སང་སང་འོད་ཟེར།
བཙན་བྱོལ་སྤྱི་ཚོགས་ནང་ཀུན་ལ་ཕན་པའི་སྐད་གྲགས་འཇོག་མ་ཐུབ་པར། སོ་སོ་སྐད་གྲགས་ཅན་ཆགས་པར་འདོད་ན། ༧གོང་ས་མཆོག་དང་དབུ་མའི་ལམ་ལ་ཁ་རྡུང་ཤུགས་ཆེན་གཏོང་ཁུལ་བྱས་ན། མི་དེར་དེང་དུས་ཀྱི་མང་གཙོའི་ལྟ་གྲུབ་དང་མཐུན་པའི་བསམ་བློ་འདུག་ཅེས་བོད་མི་ཁག་ཅིག་གིས་ཁོང་ལ་བསྟོད་པ་བྱེད་ཀྱི་རེད། ཁག་ཅིག་གིས་རྒྱ་ནག་གི་ཉུལ་མ་རེད། ལྟ་ལོག་རེད་ཟེར་ནས་ཁོང་ལ་ཁ་རྡུང་གཏོང་གི་རེད། དེའི་བར་ནས་ཁོང་སྐད་གྲགས་ཅན་ཆགས་ཀྱི་རེད།
ཡང་ན་༧གོང་ས་མཆོག་ལ་དད་པ་ཡོད་ཁུལ་དང་། དབུ་མའི་ལམ་གྱི་ལྟ་གྲུབ་ཤེས་མདོག་བྱས་ནས། རང་བཙན་འཐབ་རྩོད་པ་གཞོན་ལྷན་སོགས་ལ་ཁ་རྡུང་གཏོང་བ་དང་། རྒྱ་མི་ལ་འཆམ་མཐུན་བྱེད་ཁུལ། བོད་ནང་ནས་ལས་འགུལ་སྤེལ་ན་འཚེ་བའི་ཕྱོགས་སུ་འགྲོ་བར་སེམས་ཚབས་ཡོད་ཁུལ་བྱས། ད་དུང་༧གོང་ས་མཆོག་གི་དབུ་ཁྲིད་འོག་ཏུ་ཕྱག་ལས་གནང་མཁན་ཚོས་༧གོང་ས་མཆོག་གི་བཀའ་བཞིན་སྒྲུབ་ཀྱི་མེད་སྐོར་སོགས་གང་སར་བཤད་ན། ནང་ཁུལ་ཆབ་སྲིད་འཁྲབ་སྟོན་པ་ཁག་ཅིག་གིས་ཁོང་ལག་ཆར་ཉར་གྱི་རེད་ལ། དེ་དང་མཉམ་དུ་ཆབ་སྲིད་འཁྲབ་སྟོན་པས་ཁོང་ལ་བསྟོད་པ་བྱེད་ཀྱི་རེད། (དེ་འདྲར་ཆེད་དུ་ལས་ཀ་སྤྲད་པའི་རིགས་ཀྱང་བོད་པའི་སྤྱི་ཚོགས་ནང་སྔ་ཕྱི་བར་གསུམ་དུ་བྱུང་མྱོང་འདུག) དེར་བརྟེན་བོད་དོན་ལས་འགུལ་བས་ཁོང་ལ་ཁ་རྡུང་གཏོང་གི་རེད་ལ། ཁོང་ཚོ་བློ་ཕམ་ཡོང་བ་མ་ཟད། ༧གོང་ས་མཆོག་གི་བཀའ་དང་འགལ་གྱི་འདུག་ཅེས་བསྙོན་འཛུགས་བྱས་ཨེ་ཡོང་སྙམ་པའི་སེམས་ཁྲལ་ཡང་ཡོད་པ་རེད། ཆབ་སྲིད་འཁྲབ་སྟོན་པའི་བསྟོད་བསྔགས་དང་། ལས་འགུལ་བའི་ཁ་རྡུང་བར་ནས་མི་དེ་སྐད་གྲགས་ཡོད་པ་ཞིག་ཆགས་ཀྱི་རེད།
