བོད་མི་ལོང་བ་ཞིག་གི་༼སྐྱོ་གདུང་གི་སྨྲེ་ངག༽ ཅེས་པའི་གཞས། Posted on 2015-01-222015-01-22 By ཁ་བརྡ་ 8 Comments on བོད་མི་ལོང་བ་ཞིག་གི་༼སྐྱོ་གདུང་གི་སྨྲེ་ངག༽ ཅེས་པའི་གཞས། གཞས་པ། ཀླུ་སྒྲུབ། གླུ་གཞས།
དམུས་ལོང་དུ་སྐྱེས་ཀྱང་རུང་། རེ་བ་ནི་ཚེ་སྲོག་རེད། ཕྱི་མ་རུ་མི་ལུས་ཅིག ད་ལྟ་ནས་རེ་ལ་ལྟོས། རེ་ཡོད་ནི་ཡར་འགྲོ་རེད། རེ་མེད་ནི་མར་འགྲོ་རེད། ཚེ་སྲོག་དེ་མ་ཆད་བར། རེ་བ་ནི་མ་བརླག་ཅིག
ཚིག་ཁྱབ་་་་་་་ཁྱབ་ཕྱུག་བཀྲ་རྒྱམ། གདང་་་་་་་་་་་མགོན་པོ་དོན་འགྲུབ། གཞས་པ་་་་་་ཀླུ་གྲུབ། ༡༽མི་ཡུལ་འཇིག་རྟེན་སྒྱུ་མའི་གྲོང་ཁྱེར་ནས། མི་ལུས་ཐོབ་ཀྱང་མིའི་དོན་མ་མཚུངས་ཐལ། རང་ཁྱིམ་ཕ་མའི་གདུང་བ་མ་དབང་ན། ཕ་ཁྱིམ་དྲོན་མོ་མ་བསྐྱུར་ག་མེད་རེད། ཨུམ—-ཨུམ—- ཕ་ཁྱིམ་དྲོན་མོ་མ་བསྐྱུར་ག་མེད་རེད། ༢༽ རང་ཡུལ་བསྐྱུར་ནས་གཞན་ཡུལ་འགྲིམས་པའི་དུས། རང་སེམས་སྐྱོ་བའི་སྐྱོ་གླུ་ཤུགས་ཀྱིས་གྱེར། མི་ཚོགས་མང་པོ་འདུ་བའི་གྲོང་མཐའ་ན། ང་དང་པི་ཝང་ངེད་གཉིས་ཉམ་རེ་ཆུང།། ཨུམ—-ཨུམ—- ང་དང་པི་ཝང་ངེད་གཉིས་ཉམ་རེ་ཆུང།། ༣༽ མཚམས་རེར་བསང་ཆུ་སྔོན་མོའི་གཞུར་སྒྲ་ཉན། ལན་རེ་བྱེའུ་ཆུང་འཇོལ་མོའི་སྐད་ལ་ཉན། ལོ་དང་ཟླ་བ་ཅི་ཙམ་འདས་ཀྱང་རུང། རང་ཡུལ་ཕ་མའི་གསུང་སྐད་མ་ཐོས་ཐལ། ཨུམ—- ཨུམ—- རང་ཡུལ་ཕ་མའི་གསུང་སྐད་མ་ཐོས་ཐལ། ༤༽ དམུས་ལོང་ལུས་རྟེན་དཀོན་མཆོག་ལྷ་ལ་བཅོལ། ཉམ་ཆུང་སྤྲང་པོ་བླ་མའི་ཐུགས་ལ་བཟུང། ད་ལྟ་ཆོས་ལྡན་ཞིང་ནས་སྐྱེས་པའི་དོན། ཕྱི་མར་མི་ལུས་གཙང་མ་ཐོབ་པར་ཤོག ཨུམ—-ཨུམ—- ཕྱི་མར་མི་ལུས་གཙང་མ་ཐོབ་པར་ཤོག