རྩོམ་པ་པོ་ཚོའོ་ཁྲང་ཆིན། སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས་བསྒྱུར།
སྙན་བཟང་གཡུང་དྲུང་ཚེ་རིང་གིས་འོས་སྦྱོར་བྱས།
ལོ་བཅོ་ལྔའི་ཡར་སྔོན་(༡༩༩༤)ལོརདུ། ངས་<པེ་ཅིན་གྱི་དཔྱིད་ཀ་>ཟེར་བའི་དུས་དེབ་དེའི་སྟེང་དུ་<རང་བཙན། བོད་མིའི་ཁེ་དབང་རེད>་ཟེར་བའི་ཆེད་བརྗོད་རིང་མོ་ཞིག་སྤེལ་ཤིང་། དེའི་ནང་དུ་ལོ་རྒྱུས་ལ་བརྩི་འཇོག་དང་། དོན་དངོས་ལ་ཁ་གཏད་པ། རང་དབང་དང་རང་སྐྱོང་རྩོད་པའི་མིའི་ཁེ་དབང་སོགས་གཞིར་བཟུང་ནས་བོད་མི་རིགས་ཀྱིས་རང་བཙན་རྩོད་པ་ནི་ཁྲིམས་མཐུན་ལུགས་མཐུན་ཡིན་ཚུལ་ཞིབ་མོར་བརྗོད་ཡོད། ལོ་བཅོ་ལྔའི་ནང་ཚུན་དུ། བོད་ལ་དོ་སྣང་བྱེད་མཁན་གྱི་རྒྱ་ནག་གི་ཤེས་ཡོན་པ་ཇེ་མང་ནས་ཇེ་མང་དུ་སོང་ཏེ། ཁོང་ཚོས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་འབོད་སྐུལ་ཞུ་བ་དང་། བོད་རང་བཙན་ལ་རྒྱབ་སྐྱོར་ཞུ་མཁན་ཡང་གང་འཚམ་བྱུང་བ་རེད། ཡིན་ཡང་ཉེ་བའི་ལོ་འདི་དག་གི་ནང་དུ་བོད་ཀྱི་བསམ་བློའི་དབུ་ཁྲིད་ཏཱ་ལའི་བླ་མ་མཆོག་དང་བཙན་བྱོལ་བོད་གཞུང་གིས་ག་དུས་ཡིན་ཡང་དབུ་མའི་ལམ་ཤུགས་ཆེར་བརྗོད་དེ། ཕྱོགས་གཉིས་སུ་མ་ལྷུང་བའི་སྒོ་ནས་རང་བཙན་བློས་གཏོང་བྱས་པ་དང་། རྒྱ་གཞུང་གིས་མི་སེར་སྤེལ་བའི་དབང་སྒྱུར་ལའང་ངོས་ལེན་མ་བྱས་པར་བོད་ནི་རྒྱ་ནག་གི་ཆ་ཤས་ཡིན་པ་ཁས་ལེན་བྱས་ཐོག་ཚད་མཐོའི་རང་སྐྱོང་ལ་རེ་བ་བརྒྱབས་པ་རེད།(དམངས་གཙོའི་འདེམས་བསྐོ་ཡང་ནང་དུ་འདུས།)
ཉེ་ལམ་རི་ནེ་བར་(日内瓦 )བོད་རྒྱའི་ཚོགས་འདུ་ཞིག་སྐོང་འཚོགས་བྱས་པ་དང་། ཏྰ་ལའི་བླ་མས་ཚོགས་ཐོག་ཏུ་གསུང་བཤད་གནང་ནས་སྔར་བཞིན་དབུ་མའི་ལམ་ལ་རྒྱུན་འཁྱོངས་བྱས། དེ་བཞིན་བཙན་བྱོལ་བོད་གཞུང་གི་དམངས་འདེམས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཀྱང་དེ་དང་གཅིག་མཚུངས་ཀྱིས་གཏམ་བཤད་སྤེལ་ནས། སྔར་བཞིན་རྒྱ་གཞུང་དང་གྲོས་མོལ་བྱས་ཏེ་བོད་ལ་མིང་དོན་མཚུངས་བའི་རང་སྐྱོང་རེག་ཐབས་ལ་འབད་པ་བྱེད་བཞིན་འདུག སྔར་དང་མི་འདྲ་ས་ཞིག་ཡོད་པ་ནི་བཙན་བྱོལ་བོད་གཞུང་གིས་སྔོན་ཆད་ནུབ་ཕྱོགས་གལ་ཆེན་ཏུ་བཟུང་ཤིང་རྒྱ་གཞུང་གནད་འགག་ལ་རྩི་བའི་ ( པེ་ཅིན་དང་གྲོས་མོལ་བྱེད་པའི་)སྲིད་ཇུས་དེར་འགྱུར་བ་ཐེབས་ནས་རྒྱ་ནག་གི་དམངས་ཁྲོད་ལ་ཁ་ཕྱོགས་པ་དང་། ལྷག་པར་ཏུ་ཕྱི་སྡོད་རྒྱ་རིགས་ཤེས་ཡོན་པ་ཚོར་མཐོང་ཆེན་བྱས་ཏེ་ཁོང་ཚོ་བརྒྱུད་ནས་བོད་ཀྱི་བདེན་དོན་བརྒྱུད་སྒྲོག་བྱེད་རྒྱུ་དེ་རེད།
དམངས་གཙོ་དང་སྲིད་དབང་སྒེར་གཅོད་གཉིས་མཉམ་གནས་ཡོང་ཐུབ་བམ།
ཐེངས་འདིར་ རི་ནེ་བར་(日内瓦)འཚོགས་པའི་བོད་རྒྱའི་ཚོགས་འདུ་སྟེང་ངའང་འཛུལ་ཞུགས་བྱས་པ་ཡིན། བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་ཁོང་གི་ཤིས་ཚིག་རྗེས་ནས་རང་མོས་ཀྱི་དྲི་བ་དྲིས་ལན་དང་ལེན་བྱས། དེའི་དུས་ངས་ཏྰ་ལའི་བླ་མ་དང་བཙན་བྱོལ་བོད་གཞུང་གི་དབུ་མའི་ལམ་དང་གཉིས་ཕན་གྱི་ཐབས་ལམ་སྐོར་ལ་དྲི་བ་གཉིས་དྲིས་པ་ཡིན།
དང་པོ། མིའི་རིགས་ཀྱི་ལོ་རྒྱུས་སྟེང་དུ། ལམ་ལུགས་གཅིག་གི་འོག་ནས་དམངས་གཙོ་དང་སྲིད་དབང་སྒེར་གཅོད་ཀྱི་ལྟ་བ་གཉིས་མཉམ་ཏུ་ལག་ལེན་ལ་བསྟར་བའམ་ཡང་ན་གཉིས་ཕན་ཀྱི་ལམ་ཁ་ཞིག་བྱུང་མྱོང་ཡོད་དམ་མེད། གལ་ཏེ་མེད་ཚེ་ཟམ་གདོང་རིན་པོ་ཆེའི་གཞུང་གིས་ཅིའི་ཕྱིར་དངོས་ཡོད་དང་མི་མཐུན་པའི་ལམ་ཁ་འདི་ལྟ་བུ་ཞིག་ལ་འབད་བརྩོན་བྱས་པ་ཡིན། གཉིས་པ། དབུ་མའི་ལམ་ལ་དུས་བཅད་ཚད་བཀག་ཡོད་དམ་མེད། བཙན་བྱོལ་བོད་གཞུང་གིས་རང་བཙན་བློས་གཏོང་བྱས་པ་དེ་ནི་བོད་མི་ས་ཡ་དྲུག་དང་ཁོང་ཚོའི་རྗེས་རབས་པའི་རང་གི་རྒྱལ་ཁབ་ཀྱི་མདུན་ལམ་འདེམ་གསེས་བྱེད་པའི་དབང་ཆ་འཕྲོག་པ་རེད་དམ་མ་རེད།
ཟམ་གདོང་རིན་པོ་ཆེས་བཤད་ཚུལ་ལྟར་ན་ཁོང་ཚོས་“ཀྲུང་གོའི་རྩ་ཁྲིམས་ཀྱི་དགོངས་གཞི་འོག་གི་མིང་དོན་མཚུངས་བའི་རང་སྐྱོང་”ལ་འབད་བརྩོན་བྱེད་བཞིན་ཡོད་ཟེར། དེ་ན་“ཀྲུང་གོའི་རྩ་ཁྲིམས་ཀྱི་དགོངས་གཞི”་ནི་ན་ནིང་ལོ་མཇུག་ཏུ་རྒྱ་གཞུང་གི་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་ཀྲོའུ་བེ་ཁྱུང་(朱维群)གིས་པེ་ཅིན་གྱི་གསར་འགོད་གསར་བསྒྲགས་ཞིག་གི་སྟེང་དུ་གསལ་བཤད་བྱས་ཟིན་པ་ལྟར། ཀྲུང་གོའི་རྩ་ཁྲིམས་ཀྱི་དགོངས་གཞི་ནི་རྒྱུན་འཁྱོངས་གསུམ་(三个坚持)སྟེ ། གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱེད་པ། བོད་ཀྱི་གནད་དོན་ལ་དམིགས་ནས་མི་རིགས་ས་ཁུལ་གྱི་རང་སྐྱོང་རྒྱུན་འཁྱོངས་བྱེད་པ་བཅས་རེད། དེ་ན་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཚང་མས་ཤེས་གསལ་ལྟར་སྲིད་དབང་སྒེར་གཅོད་པའི་དབང་བསྒྱུར་རེད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱང་དེ་བཞིན་དུ་དཔལ་འབྱོར་ཀྱི་འཁོར་ཕྱོགས་ཡོད་ཚད་གུང་ཁྲན་ཏང་ཁོ་ནས་ཐག་གཅོད་བྱེད་པ་དེ་རེད། དེ་བཞིན་མི་རིགས་ས་ཁུལ་རང་སྐྱོང་སྐོར་ནས་ཀྲོའུ་བེ་ཁྱུང་གིས་བཤད་ན་རྒྱལ་ཕྲན་མཉམ་འབྲེལ་ལམ་ལུགས་(联邦制)མིན་པ་དང་རྒྱལ་ཁག་མཉམ་འབྲེལ(邦联制)་ལམ་ལུགས་ཀྱང་མིན་པ། ཞང་ཀང་ནང་བཞིན་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་འགྲོ་སྟངས་ཡང་མིན་པ། ཏྰ་ལའི་བླ་མའི་མིང་དོན་མཚུངས་བའི་རང་སྐྱོང་དེ་བས་ཀྱང་མ་ཡིན་པར་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ནས་དེང་སྐབས་ཀྱི་བོད་རང་སྐྱོང་ལྗོངས་ཀྱི་ལམ་ལུགས་ཡིན་ཚུལ་བཤད་པ་དང་། ཁོས་ད་དུང་“ཀྲུང་གོའི་མི་རིགས་རང་སྐྱོང་བསྐྲུན་ཐབས་ནི་འདི་ལས་གཞན་མིང་དོན་མཚུངས་བའི་རང་སྐྱོང་ཟེར་བ་ཞིག་གཏན་ནས་མེད་། ”ཅེས་ཧམ་བཤད་བྱས།