སྐད་གྲགས་ལ་བཟང་གྲགས་དང་ངན་གྲགས། རྒྱུ་མཚན་ཅི་ཡང་མེད་པར་འུར་ཟིང་ངང་སྐད་གྲགས་ཆགས་པ་བཅས་ཡོད་པ་རེད། ད་ཐེངས་ཀྱི་སྐད་གྲགས་ཆགས་སྟངས་གཉིས་དེ་འུར་ཟིང་ངང་སྐད་གྲགས་ཆགས་པ་རེད། འུར་ཟིང་ངང་སྐད་གྲགས་ཆགས་ཐབས་བྱེད་མཁན་བོད་མིའི་སྤྱི་ཚོགས་ནང་ད་ལྟ་ཧ་ཅང་མང་པོ་འདུག དེ་ལྟར་བྱས་རྗེས་བོད་མིའི་ལས་འགུལ་ཁ་འཐར་ལ་གནོད་པ་མ་ཟད། དངོས་སུ་ལས་དོན་བྱེད་མཁན་ཚོར་གནོད་པ་ཤུགས་ཆེན་སྐྱེལ་རྒྱུ་ཡིན་པས། བསམ་གཞིག་བྱེད་དགོས་པར་སྣང་། རྒྱུ་མཚན་མེད་པར་གང་བྱུང་བཤད་ན་སྨྲ་བརྗོད་རང་དབང་དང་ཡང་མཐུན་གྱི་མ་རེད།།
xxxxxxxxxxxxxxxxxxxxx
ཧཧཧཧཧ རེ་ཟད་ཁྱི་སང་ཞེས་པས་མི་ནོར་འདུག གཏམ་ལ་ཉན་འཇོག་མ་བྱས་པར་དོན་མེད་བསྙོན་འཛུགས་མ་བྱེད།
སང་སང་ལགས་ཀྱིས་གསུང་ལ་གནས་ལུགས་འདུག དེང་སང་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདི་བལ་ཡུལ་ཆབ་སྲིད་ཚོགས་ཁག་དང་གཅིག་པ་ཆགས་གྲབས་བྱེད་ཀྱི་འདུག ཕན་ཚུན་སྐྱོན་འཛུགས་དང་དགག་རྒྱག་གཙོ་བོར་གླེང་བ་ལས་ཕན་ཚུན་ཕྱར་གྲུ་མཉམ་གྱི་སྐད་ཆ་ཤོད་མཁན་ཉུང་ཉུང་རེད། ཁས་ཤས་ཀྱིས་རྐང་བཙུགས་ནས་བསྙོན་འཛུགས་དང་གླེང་འགེལ་བྱེད་ཅི་ཐུབ་ཀྱི་འདུག དངོས་གནས་ཕན་ཚུན་ལྷག་བསམ་རྣམ་དག་ཡིན་ན་དྲ་འབུ་ཚོའི་མདུན་དུ་དཀྲིགས་ཤིང་གི་ཚིག་ངན་སྐྱུག་པ་ལས་ཕན་ཚུན་ནང་ཁུལ་ལ་ཡིག་ངག་གང་རུང་ནས་གྲོས་འདེབས་བྱས་ཅིས་མི་འགྲིག དྲ་ཐོག་ཏུ་དཀྲིགས་ཤིང་ཆགས་གཞིའི་རྩོམ་འཆལ་སྤེལ་བ་ནི་རྣམ་དཔྱོད་དང་ལྷག་བསམ་ཡོད་པ། སྤྱི་དོན་བསམ་མཁན་ཞིག་གི་བྱེད་སྟངས་རྩ་ནས་མ་རེད།
ཁར་པར་ནང་ནས་བྲིས་ཙང་མང་པོ་ཆད་འདུག་པས་དགོངས་དག་ཞུ།
སྤྱིར་ང་ཚོའི་སྤྱི་ཚོགས་སྟེང་ལས་འགུལ་སོགས་གང་ཞིག་ལ་ཡང་ཕྱར་གྲུ་མཉམ་འདེགས་བྱེད་མཁན་ལས་དགག་རྒྱག་བྱེད་མཁན་མང་བ་ཡོད་པ་ང་ཚོས་ཤེས་གསལ་རེད། ཕྱོགས་གཅིག་ནས་བཤད་ན་དགག་རྒྱག་བྱས་པ་དེ་ཡང་ཡག་པོ་རེད་རྒྱུ་མཚན་གང་ཡིན་ཟེར་ན་ང་ཚོས་རང་ཉིད་ཀྱི་སྐྱོན་ཆ་དེ་མཐོང་ནས་བཤད་པ་དེ་རྗེས་སུ་སྐྱོན་དེ་འདྲའི་རིགས་མི་ཡོང་བའི་ཆེད་དུ་རེད། ཡག་པའི་ཆ་ནས་མ་གླེང་སྡུག་པའི་ཆ་ནས་གླེང་ཟེར་བ་བཞིན་སྐྱོན་དང་ནོར་འཁྲུལ་ང་ཚོས་མ་གླེང་ན་སུས་གླེང་། ནོར་འཁྲུལ་ཆུང་དུས་མ་གླེང་ན་ཆེན་པོ་ཆགས་དུས་ངོ་ཚ། བྱས་ཙང་ང་ཚོས་སྐྱོན་ཆུང་ས་ནས་གླེང་རྒྱུ་དེ་ཡང་གལ་ཆེ།
ཡང་ཕྱོགས་གཞན་ཞིག་ནས་མི་ཁ་ཤས་ཀྱིས་གཞན་གྱིས་སྤེལ་བའི་ལས་འགུལ་དེ་ཡག་ཉེས་གང་ཡིན་དང་ཁེ་གྱོང་ག་རེ་ཡོད་པ་ལ་བསམ་བློ་རྩ་བ་ནས་མ་བཏང་བར་ལམ་སེང་ནོར་འཁྲུལ་ལྟ་བུ་བརྩིས་ནས་དགག་པ་རྒྱག་པ་དང་མི་དགའ་བའི་གཏམ་བརྗོད་པ་དེ་ཚོ་ཡང་མི་བཟང་བར་སེམས། ང་ཚོས་མི་རིགས་ཤིག་གི་ཆེད་དུ་ལས་འགུལ་སྤེལ་མཁན་རྣམས་ལ་རྒྱབ་སྐྱོར་དགོས་ལ་དེ་བཞིན་ཤ་ཚའི་ཐོག་ནས་ནོར་འཁྲུལ་དེ་ཡོ་བསྲང་བྱས་ན་མི་རིགས་འདི་ལ་ཕན་སྲིད་ལ་ཕ་རོལ་གྱི་གང་ཟག་དེ་ལ་ཡང་ཕན་སྲིད། དེ་ན་ང་ཚོ་བོད་རིགས་ཚང་མས་རང་རིགས་ཀྱི་ཆེད་དུ་ལས་འགུལ་སྤེལ་བར་ཐོག་མར་རྗེས་སུ་ཡི་རང་དང་དགའ་གུས་ཞུ་དགོས་པ་དེའང་གལ་ཆེ།
རེ་ཟད་ཁྱི་སེང་ལགས། ངས་འདི་ནས་སྐད་ཆ་ཚིག་གཅིག་བཤད་དགོས་འདུག དོན་མེད་སྙོན་འཛུགས་རྒྱུ་མི་བཟང་གི། འོད་ཟེར་དུས་དབང་རྗེས་ཕ་ཡུལ་དུ་ལོག་ཚར་བ་རེད། ཕ་ཡུལ་ནས་ཕྱི་ལོག་གི་དྲ་ཚིགས་ལ་ལྟ་ཀློག་བྱེད་ཐུབ་ཀི་ཡོད་མེད་ཚང་མས་ཤེས་གསལ་རེད། སྐད་ཆ་དྲང་མོ་བཤད་དགོས་ཡ།
xxxxxxxxxxxxxxx
སང་སང་ལགས་ཀྱིས་འདྲ་པོ་ཞེ་དྲག་བྲིས་འདུག དངོས་གནས་ངའི་བསམ་ཚུལ་དང་མཐོང་ཚུལ་ཡང་དེ་རང་ཡིན། དེ་རིང་ཁ་སང་དེ་འདྲ་པོ་ཞེ་དྲག་མང་པོ་འདུག་ག ཁ་གདང་མ་ཐག་ནས་མི་ལ་བརྙས་འདོགས་བྱེད་ཀྱིས།