ཨུམ—-ཨུམ—- ཨུམ—-ཨུམ—- ཉམ་ཆུང་དམུ་ལོང་འདི་ཡིས་བླངས་པའི་གླུ་འདི་ཉན་པས་རང་བཞིན་གྱིས་མིག་ཅན་ལའང་སྐྱོ་སྣང་དང་སྙིང་རྗེ་སྤུ་སུད་ཅིག་སྐྱེས་བྱུང། ནུབ་ཕྱོགས་རྒྱལ་ཁབ་སོགས་ལ་དམུ་ལོང་ཡིན་ཀྱང་རང་གིས་རང་ཁ་གསོ་བའི་ལས་རིགས་ཇི་སྙེད་ཅིག་བསླབས་ཏེ་མུག་ཅན་དང་འདྲ་མཉམ་གྱི་གོ་གནས་ཡོད་པར་མ་ཟད་ཁོང་ཚོར་འགྲུལ་འཁོར་དང་མེ་འཁོར་ལས་སོགས་གང་དུ་འགྲོ་ནའང་དམིགས་བསལ་ཁོང་ཚོར་ཆེད་དུ་བཟོས་པའི་ཐབས་ལམ་དང་མཐུན་རྐྱེན་བསྐྲུན་ཡོད་འདུག་ཅིང་མ་ཟད་ATM ནས་དངུལ་ལེན་དགོས་བྱུང་ནའང་མིག་མེད་ལ་བརྡ་མཚོན་གྱི་འབུར་རྟགས་བཀོད་ཡོད་འདུག མིག་མེད་ཚོས་གློག་ཀླད་བརྒྱུད་ཨི་མེལ་ཀྱང་ཕར་གཏོང་ཚུར་ལེན་གྱི་ཐབས་ལམ་མཐུན་རྐྱེན་བཟང་པོར་བཀོད་སྒྲིག་བྱས་ཡོད་འདུག མིག་མེད་གླུ་བ་འདི་ཡིས་གཞས་ཚིག་ལ་ལྟས་ན་བོད་ཞི་བདེ་ཅན་དང་ནང་པ་སྙིང་རྗེ་ཅན་ཚོས་མཐོང་ཆུང་དང་མ་ཟད་རང་གི་ཕ་མས་ཀྱང་བལྟ་རྟོག་མེད་ཚུལ་གསལ་འདུག་ཅིང་དེ་ལྟར་བདེན་ན་སྙིང་རྗེ་ཟེར་བ་དེ་ཚིག་གོག་ཙམ་ལས་དོན་ཕན་གྱི་སྙིང་རྗེ་ཞིག་མེད་ཚོད་རེད།
་་་་་་་་་ མིག་མེད་གླུ་བ་འདི་ཡིས་གཞས་ཚིག་ལ་ལྟས་ན་བོད་ཞི་བདེ་ཅན་དང་ནང་པ་སྙིང་རྗེ་ཅན་ཚོས་མཐོང་ཆུང་དང་མ་ཟད་རང་གི་ཕ་མས་ཀྱང་བལྟ་རྟོག་མེད་ཚུལ་གསལ་འདུག་ཅིང་དེ་ལྟར་བདེན་ན་སྙིང་རྗེ་ཟེར་བ་དེ་ཚིག་གོག་ཙམ་ལས་དོན་ཕན་གྱི་སྙིང་རྗེ་ཞིག་མེད་ཚོད་རེད། ་་་་་་་་་་་
སྙིང་རྗེ་ཅན་ཚོས་སྒོར་མོ་ཡི་སྦྱིན་བདག་བྱེད་ཐུབ་ན། མྱིག་ཞིག་སྤྲོད་རྒྱུ་ནི་དཀའ་མོ་ཞིག་མ་རེད། ཁྱུང་སེ་ལགས་ལ། ངོ་མས་(སྐྱོ་སྣང་དང་སྙིང་རྗེ་སྤུ་སུད་ཅིག་སྐྱེས་བྱུང)ཡོད་ན། འབྲེལ་ཐག་འདི་ནས་མགོ་བརྩམས་སྟེ། ཁོང་ལ་རག་པ་བྱེད་ཐུབ་པ་ཞིག་རེད། དེ་མིན་སོ་སོའི་སྙིང་རྗེ་ལ་ཡང་གཤོག་པ་མེད་དུས། མི་ཚོ་ལ། ཅིག་མི་བཟང་གི། འདི་མི་འགྲིག་གི་ཟེར་ནས། ཚོད་ཚོད་ལ་ཚོད་འདྲ་ཞིག་རྒྱག་གི་མ་བསྡད་ན་བཟང་ནི་རེད། http://www.telegraph.co.uk/news/science/science-news/9243223/Eye-implant-restores-vision-to-blind-patients.html རོགས་བྱེད་ཀྱི་འབྱོར་ལྡན་པ་ཞིག་དང་ཁ་འཕྲོད་པར་ཤོག།
ངས་འབྲེལ་བ་བྱེད་སླ་མོ་ཞིག་ཡོད་ན་སྒོར་དོག་ཁ་ཤས་ཟིག་ད་སྦྱིན་ནི་རེད་་་་་ཡིན་ནའང་འདི་མུག་གི་སློང་ཡིག་དང་སློང་བྱང་མང་ནི་རེད་ཡིད་མི་ཆེས་ཀི་་་་་སྔོན་ལོ་སྔོན་ལོར་ཡུ་ཤུལ་དོན་རྐྱེན་ལ་ངས་མང་ང་མང་ང་ཟིག་ད་སྦྱིན་མ་ནུས་མྱང་སྒོར་དོག་ཆ་ཟིག་སྦྱིན་ནི་ཡིན། ཡིན་ནའང་རྗེས་སུ་བསྔོ་རྫས་དེ་དག་གར་སོང་ཆ་མེད་དུ་སོང་ཐལ།
དམུས་ལོང་དུ་སྐྱེས་ཀྱང་རུང་།
རེ་བ་ནི་ཚེ་སྲོག་རེད།
ཕྱི་མ་རུ་མི་ལུས་ཅིག
ད་ལྟ་ནས་རེ་ལ་ལྟོས།
རེ་ཡོད་ནི་ཡར་འགྲོ་རེད།
རེ་མེད་ནི་མར་འགྲོ་རེད།
ཚེ་སྲོག་དེ་མ་ཆད་བར།
རེ་བ་ནི་མ་བརླག་ཅིག
ཚེ་ཐག་དེ་མ་ཆད་པར།
རི་བ་དེ་མ་བརླག་ཅིག
ཚེ་ཐག་དེ་མ་ཆད་པར།
རེ་ཐག་དེ་མ་གཅོད་ཅིག
ཚིག་ཁྱབ་་་་་་་ཁྱབ་ཕྱུག་བཀྲ་རྒྱམ།
གདང་་་་་་་་་་་མགོན་པོ་དོན་འགྲུབ།
གཞས་པ་་་་་་ཀླུ་གྲུབ།
༡༽མི་ཡུལ་འཇིག་རྟེན་སྒྱུ་མའི་གྲོང་ཁྱེར་ནས།
མི་ལུས་ཐོབ་ཀྱང་མིའི་དོན་མ་མཚུངས་ཐལ།
རང་ཁྱིམ་ཕ་མའི་གདུང་བ་མ་དབང་ན།
ཕ་ཁྱིམ་དྲོན་མོ་མ་བསྐྱུར་ག་མེད་རེད།
ཨུམ—-ཨུམ—-
ཕ་ཁྱིམ་དྲོན་མོ་མ་བསྐྱུར་ག་མེད་རེད།
༢༽ རང་ཡུལ་བསྐྱུར་ནས་གཞན་ཡུལ་འགྲིམས་པའི་དུས།
རང་སེམས་སྐྱོ་བའི་སྐྱོ་གླུ་ཤུགས་ཀྱིས་གྱེར།
