ཡོང་ཁུངས། བོད་ཀྱི་དུས་བབ།
ཁ་སང་དཀར་མཛེས་ཁུལ་གསེར་རྟ་རྫོང་ཧོར་ཤུལ་གྱི་བོད་མི་ཞིག་གི་གཡག་རྐུན་མས་འཁྱེར་ཡོད་པ་ཧ་གོ་ཡང་ཉེན་རྟོག་པ་དང་རྐུན་མ་མཉམ་འབྲེལ་བྱས་ཏེ་རྒྱུ་བདག་ལ་མེ་མདའ་བརྒྱབ་འདུག
ཉེ་སྔོན་ཧོར་ཤུལ་ཡུལ་ཤོག་རི་ཁག་གཉིས་པའི་ཁྱིམ་ཚང་འགའ་ཞིག་གི་ནོར་ཕྱུགས་གཡག་ ༣༠ ཙམ་རྐུན་མས་འཁྱེར་ཡོད་པ་དང་། ཁ་སང་ཚེས་ ༣༠ ཉིན་ཁ་ཆེ་བ་ཞིག་གི་རླངས་འཁོར་ནང་གཡག་དེ་དག་འཁྱེར་ཡོད་པ་ཧ་གོ་ནས་གཡག་དེ་དག་བཙོང་མཁན་སུ་ཡིན་རྩད་གཅོད་བྱས་ཀྱང་ངོས་ལེན་བྱས་མེད་སྟབས།
འཕྲོས་འབྲེལ་ཐག་འདི་ནས་གཟིགས། http://tibettimes.net/བོད་མི་རྒྱུ་བདག་ཚོར་མེ/
གཏུག་བཤེར་ཡི་གེ། 起诉书
སྤྱི་ལོ༢༠༡༦ལོའི་ཟླ༣པའི་ཚེས༣༠ཉིན་གྱི་ཕྱི་དྲོ་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གསེར་རྟ་རྫོང་ཧོར་ཤུལ་ཤོག་ཏུ་ཉེན་རྟོག་པ་དང་རྐུན་མའི་ཚོགས་ཁག་གཉིས་ཁྱི་སྤྱང་མཉམ་འབྲེལ་བྱས་ཏེ་དོན་རྐྱེན་ཚབ་ཆེན་བཟོས།
ཉེ་སྔོན་ཧོར་ཤུལ་ཡུལ་ཤོག་གི་རུ་ཁག་གཉིས་པའི་ཁྱིམ་ཚང་འགའི་ནོར་གནག་སུམ་བཅུ་ལྷག་རྐུན་མས་བརྐུས་སོང་། རྗེས་ནས་རྒྱུ་བདག་གིས་ཁ་ཆེ་བའི་རླངས་འཁོར་ཆེ་བ་ཞིག་གི་ནང་དུ་གཡག་དག་བརྫབས་ནས་འགྲོ་བཞིན་པ་མཐོང་སྟབས་ཁ་ཆེ་བ་ལ་གཡག་འཚོང་མཁན་སུ་ཡིན་དྲིས་ཚེ་ཁ་ཆེས་བས་དོན་དངོས་གསལ་བོར་ཁས་མ་བླངས་པ་རེད།
རྗེས་སུ་རྒྱུ་བདག་གིས་རང་གི་སྒོ་ཟོག་ཕྱིར་བླངས་ཤིང་ཁ་ཆེ་བས་རྐུན་མ་སུ་ཡིན་མ་བཤད་པས་ཁ་ཆེ་བའི་རླངས་འཁོར་ཡང་ལག་ནས་བླངས་པ་རེད། ཁ་སང་སྟེ་༢༠༡༦ཟླ་༣ཚེས་༣༠ཉིན་གྱི་ཕྱི་དྲོ་གསེར་རྟ་རྫོང་གི་ཉེན་རྟོག་པ་ཧོར་ཤུལ་ཡུལ་ཤོག་ཏུ་ཁ་ཆེ་བའི་རླངས་འཁོར་ལེན་དུ་ཡོང་བ་རེད།
སྐབས་དེར་ཟོག་བདག་ཁྱིམ་ཁ་གཉིས་ཀྱིས་ཉེན་རྟོག་པ་ལ་གནས་ལུགས་རྒྱུ་མཚན་བཤད་ཅིང་གོ་བརྡ་སྤྲད་ཚེ་ཉེན་རྟོག་པ་དང་རྐུན་སྡེ་ཡིས་མེ་མདའ་བཟུང་སྟེ་ཕྱིར་རྒྱུ་བདག་གི་སྟེང་དུ་ལོག་ནས་མི་ཟོག་ཚང་མར་རྨས་སྐྱོན་ཚབས་ཆེན་ཐེབས་འདུག
རྨས་མ་དག་རྫོང་སྨན་ཁང་གིས་སྨན་བཅོས་མ་ཐུབ་པར་ད་ལྟ་ཁྲིན་ཏུའི་སྨན་ཁང་དུ་ཡོད། གནས་ཚུལ་འདིའི་བྱུང་རིམ་གྱི་མགོ་མཇུག་ཆ་ཚང་གི་དངོས་ཐོག་བདེན་དཔང་ལ་གསེར་རྟ་རྫོང་ཉེན་རྟོག་ཁང་ཡོད། གནས་ཚུལ་རྒྱུས་ལོན་བྱས་པ་ལྟར་ན་རྨས་མ་དག་སྲོག་ཉེན་ཆེ་བར་འདུག
ཁྲིམས་ལྡན་ཡིན་ཟེར་ནས་རྒྱལ་ཁབ་ཅིག་གི་ནང་ལོགས་ལ་འདི་ལྟ་བུའི་རུལ་སུངས་ཀྱི་བྱ་སྤྱོད་བྱུང་བར་ང་ཚོས་མཐའ་གཅིག་ཏུ་རྒོལ་བ་ཤུགས་དྲག་གཏོང་དགོས། གཏུག་བཤེར་འདི་ལ་བོད་རིགས་ནང་མི་གཙོས་གནས་ལུགས་བརྩི་སྲུང་མཁན་ཚོས་བརྒྱུད་སྤེལ་གང་མང་མཛད་རོགས།
༢༠༡༦.༣.༣༡ལ།
གསར་འགྱུར་བརྒྱུད་སྒྲོག་པ་གསེར་གུར།
举报信息
色达县公安刑警大队和偷牦牛的土匪合作最新新闻。公历2016年3月30日下午,色达县霍西乡霍西村出事新闻的内容。最近色达县霍西乡二大队几户人家,不幸遇到一些土匪抢偷了三十多条牦牛,他们在牦牛弄走大车上的时候,当地的老百姓看到了甘肃牌照的车上,牦牛的主人些追到后,几家的牦牛全在车上,拿牦牛的人是几个回族、牦牛主人些看见这些人后,问他们你们从哪里弄来的我的这些牦牛?怎么问他们没有说土匪的名字,这说了我从小偷手上买的,然后车和牦牛一起带回了霍西乡二大队村里,16年3月30日下午色达县的公安刑警大队带来了几个合作土匪的回族,来了霍西乡,说牦牛是你们的可以还给你们,车马上还给我们,然后当地的老百姓说,你们色达警方保护土匪和骗人也是你们自由的,但抢偷我们牦牛的坏人一定要抓到,你们不抓土匪我们不会这个车还给你他们,怎么讲道理也是警方根本就听不进去,因为土匪一起有警方内部的人,所以不得不保护,然后车主回族和牦牛主人些 打起来了,公安刑警大队对牦牛主人开了十一抢,打中了九枪,打伤了四个人,然后病人送去了色达县医院,县医院治不好,去了成都医院,有心的人们好好想一想,公安是个什么的?公安是保护坏人的吗?公安是陷害老百姓的吗?如果共产党有领导的话,赶快处理色达县公安刑警大队的队长,这个事情请大家多多转发,尤其是报上省政府,和中央政府!感谢大家!
གཞན་ནས་བཤུས།
བོད་ཀྱི་ས་ཆ་ཆུང་ཆུང་ཅིག་ཡིན་ན་ཡང་། རྒྱ་མི་དང་། རྒྱ་གཞུང་ལ་མ་ཤོར་བའི་ཐབས་ཤེས་བྱེད་དགོས་རེད དེ་ལ་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱབ་ནས། དཔུང་སྒྲིག་དགོས་རེད་གདའ།
རྒྱ་མི་ཚོ་ལ། ཡུལ་ཆུ་ འཐུང་ནས། ཡུལ་ཁྲིམས་ འཁྱེར་ དགོས་སྟངས་ སློབས་དགོས། རེད། བོད་ མི་ཚོ།།