xxxxxxxxxxxxxxxxxxxxxxxxxx
སང་སང་འོད་ཟེར་ལགས་ཀྱིས་གནད་ལུགས་ལྡན་པའི་དཔྱད་རྩོམ་གྱི་སློབ་བྱ་ཐུང་ཐུང་དེར་ཡི་རང་ཡོད། འོན་ཀྱང་སྐབས་འཚོལ་བ་འགས་སྨྱུག་ཁ་ནང་དུ་གཏོད་ནས་མིང་གྲགས་ཀྱི་ཆེད་དུ་ཅི་ཡང་བཤད་ཀྱི་རེད་ལ། རང་ཉིད་ཀྱི་ལྟོ་གོས་དང་མིང་གྲགས་ལས་བསམ་བློ་མེད་པས་ཁྱེད་ཀྱིས་ལེགས་བཤད་དེར་ཉན་འཇོག་མི་བྱེད།
བོད་ཀྱི་གཞོན་ཚོགས་ཚོ་དངོས་ཤུགས་རྐྱེན་ཧ་ཅང་ཆེན་པོ་རེད་མ་འོངས་པ་ན་རེ་བ་ཆེ་ཤོས་ཁོ་ཚོ་རྒྱབ་སྐྱོར་སྙིང་གཏིང་ཡོད་གཞན་པ་ཚོ་ཁ་བདེ་ཁོག་བདེ་དངོ་གནས་རེད་་་་་་་་་་་་་་་དྲང་མོ་ཡིན་སེམས་ལ་མ་ཕོག་རོགས་གྲ་གྲོགས་ཚོ་ད་སྐུ་བདེ་བོ་བྱོས་་་་་་་་་་་་
སང་སང་ལགས་ཀྱིས་གསུངས་པར་རྒྱབ་སྐྱོར་ཡོད། དེང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་སྨྱུག་ཐོག་པ་རེ་ཟུང་གིས་དོན་སྟོང་མིང་རྫིག་པོ་རེ་རག་ཆེད་ཐབས་བྱུས་སྣ་ཚོགས་ཀྱི་སྒོ་ནས་རང་དོན་སྒྲུབ་བཞིན་ཡོད་པ་ནི་དོན་དངོས་རེད། དེ་ཡང་ཁྱེད་ཀྱི་གསུངས་པ་བཞིན་རང་མི་སྣ་རེ་ཟུང་གིས་རང་ཉིད་སྔོན་མཐོན་དང་ཁ་རེ་ཁ་ཐུག་ཡིན་མདོག་གིས་༧གོང་ས་མཆོག་དང་བོད་གཞུང་སྐྱོན་བརྗོད་བྱེད་ཀྱི་ཡོད་ལ་བོད་རིགས་ཀླད་མེད་འགས་མི་དེ་རིགས་སྔོན་མཐོན་དང་བསམ་བློ་བར་བརྩིས་ནས་བསྟོད་ཁུལ་བྱས་དང་བྱེད་བཞིན་ཡོད། དོན་དངོས་ཐོག་མི་དེ་རིགས་ཀྱིས་སྨྱུག་རྩེ་གཏོད་དགོས་སར་གཏོད་ཐུབ་ཀྱི་མེད་པ་རེད། དེར་བརྟེན་ང་ཚོས་མི་དེ་རིགས་ཟབ་ནན་གནང་གལ་ཆེའོ།