མི་ཚོགས་མང་པོ་འདུ་བའི་གྲོང་མཐའ་ན།
ང་དང་པི་ཝང་ངེད་གཉིས་ཉམ་རེ་ཆུང།།
ཨུམ—-ཨུམ—-
ང་དང་པི་ཝང་ངེད་གཉིས་ཉམ་རེ་ཆུང།།
༣༽ མཚམས་རེར་བསང་ཆུ་སྔོན་མོའི་གཞུར་སྒྲ་ཉན།
ལན་རེ་བྱེའུ་ཆུང་འཇོལ་མོའི་སྐད་ལ་ཉན།
ལོ་དང་ཟླ་བ་ཅི་ཙམ་འདས་ཀྱང་རུང།
རང་ཡུལ་ཕ་མའི་གསུང་སྐད་མ་ཐོས་ཐལ།
ཨུམ—- ཨུམ—-
རང་ཡུལ་ཕ་མའི་གསུང་སྐད་མ་ཐོས་ཐལ།
༤༽ དམུས་ལོང་ལུས་རྟེན་དཀོན་མཆོག་ལྷ་ལ་བཅོལ།
ཉམ་ཆུང་སྤྲང་པོ་བླ་མའི་ཐུགས་ལ་བཟུང།
ད་ལྟ་ཆོས་ལྡན་ཞིང་ནས་སྐྱེས་པའི་དོན།
ཕྱི་མར་མི་ལུས་གཙང་མ་ཐོབ་པར་ཤོག
ཨུམ—-ཨུམ—-
ཕྱི་མར་མི་ལུས་གཙང་མ་ཐོབ་པར་ཤོག
ཨུམ—-ཨུམ—-
ཨུམ—-ཨུམ—-
ཉམ་ཆུང་དམུ་ལོང་འདི་ཡིས་བླངས་པའི་གླུ་འདི་ཉན་པས་རང་བཞིན་གྱིས་མིག་ཅན་ལའང་སྐྱོ་སྣང་དང་སྙིང་རྗེ་སྤུ་སུད་ཅིག་སྐྱེས་བྱུང། ནུབ་ཕྱོགས་རྒྱལ་ཁབ་སོགས་ལ་དམུ་ལོང་ཡིན་ཀྱང་རང་གིས་རང་ཁ་གསོ་བའི་ལས་རིགས་ཇི་སྙེད་ཅིག་བསླབས་ཏེ་མུག་ཅན་དང་འདྲ་མཉམ་གྱི་གོ་གནས་ཡོད་པར་མ་ཟད་ཁོང་ཚོར་འགྲུལ་འཁོར་དང་མེ་འཁོར་ལས་སོགས་གང་དུ་འགྲོ་ནའང་དམིགས་བསལ་ཁོང་ཚོར་ཆེད་དུ་བཟོས་པའི་ཐབས་ལམ་དང་མཐུན་རྐྱེན་བསྐྲུན་ཡོད་འདུག་ཅིང་མ་ཟད་ATM ནས་དངུལ་ལེན་དགོས་བྱུང་ནའང་མིག་མེད་ལ་བརྡ་མཚོན་གྱི་འབུར་རྟགས་བཀོད་ཡོད་འདུག མིག་མེད་ཚོས་གློག་ཀླད་བརྒྱུད་ཨི་མེལ་ཀྱང་ཕར་གཏོང་ཚུར་ལེན་གྱི་ཐབས་ལམ་མཐུན་རྐྱེན་བཟང་པོར་བཀོད་སྒྲིག་བྱས་ཡོད་འདུག མིག་མེད་གླུ་བ་འདི་ཡིས་གཞས་ཚིག་ལ་ལྟས་ན་བོད་ཞི་བདེ་ཅན་དང་ནང་པ་སྙིང་རྗེ་ཅན་ཚོས་མཐོང་ཆུང་དང་མ་ཟད་རང་གི་ཕ་མས་ཀྱང་བལྟ་རྟོག་མེད་ཚུལ་གསལ་འདུག་ཅིང་དེ་ལྟར་བདེན་ན་སྙིང་རྗེ་ཟེར་བ་དེ་ཚིག་གོག་ཙམ་ལས་དོན་ཕན་གྱི་སྙིང་རྗེ་ཞིག་མེད་ཚོད་རེད།
