནང་བསྟན་ལས་བྱུང་བ་ཞིག་ཏུ་བརྗོད་ཆོག གཡམ་རྒྱུགས་ལ་དགའ་བའི་བོད་མི་རེ་འགས་ང་ཚོའི་འདས་ཟིན་ཁྲོད་ཀྱི་བྱ་བ་འཐུས་ཤོར་དུ་སོང་བ་དེ་བོད་བརྒྱུད་ནང་བསྟན་གྱིས་ལན་པ་ཞིག་ཏུ་བརྗོད་མོད། དེ་ནི་བསམ་བློ་ཞིབ་གསལ་གྱིས་མ་བཏང་ཞིག་ལས་ཅི་ཡང་མ་ཡིན་པར་འདོད། ནང་བསྟན་རང་ངོས་ནས་སླད་མེད་དྲི་བྲལ་ཞིག་ཡིན་ནའང་ལག་ལེན་བསྟར་མཁན་མི་བུ་རེ་ཟུང་གིས་རང་བློ་ཕྱོགས་སླད་དུ་གྱུར་བ་ཞིག་གིས་དེ་ལྟར་ཡིན་སྲིད་པས་རྒྱུགས་པ་ལེབ་རྡུང་བྱེད་མི་རུང་ངོ། གང་ལྟར། འདས་པ་ལས་ཉམས་མྱོང་བླངས་ཏེ་ད་ལྟའི་སྐབས་འདིར་ང་ཚོའི་ལམ་ཁ་མ་ནོར་བ་ཞིག་དང་། དུས་རབས་ཀྱི་འགྲོས་དང་བསྟུན་ནས་འཛམ་གླིང་མི་མང་གི་གོམས་འགྲོས་དང་མཉམ་པ་ཞིག་བྱེད་དགོས་སོ།
བོད་མི་རིགས་ཀྱི་ད་ལྟའི་གནས་བབ་དང་སྐད་ཡིག་གོམས་སྲོལ།
དུས་རབས་ཉེར་གཅིག་གི་ཉི་གཞོན་གསར་དུ་འཛུམ་པའི་སྐབས་འདིར་མི་རིགས་ཡུན་གནས་བྱེད་རྒྱུ་ནི་མི་རིགས་དེའི་སྐད་ཡིག་དང་གོམས་སྲོལ་ལ་རག་ལས་པའི་གནས་ལུགས་དང་མཐུན་པར་བྱེད་ན་ད་དུང་ཡང་ང་ཚོས་རང་ནུས་ཅི་ཐུབ་ཀྱིས་ལས་ལ་གཞོལ་རྒྱུ་གང་མང་ཞིག་ཡོད་དེ། རང་ཉིད་ཀྱི་སྐད་ཡིག་འདི་སྤུས་ཚད་ལྡན་པ་ཞིག་ཏུ་སྲུང་སྐྱོབ་བྱེད་རྒྱུ་དེ་རེད། མཚན་གྱིས་སྨྲས་ན་བརྗོད་པར་དཀའ་བའི་འགྲོ་མི་ཡོངས་ཀྱི་མགོན་པོ་ཕྱི་ཕྱོགས་སུ་ཕེབས་པ་ནས་བཟུང་སྐད་ཡིག་གི་སྲོག་ཤིང་བརྟན་དུ་སོང་བ་དང། མི་རིགས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་སྐད་ཡིག་གི་རིན་ཐང་། ཡང་ན་མི་རིགས་རང་ཉིད་ལ་ཡོད་པའི་གོམས་སྲོལ་བཟང་པོ་འདི་འཛམ་གླིང་གོ་ལ་ཟླུམ་པོའི་གང་སར་ཤེས་སུ་བཅུག་ཡོད་མོད། མི་རིགས་རང་ཉིད་ཀྱི་ངོས་ཐད་ནས་ཀྱང་དུས་རྒྱུན་དོ་སྣང་བྱེད་རྒྱུ་ཞིག་ནི་རྒྱུད་སྤྱོད་ཀྱི་སྐད་ཡིག་འདིའི་གནས་སྟངས་ལ་བསམ་ཞིབ་བྱེད་རྒྱུ་དེ་རེད། ཁ་སང་དེ་རིང་བོད་གཞིས་བྱེས་གཉིས་སུ་སྐད་ཡིག་ཕུང་གསུམ་པ་ཞིག་སྤྱོད་བཞིན་པ་འདིས་མི་རིགས་རང་ཉིད་ལ་ཤ་ཚ་བ་དང་སྙིང་ཉེ་བ་ཞིག་ཡིན་ན་ཧ་ཅང་གི་བློ་འཚབ་ཆེན་པོའི་གནས་སུ་བསྐྱལ་ཡོད། འདི་འདྲའི་བློ་འཚབ་ཀྱི་གནས་སྟངས་སེལ་དགོས་ཚེ་མི་རེ་ངོ་རེ་ནས་འགན་ཞིག་ཁུར་དེ་རང་ཉིད་ཀྱི་རྒྱུད་སྤྱོད་སྐད་ཡིག་ལ་དག་ཐེར་ངེས་པར་དུ་བྱེད་དགོས། དེ་བཞིན་དུ་ང་ཚོས་གོམ་པ་རིམ་བགྲོད་བྱས་ཚེ་ད་གཟོད་རང་རིགས་ཀྱི་སྐད་ཡིག་འདི་རང་སྐྱ་ཐུབ་པའི་སྐད་ཡིག་ཚད་ལྡན་ཞིག་ཏུ་འགྱུར་རྒྱུ་གདོན་མི་ཟའོ། གནས་སྐབས་ཀྱི་དགོས་མཁོ་དང་ཁེ་ཕན་ཁོ་ནའི་བྲན་དུ་གྱུར་ཏེ་མི་རིགས་རང་ཉིད་ཀྱི་སྐད་ཡིག་ལ་དོ་སྣང་མ་བྱས་པར་དབྱིན་རྒྱའི་སྐད་ཡིག་སྦྱོང་རྒྱུ་དེ་གཞིས་བྱེས་གཉིས་ཀྱི་བོད་མི་ཕལ་ཆེ་བ་ཞིག་གི་གཤིས་སུ་གྲུབ་ཡོད་པ་དང་། ནང་སྒོས་སུ་ན་གཞོན་གྱི་ཁྲོད་ཨ་གསར་གྱི་དབང་གིས་ལས་ཀ་དེར་ཤར་བསྐྱོད་བྱེད་པའང་མཐོང་ཆོས་སུ་འདུག སྤྱིར་དུས་རབས་དང་མཐུན་པའི་སྒོས་དབྱིན་རྒྱའི་སྐད་ཡིག་ལ་སྦྱང་བརྩོན་བྱེད་དགོས་ཀྱང་རང་ཉིད་སྐད་ཡིག་གི་རྨང་གཞི་མེད་པ་དང་། རང་ཉིད་ཀྱི་སྐད་ཡིག་ལ་དོ་སྣང་མེད་པའི་ཐོག་དེ་ལྟར་བྱེད་པ་ནི་ཅོལ་ཆུང་གི་བྱ་བ་ཞིག་ལས་གཞན་མ་ཡིན་ནོ། དེས་ན་གངས་ཅན་མགོན་པོས“བསམ་བློ་བཏང་། མྱོང་བ་བསྐོར།
ཤེས་ནས་དད་པ་ཐོབ་པ་ཞིག་ལ་དུས་རབས་ཉེར་གཅིག་གི་ནང་བ་ཟེར་”གསུང་བ་བཞིན་དུ་དུས་བསྟུན་གྱི་སྒོ་ནས་བོད་ཀྱི་རིག་གནས་ལའང་བླང་དོར་བྱ་དགོས་པ་དང་། གོམས་སྲོལ་བཟང་པོར་རྒྱུན་སྐྱོང་བྱེད་རྒྱུ་ནི་གཡོལ་དུ་མེད་པའི་འགན་འཁྲུ་ཞིག་ཏུ་སྣང་ངོ།
བོད་མི་རིགས་ཀྱི་མ་འོངས་ཁ་ཕྱོགས་དང་སྐད་ཡིག་གོམས་སྲོལ།