བྱང་སེམས་ཅན་གྱི་སྤྱང་ཀི་ཞིག་ལ་རེ་སྒུག་བྱེད་རྒྱུ་མེད།
ཀྲོའུ་བེ་ཁྱུང་གིས་ད་དུང་བཤད་རྒྱུར། ང་ཚོས་ཏྰ་ལའི་བླ་མ་སྒེར་གྱི་འཐུས་མི་དང་འབྲེལ་མོལ་བྱས་པ་ལས་བཙན་བྱོལ་བོད་གཞུང་ཟེར་བ་ཞིག་གཏན་ནས་ངོས་ལེན་བྱས་མྱོང་མེད། དེ་བཞིན་འབྲེལ་མོལ་ཁྲོད་ནས་ཀྱང་ཏྰ་ལའི་བླ་མས་རང་གི་སྐྱོན་ཆ་ཅི་ལྟར་ཡོ་བསྲང་བྱས་ཏེ་ང་ཚོས་བསམ་ཤེས་བྱེད་ཐབས་ལ་འབད་བརྩོན་བྱེད་པ་དེ་ཡིན། གལ་ཏེ་རྣམ་འགྱུར་བཟང་ན་ཁོ་རང་ཉིད་ཕྱིར་ལོག་ཏུ་བཞག་ཆོག་ལ། དེ་ལས་མང་ན་ཁོའི་ཉེ་འཁོར་གྱི་མི་ཁ་ཤས་ཤིག་ཕྱིར་ལོག་ཏུ་བཞག་ཆོག་པར་བཤད། ཕྱི་རྒྱལ་གྱི་གསར་འགོད་པ་དེ་འདྲའི་མང་པོ་ཞིག་དང་ཁ་གཏད་དེ། ཀྲོའུ་བེ་ཁྱུང་གིས་ཆེས་མ་མཐའི་ཕྱི་འབྲེལ་གྱི་གུས་ལུགས་ཤིག་ཀྱང་མེད་པར་“འདས་པའི་ལོ་འགའི་ནང་དུ། དབུས་གཞུང་གིས་ཏྰ་ལའི་བླ་མའི་འཐུས་མི་དང་གྲོས་མོལ་འདི་དག་བྱས་པ་ཡིན་ལ། མ་འོང་པར་ཡང་དེ་བཞིན་ཡིན་པ་ལས་འགྱུར་བ་གཏན་ནས་འགྲོ་མི་སྲིད”ཟེར། བྱེད་སྟངས་དེས་མི་ཚང་མའི་མགོ་འཐོམ་པར་བྱས་པ་རེད།
ངས་ཟམ་གདོང་རིན་པོ་ཆེར་བཀའ་འདྲི་ཞུ་རྒྱུར། དམར་ཕྱོགས་ཚོགས་པས་ཁ་གསལ་བོ་སྒོ་ནས་བཤད་ཟིན་པས། བཙན་བྱོལ་བོད་གཞུང་གིས་པེ་ཅིན་གཞུང་དང་ད་དུང་གྲོས་མོལ་ཅི་ཞིག་བྱེད་པར་སྒུག་ཡོད། གུང་ཁྲན་ཏང་ལྟ་བུའི་སྒེར་གཅོད་གཞུང་དང་མིང་དོན་མཚུངས་བའི་རང་སྐྱོང་ལ་རེ་བ་ཞུ་བ་དེ་ནི་བྱང་སེམས་ཅན་གྱི་སྤྱང་ཀི་ཞིག་ལ་སྒུག་པ་དང་གཅིག་མཚུངས་རེད། ལུག་དང་སྤྱང་ཀི་མཉམ་གནས་ཀྱི་སྔོན་དཔེ་ཞིག་ཡོད་དམ་མེད།
ཟམ་གདོང་རིན་པོ་ཆེས་བཤད་རྒྱུར། དབུ་མའི་ལམ་ལ་བཙན་བྱོལ་བོད་མི་ཡོངས་ཀྱིས་འོས་ཤོག་ལམ་ནས་མང་མོས་ཀྱིས་རྒྱབ་སྐྱོར་ཐོབ་ཡོད་ལ། ཉེ་སྔོན་བཙན་བྱོལ་བོད་མིའི་འཐུས་མི་ཚོགས་ཆེན་སྟེང་དུ་ཡང་སྔར་བཞིན་དབུ་མའི་ལམ་ལ་རྒྱབ་སྐྱོར་མང་ཤོས་ཐོབ་པས། དེ་ནི་མི་དམངས་གི་བསམ་ཚུལ་ཡིན་ཟེར། ངས་བསྐྱར་དུ་བཙན་བྱོལ་བོད་མིའི་མི་འབོར་ནི་འབུམ་གཅིག་དང་ཁྲི་གསུམ་ཡས་མས་རེད། གལ་ཏེ་བཙན་བྱོལ་བོད་མི་ཡོངས་ཀྱིས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཐོབ་ཀྱང་དེས་བོད་མི་ས་ཡ་དྲུག་གི་ཚབ་བྱེད་མི་ཐུབ་པས། བཙན་བྱོལ་བོད་གཞུང་གིས་འདི་ལྟར་ཐག་གཅོད་བྱས་ན་དེ་ནི་མ་འོང་པར་བོད་མི་དམངས་ཀྱིས་རང་གི་རྒྱལ་ཁབ་བདམ་གསེས་བྱེད་པའི་དབང་ཆ་འཕྲོག་པ་མ་ཡིན་ནམ་ཞེས་དྲིས་པ་ཡིན།
བོད་ཀྱི་རྩ་བའི་གནད་དོན་ནི་ཆོས་དང་རིག་གཞུང་རྒྱུན་འཛིན་བྱེད་རྒྱུ་དེ་མ་རེད།
ལོ་རྒྱུས་ཐོག་བོད་ནི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། དེ་ལ་རང་གི་རྒྱལ་མིང་དང་རྒྱལ་དར། འགོ་ཁྲིད། རྒྱལ་ས། དངུལ་སྒོར། ལམ་ཡིག དམག་མི། དཔྱ་ཁྲལ་སོགས་ཀྱང་ཡོད། ཐ་ན་བོད་ནི་ཆིན་རྒྱལ་རབས་ཀྱི་མཇུག་དང་ཅང་ཅེ་ཧྲིའི་གོ་མིན་ཏང་གི་སྐབས་སུའང་ཁོང་ཚོའི་མངའ་ཁོངས་ཀྱི་ཞིང་ཆེན་ཞིག་མ་ཡིན་པར ། ལོ་རབས་ལྔ་བཅུ་པའི་དུས་འགོར་གཞི་ནས་དམར་ཕྱོགས་དམག་མིས་བཙན་བཟུང་བྱས་པ་ཞིག་རེད། དེ་རིང་གི་བོད་ཀྱི་གནད་དོན་ནི་ཆོས་དང་རིག་གཞུང་། ཁོར་ཡུག་ཁོ་ནའི་གནད་དོན་མ་ཡིན་པར། དེ་ནི་རྒྱལ་ཁབ་ཅིག་གི་ཆགས་འཇིག་གི་གནད་དོན་རེད། ཏྰ་ལའི་བླ་མ་ནི་བོད་མི་དམངས་ཀྱི་བསམ་བློའི་དབུ་ཁྲིད་དང་དད་གུས་བྱེད་ས་རེད། ཡིན་ཡང་དམངས་གཙོའི་རྩ་དོན་ལྟར་ན། གོ་གནས་ཇི་ཙམ་ཡོད་ཀྱང་མི་དམངས་ཀྱིས་རང་གི་རྒྱལ་ཁབ་གདམ་ག་བྱེད་པའི་དབང་ཆ་ཐག་གཅོད་བྱེད་རྒྱུའི་དབང་ཚད་སུ་ལའང་ཡོད་པ་མ་རེད། བོད་ཀྱི་མདུན་ལམ་ནི་བོད་མི་ས་ཡ་དྲུག་གི་མང་མོས་ཀྱི་འོས་ཤོག་ལམ་ནས་ཐག་གཅོད་བྱེད་པ་ལས་བཙན་བྱོལ་བོད་གཞུང་གི་འགོ་ཁྲིད་གང་རུང་ཞིག་གིས་ཐག་གཅོད་བྱེད་ག་ལ་རུང་། བོད་ཀྱི་གཞོན་ནུ་ཚོགས་པའི་ཚོགས་གཞོན་ཀརྨ་ཡེ་ཤེས་དང་དང་ཚོགས་མི་ཀརྨ་ཆོས་འཕེལ་སོགས་ཀྱིས་སྔོན་ཆད་བཤད་པ་ལྟར། “ང་ཚོ་བཙན་བྱོལ་དུ་ཡོད་པའི་བོད་མི་ཁ་ཤས་ལ་ལོ་རྒྱུས་ཐོག་རང་བཙན་ཡིན་པའི་བོད་རྒྱལ་ཁབ་སླར་གསོ་བྱེད་པའི་དབང་ཆ་རྩིས་མེད་དུ་གཏོང་བའི་དབང་ཚད་ཡོད་པ་མ་རེད། ང་ཚོའི་གནད་དོན་ནི་མི་རིགས་དང་རྒྱལ་ཁབ་ཀྱི་རང་དབང་དང་རང་བཙན་ཡིན་པ་ལས། ཆོས་དང་རིག་གཞུང་ཁོར་ཡུག་སོགས་ཀྱི་གནད་དོན་མ་རེད”ཞེས་པ་ལྟ་བུ་རེད།