སྤུན་ཟླ་རེ་ཐག་མ་ཆད། ཁྱེད་ཀྱི་མཐའ་བསྐོར་དུ་ཡོད་པའི་སྤུན་ཟླ་ཚོས་ཁྱེད་ལ་གཅེས་སྐྱོང་ཐོབ་པར་སྨོན།
་་་་་་་་་ མིག་མེད་གླུ་བ་འདི་ཡིས་གཞས་ཚིག་ལ་ལྟས་ན་བོད་ཞི་བདེ་ཅན་དང་ནང་པ་སྙིང་རྗེ་ཅན་ཚོས་མཐོང་ཆུང་དང་མ་ཟད་རང་གི་ཕ་མས་ཀྱང་བལྟ་རྟོག་མེད་ཚུལ་གསལ་འདུག་ཅིང་དེ་ལྟར་བདེན་ན་སྙིང་རྗེ་ཟེར་བ་དེ་ཚིག་གོག་ཙམ་ལས་དོན་ཕན་གྱི་སྙིང་རྗེ་ཞིག་མེད་ཚོད་རེད། ་་་་་་་་་་་
སྙིང་རྗེ་ཅན་ཚོས་སྒོར་མོ་ཡི་སྦྱིན་བདག་བྱེད་ཐུབ་ན། མྱིག་ཞིག་སྤྲོད་རྒྱུ་ནི་དཀའ་མོ་ཞིག་མ་རེད། ཁྱུང་སེ་ལགས་ལ། ངོ་མས་(སྐྱོ་སྣང་དང་སྙིང་རྗེ་སྤུ་སུད་ཅིག་སྐྱེས་བྱུང)ཡོད་ན། འབྲེལ་ཐག་འདི་ནས་མགོ་བརྩམས་སྟེ། ཁོང་ལ་རག་པ་བྱེད་ཐུབ་པ་ཞིག་རེད། དེ་མིན་སོ་སོའི་སྙིང་རྗེ་ལ་ཡང་གཤོག་པ་མེད་དུས། མི་ཚོ་ལ། ཅིག་མི་བཟང་གི། འདི་མི་འགྲིག་གི་ཟེར་ནས། ཚོད་ཚོད་ལ་ཚོད་འདྲ་ཞིག་རྒྱག་གི་མ་བསྡད་ན་བཟང་ནི་རེད།
http://www.telegraph.co.uk/news/science/science-news/9243223/Eye-implant-restores-vision-to-blind-patients.html
རོགས་བྱེད་ཀྱི་འབྱོར་ལྡན་པ་ཞིག་དང་ཁ་འཕྲོད་པར་ཤོག།
ངས་འབྲེལ་བ་བྱེད་སླ་མོ་ཞིག་ཡོད་ན་སྒོར་དོག་ཁ་ཤས་ཟིག་ད་སྦྱིན་ནི་རེད་་་་་ཡིན་ནའང་འདི་མུག་གི་སློང་ཡིག་དང་སློང་བྱང་མང་ནི་རེད་ཡིད་མི་ཆེས་ཀི་་་་་སྔོན་ལོ་སྔོན་ལོར་ཡུ་ཤུལ་དོན་རྐྱེན་ལ་ངས་མང་ང་མང་ང་ཟིག་ད་སྦྱིན་མ་ནུས་མྱང་སྒོར་དོག་ཆ་ཟིག་སྦྱིན་ནི་ཡིན། ཡིན་ནའང་རྗེས་སུ་བསྔོ་རྫས་དེ་དག་གར་སོང་ཆ་མེད་དུ་སོང་ཐལ།