ད་ལྟའི་ང་ཚོའི་མི་རབས་འདིས་ཅིས་ཀྱང་བྱེད་དགོས་པའི་ལས་དོན་ཞིག་ཡོད་པ་ནི་མི་རབས་རྗེས་མར་བོད་ཀྱི་སྐད་ཡིག་རིག་གནས་དང་ཡུལ་སྲོལ་གོམས་གཤིས་བརྒྱུད་སྤྲོད་བྱེད་རྒྱུ་དེ་རེད། ང་ཚོའི་རྗེས་སུ་འཚར་ལོངས་བྱུང་བཞིན་པའི་མི་རིགས་ཀྱི་སོན་རྩ་འདི་དག་གིས་ཅི་ཞིག་ལ་སྦྱང་བརྩོན་བྱེད་དགོས་པ་དང་། ཅི་ཞིག་ལ་རང་སྲོག་བློས་བཏང་བྱེད་དགོས་ཟེར་ན་རིན་ཐང་ཆེ་བའི་མི་རིགས་ཀྱི་སྐད་ཡིག་དང་གོམས་སྲོལ་བཟང་པོ་འདི་ཡིན། ཐའེ་ཝན་གྱི་སྲིད་འཛིན་ཟུར་བ་ཁྲིན་ཧའོ་པེན་གྱི་བུ་ཀྲི་ཀྲུང་ལ་སྤྲིངས་པའི་འཕྲིན་ཡིག་ཅིག་ཏུ་འདི་འདྲ་ཞིག་ཡོད་དེ། “ཁྱོད་ལ་འདི་འདྲའི་ཐོབ་ཐང་ཡོད། གལ་སྲིད་ཁྱོད་རང་གི་ཨ་ཕ་རྒྱལ་ཁབ་ཀྱི་དབུ་ཁྲིད་ཆགས་པ་ཡིན་ནའང། ཁྱེད་རང་གིས་དེ་ག་ནང་བཞིན་ང་ལ་ཡི་མ་རངས་བ་བྱས་ཆོག་ལ ངའི་ནོར་འཁྲུལ་ལ་སྐྱོན་འདོན་བྱས་ཆོག ཁྱོད་ཚོ་ལོ་གཞོན་གྱི་མི་རབས་འདིར་ཁྱོད་ཚོའི་བྱེད་ཐབས་སྤྱད་ནས་ཁྱོད་རང་ཚོའི་གནད་དོན་བཏོན་ཏེ། མི་མཐུད་སྤྱི་ཚོགས་འདི་ལེགས་བཅོས་བྱེད་པའི་འགན་འཁུར་ཡོད། དེ་ནི་ཁྱོད་རང་ཚོའི་མ་འོངས་པ་ཡིན་པས། ཁྱོད་ཚོས་གསར་གཏོད་ལོས་བྱེད”འདི་འདྲའི་ཡིད་འགུལ་ཐེབས་པའི་ཚིག་དང་དོན་སྙིང་ལྡན་པའི་སྐད་ཆ་འདིས་མ་འོངས་པའི་ཁ་ཕྱོགས་ལ་འོད་སྟོང་ལྡན་པའི་སྐྱ་ཐིག་ཅིག་བཀོད་པ་རེད། ང་ཚོའི་མ་འོངས་པའི་བསམ་ཕྱོགས་ཅིག་ནི་བོད་ཁམས་འདི་ཞི་བདེའི་བསྟི་གནས་ཤིག་ཏུ་བསྒྱུར་དེ་ཡིན་པས། དེས་ན་ང་ཚོའི་སྐད་ཡིག་དང་གོམས་སྲོལ་བཟང་པོ་འདིའི་རིན་ཐང་མ་བརླགས་་པར་མི་རབས་རྗེས་མའི་ལག་ཏུ་འཇོག་རྒྱུ་ཧ་ཅང་གི་གལ་ཆེན་ཞིག་རེད། ང་ཚོ་དུད་འགྲོ་དང་མ་འདྲ་བ་ཞིག་ཡོད་པ་ནི་བསམ་གཞིགས་བྱེད་ཐུབ་པའི་ནུས་པ་ཡོད་པས་དེ་ངེས་པར་དུ་བེད་སྤྱོད་ལེགས་པར་བྱེད་དགོས། དེས་ན་ང་ཚོའི་སྐད་ཡིག་གི་རིན་ཐང་ངོས་འཛིན་དང་གོམས་སྲོལ་བཟང་པོར་རྒྱུན་འཛིན་བྱས་ཏེ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་དུ་གཏོང་རྒྱུ་དང་། བློ་གཟུར་བོར་གནས་པའི་སྒོ་ནས་རིག་གནས་ཀྱི་བླང་དོར་ལའང་འབད་དགོས་སོ།
ངས་ཡང་འདི་ལྟར་བརྗོད་འདོད་ ཁ་སོང་ བོད་ཡུལ་དམྱལ་ཁམས་གྱུར་ནས་རིགས་མཐུན་ཁྲི་འབུམ་བསད་སྟེ་ཁྲག་གི་འཁོར་ལོ་བསྐོར་ཡོད་འོན་ཀྱང་ང་དང་གངས་ཅན་བོད་པའི་རྣམ་ཤེས་ད་དུང་ཡང་མ་ཤི་བར་ལྡང་
དེ་རིང་ བོད་ཡུལ་མུན་པས་ཐུམ་སོང་དུང་ཟླ་བ་སྤྲིན་ནག་གིས་བཏུན་སོང་གསེར་ཉི་མ་ནུབ་ཕྱོགས་སུབྱོན་ཐལ་སྐར་ཚོགས་ཡུལ་ཕྱོགས་ཀུན་ཐོར་ཡང་མི་བུའི་གདོང་དྲུང་གི་སྙིང་སྟོབས་ལྷང་ངེར་གནས་
སོང་ཉིན་ བསིལ་ལྡན་བོད་ཀྱི་ཡུལ་ལ་འོད་སྣང་གི་ཁེངས་པའི་ཟླ་བ་སྤྲིན་ལས་བྲལ་ཉི་མ་ཤར་ནས་ཤར་དེ་སྐར་ཚོགས་ལྷན་དུ་འཛོམས་དེས་དུས་ང་དང་གདོང་དམར་གངས་ཕྲུག་ཚོགས་མཚན་སྙན་གྱི་འོད་ཟེར་སྲིད་པ་གསུམ་ན་ཁྱབ་ངེས་རེད་།།
ངས་ཡང་འདི་ལྟར་བརྗོད་འདོད་ ཁ་སོང་ བོད་ཡུལ་དམྱལ་ཁམས་གྱུར་ནས་རིགས་མཐུན་ཁྲི་འབུམ་བསད་སྟེ་ཁྲག་གི་འཁོར་ལོ་བསྐོར་ཡོད་འོན་ཀྱང་ང་དང་གངས་ཅན་བོད་པའི་རྣམ་ཤེས་ད་དུང་ཡང་མ་ཤི་བར་ལྡང་།
དེ་རིང་ བོད་ཡུལ་མུན་པས་ཐུམ་སོང་དུང་ཟླ་བ་སྤྲིན་ནག་གིས་བཏུན་སོང་གསེར་ཉི་མ་ནུབ་ཕྱོགས་སུབྱོན་ཐལ་སྐར་ཚོགས་ཡུལ་ཕྱོགས་ཀུན་ཐོར་ཡང་མི་བུའི་གདོང་དྲུང་གི་སྙིང་སྟོབས་ལྷང་ངེར་གནས་།།
སོང་ཉིན་ བསིལ་ལྡན་བོད་ཀྱི་ཡུལ་ལ་འོད་སྣང་གི་ཁེངས་པའི་ཟླ་བ་སྤྲིན་ལས་བྲལ་ཉི་མ་ཤར་ནས་ཤར་དེ་སྐར་ཚོགས་ལྷན་དུ་འཛོམས་དེས་དུས་ང་དང་གདོང་དམར་གངས་ཕྲུག་ཚོགས་མཚན་སྙན་གྱི་འོད་ཟེར་སྲིད་པ་གསུམ་ན་ཁྱབ་ངེས་རེད་།།
ངས་ཀྱང་འདི་ལྟར་བརྗོད་འདོད་བྱུང་
ཁ་སོང་ ཡུལ་དམྱལ་ཁམས་གྱུར་ནས་རིགས་མཐུན་ཁྲི་འབུམ་བསད་སྟེ་ཁྲག་གི་འཁོར་ལོ་བསྐོར་ཡོད་འོན་ཀྱང་ང་དང་གངས་ཅན་བོད་པའི་རྣམ་ཤེས་ད་དུང་ཡང་མ་ཤི་བར་ལྡང་
དེ་རིང་ བོད་ཡུལ་མུན་པས་ཐུམ་སོང་དུང་ཟླ་བ་སྤྲིན་ནག་གིས་བཏུན་སོང་གསེར་ཉི་མ་ནུབ་ཕྱོགས་སུབྱོན་ཐལ་སྐར་ཚོགས་ཡུལ་ཕྱོགས་ཀུན་ཐོར་ཡང་མི་བུའི་གདོང་དྲུང་གི་སྙིང་སྟོབས་ལྷང་ངེར་གནས་