སང་སང་ནི་ཉི་མའི་འོད་ཟེར་རང་རེད། ཀུན་ལ་ཁྱབ་པའི་གནད་ལུགས་ལྡན་པ་ཞིག་བཤད་འདུག། འོན་ཀྱང་སོ་སོ་གང་ཡང་ལས་མི་ཐུབ་པའམ་གང་ཡང་མི་འཇོན་པ་དེ་ཚོ་གཞན་གྱི་ལས་པ་དང་འཇོན་པ་ལ་མིག་ལམ་དུ་མི་བདེ་བར་ག་དུས་ཡིན་ཡང་ཟུར་དང་སུལ་གང་ནས་སྐྱོན་མེད་ལ་སྐྱོན་ཞིག་རག་ཐབས་བྱེད་པ་དང་། ཡང་ན་གཞན་གྱི་བྱས་རྗེས་ལ་འཚེ་བ་ཡིན་ཁུལ་དང་སྡིག་པ་ཡིན་ཁུལ་སྨྲས་ཏེས་རང་ཉིད་ལས་མཁས་པ་དང་རང་ཉིད་ལས་ལྷག་ཅིག་མེད་ཁུལ་བྱེད་པ་ནི་ཧོལ་རྒྱུགས་ཀྱི་ངང་ནས་བལྟས་ན་བདེན་བདེན་འདྲ་སྣང་ཡང་ཞིབ་ཏུ་བལྟས་ན་བླུན་པོའི་ངང་ཚུལ་ལས་མ་འདས། ཡང་ཅིག་བཤད་ན་དམངས་གཙོའི་སྤྱི་ཚོགས་ཞིག་ཡིན་ན་སྲིད་དོན་ཤོག་ཁག་ངེས་པར་དུ་དགོས་པ་རེད་ལ་ཤོག་ཁག་ཕན་ཚུན་ལྷག་བསམ་རྣམ་དག་གི་སྒོ་ནས་ནོར་འཁྲུལ་ལ་སྐྱོན་འདོན་བྱས་ནས་ནོར་འཁྲུལ་ཡོ་སངས་བྱེད་དགོས་པ་ཡིན་དུས་ནང་ཁུལ་རྙོག་འཛིང་ཆེ་ཡང་ཁ་ཕྱི་ལ་བསྐོར་དུས་རྡོག་རྩ་ཅིག་སྒྲིལ་དགོས་པ་རེད་ལ་དགྲ་གཉེན་གྱི་དབྱེ་འབྱེད་ཤེས་པར་བྱས་ནས་མཉམ་རུབ་ཀྱིས་དགྲ་བོའི་ཁ་གཏད་གཅོག་དགོས་པ་རེད། དེ་མིན་ནམ་ཡང་དགྲ་བོའི་བརྙས་བཅོས་དང་མནར་གཅོད་ལས་ནམ་ཡང་ཐར་གྱི་མ་རེད་ལ་ནམ་ཡང་དགྲ་བོ་ལས་རྣམ་པར་རྒྱལ་བ་ཞིག་ཁག་པོ་རེད།
xxxxxxxxxxxxxxx
རྩོམ་འདིའི་བརྗོད་དོན་བདེན་པ་མ་རེད་ལབ་མི་ཐུབ་པའི་ཚོད་ལ་མི་འདུག་གམ། རྩོམ་སྟངས་ལེགས་སོ། ཕན་ཐོག་ཡོང་ངེས་ལགས།
གསེར་རྟ་བསོ་ནམ་གི་ག་རེ་གསུངས་གི་ཡོད་ནི་རེད།
ཁྱེད་རང་ཡང་སྐད་གྲགས་ཆགས་བསམ་ན་སང་སང་ལགས་ཀྱིས་གསུངས་པ་བཞིན་ཉམས་སུ་ལོངས་ལོ་་་
xxxxxxxxxxxxxxx
བྲིས་ནོ་ཡག་གི དོན་ལྡན་ཞིག་བྲིས་འདུག མི་ངན་འགའི་ངོ་གདོང་ངོ་མ་དེ་འདིར་བྲིས་འདུག ངོ་མི་ཤེས་བས་མི་ཁྱོད་ལ་ཐུགས་རྗེ་ཆེ་ཟེར་ན་འདོད་སོང་།
You wrote “འུར་ཟིང་ངང་སྐད་གྲགས་ཆགས་ཐབས་བྱེད་མཁན་བོད་མིའི་སྤྱི་ཚོགས་ནང་ད་ལྟ་ཧ་ཅང་མང་པོ་འདུག ”
Yet, you could not give a single name for an example, WHY ?