དེང་སྐབས་བོད་མི་ས་ཡ་དྲུག་པོ་དམར་པོ་གཞུང་གི་ཆབ་སྲིད་སྒེར་གཅོད་དང་མི་སེར་སྤེལ་བའི་དབང་སྒྱུར་འོག་གནས་ཡོད་པས་ཁོ་ཚོའི་ནང་སེམས་ཀྱི་རེ་འདུན་ངོ་མ་དེ་ཕྱིར་ལ་མངོན་ཐབས་མེད། ཡིན་ཡང་བོད་ནང་གི་བོད་མི་ཚོས་ངོ་རྒོལ་སྐད་འབོད་ལ་བལྟས་ན་བོད་མི་མང་ཤོས་ཀྱི་དགོས་འདུན་ནི་བོད་རང་བཙན་རེད། འདས་བའི་ལོ་འདི་དག་གི་ནང་དུ་ངས་རྒྱ་གར་དང། ཡོ་རོབ། ཨ་རི་སོགས་ཀྱི་བོད་མི་བརྒྱ་ལྷག་ལ་ཐད་ཀར་བཅར་འདྲི་བྱས་པ་ཡིན། (བོད་མི་ཚོགས་སྤྱི་ཁག་ལ་འབྲེལ་གཏུགས་བྱས་པ་དེ་ལས་ཀྱང་ལྡབ་འགྱུར་གྱིས་མང་།)ངས་ཁོ་ཚོ་ཚང་མར་རང་སྐྱོང་དང་རང་བཙན་གྱི་དྲི་བ་གཅིག་མཚུངས་དྲིས་པ་ཡིན། རྒྱལ་བ་རིན་པོ་ཆེ་ཕུད་པའི་གཞན་དག་ཚང་མས་རང་བཙན་དགོས་རབས་ཟེར། སྔོན་ཆད་ངས་ཏྰ་ལའི་བླ་མར་གདོང་ཐུག་ནས་“ངས་བཅར་འདྲི་བྱས་པའི་བོད་མི་ཡོངས་ལས་མི་གཅིག་མ་གཏོགས་ཚང་མས་རང་བཙན་དགོས་རབས་བཤད་ཀྱིན་འདུག”ཞེས་བཤད་དུས། ཁོང་གིས་“མི་དེ་སུ་རེད་”ཞེས་དྲིས་བྱུང་། ངས་“ཁྱེད་རང་རེད་”ཞེས་ལན་བཏབ་པ་ན་ཏྰ་ལའི་བླ་མས་ཁོང་གི་ཡིད་དབང་འགུག་པའི་དགོད་སྒྲ་ཁོ་ནས་ང་ལ་ལན་འདེབས་བྱས་པ་ལས་ཅི་ཡང་གསུངས་མ་སོང་།
“འགྲུབ་དང་མི་འགྲུབ་”དང་“འོས་དང་མི་འོས་།”
ངས་ཏྰ་ལའི་བླ་མའི་སེམས་ཁྲལ་ལ་བསམ་ཤེས་བྱེད་ཐུབ་ཀྱིན་འདུག བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་དུ་འགྲོ་བཞིན་པའི་སྒང་ཡིན་ལ། རྒྱ་མི་འབོར་ཆེན་བོད་དུ་གནས་སྤོར་བྱས་ཏེ་རྒྱ་གཞུང་གིས་བོད་ལ་རྒྱ་འགྱུར་སྲིད་བྱུས་སྤེལ་བཞིན་ཡོད་པ་རེད། ཁོ་ཚོས་བོད་ཀྱི་གནད་དོན་དེའང་ནང་སོག་ནང་བཞིན་ཐག་གཅོད་བྱེད་པར་རེ་བ་བཅངས་འདུག (དེང་སྐབས་ནང་སོག་ལ་མི་འབོར་ཁྲི་༢༣༨༠ཡོད་པ་ལས་རྒྱ་མིས་80%ཟིན་པ་དང་། སོག་རིགས་གྲངས་ཉུང་ལ་མཚོན་ན་མི་བཞི་ལས་གསུམ་རྒྱ་འགྱུར་བྱས་ཚར་བར་བཤད།)དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་པའི་བོད་མི་ཁ་ཤས་ཀྱིས་བཤད་ན་རྒྱ་གཞུང་སྟོབས་ཆེ་དྲགས་པས་རང་བཙན་ལ་རེ་བ་མེད་ཚུལ་ཟེར། འདིས་ཁོ་ཚོ་རང་ཉིད་ཀྱི་བསམ་བློ་གཏོང་སྟངས་རྒྱ་འགྱུར་བྱས་ཚར་བ་གསལ་བཤད་བྱས་པ་རེད། རྒྱ་མི་ལ་མཚོན་ན་དོན་དག་གང་ལ་ཐུག་ཀྱང་ཐོག་དང་པོ་ནས་སྔོན་རྩིས་བརྒྱབས་ནས་དོན་དག་གང་ཡིན་འགྲུབ་མིན་ལ་བསམ་བློ་གཏོང་བ་རེད། ཡིན་ཡང་ནུབ་ཕྱོགས་པར་མཚོན་ན་དོན་དག་གང་ཞིག་སྒྲུབ་དུས་ཐོག་དང་པོར་འོས་མིན་འཚམ་མིན་ལ་བསམ་བློ་གཏོང་བཞིན་ཡོད་པ་རེད།
ངས་རྒྱ་མི་དང་ཕྱི་གླིང་བའི་བསམ་བློ་གཏོང་སྟངས་ཀྱི་རྩ་བའི་ཁྱད་པར་ཡང་བསྐྱར་འདི་ནས་ནན་བཤད་ཅིག་བྱེད། རྒྱ་མི་(ཀྲུང་གོའི་རིག་གནས་ཀྱིས་སྐྱེད་སྲིང་བྱས་པའི་མི)དོན་དག་ཞིག་ལ་ཐུག་ཚེ། ཐོག་དང་པོ་ནས་འགྲུབ་མིན་ལ་བསམ་བློ་གཏོང་བ་དང་། ནུབ་ཕྱོགས་རིག་གནས་ཀྱིས་སྐྱེད་སྲིང་བྱས་པའི་མི་ཞིག་ཡིན་ཚེ། ཐོག་དང་པོ་འོས་མིན་ལ་བསམ་བློ་གཏོང་བ་རེད། ཡང་གཅིག་བཤད་ན། ཁོ་ཚོས་ཐོག་དང་པོར་རྩ་དོན་དང་འདུ་ཤེས་ཐོག་ནས་བསམ་བློ་གཏོང་བ་རེད། དོན་དག་གང་ཡིན་ཀྱང་འདུ་ཤེས་ཡོད་པའི་ཐོག་ནས་རྩ་དོན་ལ་རྒྱུན་འཁྱོངས་བྱས་ཏེ་འབད་བརྩོན་བྱས་པ་ཡིན་ན་རྒྱལ་ཁའི་རེ་བ་ཡོད་པ་གསལ་བོ་ཡིན། དེའི་རྐྱེན་གྱིས་ནུབ་ཕྱོགས་པས་རྒྱ་མིའི་“གཟི་བརྗིད་ངང་ནས་ཤི་བ་ལས་གནས་སྐབས་སུ་གསོན་ཐབས་བྱས་ན་དགའ་”ཞེས་པའི་སྡོམ་ཚིག་འདི་ལས་ལྡོག་ཏེ་“རང་དབང་མེད་པར་གསོན་པ་ལས་ཤི་ན་དགའ་”ཞེས་པའི་སྡོམ་ཚིག་འདི་བཞག་ཡོད། ཁོང་ཚོས་དོན་དག་གང་ཡིན་ཀྱང་ཐོག་དང་པོར་འགྲུབ་མིན་ལ་མ་བལྟས་པར་འོས་མིན་ལ་བསམ་བློ་བཏང་བས། རང་དབང་དང་སྟོབས་འབྱོར་གྱི་མངའ་ཐང་རྒྱས་ས་ཐོག་མ་ནུབ་ཕྱོགས་ཆགས་པ་རེད།
རང་བཙན་དང་མི་རིགས་རང་ཐག་རང་གཅོད་ནི་འཛམ་གླིང་གི་འཕེལ་ཕྱོགས་རེད།
ཡུ་ཐེ་བས་(犹太人)རྒྱལ་ཁབ་སླར་གསོ་བྱས་པ་དེ་ནི་དཔེ་མཚོན་རེད། ཁོང་ཚོའང་བོད་པ་ནང་བཞིན་རང་གི་ཁྱིམ་གཞི་ཡོད་ཀྱང་་། རྒྱུན་རིང་པོར་འཛམ་གླིང་ས་ཕྱོགས་གང་སར་ཁ་འཐོར་ཏུ་གནས་ནས་ཆགས་ས་རྟེན་ས་མེད་པར་བསྡད་པ་རེད། ཡིན་ཡང་ཁོང་ཚོས་རང་ཉིད་ཀྱི་རྨི་ལམ་མངོན་འགྱུར་ཆེད་དུ་ལོ་མང་པོ་འཐབ་རྩོད་བྱས་ཤིང་། ཁྲག་གི་འགྲོ་གྲོན་གང་མང་བཏང་མཐར་རྒྱལ་ཁབ་སླར་གསོ་བྱས་ཏེ་དབྱི་སི་ལེན་(以色列)ལྟ་བུའི་རང་བཙན་རྒྱལ་ཁབ་ཅིག་བཙུགས ། འོན་ཀྱང་རྒྱལ་ཁབ་བཙུགས་པའི་ཉིན་མོ་དེར་ཉེ་འགྲམ་གྱི་ཨ་ལ་པོའི་(阿拉伯)རྒྱལ་ཁབ་ལྔས་མཉམ་འབྲེལ་ཐོག་བཙན་འཛུལ་བྱས་ཏེ་རྒྱལ་ཁབ་དེའི་འཚོ་གནས་ལ་འགོག་རྐྱེན་བཟོས། དེའི་དུས་རྒྱལ་ཁབ་དེ་དག་ལ་ཁྱོན་བསྡོམས་མི་འབོར་ཁྲི་༤༠༠༠ཡོད་པ་དང་དབྱི་སི་ལན་ལ་མི་འབོར་ཁྲི་༦༠ལས་མེད། དེ་མ་ཟད་རྒྱལ་ཁབ་བཙུགས་མ་ཐག་ཡིན་པ་དང་ཚད་ལྡན་གྱི་དམག་དཔུང་མེད་པས་ཁོང་ཚོ་རླུང་ཁའི་མར་མེ་ལྟ་བུའི་ཉེན་ཁར་ཐུག་ཡོད་པ་རེད། ཡིན་ཡང་དབྱི་སི་ལན་མི་དམངས་ཀྱིས་རྒྱལ་ཁབ་གནས་ཐུབ་མིན་ལ་བསམ་བློ་མ་བཏང་བར་རྒྱལ་ཁབ་བཙུགས་ན་འོས་མིན་ལ་བསམ་བློ་བཏང་ནས། དཔའ་མ་ཞུམ་པར་རང་གི་ཁྱིམ་གཞི་བརྟན་སྲུང་བྱས་མཐར་བཙལ་འཛུལ་ལས་རྣམ་པར་རྒྱལ་ཏེ་རྒྱལ་ཁབ་གསར་བ་སྲུང་སྐྱོབ་བྱེད་ཐུབ་པ་རེད།
དེ་བཞིན་ཉེ་བའི་ལོ་འདི་དག་གི་ནང་དུ་རང་བཙན་ཐོབ་པའི་ཏོན་ཏེ་བིན་(东帝汶)ལྟ་བུར་མཚོན་ནའང་ནུབ་ཕྱོགས་པའི་འདུ་ཤེས་འཛིན་སྟངས་དེ་ལ་བརྟེན་ནས་རྒྱལ་ཁ་ཐོབ་པ་རེད། ཏོན་ཏེ་བིན་ལ་མི་འབོར་ཁྲི་༨༠ལས་མེད་པ་དང་། དེས་ཧིན་རྡུ་ནེ་ཞི་ཡའི་མི་གྲངས་ཀྱི་0.5%ཡང་མི་ཟིན། སོ་ཧ་ཐོ་དམག་དོན་སྲིད་དབང་(苏哈托军事政权)གིས་ལོ་ངོ་སུམ་ཅུ་ལྷག་ལ་སྒེར་གཅོད་བྱས་པས། གལ་ཏེ་ཁོང་ཚོས་ཀྱང་དམིགས་ཡུལ་འགྲུབ་མིན་ལ་བསམ་བློ་བཏང་ཚེ་རང་བཙན་ནི་རྨི་ལམ་ལའང་འཁོར་ཐུབ་རྒྱུ་མ་རེད། ཡིན་ཡང་ཏོན་ཏེ་བིན་གྱི་འགོ་ཁྲིད་དང་མི་དམངས་ཀྱིས་སོ་སོའི་འདུ་ཤེས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་པ་ལས། ཐོག་དང་པོ་ནས་ཐབས་ཤེས་ཡོད་དགུ་རྩལ་སྤྲུགས་ཀྱིས་ལེགས་འགྲུབ་ཡོང་ཐབས་ཁོ་ནར་བསམ་བློ་མ་བཏང་བས་མཐར་རྒྱལ་ཁ་ཐོབ་པ་རེད།