སོང་ཉིན་ བསིལ་ལྡན་བོད་ཀྱི་ཡུལ་ལ་འོད་སྣང་གི་ཁེངས་པའི་ཟླ་བ་སྤྲིན་ལས་བྲལ་ཉི་མ་ཤར་ནས་ཤར་དེ་སྐར་ཚོགས་ལྷན་དུ་འཛོམས་དེས་དུས་ང་དང་གདོང་དམར་གངས་ཕྲུག་ཚོགས་མཚན་སྙན་གྱི་འོད་ཟེར་སྲིད་པ་གསུམ་ན་ཁྱབ་ངེས་རེད་།།
ཁྱོད་ཀྱིས་རང་ཉིད་ཀྱི་འགན་ཁུར་འདང་དུ་བླངས་པའི་ཐོག་ནས་བོད་ཡིག་སྲུང་སྐྱོབ་གང་འདྲ་བྱ་དགོས་མེད་ཀྱི་བསམ་ཚུལ་ཆེས་རྒྱུ་མཚན་ལྡན་པ་མང་དག་བྲིས་པ་ནི་ཆེས་རྗེས་སུ་ཡིད་རངས་།།
ངས་མཐོང་ཚུལ་ལ་བོད་ཀྱི་གཞོན་སྐྱེས་མང་དག་ཞིག་གིས་བོད་ཡིག་ལ་དམིགས་བསལ་གྱི་དོ་སྣང་དེ་ཙམ་མ་བྱེད་པ་ནི་ང་ནམ་ཡང་སེམས་སྐྱོ་ཤིང་འོན་ཀྱང་ངས་འདི་དག་གཞོན་སྐྱེས་རང་ཉིད་ཀྱི་ནོར་འཁྲུལ་གཅིག་པོ་རེད་ཅེས་ནམ་ཡང་ཞུ་མི་ཕོད་
བོད་པ་ཞིག་ལ་མཚོན་ན་དམིགས་བསལ་གྱི་ཕ་མ་གཉིས་ནི་ཕྲུག་གུའི་བསམ་བློའི་ཁ་ཕྱོགས་འགྱུར་བར་གཏོང་མཁན་གྱི་གཞི་མ་ཡིན་པས་ཕ་མ་རང་ཉིད་ཀྱིས་མགོ་འཁྲིད་པའི་ཐོག་ནས་བོད་ཀྱི་སྐད་ཡིག་གཙོ་བོར་འགྱུར་པའི་ཐོག་ནས་བོད་མི་རྒན་གཞོན་བར་གསུམ་གྱི་ཟློག་ཏུ་མེད་པའི་ལས་འགན་ཤིན་ཏུ་གལ་འགངས་ཆེན་པོ་ཞིག་ཡིན་པ་སེམས་ན་ཚོར་པ་ནང་བཞིན་ལག་ལེན་གྱིས་་་་་་་་་་་་་་
བོད་རྒྱལ་ཁབ་གནས་དགོས་ན་
བོད་མི་གནས་དགོས་
བོད་མི་གནས་དགོས་ན་
བོད་ཡིག་ནམ་ཡང་གནས་དགོས་
གང་ཡིན་ན་བོད་ཡིག་ནི་བོད་མིའི་སྲོག་ཤིང་ངོ་མ་སྟེ་
བོད་རྒྱལ་ལོ་་་་་་་་་་་་
དྲ’གོྲགས’ལགས།བོད’མི’གནས’དགོས’ན’བོད’ཡིག’གནས’དགོས’པ’
དངོས’ནས’བདེན’པ’རེད།ཡིན’ན’ཡང’བོད’ཡིག’གནས’དགོས’ན’བོད’
ཡིག’གནས’བྱེད’ཀྱི’ཐབས’ལམ’སྔར’ཡོད’པ’གང’དང’སྔར’མེད’པ’གསར’དུ’བ
སྐྲུན’དགོས’བ’ག’རེ’ཡོད’པ’སོགས’ལ’བགྲོ’གླེང’དང’དཔྱད’བསྡུར’མང’བོ’
བྱེད’རྒྱུ’གལ’ཆེན’པོ’རེད།
ཨ་དཀར་པོས།
དུང་ཞེན་གྱི་རྩོམ་ཡིག་སྤེལ་མཁན་ཧ་ཅང་མང་། དེར་རིན་ཐང་གི་ལྟ་ཚུལ་གཞན་ནས་དཔྱད་ན་མ་བཀླག་ཀྱང་ཆོག
བཀྲ་ཤིས་ཀརྨ་ལགས།
ཁྱོད་ཀྱི་མཆན་འདིས་ཅི་ཞིག་བཤད་ཀྱིན་ཡོད་པ་ངས་ཧ་གོ་མ་སོང་བས་ཡང་བསྐྱར་གསལ་བཤད་ཅིག་གནང་རོགས།
༡༽ ས་དཀར་རྡོ་རྗེ་ལགས་།
ཁྱེད་ཀྱི་ཡིག་ནོར་གཤམ་གསལ།
ངས་ཡང་་་་་་་ངས་ཀྱང་།
ཁ་སོང་་་་་་་་་་་་་ཁ་སང་།༼འདི་ཐེངས་གཉིས་བྲིས་འདུག༽
བོད་ཡུལ་མུན་པས་ཐུམ་སོང་་་་་་་་་་་་མུན་པས་བཏུམ་སོང་།
སྤྲིན་ནག་གིས་བཏུན་སོང ་་་་་་་་་་་་བཏུམ་སོང་།
འོད་སྣང་གི་ཁེངས་པའི ་་་་་་་་་་འོད་སྣང་གིས་ཁེངས་པའི།
ཤར་དེ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཤར་ཏེ།
དེས་དུས་་་་་་་་་་་་་་་་་་་་་་་་་་་་་་་་དེ་དུས།༼ཁྱེད་ཀྱི་བརྗོད་འདི་ལྟར་ཡིན་མིན་གསལ་པོ་ཞིག་ཧ་གོ་མ་སོང་༽
མིག་གསུམ་པ་ལེགས་དང་། མཆུན་བུ་པ་རྣམས་ཀྱིས་བགྲོ་གླེང་མཛད་པ་ལེགས། མིག་གསུམ་པ་ལེགས་ཀྱི་བརྗོད་བྱ་དང་རྗོད་བྱེད་ཞིབ་བརྟགས་མ་བྱེད་པར་བརྒྱ་ཆ་གོ་ལྔ་ལེགས་པར་ཞུ་ཆོག ལྷག་པར་དུ། ཡོད་པར་མ་ཟད། ཅེས་པར་གཞན་བོད་སྤྱིའི་སྐད་གཏོར་བ་པོ་དག་ལ་ར་ཡིག་གི་མུ་གེ་ཡོད་པས། ཡོད་པ་མ་ཟད། ཅེས་འབྲི་བ་ལ་རྩོམ་ཡིག་འབྲི་བ་པོས་དོན་དང་མཐུན་པར་རང་རེའི་མི་རབས་རྗེས་མའི་གཞོན་སྐྱེས་རྣམས་ལ་བོད་ཡིག་དག་ཆ་རྨ་མེད་པ་ཞིག་གི་་ངོ་སྤྲོད་བྱེད་པའི་གོམ་པ་རྒྱབ་པར་དགའ་བསུ་ཞུ་འོས་པ་ཞིག་ལགས། འོན་ཀྱང་། འདས་མ་ད་གསུམ། ཞེས་པར་ཧ་ཅང་བསྡུས་དྲག་པའི་སྐྱོན་གྱིས། ཀློག་བཞིན་པའི་ངང་ནས་དོན་མ་གོ བསྡུས་ཡིག་མེད་ན། འདས་མ་འོངས་ད་ལྟ་གསུམ་ཞེས་པ་ཡིན་ནམ་སྙམ། དེ་བཞིན་དུ། གནས་ཤིག་ཏུ་གྱུར་བ་རེད་ལ། ཞེས་པའི་གྱུར་ལ་ད་ཡང་འཇུག་ཡོད་པས། རྗེས་འཇུག་ད་ཡིག་དེ་ཕོ་ཡིན་པ་དེ་ཡིས་མིང་མཐའ་ཡང་ཕོ་འདྲེན་པ་ཡིན་པ་བཀའ་བསྟན་གསུམ་འབུམ་ན་གསལ་བ་བཞིན་དུ་བརྡ་སྤྲོད་རྟགས་ཀྱི་འཇུག་པ་ནའང་དེ་ལྟར་ངོ་སྤྲོད་བྱས་ཡོད། ད་ལྟ་དེ་ཙམ་ལ་རྟོག་དཔྱོད་མཛད་གྲོགས། སྒྲ་ཐ་མ་འདི་ལ་ཚང་མས་རོགས་ཞེས་འབྲི་ཡང་ཚིག་གང་དང་གང་ཡིན་ཀྱང་ཆག་སྐྱོགས་མེད་པར་འབྲི་བ་ལེགས་སྦྱར་སྐད་སྦྱངས་པའི་གོམས་གཤིས་བཟང་པོའི་ཤུགས་ཀྱིས་བདག་བློའི་མཁའ་དབྱིངས་སུ་བོད་སྒྲའི་ཉི་མ་གཞོན་ནུ་ཞིག་རྟག་ཏུ་འཆར་ཡང་། བརྗེད་ངས་ཀྱི་སྤྲིན་སྟུག་པོས་སྒྲིབ་པ་ཡང་མང་དུ་འབྱུང་ངོ་། །