(My Tib fonds not working for now, so had to write in Eng. sorry about that)
རེ་ཟད་ཁྱི་སེང་ལགས་སུ་ཞུ་རྒྱུར། ཕྱོགས་རིས་བྱས་པའི་གནས་ཚུལ་རྡུལ་ཙམ་མཆིས་ཚེ་འདིར་དེ་དང་དེ་ཞེས་མཛུབ་མོས་སྟོན་རོགས། ངས་འདིར་དོན་མེད་དོགས་པ་ཟོས་ན་མི་བཟང་གི་བསམ་ནས་གསལ་བཤད་བྱས་པ་ཙམ་ཡིན། ཤེས་ཡིན་དུ་གསལ་བཤད་མ་བྱས་ཚེ་དེ་ཡང་ནོར་འཁྲུལ་བྱས་པར་བརྩི་དགོས་པ་རེད།
ཁ་བརྡ་ཚང་ཐུགས་རྗེ་ཆེ། གང་ཟག་ཡན་ག་བ་རེ་ཟུང་གིས་ཕྱོགས་རིས་དང་འཐེན་འཁྱེར་གྱི་དུག་བསྲེས་ཏེ། ཕུག་དཀྲུགས་མདའ་དཀྲུགས་ཀྱི་ཟིང་ཆེན་སློང་བཞིན་འདུག་པས། ཁྱེད་རྣམ་པས་མཆན་དེའི་རིགས་རྩ་མེད་བཟོས་པར་དགའ་བསུ་རྒྱ་ཆེ་ཡོད། ཐུགས་རྗེ་ཆེ། ཆིག་སྒྲིལ་ལ་གཏོར་གཤིག་གཏོང་མཁན་དེ་དག་འབུར་འཇོམ་གནང་བ་ལེགས་སོ།།
དྲ་གྲོགས་གེ་སེར་ཞེས་པ་ཞིག་གིས་མི་གཅིག་དཔེ་བཞག་མི་འདུག་གསུངས་འདུག་ཀྱང་། མི་རེ་རེ་བྱས་ནས་དཔེ་མཚོན་བཞག་པ་དགེ་མཚན་དེ་ཙམ་མེད་པར་སྣང་། གཙོ་བོ་རྒྱ་ཆེའི་མང་ཚོགས་ཀྱིས་སྨྱུག་འཛིན་པ་ཚོས་ཅིག་བྲིས་དུས་། དེ་ལ་བརྟག་དཔྱད་བྱེད་ཐུབ་དགོས་པའི་བརྡ་ཙམ་ཡིན།
དེང་སྐབས་ཡ་མཚན་དེ་འདྲ་འབྲི་མཁན་མང་པོ་འདུག རང་བཙན་དང་དབུ་མ་ཁ་ལ་ཁྱེར་ནས། ཕོགས་ཞེན་དང་སེམས་ཚོར་ཁོ་ནས་ཅི་ཡང་བྱེད་ཐུབ་ཀྱི་མ་རེད།
དེ་ནས་དབང་ལགས་ཀྱིས་ངས་ཀྱང་སྐད་གྲགས་ཆེད་དུ་རེད་གསུངས་འདུག་ཀྱང་། གནས་ལུགས་བཤད་ནས་སྐད་གྲགས་ཆགས་ན་འགྲིག་པ་རེད་མོད། ང་སྐད་གྲགས་ཆགས་རྒྱུའི་ཤེས་ཡོན་པ་ཞིག་མིན་ལ། འཁྲབ་སྟོན་པ་ཞིག་ཀྱང་མིན།
སང་སང་འོད་ཟེར་ལགས། ཁྱོད་རང་ཡང་གཞན་སྐྱོན་བརྗོད་ཞོར་རང་གི་སྐད་གྲགས་འཚོལ་མཁན་ཞིག་ཡིན་པ་ཁྱོད་རང་གི་རྩོམ་ལས་རྟོགས་ཐུབ་གྱིན་འདུག བོད་མིའི་ཁ་དཔེར། རང་ཁ་གོག་པོའི་ནང་ནས། རང་སྲོག་གཅོད་པའི་སྟ་རེ། ཟེར་བ་དེ་གོ་གསན་ཨེ་མྱོང་།