ཁི་སོ་བོ་(科索沃)ཡང་དེ་བཞིན་ཡིན་ཏེ། ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ས་ཡ་གཅིག་ལྷག་(སྔོན་ཆད་སེ་ཨར་བེ་ཡའི་(塞尔维亚)ཞིང་ཆེན་ཞིག་ཡིན །)དང་། མི་འབོར་ཁྲི་༢༠༠་ལས་མེད། སེ་ཨར་བེ་ཡའི་མི་འབོར་གྱི་ལྔ་ཆའི་གཅིག་ཀྱང་མི་ཟིན། ཡིན་ཡང་ཁི་སོ་བོའི་(科索沃)མི་རྣམས་ཀྱིས་ལོ་ངོ་མང་པོར་འཐབ་རྩོད་བྱས་ཏེ་རང་བཙན་རྒྱུན་འཁྱོངས་བྱས་མཐར་རྨི་ལམ་མངོན་འགྱུར་བྱས་ནས་རྒྱལ་ཁབ་བཙུགས་པ་དང་། དེ་ནས་བཟུང་སྟེ་ཟླ་སྔོན་མ་བར་དུ་རྒྱལ་སྤྱིའི་ཐོག་རྒྱལ་ཁབ་༦༢ཀྱིས་ཕྱི་འབྲེལ་ཐོག་ནས་ངོས་ལེན་བྱས། ཁོང་ཚོའི་ཐོག་མའི་དཀའ་སྡུག་དེ་ཡང་དྲང་མོར་བཤད་ན་རྒྱལ་ཁ་ཐོབ་མི་སྲིད་པའི་གནས་སྟངས་ཤིག་རེད།
མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་མ་ཐག། འཛམ་བུའི་གླིང་ན་རྒྱལ་ཁབ་༥༠ལྷག་ལས་མེད་ཀྱང་ད་ལྟ་ལྡབ་བཞིས་འཕར་ཏེ་ཕལ་ཆེར་རྒྱལ་ཁབ་༢༠༠ཙམ་ལ་ཟིན་ཡོད། འདིས་རང་བཙན་དང་ཁ་བྲལ། མི་རིགས་རང་ཐག་རང་གཅོད་ནི་འཛམ་བུ་གླིང་གི་འཕེལ་ཕྱོགས་ཡིན་པ་གསལ་བཤད་བྱས་ཡོད་པས། རང་བཙན་ནི་གཙོ་བོ་མི་རིགས་རང་ཉིད་ཀྱི་ཆོད་སེམས་དང་། ལྷག་པར་དུ་དེའི་དབུ་ཁྲིད་ལ་རྒྱལ་ཁབ་ཀྱི་མདུན་ལམ་ཐད་ངོས་ཟིན་གསལ་བོ་ཡོད་མེད་དང་བློ་རྩ་བརྟན་པོ་ཡོད་མེད་དེར་ཐུག་ཡོད།
ཁྲམ་པ་དང་མཉམ་དུ་གནས་ལུགས་བཤད་པ་ནི་སྐྱེས་བུ་དམ་པའི་ནོར་འཁྲུལ་རེད།
དེ་རིང་། གུང་ཁྲན་ཏང་དང་མཉམ་དུ་དམངས་གཙོ་དང་མིང་དོན་མཚུངས་བའི་རང་སྐྱོང་ལ་བརྩོན་མཁན་གང་ཡིན་ཀྱང་དེ་ནི་སྟག་ལ་སྟག་པགས་སློང་བའི་དཔེ་བཞིན་རེ་བ་ཅི་ཡང་ཡོད་པ་མ་རེད། དེ་བཞིན་དུ་རྒྱ་ནག་གི་རྩ་ཁྲིམས་ཀྱི་དགོངས་གཞི་ལྟར་སོང་བ་ཡིན་ཀྱང་འབྲས་བུ་ཅི་ཡང་འབྱུང་མི་སྲིད། རྒྱུ་མཚན་དམར་ཕྱོགས་ཚོགས་པ་རང་ཉིད་ཀྱིས་མ་གཞི་ནས་རྩ་ཁྲིམས་ལ་རྒྱབ་འགལ་བྱེད་བཞིན་ཡོད་ལ། ཁོ་ཚོར་མཚོན་ན་རྩ་ཁྲིམས་ནི་མེ་ཏོག་གི་རྫ་བུམ་ལྟ་བུ་ཞིག་ཡིན་པས། དེ་ལས་མེ་ཏོག་བཞད་པའི་དཔེ་ཞིག་ནམ་ཡང་ཡོད་མི་སྲིད།
ད་ལྟ་བཙན་བྱོལ་བོད་གཞུང་གིས་བསྒྲུབ་འོས་པའི་དོན་དག་ནི་དངོས་ཡོད་ལ་ངོས་འཛིན་གསལ་བོ་བྱེད་པ་དང་བདེན་པར་བརྩི་འཇོག་བྱེད་པ་དེ་ཡིན། འདིར་བཤད་པའི་དངོས་ཡོད་ནི་ཁྱོད་ཀྱིས་དམར་པོ་གཞུང་དང་ཅི་ལྟར་བསྟུན་ཐབས་བྱས་ནས་ཕྱིར་ནུར་བྱེད་པ། ཕྱག་འཚལ་བ། ཡང་ན་ཞུ་འབོད་བྱས་ཀྱང་དམར་པོ་གཞུང་གིས་དུས་ནམ་ཡང་བོད་མིར་ཚོར་མིང་དོན་མཚུངས་བའི་རང་སྐྱོང་སྤྲོད་མི་སྲིད་པ་དེ་རེད། དེ་ནི་སྲིད་དབང་སྒེར་གཅོད་པའི་རང་གཤིས་རེད། ཆེས་སྤྱིར་བཏང་གི་དཔེ་མཚོན་ཙམ་དྲངས་ན། ཏྰ་ལའི་བླ་མས་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་རང་བཙན་བློས་གཏོང་བྱས་ཏེ་ནུབ་ཕྱོགས་ཡུལ་གྲུ་ཁག་ནས་ཐེངས་སྟོང་ཕྲག་མང་པོར་རང་གི་ཐུགས་དགོངས་ངོ་མ་གསལ་བཤད་བྱས་ཤིང་། ད་དུང་ཁོང་གི་འཐུས་མི་བརྒྱུད་ནས་པེ་ཅིན་ལའང་ཐེངས་མང་པོ་གསལ་བཤད་བྱས་ཟིན་པ་རེད། ཡིན་ཡང་རྒྱ་གཞུང་གིས་ད་དུང་ཡང་བོད་རང་བཙན་ཞེས་པའི་ཞྭ་མོ་དེ་ཏྰ་ལའི་བླ་མའི་མགོ་ལ་བསྐོན་ནས། ཁོང་ཚོ་རང་ཉིད་ཀྱིས་བཀག་སྡོམ་བྱས་པའི་བརྒྱུད་ལམ་ཁག་ཏུ་ཏྰ་ལའི་བླ་མས་རང་བཙན་རྩོད་ཚུལ་ཁྱབ་བསྒྲགས་གང་ཐུབ་བྱས། དེ་བས་རྒྱ་མི་དུང་ཕྱུར་བཅུ་གསུམ་ལྷག་གིས་ཏྰ་ལའི་བླ་མ་ནི་བོད་རང་བཙན་རྩོད་མཁན་གྱི་གཏེ་བོ་ཡིན་པར་ངོས་འཛིན་བྱས་ནས་ཁོང་ལ་སྡང་སེམས་བཅངས་ཡོད་པ་རེད། ཁྲམ་པའི་རང་གཤིས་ལ་གོམས་པའི་དམར་ཕྱོགས་ཚོགས་པ་འདི་ལྟ་བུ་ཞིག་ལ་ཁྱོད་ཀྱིས་སྐྱེས་བུ་དམ་པ་ནང་བཞིན་ཁོ་དང་མཉམ་དུ་གནས་ལུགས་བཤད་པ་དེ་མ་གཞི་ནས་ཁྱོད་རང་ནོར་བ་རེད། ཕ་རོལ་པོས་ཧ་ཅང་གསལ་བོ་སྒོ་ནས་སྲིད་དབང་སྒེར་གཅོད་པའི་རྩ་དོན་ལྟར་དུ་ཁྱོད་དང་རྩོད་པ་བྱེད་དུས། ཁྱོད་ཀྱིས་ད་དུང་ཡང་རང་གི་རྩ་དོན་གཡུགས་ནས། འདུ་ཤེས་རབ་རིབ་ཀྱི་ངང་ཁོ་དང་འཐབ་རྩོད་བྱས་ན་རེ་བ་ཞིག་ཡོད་སྲིད་དམ།
དེས་ན་བཙན་བྱོལ་བོད་གཞུང་འདི་ལྟ་བུའི་སྲིད་དབང་སྒེར་གཅོད་པ་སྟོབས་ཆེན་ཞིག་དང་ཁ་གཏད་ནས་ ཅི་ཞིག་བསྒྲུབ་དགོས་སམ་ཞེ་ན། ད་ནི་དར་ཆ་མཐོན་པོར་བསྒྲེངས་ནས་ལོ་རྒྱུས་ཐོག་བོད་ནི་རང་བཙན་ཡིན་པ་དང་། ད་ལྟ་རྒྱ་ནག་གིས་བཙན་བཟུང་བྱས་པ་གསལ་བོར་བཤད་དགོས་ལ། མི་མང་པོ་མཉམ་འབྲེལ་ཐོག་ནས་དམར་ཕྱོགས་ཚོགས་པས་བོད་དང་རྒྱ་ནག་ལ་དབང་སྒྱུར་མཇུག་སྒྲིལ་བར་འབད་པ་བྱས་ཏེ་རྒྱ་ནག་དམངས་གཙོ་ཅན་ལ་བསྒྱུར་དགོས། དེ་ལྟར་མ་འོངས་བར་རྒྱ་ནག་དམངས་གཙོར་བསྒྱུར་རྗེས་བོད་མི་ས་ཡ་དྲུག་གིས་འོས་ཤོག་གི་ལམ་ནས་རང་གི་མདུན་ལམ་ཐག་གཅོད་བྱེད་དགོས་པ་དེ་རེད།