སྤྱིར་ནི་ས་གཞི་གེ་མོར་འགྲོ་བའི་ཁྱིམ་གཞི་གྱུར་པའི་རྗེས།
འགྲོ་བ་མི་ཡི་རིགས་ལ་འགྱུར་ལྡོག་ཡིད་དུ་ཤོང་དཀའ་བྱུང།
མི་རིགས་རང་ཉིད་ངོ་བོ་མཚོན་བྱེད་རིག་གཞུང་སྣ་ཚོགས་དར།
མདོར་ན་རིག་གཞུང་ཀུན་གྱི་ཨ་མ་རང་ཉིད་སྐད་ཡིག་ཡིན།
ཁ་བའི་ཞིང་དུ་ཀླ་ཀློའི་དྲག་རླུང་ལྡོང་ཏེ་ལོ་མང་འདས།
བོད་ཀྱི་སྐད་ཡིག་ཕྱུག་མོ་ས་ཡ་དྲུག་གི་སྲོག་ཤིང་ཡིན་པ་འཛིན།
དྲག་པོའི་རླུང་འཚུབ་ཇི་ལྟར་ལྡོང་ཀྱང་གངས་ཅན་བོད་མིའི་སེམས།
དབྱར་གྱི་རྦ་རླབས་ཇི་བཞིན་རྒྱལ་ཞེན་སེམས་ཀློང་འཁྱིལ་ཅིང་གདའ།
དྲང་བདེན་ཁུངས་ལྡན་རིང་པོའི་རྒྱལ་དར་གོ་ལའི་ཙེ་མོར་བསྒྲེངས།
ཞི་བའི་འབོད་སྒྲ་ཆད་མེད་འབྲུག་ལྟར་འགྲོ་བའི་རྣ་རུ་ཐོས།
ངོ་མཚར་རབ་ཏུ་ལྡན་པའི་གངས་ལྗོངས་ཕ་ཡུལ་ཕྱུག་མོ་ལགས།
བོད་ཡིག་ཁྱོད་ཀྱི་ཚེ་སྲོག་ཡིན་པ་ང་ཚོས་ནམ་ཡང་བརྗེད་མི་སྲིད།།།།།།
ཨ་ར་དཀར་པོ་ལགས། ངའི་མིང་གཞན་ལ་ཨ་དཀར་དམར་སེར་ནག་སོགས་གང་རུང་སྐབས་དང་བསྟུན་ནས་བྲིས་དང་བྲི་བཞིན་ཡོད། འདི་ནི་ཁྱོད་ཀྱི་དོགས་སློང་གི་གོལ་ས་དེ་ཡིན་པར་སྙམ། དེ་མིན་ན་(དུང་ཞེན) དང་(ལྟ་ཚུལ)་གཉིས་ངའི་མཆན་གྱི་གཙོ་ཚིག་ཡིན།
ཨོ་དགོངས་དག ངས་ཨ་དཀར་པོ་ཞེས་པ་དེ་ཨ་ར་དཀར་པོར་འཁྲུལ་ནས་མགོ་འཐོམ་འདུག མཉམ་ཡག་པོ་མ་བཞག་ན་འདི་འདྲ་རེད། ཧཧཧ
ཧ་ཅང་གིས་ཡག་པོ་གསུང་འདུག་རྗེས་སུ་ཡི་རང་ཡོད། རྩོམ་ཡིག་འདི་འདྲ་གང་མང་དྲ་ཐོག་ལ་སྤེལ་ཐུབ་ན་དྲ་རྒྱ་སྤྱོད་པའི་དགོས་དོན་ཡང་འགྲུབ་པར་སེམས། དེང་སྐབས་བོད་ཕྱི་ནང་གཉིས་དང་ལྷག་པར་བཙན་བྱོལ་ཁྲོད་ཀྱི་ན་གཞོན་ཚོས་བོད་སྐད་ཡིག་ལ་འཛིན་པའི་བལྟ་ཚུལ་ནི་ཧ་ཅང་གི་ཡི་མུག་པ་ཞིག་རེད་ལ། འདིའི་ལེན་པ་ནི་ན་གཞོན་ཚོ་གཅིག་པུ་མིན་པར། གཞུང་གི་དབུ་ཁྲིད་དང་སློབ་གྲྭའི་དགེ་རྒན་ཕ་མ་སོགས་ལ་ཡང་ཡོད་པ་རེད། དེས་ན་མ་འོང་བོད་གངས་ཅན་པའི་མིང་འདི་གནས་དགོས་ན་མི་ཚང་མས་བསམ་བློ་རྙིང་པ་ལ་གསོན་ཤུགས་གསར་པ་རེ་སྐྱེད་ནས་མི་རིགས་ཀྱི་ངོ་བོ་མཚོན་པའི་སྐད་ཡིག་འདི་ལ་བདག་པོ་རྒྱག་དགོས།
རེད་ཡ། ཁྱེད་ཀྱི་རིན་བྲལ་གྱི་རྩོམ་ཡིག་འདི་ལ་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམ་པ་ཡོད། རང་མི་རིགས་འདི་སའི་གོ་ལ་འདིའི་སྟེང་དུ་གསོན་དགོས་ན་རང་གི་སྐད་ཡིག་དང་རིག་གཞུང་གསོན་མིན་ལ་ཐུག་ཡོད། བྱས་ཙང་། རང་གི་གྲོགས་ཉེ་བོད་ཕྱི་ནང་གང་དུ་ཡོད་ན་ཡང་རང་གི་སྐད་ཡིག་ལ་སྲུང་སྐྱོབ་དང་དོ་སྣང་མང་ཙམ་གནང་དགོས་པའི་འབོད་སྐུལ་གནང་དགོས། འཕྲལ་སེལ་གྱི་ཁེ་ཕན་ལ་བལྟས་ནས་རྩ་ཆེའི་རིག་གཞུང་སྣང་མེད་དང་ཆུ་ལ་བསྐྱུར་མི་ཉན། དེ་ཡང་། ཞི་བ་ལྷས། ཆུང་ངུའི་ཕྱིར་ནི་ཆེ་མི་གཏོང་། །ཞེས་གསུངས་པ་ལྟར་རེད།
ཡག་པོ་འདུག་འོན་ཀྱང་བོད་བསྟན་སྲིད་ལས་འགལ་བའི་གཏམ་མ་གསོང་ན་ལེགས་སམ་ །།།
མིག་གསུམ་པ་ལགས།
དགོངས་ཚུལ་ཡག་པོ་གསུངས་འདུག་པས་ཡི་རང་ཡོད།
འདིར་གསལ་བཤད་ཞིག་ཞུ་འདོད་པ་ནི་རྒན་ལ་དྭགས་པ་བློ་བཟང་འཇམ་དཔལ་ལགས་ནི་ད་ལྟའི་རྒྱ་གར་རྒྱལ་ཁོངས་སུ་གཏོགས་པའི་མང་ཡུལ་ལ་དྭགས་ནས་རེད།
དེ་ནས་ཞོར་ལ་ཁྱེད་ཀྱི་ཡིག་ནོར་ཅུང་མཐོང་བ་གཤམ་གསལ།
བསམ་ཚུལ་ལྷུར་པོར་་་་་་་་་་་་བསམ་ཚུལ་ལྷུག་པོར
གདོང་ནས་བགྲེང་སྟེ་་་་་་་་་་་་་་གདོང་ནས་འགྲེངས་ཏེ
འོ་ཚོད་ཀྱིས་་་་་་་་འོལ་ཚོལ་གྱིས།
བཀོད་སྤྱོད་་་་་་ཁྱེད་ཀྱིས་ཞུ་དག་བྱས་ཟིན་འདུག
