ཀོ་ལི་གྷ་གཞུང་པ་ཚེ་དབང་བསོད་ནམས།
ཀ་དག་ཕྱག་རྒྱ་དམ་ཆོས་བདུད་རྩི་ལ།།
ཁ་ཙམ་མིན་པའི་དད་པའི་ཨ་ལོང་དགོས།།
དགའ་བ་བརྒྱ་ཁྲག་ལྡན་པའི་ནང་བསྟན་ལ།།
ང་རྒྱལ་སྤང་ནས་དད་གུས་བརྟན་ན་བཟང་།།
ཅ་ཅོ་ཆོས་མེད་ཀླ་ཀློའི་རྒྱུགས་ཁྱི་ཚོ།།
ཆ་རྒྱུས་མེད་ནས་བསྟན་ལ་སྐུར་བ་འདེབས།།
ཇ་ཆང་ཁ་ལ་སྦྱར་ནས་ལས་ངན་བསགས།།
ཏ་ཐ་ག་ཏའི་བསྟན་པ་ཟབ་མོ་ལ།།
མཐའ་མི་ཡིན་ཀྱང་དད་གུས་ཆེ་ལ་ལྟོས།།
ད་ལྟའི་སྐབས་སུ་དམ་ཆོས་མ་བསྒྲུབ་ན།།
ན་སོ་རྒས་དུས་དབང་པོས་ནུས་པར་དཀའ།།
པ་ཏྲ་འདྲ་བའི་རི་མོ་མང་པོ་འདུག །
ཕ་ལམ་འདྲ་བའི་རྡོ་རིགས་མང་པོ་འདུག །
བ་ཕྱུགས་འདྲ་བའི་དུད་འགྲོ་མང་པོ་འདུག །
མར་གྱུར་སེམས་ཅན་གསུང་མཁན་མང་པོ་འདུག །
རྩ་བ་མེད་པར་རྩེ་མོ་གང་ནས་ཡོང་།།
ཚ་གྲང་མེད་ན་ཚོར་བ་གང་ནས་ཡོང་།།
མཛའ་བརྩེ་མེད་ན་སྙིང་རྗེ་གང་ནས་སྐྱེ།།
ཝ་སྤྱང་འདྲ་བའི་ཆོས་མེད་ཀླ་ཀློ་ཚོོ།།
ཞྭ་མོ་ནག་པོ་བདེན་པའི་མི་ལ་བསྐོན།།
ཟ་འཐུང་ལོངས་སྤྱོད་སྤྱི་རྒྱུ་ཧམ་ཟས་མང་།།
འ་ར་འུར་རེའི་ནུས་མེད་ཞིབ་འཇུག་མང་།།
ཡ་མཚན་ཆེ་བའི་གླེང་གཞི་གང་སར་ཁྱབ།།
ར་ལུག་གསོས་ནས་འཚོ་བ་སྐྱེལ་མཁན་མང་།།
ལ་རྒྱ་མེད་ནས་རང་དོན་སྒྲུབ་མཁན་མང་།།
ཤ་ཚ་སྙིང་རྗེ་མེད་པའི་མི་རིགས་མང་།།
ས་དང་ལམ་གྱི་གོ་འཕང་ཐོབ་འདོད་ན།།
ཧམ་པ་མ་བྱེད་དམ་ཚིག་བསྲུང་ན་དགའ།།
ཨ་གསར་མ་བྱེད་རང་གི་རིག་གཞུང་སྲུངས།།
ཀ་ཁ་ནས་བཟུང་སུམ་རྟགས་གང་ཐུབ་སྦྱོངས། །
ཁ་ལག་ནས་བཟུང་སྤྱོད་ལམ་འཕྲོད་བསྟེན་གཟོབས། །
ག་ས་ག་རུ་བསྡད་ཀྱང་ལ་རྒྱ་སོམས། །
ངའི་ཁྱོད་ཕ་ཡུལ་ཆོས་བརྒྱུད་མ་འགྲན་དང་། །
ཅང་མེད་ཆོས་མེད་གཞན་རྒྱུགས་མ་བྱས་པར། །
ཆ་ཆེད་རྒྱུས་མེད་མི་ལ་མ་ར་ེབར། །
ཇ་ཆང་ཁ་ལ་རོལ་ནས་རང་དོན་སྒྲུབས། །
ཉ་དང་ཉམས་ཆུང་འགྲོ་ལ་གཞན་དོན་སོམས། །
ཏ་ཐ་ག་ཏའི་བསྟན་པ་ལུང་རྟོགས་གཉིས། །
མཐའ་མི་མེས་པོས་འཆད་སྒྲུབ་བྱས་ལ་ལྟོས། །
ད་ལྟའི་དུས་སུ་ཐོས་བསམ་མ་བྱས་ན། །
ན་སོ་རྒས་དུས་སྒོམ་སྒྲུབ་ག་ལ་ནུས། །
པ་ཏྲ་འདྲ་བའི་རི་མོ་མང་པོ་འདུག །
ཕ་ལམ་འདྲ་བའི་རྡོ་རིགས་མང་པོ་འདུག །
བ་ཕྱུགས་འདྲ་བའི་དུད་འགྲོ་མང་པོ་འདུག །
མར་གྱུར་སེམས་ཅན་བསམ་མཁན་བོད་རིགས་ཙམ། །
ཞྭ་མོ་ནག་པོ་གཞན་མགོར་མ་བཀོནད་ཅིག །
ཟ་འཐུང་ལོངས་སྤྱོད་སྤྱི་རྫས་མ་བསྲེས་ཤིག །
འ་ར་འུར་རེའི་གཞན་སྨོད་མ་གྱིས་ཤིག །
ཡང་དག་ཆོས་དང་ལམ་ལ་མ་དམོད་ཅིག །
ར་ལུག་གསོས་ནས་འཚོ་བ་སྐྱེལ་མཁན་མང་།།
ལ་རྒྱ་མེད་ནས་རང་དོན་སྒྲུབ་མཁན་མང་།།
ཤ་ཚ་སྙིང་རྗེ་མེད་པའི་མི་རིགས་མང་།།
ས་ཡོམ་རྒྱག་དུས་རོགས་བྱེད་བོད་རིགས་མང་། །
ཧོལ་རྒྱུགས་མེ་པར་རང་ཁྲིམས་བསྲུང་ན་དགའ།།
ཨ་གསར་མེད་པར་རིག་གཞུང་བསྲུང་ན་དགའ། །
ཁ་ཞེ་གཉིས་མེད་དབུས་ལམ་འགྲོ་ན་དགའ། །
རང་བཙན་རྩོད་མིར་རྒོལ་རྡུང་མེད་ན་དགའ། །
བོད་མིའི་རིགས་ཀྱི་ལས་དབང་ཀ་བཤད་ཅིག །
ཀོ་ལི་གྷ་ཡི་གཞུང་པ་ཚེ་བསོད་ཀྱིས། །
ཁ་བརྡར་བྲིས་པར་ལད་ཟློས་ཀ་ཕྲེང་ཞིག །
ཁ་བརྡ་འདི་རུ་ཀརྡོའི་ཁ་ནས་ཤོར། །
ཆ་ཆེད་རྒྱུས་མེད་མི་ལ་མ་ར་ེབར། །
འདི།
ཆ་མེད་རྒྱུས་མེད་མི་ལ་མ་ར་ེབར། །
མཐའ་མི་མེས་པོས་འཆད་སྒྲུབ་བྱས་ལ་ལྟོས། །
འདི།
མཐའ་མི་མེས་པོས་འཆད༼བཤད་༽་སྒྲུབ་བྱས་ལ་ལྟོས། །