སྐབས་དེའི་དུས་རྒྱ་ནག་གིས་བོད་མི་དམངས་ཀྱི་འདེམ་གསེས་ལ་བརྩི་འཇོག་བྱས་ཏེ་བོད་ལ་འདྲ་མཉམ་གྱི་ལྟ་སྟངས་བཟུང་ཚེ། ཏྰ་ལའི་བླ་མས་གཞི་ནས་བོད་རྒྱ་ཁོངས་ནས་འདུག་མིན་དང་ཚད་མཐོའི་རང་སྐྱོང་(དེ་ཡང་བསམ་ཚུལ་ཁོ་ན་ཙམ་ལས་ཐག་གཅོད་བྱས་མི་ཆོག)གླེང་ཆོག་ལ། ཁོང་ཉིད་བོད་མིའི་སེམས་ནང་གི་ཆེས་བླ་ན་མེད་པའི་དབུ་ཁྲིད་ཡིན་པས་ཁོང་གི་བཀའ་དགོངས་ལ་བོད་མི་མང་ཤོས་ཀྱི་རྒྱབ་སྐྱོར་ཐོབ་ངེས་རེད། གལ་སྲིད་དེ་ལྟར་མིན་པའི་དབང་དུ་བཏང་ཡང་ངེས་པར་དུ་བོད་མི་རིགས་ཀྱི་གདམ་གར་བརྩི་འཇོག་བྱེད་དགོས།
བོད་ཀྱི་བདེན་དོན་གཉིས་གང་སར་ཁྱབ་སྤེལ་བྱེད་དགོས།
ཏྰ་ལའི་བླ་མ་ད་ལོ་དགོང་ལོ་༧༤རེད། ཁོང་ནི་བོད་ཀྱི་ལོ་རྒྱུས་ཐོག་ཏྰ་ལའི་བླ་མའི་སྐུ་ཕྲེང་རིམ་བྱོན་ལས་སྐུ་ཚེ་ཆེས་རིང་བའི་སྐུ་ཕྲེང་དེ་ཡིན་ལ།(ཏྰ་ལའི་བླ་མའི་སྐུ་ཕྲེང་རིམ་བྱོན་༡༤ལས་སྐུ་ཕྲེང་༩དགུང་ལོ་༥༠ལའང་སླེབས་མེད།)དེ་ལས་ཀྱང་འཛམ་བུ་གླིང་ལ་ཁ་ཕྱོགས་ནས་ཀུན་གྱིས་ཆེས་དགའ་བསུ་ཐོབ་པའི་བསམ་བློ་དབུ་ཁྲིད་ཅིག་ཏུ་གྱུར་བ་རེད། འདས་བའི་ལོ་ཉི་ཤུའི་ནང་དུ་ཁོང་གིས་རྒྱ་གཞུང་དང་མཉམ་དུ་དབུ་མའི་ལམ་ལ་གྲོས་མོལ་འབད་བརྩོན་བྱས་ཀྱང་གྲུབ་འབྲས་གང་ཡང་མ་ཐོན་(མ་འོངས་བར་ཡང་གྲུབ་འབྲས་ཐོན་མི་སྲིད་)པས་ད་ནི་ཐབས་ཇུས་ལ་འགྱུར་བ་གཏོང་འོས་ཤིང་། ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པ་དང་བོད་མི་མང་ཆེ་ཤོས་ཀྱིས་རང་བཙན་ལ་རེ་བ་བྱེད་པའི་བདེན་པ་འདི་གཉིས་འཛམ་བུ་གླིང་ལ་ཁྱབ་སྤེལ་བྱེད་རྒྱུ་དེ་གནད་འགག་ལ་བཟུང་སྟེ། རྒྱལ་སྤྱིའི་ཐོག་དོན་དངོས་ལ་རྒྱུས་ལོན་ཡོད་པའི་མི་རྣམས་ཀྱི་རྒྱབ་སྐྱོར་ཀྱི་ནུས་བ་གསོག་འཇོག་བྱེད་པ་དང་། ཞོར་དུ་བོད་ནང་གི་བོད་མི་ཚོའི་རྟོགས་སད་མཐོར་འདེགས་བྱེད་དགོས། དེ་ལྟར་རེ་བ་ཡོད་ཚད་རང་གི་མི་དམངས་ཀྱི་རྟོགས་སད་ལ་བཅོལ་བ་ལས་རྒྱ་ནག་དབང་སྒྱུར་བ་ཚོའི་དགོངས་སེལ་ལ་སྒུག་མི་རུང་། ཡང་གཅིག་བཤད་ན། དབང་སྒྱུར་བའི་འགྱུར་བ་ལ་རེ་སྒུག་མི་བྱེད་པར་མི་དམངས་རང་གིས་དངོས་ཡོད་ཤེས་རྟོགས་བྱུང་བའི་རྗེས་ཀྱི་ནུས་པ་དེར་ཤུགས་སྣོན་རྒྱག་དགོས།
ད་ལྟའི་དབུ་མའི་ལམ་ལ་ལམ་ཁ་མེད་པ་གསལ་བོ་རེད་ལ། འཛམ་བུ་གླིང་ལ་བོད་ཀྱི་བདེན་དོན་དེ་གཉིས་ཁྱབ་སྤེལ་བྱས་པ་དེས་ཀྱང་གང་མགྱོགས་ཀྱི་ནུས་པ་ཐོན་མི་སྲིད་པ་ཞིག་རེད། དེ་བས་འདི་གཉིས་ཀས་ནུས་པ་མངོན་གསལ་ཞིག་མི་ཐོན་པ་ཤེས་བཞིན་དུ་ཅིའི་ཕྱིར་བདེན་པའི་ལམ་ཁ་དེར་མ་ཞུགས་པ་རེད། དྲང་མོར་བཤད་ན་བདེན་པའི་ལམ་ཁར་ཞུགས་ཚེ་ད་གཟོད་མཇུག་འབྲས་གསལ་བོ་ཞིག་ཡོང་སྲིད་པ་རེད། མཐའ་གཅིག་ཏུ་པེ་ཅིན་དང་འབྲེལ་མོལ་བསྟུན་ཐབས་བྱེད་པ་དེ་ནི་རང་ཉིད་སྦྲིད་པར་བྱེད་པའམ་ཡང་ན་འཐབ་རྩོད་ཀྱི་ནུས་ཤུགས་ཉམས་དམས་སུ་གཏོང་བ་དང་གཅིག་མཚུངས་རེད། དེ་ལྟར་སྲིད་དབང་སྒེར་གཅོད་པའི་ཁྲིམས་མཐུན་གྱི་དཔེ་དེབ་བློ་ལ་བཟུང་བའི་གནས་སྟངས་འོག་ནས་བོད་ནང་གི་བོད་མི་ཚོ་ལོག་ལམ་ཏུ་ཁྲིད་དེ། ཁོ་ཚོ་རང་གི་རྒྱལ་ཁབ་ཀྱི་ལོ་རྒྱུས་ལ་གསལ་ཆ་མེད་པར་བཟོ་བ་དང་རང་བཙན་སྐོར་ལ་བསམ་བློའང་གཏོང་མི་ཐུབ་པའི་གནས་ལ་སྐྱེལ་ངེས་ཡིན། ཡང་ན་མི་ཁ་ཤས་ཀྱིས་རང་བཙན་འདོད་ཀྱང་བོད་ཕྱི་ནང་གི་མི་མང་པོས་རང་བཙན་མི་རྩོད་པའི་རྣམ་པ་དེ་མཐོང་ནས་རང་ཉིད་ཀྱི་བསམ་ཚུལ་ཡང་གསལ་སྟོན་བྱེད་མ་ཐུབ་པའི་གནས་སྟངས་ཆགས་སྲིད་པ་རེད །
བོད་མི་དམངས་ཀྱི་རྟོགས་སད་ནི་གནད་འགག་ཡིན།
བོད་ནི་རྒྱ་ནག་གི་ཆ་ཤས་ཡིན་པར་ཁས་བླངས་ན་ད་གཟོད་རྒྱ་ནག་གི་ཤེས་ཡོན་པ་མང་པོས་རྒྱབ་སྐྱོར་ཐོབ་པར་འདོད་པའི་བཤད་ཚུལ་དེ་ནི་གཙོ་ཕལ་གོ་ལྡོག་བྱས་པའི་བསམ་བློ་རེད། བོད་ཀྱི་གནད་དོན་ནི་གཙོ་བོ་བོད་མི་དམངས་ཀྱི་རྟོགས་སད་ཀྱི་ཚད་གཞི་དང་འཐབ་རྩོད་ཀྱི་ནུས་ཤུགས་ལ་བརྟེན་ནས་ཐག་གཅོད་བྱེད་དགོས། དབྱི་སི་ལན་(以色列)གྱི་རྒྱལ་ཁབ་སླར་གསོ་དང་། ཏོན་ཏེ་བིན་(东帝汶)གྱི་རང་བཙན། ཁི་སོ་བོའི་(科索沃)རྒྱལ་ཁབ་གསར་འཛུགས། ད་དུང་ཨ་རིས་དབྱིན་ཇི་དང་རང་བཙན་དམག་འཁྲུག་བྱས་པའི་ལོ་རྒྱུས། དེ་དག་ཚང་མ་མི་རིགས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་པ་ལས་མི་སེར་སྤེལ་མཁན་ནང་ཁུལ་གྱི་ཤེས་ཡོན་པ་དག་གི་རྟོགས་སད་ལ་བརྟེན་པ་མ་རེད། ཁ་གཏད་མི་རིགས་དེའི་ཤེས་ཡོན་པ་དག་གི་བསམ་ཤེས་དང་རྒྱབ་སྐྱོར་ནི་ཧ་ཅང་རྩ་ཆེན་ ཡིན་ཡང་དེ་ནི་གནད་འགག་མིན་ལ་སྔོན་འགྲོའི་ཆ་རྐྱེན་དེ་བས་ཀྱང་མིན།
དེང་སྐབས་ཏྰ་ལའི་བླ་མའི་འཛམ་གླིང་ཐོག་གི་མཚན་སྙན་ལ་བརྟེན་ནས་གོ་ལ་ཧྲིལ་བོར་བོད་ཀྱི་བདེན་དོན་དེ་གཉིས་ཁྱབ་སྤེལ་བྱེད་རྒྱུ་ནི་གོ་སྐབས་ཡག་ཤོས་ཤིག་རེད། གལ་ཏེ་ཁོང་ཉིད་ནམ་ཞིག་དགོངས་པ་རྫོགས་ནས་ཡང་སྲིད་རྙེད་པ་ཡིན་ཡང་། མ་མཐའ་ཡང་ལོ་ངོ་ཉི་ཤུའི་རྗེས་ནས་མ་གཏོགས་ཁོང་གི་ན་ཚོད་དར་མི་ཐུབ་པ་དང་། དེ་ལས་ཀྱང་སྐུ་ཕྲེང་འདི་བཞིན་འཛམ་གླིང་ཧྲིལ་བོར་མཚན་སྙན་རྒྱས་རྒྱུ་དེ་ཧ་ཅང་དཀའ་ཚོད་ཡིན་ལ། ཕལ་ཆེར་རྒྱས་མི་སྲིད་པ་རེད། རྒྱུ་མཚན་ཏྰ་ལའི་བླ་མ་སྐུ་ཕྲེང་འདིའི་ཐུགས་གཤིས་དང་། མི་ལ་ཁེངས་སྐྱུང་གུས་ཞབས་བྱེད་ལུགས། གཞན་ལ་ཐུགས་ཁུར་གནང་སྟངས། གཞུང་དྲང་ཟོལ་མེད། ཐུགས་དགོངས་ཡངས་ཤིང་སྤྲོ་སྣང་གིས་ཕྱུག་པ། ད་དུང་གཞན་དང་གསུང་བཤད་གནང་དུས་ཀྱི་འགུག་ཤུགས་སོགས་སུས་ཀྱང་ལད་ཟློས་བྱེད་མི་ཐུབ་པའི་ཐུན་མོང་མ་ཡིན་པ་ཤིག་ཡིན། འདི་ལྟ་བུའི་འཛམ་གླིང་ཧྲིལ་བོར་མཚན་སྙན་ཁྱབ་ཅིང་ཀུན་གྱིས་དད་མོས་བྱེད་པའི་ཏྰ་ལའི་བླ་མ་ཞིག་མ་འོངས་བར་ཡོང་མི་སྲིད་པས། ཁོང་ཉིད་ལྟ་བུའི་རྩ་ཆེ་བའི་མི་ཞིག་གིས་རང་གི་ཁྱད་ནུས་ཡོད་ཚད་དབུ་མའི་ལམ་ལ་སྟིམ་པ་ནི་ངོ་མ་ཡིད་ཕངས་པ་ཞིག་རེད།