འདས་མ་ད་གསུམ་ཞེས་པ་དེ་བོད་གཞི་བྱེས་གང་དུ་ཡིན་རུང་། ཡོངས་གྲགས་ཆགས་ཡོད་ན། དེ་ལ་རྩོད་པ་ཅང་མེད། བདག་རང་ལ་ཚིག་དེ་ཐོས་པ་དང་པོ་ཡིན་པས་ཀློག་བཞིན་གོ་བ་མ་བྱུང་བ་དེ་བདག་རང་གི་བྱུང་ཚུལ་བརྗོད་པ་ལས་གཞན་གང་ཡང་མ་ཡིན། སྔར་གྱི་མཁས་པ་རྣམས་ཀྱིས་ཚིག་བསྡུས་མང་པོ་མ་མཛད་པར་མངོན།
ཚིག་ལ་མི་རྟོན་དོན་ལ་རྟོན།
ཞེས་བོད་རིག་གཞུང་ན་གསལ་བ་བཞིན་ནོ། །
དོན་གོ་ལེགས། མཆན་བུ་ལེགས་པར་བྲིས་འདུག་པར་དགའ་བ་སྐྱེས། བོད་ཡུལ་འདི་ས་རྒྱ་ཆེ་བ་ཞིག་ཡིན། བོད་མི་རིགས་གཅིག་ཏུ་བྱེད་པ་ལ་བཀའ་བསྟན་གསུང་འབུམ་བཅས་ལ་བལྟས་ཏེ། བཀའ་བསྟན་གསུང་འབུམ་བཅས་ཀྱི་སྐད་སྦྱང་དགོས་པ་ཡིན། མང་དུ་བཤད་རུང་མ་བཤད་རུང་བཀའ་བསྟན་གསུང་འབུམ་བཅས་ཀྱི་་སྐད་དང་མཐུན་པར་བྲིས་འདུག་པར་བདག་ལ་དགའ་བ་སྐྱེས། ཁྱེད་ཀྱིས་བཅུ་བ། ཞེས་དང་། དེ་ལ་བདག་གིས་བཅུ་པ། ཞེས་འདོད་པ་ལ་བོད་སྤྱིའི་སྐད་དུ་གང་རུང་གཅིག་ཐག་བཅད་ནས་བཀོལ་དགོས་ན། བཀའ་བསྟན་གསུང་འབུམ་དག་ན་ཇི་ལྟར་ཡོད་པ་དེ་འདེམས་དགོས། བཀའ་བསྟན་གསུང་འབུམ་ན་ཡོད་ཀྱང་འཇིག་རྟེན་ལ་ཡོངས་གྲགས་མེད་པ་ཞིག་བཀོལ་དགོས་སུས་ཀྱང་སྨྲ་བ་མེད་པ་དེ་མཁྱེན་དགོས།
ཁོང་གིས་མི་ཤེས་པ་ཚང་མ་བོད་སྐད་མིན་པར་བརྩི་ཞིང་འདུག ཅེས་པ་འདི་བདེན་པ་མ་ཡིན། ངའི་ལུང་པའི་ཁ་སྐད་བཀོལ་ན། ཁྱེད་ཀྱིས་དེ་ཉིད་མི་ཤེས། དེ་བཞིན་དུ་ཁྱེད་ཀྱི་ལུང་པའི་ཁ་སྐད་ངས་མི་ཤེས་པས། ལུང་པ་སོ་སོའི་ཁ་སྐད་མ་བཀོལ་བར་བོད་སྤྱིའི་སྐད་བཀའ་བསྟན་གསུང་འབུམ་རྣམས་དང་མཐུན་པར་བཀོལ་དགོས་ཟེར་བ་ཡོད། བསམ་བློ་ལེགས་པར་བཏང་ནས་འདི་དང་འདི་འགྲིག་མི་འདུག་ཅེས་སྨྲ་དགོས་པ་ཡིན། དེ་མ་ཡིན་པར་ཚིག་རྩུབ་སྨྲ་བ་ལ་ཁྱེད་སྨྲ་བ་པོར་ཚིག་རྩུབ་པོ་སྨྲ་བའི་སྡིག་པ་མ་ཕོག་ན་ང་ལ་བཟོད་པ་སྒོམ་པའི་གྲོགས་སུ་འགྱུར་བ་མ་གཏོགས་གནོད་པ་མེད། ཁྱེད་ཀྱི་གཤམ་གསལ་བརྗོད་པ་ན་ངས་མ་གོ་དག་ཟུར་དུ་བཏོན་ཆོག
ད་ལྟ་རྒན་མགོ་དཀར་པོར་གྱུར་རག་ཏུ་ད་དུང་བོད་ཡིག་འདི་ཙམ་ལས་མ་ཤེས་མཁན་རྨོངས་པ་རྟུལ་ཐུགས་ཞིག་གི་སྐྱེ་བ་བླངས་པ་འདྲ་བས་བདག་གི་ཆུ་ཚོད་འཕྲོ་བརླག་ཏུ་སོང་བ་བློས་བཟོད་པར་བྱ་རུང་མོད་ཀྱང་། ཁྱོད་རང་མགོ་ཉོག་པར་འགྱུར་བའི་རྒྱུ་ཡིན་པས་བྱ་བརྒྱ་རྡོ་གཅིག་གིས་ཆོག་པར་བྱས་ལ།
ཞེས་པར་བཀའ་བསྟན་གསུང་འབུམ་གང་རུང་གི་སྐད་ལ་སྦྱངས་པ་ཡོད་པས། ཁྱེད་ཀྱི་བརྗོད་པ་མང་ཆེ་བ་མི་གོ་བ་མི་འདུག ཚིག་བརྗོད་ཐུང་ངུ་འདི་ན་ཚིག་འགའ་ཞིག་བཀའ་བསྟན་གསུང་འབུམ་བཅས་ཀྱི་སྐད་ལ་ལྟ་རྟོག་བྱས་ཏེ། སླར་འབྲི་དགོས་པར་མཐོང་། དེ་དག་ཟུར་དུ་བཏོན་པ་འགའ་ཞིག་ནི། རག་ཏུ་ ཞེས་པ་དང་། རྟུལ་ཐུགས་ཞིག་གི ཞེས་པའི་དོན་ཅི་ཡིན་ནམ། མགོ་ཉོག་ཅེས་པ་ཡི་གེ་མ་དག་པས། མགོ་རྙོག་ཅེས་བཅོས། བྱ་བརྒྱ་རྡོ་གཅིག་གིས་ཆོག་པར་ཞེས་པར་རྡོ་གཅིག་གིས་བྱ་བརྒྱ་ལ་གང་བྱས་པ་ཡིན། ཚིག་ལ་མ་དག་པ་མེད་ཀྱང་དོན་དག་གང་ཡིན་པ་ཤེས་པར་དཀའ། ཚིག་བརྗོད་དེ་ཁྱེད་ལ་ཡོངས་གྲགས་ཡིན་ངེས། ང་ལ་ཡོངས་གྲགས་མ་ཡིན། ཚིག་རེ་རེ་བཞིན་བཀའ་བསྟན་གསུང་འབུམ་སྐད་དང་མཐུན་འདུག་ཀྱང་དོན་མི་གསལ། ཁྱེད་ཀྱི་བརྗོད་པ་དག་བཀའ་བསྟན་གསུང་འབུམ་གང་ཡང་རུང་བ་སྦྱངས་ནས་བྲིས་པ་ལ། བཀའ་བསྟན་གསུང་འབུམ་གྱི་སྐད་མི་དགོས་སྨྲ་བ་ནི།
ཁྱོད་ནི་རྟ་ལ་བཞོན་བཞིན་དུ།
རྟ་ཉིད་བརྗེད་པར་འགྱུར་བ་བཞིན།