༵༄།། ལན་དེ་ཙམ་གྱིས་འདངས་མ་སོང་། གཞན་སྐྱོན་བརྗོད་མཁན་ཀུན་གྱིས་དྲང་མོར་བཤད་ཀྱིན་ཡོད་པར་རློམ་པ་ལས། ངས་རྫུན་བཟོས་སྒོ་ནས་གཞན་སྐྱོན་བརྗོད་པར་འདོད་པ་སུ་ཡང་མེད། སྔོན་ནས་ད་ལྟའི་བར་དུ་བོད་ཀྱི་སྤྱི་ཚོགས་ནང་ཆེ་ས་དང་གཉན་སར་སྐྱོན་བརྗོད་བྱེད་ཐུབ་པའི་བློ་སྤོབས་དང་དབང་རང་སྣེ་གཅིག་མེད་མོད། ད་ཆ་འཛམ་གླིང་སྤྱིའི་འགྱུར་ལྡོག་དབང་གི་རང་གི་བསམ་ཚུལ་ཇི་བཞིན་པར་བརྗོད་ཐུབ་པའི་དུས་སྐབས་འདིར། ད་དུང་ཁྱེད་ཀྱིས་དེ་དག་འགོགས་པའི་ཐབས་ལ་བརྩོན་རྒྱུ་ཡིན་ནམ། མདོར་ན་གཞན་སྐྱོན་བརྗོད་པ་དེས་སྐད་གྲགས་འཚོལ་བར་སྒྲུབ་ན་ཁྱོད་རང་ཡང་སྒྲུབ་བྱེད་དེའི་གྲས་སུ་ཡོད་པ་རེད།
སྐད་གྲགས་ཆགས་མིན་ལ་མ་ལྟོས་པར་ལར་ཞེན་ཅན་ཞིག་ཡིན་ཕྱིན་་བསམ་ཚུལ་ཡག་སྡུག་གང་ཡིན་ཡང་ལྷག་བསམ་རྣམ་དག་གིས་བཤད་དགོས་པ་རེད་ལ་གོང་ཚད་གཞན་གྱིས་རྒྱབ་ཡོང་གི་རེད། དེ་ནས་སྐད་གྲགས་ཆགས་ན་ཨ་མའི་བུ་རེད། ལྷག་བསམ་ཆེ་མདོག་གིས་ཁ་མི་གྲགས་མཁན་ཞིག་ཡོད་དཀའ་རྒྱུ་རེད་པ།
གནས་ལུགས་གཅིག་ཀྱང་མེད་པར་བཤད་པ་དེ་ལ་བསྙོན་འཛུགས། དམའ་འབེབས་ཟེར་བ་ལས། དེ་ལ་སྐྱོན་བརྗོད་ཟེར་གྱི་མ་རེད། གནས་ལུགས་མེད་པར་བཤད་པ་དེ་མང་གཙོ་དང་རང་དབང་ཡོད་པའི་རྒྱལ་ཁབ་ཚང་མས་བཀག་པ་ལས། དེ་བློ་ཁོག་རེད་ཟེར་མཁན་ཞིག་ཡོད་པ་མ་རེད།
སྐྱོན་ཡོད་པ་ལ་སྐྱོན་བརྗོད་བྱས་ན་ཡག་པོ་རེད། སྐྱོན་མ་ཡིན་པ་ཡིན་པར་མཐོང་ནས་བརྗོད་ན། གཞན་གྱིས་རྒྱུ་མཚན་དང་བཅས་གསལ་བཤད་བྱས་དུས། ཉན་དགོས་པ་ལས། ཨུ་ཚུགས་བྱེད་དགོས་པ་མ་རེད། དེང་སྐབས་ཀྱི་ཁ་བརྡ་ཐོག་གི་རྩོམ་ཡིག་གང་ལ་ཀློག་མཁན་མང་ཕྱོགས་ཀྱིས་རྒྱབ་སྐྱོར་ཐོབ་འདུག གང་ལ་ཐོབ་མི་འདུག དེ་མིན་སོ་སོའི་མིང་འདྲ་ཁྱབ་བསྒྲགས་འགྲོ་ཆེད་དང་། ཟླ་བའི་གླ་ཆ་ཙམ་རག་ཆེད་དུ་གནས་ལུགས་མེད་པ་མང་པོ་བྲིས་ཏེ། སྐད་གྲགས་ཆོད་ཀྱང་རང་གཞན་གཉིས་ལ་ཕན་ཐོགས་ག་རེ་འདུག
རྩོམ་འདིར་མཆན་སྒོ་བརྒྱབ་ཡོད་།
ཁ་བརྡ་རྩོམ་སྒྲིག་པས།
http://www.khabdha.org
khabdha@gmail.com