བོད་མིའི་ནང་སེམས་ཀྱི་རེ་འབོད་ནི་རང་བཙན་རེད།
བོད་མི་མང་ཆེ་ཤོས་ཀྱི་ནང་སེམས་ཀྱི་རྨི་ལམ་ནི་རང་བཙན་ཡིན་པ་ངས་ཐེ་ཚོམ་མེད་པར་བཤད་ཐུབ། ཡིན་ཡང་རྒྱ་ནག་གི་གཏུམ་སྤྱོད་དང་གདུག་རྩུབ་ཅན་གྱི་སྲིད་དབང་འོག་ནས་ཁོ་ཚོའི་ནང་སེམས་ཀྱི་འབོད་སྒྲ་ངོ་མ་ཕྱིར་མངོན་མ་ཐུབ་པ་དང་། གཞན་ཡང་ཏྰ་ལའི་བླ་མར་དད་གུས་དང་གོང་བཀུར། ཆོས་ལུགས་ཀྱི་སེམས་ཁམས་སོགས་ཀྱིས་རྐྱེན་བྱས་ཏེ་ཁོང་གི་དགོངས་བཞེད་དང་བསྟུན་གྱིན་ཡོད་པ་མ་གཏོགས་རང་དབང་ནི་མི་ཚང་མའི་ནང་སེམས་ཀྱི་རེ་བ་ཡིན ། གནའ་ནས་ད་བར་དུ་འཛམ་བུ་གླིང་གི་མི་རིགས་ཡོད་ཚད་ཀྱིས་ཁྲག་སྦྱོར་དམག་འཁྲུག་ལ་བརྟེན་ནས་བཙན་དབང་གི་གཉའ་གནོན་ལས་ཐར་བར་བྱས་ཏེ་རང་གི་ཁྱིམ་གཞི་འཛུགས་སྐྲུན་བྱས་པ་ཡིན་པས། བོད་མི་རིགས་ཀྱང་དེ་ལས་མ་འདས།
གལ་ཏེ་ཏྰ་ལའི་བླ་མ་དང་ཕྱི་སྡོད་བོད་མི་རྣམས་ཀྱིས་བོད་མི་མང་པོ་རང་བཙན་གྱི་ལྟ་བར་ཁ་ཕྱོགས་པར་བྱས་ཏེ། བདེན་པའི་གནས་ཚུལ་འདི་གཉིས་འཛམ་གླིང་ལ་ཤེས་སུ་བཅུག་པ་དང་། ལྷག་པར་ཏུ་རང་བཙན་ནི་དེ་འདྲའི་གྲོགས་མེད་ཁེར་རྐྱང་ཞིག་མིན་པ་བོད་མི་རེ་རེར་ཤེས་སུ་བཅུག་ནས། ཁོ་ཚོའི་སེམས་ཁོང་གི་རྨི་ལམ་དེ་མེ་རུ་སྤར་ཚེ་ད་གཟོད་བོད་རྒྱལ་ཁབ་སླར་གསོ་བྱེད་པར་ལམ་ཁ་བསྐྲུན་པ་རེད། ལམ་ཁ་འདི་ཅི་འདྲའི་དཀའ་ཚེགས་ཆེ་ཞིང་མི་རབས་ཅི་ཙམ་གྱིས་འབད་པར་བརྟེན་དགོས་ཀྱང་སྔ་ཕྱི་མེད་པར་ལམ་དེར་ཞུགས་དགོས་བ་ཤ་སྟག་ཡིན་པས། ཅིའི་ཕྱིར་རང་གི་རྐང་འོག་ནས་འགོ་འཛུགས་མ་བྱས་པ་རེད། རྒྱལ་ཁབ་སླར་གསོ་བྱེད་པའི་ཀྱག་ཀྱོག་གི་ལམ་ཁ་རིང་པོ་དེ་ལ་མཚོན་ན་ཆེས་ཐོག་མའི་གོམ་པ་དང་པོ་དེ་ནི་ཇི་འདྲའི་ནུས་པ་ཆུང་ཤིང་གླེང་རིན་མེད་པ་ཞིག་རེད་ཨང་། ཡིན་ཡང་དེ་ནི་ནང་སེམས་ཀྱི་འབོད་པ་དང་རྨི་ལམ་ལ་ཁ་ཕྱོགས་པའི་འགྲོ་ལམ་ཡང་དག་ཅིག་ཡིན་པས། མགོ་འཁོར་སའི་ལམ་ཁ་དེ་ནས་ལམ་ཐག་རིང་བོར་འགྲོ་བ་ལས་རང་གི་རྨི་ལམ་ལ་ཕྱོགས་པའི་ལམ་ཁ་དེ་ནས་གོམ་གང་མདུན་དུ་སྤོས་ན་མི་ལེགས་སམ། མི་སུ་ཞིག་ཡིན་རུང་རང་གི་ནང་སེམས་ཀྱི་རྨི་ལམ་དེའི་ཆེད་དུ་ཕུལ་བའི་རྔུལ་ཆུའི་ཐིགས་པ་གཅིག་ཡིན་ཡང་དེ་ནི་མི་མངོན་པའི་གནས་སུ་ཡོད་པའི་ནུས་ཤུགས་བླ་མེད་ཅིག་ཡིན། གནའ་ནས་ད་བར་དུ་མིའི་རིགས་ཀྱིས་བླངས་བའི་རྒྱལ་ཁ་དང་གྲུབ་འབྲས་ཡོད་ཚད་རང་གི་རྨི་ལམ་ལ་ཁ་ཕྱོགས་པའི་མཇུག་འབྲས་མ་ཡིན་ནམ། དེ་བས་བོད་མི་རིགས་ཀྱི་རྨི་ལམ་ཡང་ནམ་ཞིག་མིའི་རིགས་ཀྱི་རྨི་ལམ་མངོན་འགྱུར་བྱུང་བའི་ཆ་ཤས་སུ་འགྱུར་ངེས་རེད།
༢༠༠༩ལོའི་ཟླ་༨པའི་ཚེས་༢༤ཉིན།
བོད་མིའི་རྨི་ལམ་ནི་རང་བཙན་ཡིན། ཞེས་པའི་འགོ་རྗོད་ཙམ་ལས། དེ་རིང་ཀློག་ཁོམ་མ་བྱུང་ཡང་། བཤད་འདོད་པ་ནི།
བོདམིའི་རྒྱལ་རབས་ནི་རང་བཙན་རེད། །
བོད་མིའི་མངོན་འདོད་ནི་དབུས་ལམ་རེད། །
བོད་མིའི་རྨི་ལམ་ནི་རང་བཙན་རེད། །
བོད་མིའི་དགོས་འདོད་ནི་བདེ་སྐྱིད་རེད། །
ཀརྡོ་གཉེར་ཕྱག་ལགས། བོད་མིའི་མངོན་འདོད་ནི་དབུ་ལམ་རེད་ཟེར་བ་དེ་སྡིག་པ་མིག་བཙུམས་མ་རེད་དམ། བོད་ནང་དུ་རྒྱ་དམར་དབང་བསྒྱུར་ལ་རང་ལུས་མེར་བསྲེག་གིས་ངོ་རྒོལ་བྱེད་ཀྱི་ཡོད་པ་དང་། དེང་སྐབས་ཀྱི་དབུ་ལམ་ཟེར་བ་རྒྱ་དམར་དབང་བསྒྱུར་ལ་ངོས་ལེན་ཤོར་བའི་གཡོན་ལམ་མཐའ་ལ་ལྷུང་བ་ཞིག་མ་རེད་དམ། དེ་གཅིག་ཡིན།
གཞན་དེ་སྐུ་ཞབས་ཚོ་ཁྲང་ཆིང་ལྟ་བུའི་དྲང་བདེན་གྱི་བསམ་བློ་ཡོད་པ་དང་དྲང་བཤད་ཕོད་པའི་རྒྱ་རིགས་མཁས་པ་འདི་དག་དེང་སང་ངྷ་རམ་ས་ལས་མི་ཉེན་ཁ་ཅན་ལ་བརྩིས་ནས་འགོག་ཅི་ཐུབ་དང་གཡོལ་གང་ཐུབ་བྱེད་ཀྱིན་པའི་ཁར། ཁོང་ཚོ་རྒྱལ་བ་རིན་པོ་ཆེ་ལ་མཇལ་འཕྲད་ཀྱང་འགོག་ཀྱིན་པར་ཚང་མས་བསམ་ཚུལ་གསུང་རོགས།
ལོ་ངོ་དྲུག་མ་ཟིན་ཙམ་གྱི་གོང་ནས་བོད་མིའི་དབུ་ལམ་གྱིས་འབྱུང་འབྲས་ཀྱི་སྡོམས་ཚིག་གཅིག་རྩོམ་པ་པོ་ཚོའོ་ཁྲང་ཆིན་ལགས་ཀྱིས་རྒྱབ་འདུག། ལེའུ་ཚན་རེ་རེའི་ནང་དུ་གལ་གནད་ཆེ་བའི་དཔྱད་གླེང་ཟབ་མོ་གསུངས་འདུག། བོད་པའི་རང་བཙན་པ་རྣམས་ཀྱིས་ཁོང་གི་དཔྱད་གླེང་གི་གལ་གནད་དང་ཆ་འདྲ་བའི་རྩོམ་ཡིག་དང་གཏམ་བརྗོད་གནང་མཁན་ཕལ་ཆེ་མེད་ཚད་རེད། རྩོམ་པ་པོ་ཚོའོ་ཁྲང་ཆིན་ལགས་ཀྱིས་༢༠༠༩ལོར་གསུངས་པའི་རྒྱ་བོད་གནས་སྟངས་འབྱུང་རིམས་སྐོར་གྱི་དཔྱད་གླེང་ནི་ད་ལྟའི་བར་དུ་མ་འོངས་ལུང་སྟོན་གྱུར་འདུག།
་་་་་་་་་་་་་ བོད་རང་བཙན་ལ་རྒྱབ་སྐྱོར་ཞུ་མཁན་ཡང་གང་འཚམ་བྱུང་བ་རེད། ཡིན་ཡང་ཉེ་བའི་ལོ་འདི་དག་གི་ནང་དུ་བོད་ཀྱི་བསམ་བློའི་དབུ་ཁྲིད་ཏཱ་ལའི་བླ་མ་མཆོག་དང་བཙན་བྱོལ་བོད་གཞུང་གིས་ག་དུས་ཡིན་ཡང་དབུ་མའི་ལམ་ཤུགས་ཆེར་བརྗོད་དེ། ཕྱོགས་གཉིས་སུ་མ་ལྷུང་བའི་སྒོ་ནས་རང་བཙན་བློས་གཏོང་བྱས་པ་དང་། རྒྱ་གཞུང་གིས་མི་སེར་སྤེལ་བའི་དབང་སྒྱུར་ལའང་ངོས་ལེན་མ་བྱས་པར་བོད་ནི་རྒྱ་ནག་གི་ཆ་ཤས་ཡིན་པ་ཁས་ལེན་བྱས་ཐོག་ཚད་མཐོའི་རང་སྐྱོང་ལ་རེ་བ་བརྒྱབས་པ་རེད། ་་་་་་་་་་་་་་་་་