ཞེས་པ་ལྟར་དང་། གཞན་ཡང་། སྐྱེ་བ་ཕྱི་མ་བོད་ཡིག་འདི་ལས་ཡག་ཙམ་དང་འཁྱོངས་ཙམ་ཡོང་བའི་སྨོན་ལམ་བརྒྱག་རྒྱུ་ནམ་ཡང་མི་བརྗེད་པར་མཁྱེན། སྐྱེ་བ་ཕྱི་མ་ཞེས་པར་སྐྱེ་བ་ཕྱི་མར་ཞེས་ལ་དོན་ཡོད་དགོས། ཡག་གི་ཚབ་ཏུ་ལེགས་སམ་བཟང་ཞེས་བཀོད་ན། བོད་སྤྱིའི་སྐད་དང་མཐུན། འཁྱོངས་ཞེས་པ་ངའི་ཁ་སྐད་དུ་འཁྱེར་འོངས་པ་ལ་ཟེར། ཁྱེད་ཀྱི་ཁ་སྐད་དུ་གོ་བ་གཞན་ཞིག་ཡོད་འདུག ཡོང་བའི་ཞེས་པར་འོང་བའི་ཞེས་འབྲི་ན་བོད་སྤྱིའི་སྐད་དང་མཐུན། ཁམས་སྡེ་དགེ་སོགས་སུ་འོང་ཞེས་པ་མ་གཏོགས་ཡོང་ཞེས་མི་ཟེར་བ་ཐོས། བརྒྱག་རྒྱུ་དང་བརྒྱབ་རྒྱུ་ཞེས་ཚིག་མི་འདྲ་བ་གཉིས་ཡོད་པ་གང་དག་པ་ཡིན་ནམ། ངའི་ཁ་སྐད་ལ་རྒྱབ་པ་ཞེས་པ་ཁོ་ན་ཡོད། སྐྱེ་བ་ཕྱི་མར་མ་ཟད་མཐོང་བའི་ཆོས་ལ་ཡང་བདག་རང་གི་བོད་ལེགས་སྦྱར་ཧིནད་ཨིན་སྐད་རྣམས་ལེགས་པར་འོང་བར་འབད་པ་བྱེད། ངས་བོད་སྐད་ཁུངས་འཁྱོལ་རུང་མ་འཁྱོལ་རུང་། ཕལ་ཆེར་ལོ་ངོ་བཞི་བཅུ་ཙམ་སྔོན་དུ་བོད་ཀྱི་ཝ་ཎ་མཐོ་རིམ་སློབ་གྲྭ་ཆེན་པོ་མ་ཚུགས་གོང་དང་། ཚུགས་ནས་ཀྱང་་༧གོང་ས་མཆོག་གི་དབུས་གཙོས་་བོད་ཀྱི་མཁས་པ་རྣམས་དང་། རྒྱ་གར་མཁས་པ་དག་གི་གསུང་སྒྱུར་ལོ་མང་ཞུས་པས། ཚང་མ་ཐུགས་དགྱེས་པའི་མཐུན་རྐྱེན་ཡང་མང་དུ་སྩལ་ཡོད། ཁྱེད་ཀྱིས་ང་ལ་དངོས་གནས་གྲོགས་བྱེད་ཐུབ་ན། མཛེས་དགའ་བོའི་སྙན་དངགས་ཆེན་པོ་ལེའུ་བཅོ་བརྒྱད་ཡོད་པ་དེ། སློབ་དཔོན་མཁས་པ་ཆེན་པོ་རྟ་དབྱངས་ཀྱིས་མཛད་ཅིང་། རྒྱ་ནག་སྐད་དང་། ཨིན་སྐད། ཧིནད་སྐད་སོགས་སུ་བསྒྱུར་ཡོད་པ་སྐད་གྲགས་ཆེ་ན་ཡང་། བོད་སྐད་དུ་བསྒྱུར་མེད་པ་དེ་ཉིད་ཁོ་བོ་སློབ་གྲྭ་ལ་ཡོད་སྐབས་སུ་ང་རང་གི་བོད་སྐད་ལ་ཡར་རྒྱས་འབྱུང་བསམས་ནས། ལེགས་སྦྱར་སྐད་ནས་བོད་སྐད་དུ་༡༩༦༤ ཙམ་ལ་སྒྱུར་བ་འགོ་བརྩམས་ནས། ༡༩༨༢ ལ་རྫོགས་པར་གྲུབ་སྟེ། ༡༩༩༩ ལ་ཝ་ཎ་མཐོ་རིམ་སློབ་གྲྭ་ཆེན་མོ་ནས་སྤར་པ་དེ་ཉིད་ལ་རྒྱ་ནག་སྐད་དམ། ཨིན་འགྱུར། ཧིནད་སྐད་འགྱུར་གཉིས། སྐད་དེ་དག་ལས་གང་ཡང་རུང་བ་ཁྱེད་ཀྱིས་མཁྱེན་ཚེ། བདག་གིས་བསྒྱུར་པའི་་གླེགས་བམ་དེ་ན་མ་དག་པ་དང་། བསྒྱུར་ཚུལ་མི་འགྲིག་རྣམས་གསུང་ཐུབ་ན་མཁས་པའི་བྱ་བར་འགྲོ་ངེས། དེ་མིན་སྐྱེ་བ་ཕྱི་མར་བོད་སྐད་ལེགས་པར་འབྱུང་བ་ལ་སྨོན་ལམ་རྒྱབ་པ་ལ་ཁྱེད་ཀྱི་སློབ་སྟོན་བྱེད་མི་དགོས་པར་མཐོང་ངོ་།། ཚིག་མ་དག་པ་ཡོད་ངེས་ཞུས་དག་དགོས་ན་བྱེད་གྲོགས་བཀའ་དྲིན་ཆེ།
དྲ་གྲོགས་མོད་པོ་ཞིག་ཕེབས་ནས་རང་ཉིད་ཀྱི་བསམ་ཚུལ་ལྷུག་པོར་བརྗོད་འདུག དེ་དག་ལས་ཀྱང་རང་ཉིད་ཀྱི་བསམ་ཚུལ་ལམ་བགྲོ་གླེང་བྱེད་མཁན་ཞིག་ནི་ལ་དྭགས་བློ་བཟང་དང་དོན་གོ་གཉིས་རེད་འདུག རྣམ་པ་གཉིས་ཀྱིས་བགྲོ་གླེང་གི་ཁོར་ཡུག་ཅིག་བསྐྲུན་པར་ང་རང་ཐེ་བའི་དྲ་གྲོགས་ཡོངས་ཀྱིས་བསྔགས་བརྗོད་བྱེད་འོས་པ་ཞིག་རེད། གང་ལྟར། རྣམ་པ་གཉིས་ཀྱིས་བརྗོད་པ་ནི་ཡིག་ནོར་དང་བཏགས་ནོར་གྱི་ཁྱད་པར་དང་། ཐ་སྙད་རེ་ཟུང་། བསྡུས་ཚིག་སོགས་ཀྱིས་མཚོན་པའི་བོད་ཀྱི་སྐད་ཡིག་ཆག་འཇིག་གི་སྐོར་ལ་གསུངས་བཞིན་ཡོད་པ་འདྲ བདག་ལ་དེ་ལས་ཚོར་སྣང་གཞན་ཞིག་སྤྲད་པ་ནི་རྣམ་པ་གཉིས་ཀྱི་ཤེས་ཡོན་རྨང་གཞི་མཐུག་མིན་དང་། རང་རང་གི་འཇོན་ཐང་ཡོད་མིན་གྱི་ཐད་ནས་ཏོག་ཙམ་སྤྲོས་འདུག་པའི་གོ་བ་ཞིག་རྙེད་སོང་། རྣམ་པ་གཉིས་ཀྱིས་དེ་ལྟར་མ་ཡིན་པར་བདག་གཞན་གཉིས་ཀ་ལ་སྨན་པའི་དགོངས་ཚུལ་དང་། ཀུན་གྱིས་བགྲོ་གླེང་བྱེད་འོས་པའི་གླེང་གཞི་ཞིག་གི་ཐོག་ཏུ་འགྲོ་ན་དགའ་བསུ་ཚད་མེད་ཞུ། དེ་མིན་མི་གཞི་ཡག་སྡུག་གི་བགྲོ་གླེང་དེ་ད་ལྟའི་སྐབས་འདིར་བཏང་སྙོམས་སུ་བཞག་ན་འོས་པར་མཐོང་ངོ། འདི་ནི་བདག་གི་བརྗོད་པའི་སྐད་ཆ་ཁ་ཤས་ཡིན།
དྲ་གྲོགས་ཨ་ར་དཀར་པོས་བདག་གི་བཏགས་ནོར་ཚོ་བཏུས་པས་དཀའ་ངལ་བྱུང་ཡོད་རྒྱུ་རེད། དེ་ལའང་ཐུགས་རྗེ་ཆེ་ཞུ།
ད་དུང་ཨ་ར་དཀར་པོས་་་་་་་་་་བདག་གི་འོ་ཚོད་་་་་འདི་ལྟར་་་་་་་་འོལ་ཚོལ་་་་་་་་་་ལ་བསྒྱུར་ཏེ་ཁོ་རང་གིས་ཀྱང་འོལ་ཚོད་ཅིག་བྲིས་འདུག འོལ་ཚོད་མི་ཤེས་ན་འོལ་ཚོད་ཀྱིས་མ་འབྲི་རོགས་ཟེར་བ་ཡིན།
དོན་གོ་ལེགས། ལན་སླེབས་པར་ཧཧཧ་ཧ་ཧོ།
བཀའ་བསྟན་གསུང་འབུམ་གང་རུང་ལ་ལྟས་པའི་འབྲས་བུརས་ཞེས་པའི་ལན་དུ།
བདག་གིས་བཀའ་བསྟན་ལ་སྦྱོང་བ་ཕར་ཞོགས་མིག་བཤར་ཅིག་ཀྱང་བརྒྱབས་མྱོང་མེད་མོད།
ཅེས་པ་དེ་ཟོལ་མེད་ཀྱི་གཏམ་ཡིན་ན། ཁྱེད་སྦྱང་མ་དགོས་པར་མཁྱེན་པ་ཀློང་ནས་རྡོལ་བ་རང་བྱུང་གི་སྐྱེས་བུ་རྩད་ཆེན་པོ་ཞིག་ཡིན་ཤས་ཆེ། ད་ལྟ་ང་ལ་ཁྱེད་ཀྱི་མཆན་ལ་ལན་འདེབས་ལོང་མེད། གང་ཡིན་ཟེར་ན། རྒྱ་གར་རྒྱལ་ས་རུ། ༧གོང་ས་སྐྱབས་མགོན་ཆེན་པོ་དང་། རྒྱ་གར་སྲིད་བློན་དང་། རྒྱ་གར་གྱི་མཁྱིམ་མཚེས་རྒྱལ་ཁབ་རྣམས་ཀྱི་སྲིད་བློན་སོགས་ཞལ་འཛོམས་པའི་དགའ་སྟོན་དུ། རྒྱ་གར་མྱ་ངན་མེད་ཀྱི་ཕོ་ཉ་ཞེས་པ་ནས་ཁོ་བོ་དང་ཁོ་བའི་བོད་རིག་གཞུང་སྐད་ཡིག་སློབ་མ་་ལས་གྲོགས་བཅས་ལའང་གནམ་གྲུ་གླ་སོགས་འགྲོ་སོང་མཐུན་རྐྱེན་བསྒྲིགས་ཏེ་མགྲོན་དུ་བོས་པ་དང་། ཉིན་བཞི་ཚོགས་འདུའི་རྗེས་ཆོས་འཁོར་གནས་དང་། གནས་མཆོག་རྡོ་རྗེ་གདན་དང་། བྱ་རྒོད་ཕུང་པོའི་རི་དང་། དཔལ་འདམ་བུ་སྦྱིན་གྱི་དགོན་བཤུལ་དག་ཏུ་གནས་བསྐོར་རམ་གནས་མཇལ་དུ་འགྲོ་བའི་གྲས་སུ་ཁོ་བོ་ཅག་ཀྱང་འགྲོ་རྩིས་ཡོད་པའི་གནས་ཚུལ་ཐོས་ནས་ཁྱེད་ཀྱི་ཡིད་ལ་དགའ་བ་སྐྱེ་བའམ་ ་ ་ ་ ་
མིག་གསུམ་པ་ལགས།
འོལ་ཚོད་འོལ་ཚོལ་དུ་ཐལ་བ་དེ་ཁྱེད་ཀྱིས་བཤད་པའི་བཏགས་ནོར་ཟེར་བ་དེ་རེད། འོན་ཀྱང་གསལ་སྟོན་གནང་བ་ཡག་བྱུང་།
དྲ་གྲོགས་ཨ་ར་དཀར་པོ་ལགས། བཏགས་ནོར་ཡིན་པ་ཤེས་ན་འགྲིག་གི རྗེས་མ་ནས་་་་་་་་་་་་་་་་་་་་
དྲ་གྲོགས་ལ་དྭགས་བློ་བཟང་ལ་ཞུ་རྒྱུར། གཤམ་ནས་སྒྲ་སོར་བཞག་གིས་ལ་དྭགས་ཀྱི་སྐད་དུ་བརྗོད་ཚེ།
ཆེ་ཆ་ག་པ་ཏ་ཡོད་པ་མ་ཧེ། ཟླ་བོ་ཧོབ་བཏང་ན་ཁྲིག་ར། ཆེ་ཆ་ག་ཕོག་ན་ཧྲོ་མ་ལངས་ཧེ། ཞབས་རྒྱོ་ཞབས་རྒྱོ་ཟེར་ར་ཧེ།་་་་་་་་ཁྱོད་གཉིས་ཀས་ཤེས་ཀྱི་ཡོད་མ་རེད། སྐད་ཆ་མང་པོ་བཤད་ན་འགྲིག་གི་རེད། ཕན་ཚུན་ཁོང་ཁྲོ་མ་ལངས། ངས་སྐུ་མཁྱེན་སྐུ་མཁྱེན་ཟེར
དོན་གོ་ལགས་ཀྱི་མཐའ་མའི་མཆན་དེའི་ནང་དུ། ང་ནི་གང་ལྟར་བཀའ་བསྟན་ནི་མཇལ་མྱོང་ཁྱོན་ནས་མེད། ཅེས་པ་འདིས་ཁྱོད་ཀྱི་ཆུ་ཚད་ཧ་ལམ་དཔོག་ཐུབ་སོང་། ཁྱེད་ལྟ་རྒྱ་མཐོང་རྒྱ་ཆེ་ཙམ་གནང་ན་རང་མི་རིགས་ཀྱི་སྐད་ཡིག་ལ་བོགས་ཐོན་པའི་ཐ་སྙད་མང་དག་གཅིག་ཤེས་ཐུབ་ངེས་རེད། དེ་མིན་དེང་སང་ཐ་སྙད་གསར་བཟོ་མང་དག་གཅིག་བཟོ་བཞིན་འདུག་མོད། དོན་དུ་ན། ཐ་སྙད་མང་དག་བཀའ་བསྟན་ནང་ལ་ཡོད་པ་ལ་རྨོངས་པའི་དབང་གིས་བཀོལ་སྤྱོད་བྱེད་མ་ཤེས་པའི་ཉེར་ལེན་ལས་ཡིན་པ་ནི་མཁད་དབང་མང་པོས་གསུངས་བཞིན་འདུག
ད་ལྟ་བོད་ཀྱི་གནས་སྟངས་སྐོར་ལ་མཁས་པ་རྣམས་ཀྱི་གསུང་བཤད་ཉན་པར་འགྲོ་བ་ལ་སྒུག་སྐབས་དང་། མཁས་པ་ཞིག་བོད་སྐད་ནས་ཨིན་སྒྱུར་གྱི་སློབ་སྦྱོང་ལ་ཕེབས་མ་ཐུབ་པས། དུས་ཐོབ་ནས་མཆན་བུ་འདི་བཀོད་ལོང་བྱུང་། རྒྱ་གར་ལ་འགྲོ་རན་པས་འདིའི་རྗེས་སུ་མཆན་བུ་འབྲི་ལོང་མེད་ལགས།
སྤྱིར་བོད་གངས་ཅན་པ་སུ་ཡིན་རུང་༧སྐྱབས་མགོན་པད་དཀར་འཆང་བའི་བཀའ་ལ་རྩི་མཁན་ཞིག་ཡིན་པའི་ཆ་ནས་རང་རེས་གཞན་ལ་དམའ་འབེབས་དང་། ཟོལ་སྦྱོར་གྱི་སྤྱོད་པ་སྤངས་ཏེ་དྲང་པོའི་ལམ་ན་འགྲོ་དགོས། ད་གྲོགས་མིག་གསུམ་པས་གསུངས་པ་ལྟར་རང་རེས་བྱ་བ་ངན་པ་སྤངས་ནས། གཞུང་བཟང་ངོ་ཚ་ཁྲེལ་ཡོད་ཀྱིས་མཆན་བུ་འགོད་ཐུབ་ན། བོད་སྤྱིའི་སྐད་ཀྱི་དག་ཆ་ཀུན་ལུང་པ་སོ་སོའི་ཁ་སྐད་ཇག་པས་འཕྲོག་པའི་དུས་འདིར་བློ་གྲོས་ཀྱི་རྩལ་ཅི་ཡོད་ཀྱིས་བསྲུང་དགོས་ཏེ། ཆོས་རྗེ་ས་པཎ་གྱིས་ལེགས་བཤད་ན་འདི་ལྟར་གསུངས་ཏེ།
གཞུང་བཟང་ངོ་ཚ་ཁྲེལ་ཡོད་ན།
དགྲ་བོ་ཡང་ཡིད་བརྟན་རུང་།
གཞུང་བཟང་དགྲ་ལ་སྐྱབས་སོང་བས།
སྲོག་གི་བར་དུ་བསྐྱབས་པ་ཐོས། ༦༥ །། ལེའུ་ ༨
དེ་མ་ཡིན་པར་གཞན་ལ་དམའ་འབེབས་བྱེད་ཅིང་། ང་རང་ཡིན་སེམས་པ་ནི་བདག་རང་ཡིན་ན་ཡང་གཤམ་གསལ་གྱི་ཚུལ་ལས་མ་འདས་ཏེ།
ངན་པ་ཕལ་ཆེར་རང་གི་སྐྱོན།
གང་ཡིན་གཞན་ལ་འགོད་པར་བྱེད།
ཁྭ་ཏས་མི་གཙང་ཟོས་པའི་མཆུ།
ས་གཙང་གཞན་ལ་འབད་ནས་འཕྱིད།། ༥ །། ལེའུ་ ༣ པ།
དོན་གོ་ལེགས། ལན་སླེབས་པར་ཧཧཧ་ཧ་ཧོ། དགོད་པའི་དོན་་མ་ཡིན་པར་གོ་བ་ཡོད་མཁན་ལ་དགོད་བྲོའི་ཚུལ་དུ་དགའ་བ་བཞི་མཚོན་པ་ཡིན།