འདིའི་ནང་ལ། ་་་་་་་་ བོད་ནི་རྒྱ་ནག་གི་ཆ་ཤས་ཡིན་པ་ཁས་ལེན་བྱས་ཐོག་་་་་་་་་་་ ཟེར་བ་འདི་ནོར་བ་རེད།
་་་་་་་་་་་་་་་་ ལོ་རྒྱུས་ཐོག་བོད་ནི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། དེ་ལ་རང་གི་རྒྱལ་མིང་དང་རྒྱལ་དར། འགོ་ཁྲིད། རྒྱལ་ས། དངུལ་སྒོར། ལམ་ཡིག དམག་མི། དཔྱ་ཁྲལ་སོགས་ཀྱང་ཡོད། ཐ་ན་བོད་ནི་ཆིན་རྒྱལ་རབས་ཀྱི་མཇུག་དང་ཅང་ཅེ་ཧྲིའི་གོ་མིན་ཏང་གི་སྐབས་སུའང་ཁོང་ཚོའི་མངའ་ཁོངས་ཀྱི་ཞིང་ཆེན་ཞིག་མ་ཡིན་པར ། ལོ་རབས་ལྔ་བཅུ་པའི་དུས་འགོར་གཞི་ནས་དམར་ཕྱོགས་དམག་མིས་བཙན་བཟུང་བྱས་པ་ཞིག་རེད། ་་་་་་་་་་་་་་་
# 2 ལྷ་སྡེ་གནམ་ལོ་ཡག་ལགས་ཀྱིས་མཆན་བཏབ་པ།:
March 23rd, 2015 at 7:47 PM
ཀརྡོ་གཉེར་ཕྱག་ལགས། བོད་མིའི་མངོན་འདོད་ནི་དབུ་ལམ་རེད་ཟེར་བ་དེ་སྡིག་པ་མིག་བཙུམས་མ་རེད་དམ། ་་་་་་་
ཞེས་པའི་ལན་དུ། ད་ལྟའི་བལ་བོད་འབྲུག་གསུམ། གྲངས་ཉུང་མི་རིགས་གསུམ་པོ་ཚོས། དཔལ་འབྱོར་སྟོབས་ལྡན་རྒྱ་ནག་དང་། མང་གཙོ་སྟོབས་ཆེན་རྒྱ་གར་གཉིས་ལ་ཁ་གཏད་བཅོག་བགྱི་ཡིན་ཟེར་ན། ང་ཚོ་མི་རིགས་གསུམ་པོས་རང་ཤི་བརྒྱབ་བགྱི་ཡིན་ཟེར་བ་དང་གཅིག་པར་མཐོང་བགྱིད་འདུག ལྷ་སྡེ་ལགས།
ངས་མཐོང་བའི་ད་ལྟའི་བར་གྱི་བོད་རང་བཙན་ཤོད་མཁན་རིགས་གསུམ་བཞི་ཙམ་འདུག་དྲན།
གཅིག ༸གོང་ས་མཆོག་གིས་གཟིགས་པའི་བོད་མི་ས་ཡ་དྲུག་གི་འཕྲལ་ཕུག་རྒྱང་གསུམ་གྱི་ཕན་བདེ་རེ་བ་དང་། དགོངས་བཞེས་དེ། མ་ཤེས་ནས་རང་བཙན་དུ་ངར་མཁན་རིགས་གཅིག་དང་།
གཉིས། བོད་མི་རིགས་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸གོང་མཆོགད་ང་། བཙན་བྱོག་སྒྲིག་ལ་རྩིས་མེད་དང་། ཡ་མེད་བྱེད་དེ་ཚོས་རང་བརཙན་ཤོད་བཞིན་པ་དང་།
གསུམ། བོད་མིའི་རིགས་གཅིག་ནི། རྒྱ་ཡི་བཙན་གནོནལ། ་མ་བཟོད་ནས། ཁོང་ཁྲོས་བཟི་ནས་རང་བཙན་སྐད་འབོད་བྱས་པ་ཙམ་ལས། རང་བཙན་ལེན་ཐཐབས་ཞི་དྲག་གི་ཐབས་ལམ་གང་ཡང་བསམ་བློ་མེད་པ་དག་རེད་མི་འདུག་གམ།
བཞི། བོད་རིགས་ཉུང་ཤས་རང་བཙན་མེད་ན། བོད་པར་བདེ་ཐབས་མེད་པ་བསམ་མཁན་འགའ་རེ་ཡོད་ཀྱང་། དེ་དག་གི་བརྒྱ་ཆའི་གྲངས་ཚད་ཤིནད་ཏུ་ཉུང་ལ། དེ་དག་ནི། ལག་ཆད་མཚོན་ཆ་ཉོ་འདོད་ཡོད་མཁན་དང་འདྲ་བོ་མི་འདུག་གམ། ལགས།
ཀརྡོ་གཉེར་ཕྱག་ལགས། ལོ་ཤས་ཡར་སྔོན་ཐ་ལི་བྷན་གྱིས་སྟོབས་ལྡན་ཨ་རིར་ཁ་གཏད་གཅོག་པ་ནི་རང་ཤི་བརྒྱབ་པ་ལྟ་བུར་མཐོང་མཁན་ཡོད་མོད། དེང་སྐབས་ཨབ་ངྒན་གཞུང་གིས་ཐ་ལི་བྷན་མཉམ་དུ་གྲོས་མོལ་བྱེད་དགོས་ཐུག་པ་ནི་དཔེར་མཚོན་ཞིག་རེད།
དེ་མིན་དབུ་མའི་ལམ་ཐད་ནས་བཤད་ན། ༢༠༠༨ལོའི་ཡར་སྔོན་མཐའ་གཉིས་སུ་མ་ལྷུང་བ་རེད་ལ། དེ་ལ་དགག་པ་རྒྱག་མཁན་ཉུང་ཤོས་ལས་ཡོད་པ་མ་རེད། དེའི་རྗེས་ནས་མཐའ་གཅིག་ཏུ་ལྷུང་ནས་རྒྱ་དམར་རྩ་ཁྲིམས་འོག་འཛུལ་འདུན་བསྟན་པར་མ་ཟད། བྱ་སྤྱོད་དེ་ད་དུང་མཚམས་བཞག་ཡོད་པ་མ་རེད། དེང་སྐབས་བོད་ནང་རྒྱ་དམར་གཞུང་ལ་ངོ་རྒོལ་ག་ཚད་གནང་བཞིན་པ་ཚང་མས་མཐོང་གསལ་ལྟར་རེད།
བཙན་བྱོལ་བོད་གཞུང་ཟེར་བ་ཞིག་་ག་བ་འདུག་གམ། བཙན་བྱོལ་བོད་གཞུང་མིང་བསྒྱུར་བྱས་ནས་ལོ་ག་ཚད་འགོར་འདུག དེ་ནི་ཁྱེད་རང་གིས་མ་བྷིན་བཤད་ཀྱིན་པ་མ་རེད་དམ།
སོ་སོའི་མི་རིགས་ལ་ཤ་ཞེན་དངོས་གནས་ཡོད་མཁན་ཅིག་ཡིན་ན། བོད་རྒྱ་ཁོངས་སུ་སྡོད་དགོས་པ་དང་། དེས་མ་ཚད། འབྲུག་ཀྱང་རྒྱ་ནག་ཁོངས་སུ་བསྡད་ན་ཕྱུག་བགྱིད་རེད། ད་དུང་བལ་པོ་རྒྱ་གར་ཁོངས་སུ་བསྡད་ན་ཡག་ག་ཡིན་པ་དེ་ངས་ཤེས་པའི་ཆབ་སྲིད་དེ་ཡིན་ནོ། ངས་བཙན་བྱོལ་སྒྲིག་འཛུགསལས། བོད་གཞུང་ཞེས་བྲིས་མེད་དོ།།
ཨ་ལས། འབྲུག་རྒྱ་ནག་ཁོངས་སུ་བསྡད་ན་ཕྱུག་པའི་རྒྱུ་མཚན་ཞིག་བཤོད་དང་། ཡང་ཀརྡོས་རང་མི་ཐོན་གཤིན་པོའི་ཡར་འདྲེན་བྱེད་རྩིས་འདྲ། འབྲུག་རྒྱལ་ཁབ་ཆུང་ཆུང་དེ་ཕྱོགས་ཡོངས་ནས་འགྲིགས་ཐག་ཅོད་རེད་ལ་མཉམ་འབྲེལ་རྒྱལ་ཚོགས་ནང་རྐུབ་གྲལ་འདྲ་འདྲ་བཏང་ནས་བསྡད་ཡོད་པ་རེད་ད། ད་དུང་ཁྱོད་ཀརྡོས་ཁ་བདག་མེད་ནས་སྐད་བདག་མེད་དེ་བརྒྱབ་བསྡད་ན་འབྲུག་པས་རྐུབ་ལ་དབར་ཏི་བརྒྱབ་ཡོང་ང་། ཧ་ཧ།
རང་མགོ་མི་ཐོན་ལ་བཅོས།
མི་མངས་ལ་དགོས་ཡ་དང་པོ་དེ། དཔལ་འབྱོར་དང་། བདེ་སྐྱིད་དེ་རེད། རང་བཙན་དང་། དམག་བྱུས་ནི། ཆབ་སྲིད་པའི་མགོ་སྐོར་རེད།
ཀརྡོ་ཁྱོད་རང་བླུན་པོ་བླུན་ནག་རེད་འདུག་ག རྒྱ་ནག་ཕྱུག་པོ་ཆགས་སོང་བས་རྒྱུ་མཚན་བོད་དང་ནང་སོག ཡུར་ཧོར་བཅས་ནས་གཏེར་ཁ་རིགས་མི་བ་འདྲ་བརྒྱ་མང་པོ་འཕྲོག་ནས་རྒྱ་ཕྱུག་པོ་ཆགས་སོང་བ་རེད། བོད་གངས་ཅན་པའི་ས་འོག་ཏུ་གསེར་དང་དངུལ་ཡོད་རེད།
གལ་སྲིད་བོད་པ་སྤྲང་པོ་སྤྲད་ནག་གསོ་དགོས་པའི་མི་རིགས་ཤིག་ཡིན་ན་རྒྱ་གཞུང་གིས་མིག་ཁོ་རང་བལྟ་ཡི་མ་རེད། བོད་རང་བཙན་བརྩད་དགོས་པའི་རྒྱུ་མཚན་ཡང་བོད་གངས་ཅན་པའི་གཏེར་ཁ་དེ་དག་བོད་མི་རིགས་ལ་བདག་ན་བསམས་པ་ཡིན། རང་རྒྱུ་རང་བདག་བྱུང་ན་བསམས་པ་ཡིན།
ཀརྡོ་་་ཅང་མ་ཤེས་ན་ཁ་བཙུམ་ནས་སྡོད་དང་་་ལྐུག་པ་རེད་ཟེར་མཁན་མི་འདུག་ག ཕྱུག་པོ་སུ་ཡིན་ཙམ་ཤེས་ཀྱི་མི་འདུག རྒྱ་གུན་ཁྲན་བསླེབས་ནས་ད་ལྟའི་བར་དུ་བོད་ཀྱི་དཔལ་འབྱོར་རྒྱ་ཡུལ་ཁུར་སོང་རེད་ད། ཤེས་མེད་རང་རེད།