དེ་བས་ཁྱོད་ཀྱིས་མགོ་ན་རག་བར་དུ་བཀའ་བསྟན་ལ་འཇུར་བ་ལས་ང་ལ་རྗེས་སུ་ཡི་རང་དང་སློབ་སྦྱོང་བྱ་དགོས་རེད་དྲན།
ཞེས་པར་མགོ་ནས་མཇུག་བར་དང་། མགོ་ནས་རྐང་པ་བར་དང་། མགོ་ནས་རྟིང་པ་བར་ཞེས་པ་བོད་བརྡ་དུ་མ་ཡོད་བཞིན་དུ། མགོ་ན་རག་བར་དུ་ཞེས་བོད་སྤྱིའི་བརྡ་མ་ཡིན་པ་ཁ་སྐད་བཀོལ་པ་དེ་ཁྱོད་ལ་བོད་སྤྱིའི་སྐད་ཀྱི་མུ་གེ་ཤོར་བ་མ་ཡིན་ནམ། གཞན་ཡང་། ན་ཡིག་དེ་ཉིད་རྣམ་དབྱེ་གཉིས་པ། བཞི་པ། བདུན་པ་བཅས་ལ་འཇུག་པ་ལས་སྡུད་པ་ལ་མི་འཇུག་སྟེ། ཇི་སྐད་དུ་དབྱངས་ཅན་གྲུབ་པའི་རྡོ་རྗེས།
སུ་རུ་ར་ཏུ་ན་ལ་དུ།
ལ་དོན་རྣམ་པ་བདུན་ཡིན་ཏེ།
རྣམ་དབྱེ་གཉིས་བཞི་བདུན་པ་དང་།
ཞེས་དང་།
ནས་ལས་འབྱུང་ཁུངས་དགར་སྡུད་དེ།
འབྱུང་ཁུངས་དངོས་ལ་གང་སྦྱར་འཐུས།
རིགས་མཐུན་དགར་ནས་མི་མཐུན་ལས།
སྡུད་ལ་ནས་སྒྲ་ཁོ་ན་འཇུག
ཅེསགསུངས་པ་ཡོད་ན། ང་ལ་དམའ་འབེབས་བྱེད་པ་ལས་ཁྱོད་ཀྱིས་བོད་སྐད་ཀྱི་བརྡ་སྤྲོད་མཁན་པོ་ཞིག་རྟག་སྦྱོར་དང་གུས་སྦྱོར་གྱིས་བསྟེན་ནས། བོད་ཀྱི་བརྡ་སྤྲོད་ལ་སྦྱངས་ན། བདག་གིས་བྲིས་པའི་བརྗོད་པ་ཁྱེད་ལ་ཀློག་པར་སྟབས་བདེ་མེད་་པ་དག་དང་། མཁས་པ་དག་གིས་བྲིས་པའི་རྩོམ་ཡིག་རྣམས་ད་གཟོད་ཁྱོད་ཀྱིས་གོ་ཐུབ་པ་ཞིག་འབྱུང་ངེས་ལགས། གཞན་ཡང་།
ཞུས་དག་འདི་མ་དག་པ་སྟེ། འདི་ལ་དྭགས་ཀྱི་ལུང་སྐད་ཡིན་ན་གང་ཤེས་མ་གཏོགས། ང་ཚོའི་བོད་སྐད་དུ་ཞུ་དག་ཅེས་འབྲི་བ་ལས་དེ་ལྟར་མ་ཡིན།
ཞེས་པར་ཞུས་དག་ཅེས་པ་སྔར་སྒྲ་སྒྱུར་མཁན་པོ་དག་གིས་རྒྱ་གར་གྱི་མཁན་པོ་རྣམས་ལ་ཞུས་ནས། ཚིག་དོན་རྣམས་དག་པར་བྱེད་པ་པོ་ལ་ཞུས་དག་པ་དང་། དེ་ཡི་བྱ་བ་ལ་ཞུས་དག་ཅེས་བྱུང་བའི་བརྡ་ཚིག་སྟེ། ད་དུང་ཁྱོད་ཀྱིས་ཞུས་དག་ཅེས་པའི་བརྡ་འབྱུང་བའི་ལོ་རྒྱུས་དེ་ཡང་ཤེས་མི་འདུག་ན། བཀའ་བསྟན་གཞུང་ལུགས་བཀླགས་ཏེ། དེ་ཉིད་ཁྱོད་ཀྱིས་སྦྱང་དགོས་པ་མ་ཡིན་ནམ། ལ་དྭགས་པའི་ཁ་རྒྱུན་དུ། ཆག་པོས་གས་པོ་ལ་ཁྲེལ། ཞེས་པ་དེ་ཁྱོད་ལ་འབབ་ཡོད་པ་ཞིག་ཏུ་མཐོང་ངོ་།
ཞར་བྱུང་དུ། ཨ་ར་དཀར་པོ་ལེགས་དང་། ལ་དྭགས་པ་མང་པོས་ཀྱང་མར་ཡུལ་ཞེས་པར་མང་ཡུལ་ཞེས་བྲིས་པ་དང་། འབྲི་བ་ཡང་་མཐོང་སྟེ། མང་ཡུལ་ནི་སྟོད་གངས་རིའི་ཤར་ན་ཡོད་པ་དང་། མར་ཡུལ་ནི་སྟོད་གངས་རིའི་ནུབ་བྱང་ཕྱོགས་ཏེ། ད་ལྟ་ལ་དྭགས་ཟེར་བ་དེ་ཡིན། བུ་སྟོན་ཆོས་འབྱུང་རྙིང་པ་ན་མར་ཡུལ་ཞེས་ཡོད་པར་མངོན་ཏེ། ཨོ་རུ་སུ་ཡི་་མཁས་དབང་། ཨི་ ཨོ་བེར་མི་ལླར་ཞེས་པའི་ཨིན་འགྱུར་ཤོག་གྲངས་༢༠༠ན་མར་ཡུལ་the country of Marཞེས་བྱུང་། ད་ལྟའི་བུ་སྟོན་ཆོས་འབྱུང་བོད་ཡིག་དཔེ་རིང་དང་། དེབ་གཟུགས་གཉིས་ཀ་ན་མ་དག་པར་མང་ཡུལ་ཞེས་འཁོད། ཐང་སྟོང་རྒྱལ་པོའི་རྣམ་ཐར་ན། མང་ཡུལ་ཞེས་དང་། མར་ཡུལ་ཞེས་་ཤོག་གྲངས་སོ་སོ་ན་ཡུལ་ལུང་མི་འདྲ་བ་ཡིན་པ་གསལ། ཐང་སྟོང་རྒྱལ་པོ་མར་ཡུལ་དུ་ཧོར་གྱི་དམག་ཟློག་ལ་བྱོན་པར་མངོན་ནོ།།
དྲ་གྲོགས་ལྷག་པ་ལགས། ཉིད་ཀྱིས་དོན་གོ་མིང་ཅན་ལ་སློབ་གསོ་རང་བཞིན་གྱི་སྐད་ཆ་བརྗོད་པ་ལས། ལ་དྭགས་བློ་བཟང་གིས་གསུངས་པ་བཞིན་དུ་བཀའ་བསྟན་གླེགས་བམ་ལ་མཐུན་མིན་དང་། སུམ་རྟགས་དག་གསུམ་ལྟར་འཇུག་མིན་གྱི་ཐད་ནས་ཇི་ཙམ་རྒྱས་སྤྲས་བྱས་ན་རང་གཞན་གཉིས་ཀ་ལ་ཕན་པའི་རྒྱུ་རེད། དེ་མིན་སྟོང་བཤད་ཀྱི་སྐད་ཆ་དེ་དག་ལ་ཕ་རོལ་བའི་ཕལ་ཆེར་ཉན་འཇོག་བྱེད་ཀྱི་མ་རེད་འདོད་ཀི ཁྱོད་ཀྱི་བརྗོད་སྟངས་དེ་བགྲོ་གླེང་གི་གར་སྟེགས་སུ་བརྗོད་པ་ཞིག་མ་ཡིན་པར་ཁོང་ཁྲོ་སློང་བྱེད་ཀྱི་ཚིག་འགའ་རེད། བདག་གིས་དྲང་ཐད་ནས་བརྗོད་པ་ཡིན་པས་དགོངས་ཚུལ་དང་མི་མཐུན་པ་མཆིས་ཚེ་གསལ་འདེབས་གནངས་རོགས།
བདག་གིས་ཇི་སྲིད་རྣམཔ་་ཐམས་ཅད་མཁྱེན་པའི་གོ་འཕང་རིན་པོ་ཆེ་མངོན་དུ་མ་བྱས་བར་དུ་བོད་སྐད་སོགས་ཤེས་བྱ་ཀུན་ལ་སྦྱོང་། ཁྱོད་སེམས་རྣལ་དུ་གནས་པར་གྱུར་ཅིག