ཡུར་ཧོར་བཅས་ནས་གཏེར་ཁ་རིགས་མི་འདྲ་བ་བརྒྱ་ཕྲག་མང་པོ་འཕྲོག་ནས་རྒྱ་ཕྱུག་པོ་ཆགས་སོང་བ་རེད། ་་་་ཅེས་་བཅོས་རོགས་་་དཀོར་གཉེར་ལགས།
ཡང་རྙོག་རྩོམ་ཞིག་ཐོན་ཐལ། ལར་ནས་རྒྱ་རྒན་གྱི་རྩོམ་ལ་བསྟོད་ཅིང་། རང་བཙན་དགོས་མདོག་མདོག་བྱེད་ཀྱིན་འདུག་ག རང་བཙན་དགོས་ན་ཡོད་ཡོད་པ་རེད་ད། རྩོད་ས་རྒྱ་གུང་ཁྲན་རེད། ང་དང་ཁྱོད་མ་རེད། འགན་ཁུར་མེད་པའི་རྩོམ་འབྲི་བ་རྒྱ་རྒན་ཀན་དང་ང་ཚོའང་མ་རེད་བ། ད་དུང་ཁ་ཅིག་གིས་རྒྱ་རྒན་མཇལ་བཅར་དུ་གཏང་གི་མི་འདུག་ཟེར། ཁྱེད་ཀྱིས་ཅི་ཤེས་ནི་རེད། འགན་ཁུར་ཟེར་བ་རྩ་མོ་རྩ་མོ་ཟིག་ཡིན་ནི་མ་རེད་གོ གང་ལྟར་བོད་ལ་དུང་ཞིང་རང་དབང་ལྡན་པར་བྱ་སྙམ་ན། རྩོམ་རྙོག་དེ་རིགས་དང་ལྟ་བ། ལངས་ཕྱོགས་གང་ལའང་ཕྱོགས་རེ་བས་མི་བལྟ་བར། དྲང་ཐིག་ཏུ་བཟུང་ནས་འཛམ་གླིང་གོ་ལའི་འགྱུར་བགྲོས་དང་བསྟུན། བསམ་གཞིགས་དགོས།
ཡང་རྙིང་ནས་དགོད་པ་ཞིག་ཏུ། འགས་དཔལ་འབྱོར་ལྡན་ན། ཐམས་ཅད་གཞི་གྲུབ་པར་དོགས་པའམ་ཐེ་ཚོམ་པ་ནི། རྩེ་གཉིས་པའི་བློ་ཡིན་ཕྱིར་སྤངས་པར་བྱའོ། །
རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྨི་ལམ་དེ་ག་རེ་རེད། ལགས། ཅོ་རི་ལགས།
མ་ཤེས་ཤེས་མདོག་་་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཟེར་བ་ཤིག་འཛམ་གླིང་འདིའི་ཐོག་ཏུ་ཡོད་མ་རེད་་་་ཀྲུང་ཧྭ་མི་དམངས་སྤྱི་འཐུས་རྒྱལ་ཁབ་ཟེར་བ་ཤིག་ཡོད་་་་་དཀོེར་གཉེར་ལགས།
ཅོ་རི། ཁྱོད་དགྲ་བོ་རྒྱ་གཞུང་གི་རྨི་ལམ་ཅི་རེ་དམ། ལགས།
ཀྲུང་ཧྭ་མི་དམངས་སྤྱི་འཐུས་རྒྱལ་ཁབ་ཀྱི་རྨི་དེ་གང་རེད། ཅོ། ཅོ་རི་ལགས།
ཀྲུང་ཧྭ་མི་དམངས་སྤྱི་འཐུས་རྒྱལ་ཁབ་གྱི་རྨི་ལམ་དེ་བོད་རང་བཙན་སྤྲོད་རྒྱུ་དེ་ཡིན་ནམ། ཅོ་རི་ལགས།
ཡང་ན། ཀྲུང་ཧྭ་མི་དམངས་སྤྱི་འཐུས་རྒྱལ་ཁབ་ཀྱི་རྨི་ལམ་དེ། ཅོ་ཅོ་རིའི་རིགས་རྣམས་དམར་གསོར་གཏོང་རྒྱུ་དེ་རེདདམ། ལགས། ཅོ་རི་ལགས།
ཀརྡོ་གཉེར་ཕྱག་མིང་ཅན་དེས་མིའི་བདེ་སྐྱེད་ཀྱི་དབྱེ་ཞིབ་བྱེད་སྟངས་སྐྱོ་བ་ལ། མིའི་བདེ་སྐྱིད་ཀྱི་གཞི་རྩ་དཔལ་འབྱོར་ལ་འཛིན་པ་ནི་དམར་པོའི་ལྟ་གྲུབ་རེད། མིའི་བདེ་སྐྱིད་ཀྱི་གཞི་རྩ་རང་དབང་ལ་འཛིན་པ་ནི་དམངས་གཙོའི་ལྟ་གྲུབ་རེད། མིའི་བདེ་སྐྱིད་ཀྱི་གཞི་རྩ་ཞི་བདེ་ལ་འཛིན་པ་ནི་ཆོས་ལུགས་པའི་ལྟ་གྲུབ་རེད།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྨི་ལམ་ནི་བོད་རང་བཙན་མ་རེད་ལ། བོད་དབུ་ལམ་ཡང་མ་རེད། ཁོ་ཚོའི་བོད་སྐོར་རྨི་ལམ་དང་མངོན་སུམ་གཉིས་ཆ་ནི་ད་ཡོད་ཀྲུང་གོ་ལ་ཡོད་པའི་བོད་དེ་རང་རེད། ཇི་སྲིད་གཞུང་དེར་འགྱུར་བ་ཞིག་མ་འགྲོའི་བར་དུ་དོན་གནད་དེར་འགྱུར་བ་མི་ཐུབ་པ་ཞིག་རེད།
# 4 ཀརྡོ་གཉེར་ཕྱག་པ་་ལགས་ཀྱིས་མཆན་བཏབ་པ།:
March 24th, 2015 at 12:48 AM
་་་་་་་་་་་་་ བོད་རང་བཙན་ལ་རྒྱབ་སྐྱོར་ཞུ་མཁན་ཡང་གང་འཚམ་བྱུང་བ་རེད། ཡིན་ཡང་ཉེ་བའི་ལོ་འདི་དག་གི་ནང་དུ་བོད་ཀྱི་བསམ་བློའི་དབུ་ཁྲིད་ཏཱ་ལའི་བླ་མ་མཆོག་དང་བཙན་བྱོལ་བོད་གཞུང་གིས་ག་དུས་ཡིན་ཡང་དབུ་མའི་ལམ་ཤུགས་ཆེར་བརྗོད་དེ། ཕྱོགས་གཉིས་སུ་མ་ལྷུང་བའི་སྒོ་ནས་རང་བཙན་བློས་གཏོང་བྱས་པ་དང་། རྒྱ་གཞུང་གིས་མི་སེར་སྤེལ་བའི་དབང་སྒྱུར་ལའང་ངོས་ལེན་མ་བྱས་པར་བོད་ནི་རྒྱ་ནག་གི་ཆ་ཤས་ཡིན་པ་ཁས་ལེན་བྱས་ཐོག་ཚད་མཐོའི་རང་སྐྱོང་ལ་རེ་བ་བརྒྱབས་པ་རེད། ་་་་་་་་་་་་་་་་་
འདིའི་ནང་ལ། ་་་་་་་་ བོད་ནི་རྒྱ་ནག་གི་ཆ་ཤས་ཡིན་པ་ཁས་ལེན་བྱས་ཐོག་་་་་་་་་་་ ཟེར་བ་འདི་ནོར་བ་རེད།
སྐུ་ཞབས་ཚོའོ་ལགས་ཀྱི་རྩོམ་འདི་ལ་འགྱུར་སྐྱོན་བྱུང་བ་མིན་ན་ཁོང་གིས་སོ་མ་ར་ཛ་ཟོས་པ་འདྲ་བོ་ཆགས་སོང་།
སྔར་ཁོང་གིས། ༧གོང་ས་མཆོག་གིས་དགེ་སློང་གིས་རྫུན་མ་བཤད་མི་ཆོག་ཟེར་བ་དྲངས་ནས་གཏམ་བཤད་ཡག་པོ་ཞིག་གནང་ཡོད། མ་གཞི་ནས་ཁོང་རྒྱ་མི་ཧ་ཅང་གི་ཡག་པོ་ཞིག་འདུག་ག
ངའི་སྐྱེས་དམན་དང་། སྐྱེས་དམན་ཨ་མ་བལ་ཡུལ་ནས་རེད། བལ་པོའི་རྒྱལ་སར་བོད་རིགས་རྣམས་སྐྱོ་མདོག་ཁ་པོ་བསྡད་ཡོད་མརེད། འོནད་ཀྱང་། བལ་པོའི་གཞུང་སྐྱོ་དྲགས་ནས། ཉི་མ་གཅིག་ལ་གློ་ཆུ་ཚོད་བཞི་ལས་སྤྲོ་ཐུབ་དགྱིོད་མི་འདུག དེའ་འདྲའི་གཞུང་གི་ག་རེ་བྱེད་དགོས་རེད། དེ་ལས་རྒྱ་གར་མཉམ་དུ་བསྡད་ཆུ་གློ་དེ་དྒ་ག་ཡོང་བགྱི་ཡོད་ཙང་། བལ་པོ་རྒྱ་གར་མཉམ་དུ་ཟ྄སྒྲིལ་གཏོང་དགོས་རེད་ཟེར་བ་ཡིན། དེ་བཞིན་འབྲུག་ཀྱང་་་་་་་་་་
ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྨི་ལམ་ཨེ། འཛམ་གླིང་ལ་ཁ་ལོ་བསྒྱུར་བའི་སྟོབས་ཆེན་རྒྱལ་ཁབ་དེར་འགྱུར་བར་རེ་ཡོད་པས། གནད་དོན་གཞན་དག་རྐང་འོག་ཏུ་བརྫི་བསམ་ཡོད་པ་རེད། དཔེར་ན། ཏཱ་ལའི་བླ་མ་སྐུ་ཕྲེང྄༡༥ངོས་འཛིན་བྱས་ཏེ་བོད་མི་ཚོར་ཕྱག་འཚལ་དུ་བཅུག་བསམ་བཞིན་པ་དང་། ཨེ་ཤ་ཡ་དང་ཡུ་རོབ་གཉིས་བར་ལྕགས་ལམ་གྱིས་སྦྲེལ་ནས་ཤིན་ཅང་གནད་དོན་མེད་པར་གཏོང་བསམ་ཡོག གང་ལྟར་དར་དམར་ཕྱར་མཁན་དང་ཞིས་ཅིན་ཕེན་ལ་བསྟོད་པའི་སྙན་ངག་འབྲི་མཁན་ཚོའི་བསྟན་པ་དར་ངེས་ཡིན། བོད་མི་མང་གིས་དེ་དག་ངོས་ལེན་གནང་མིན་བལྟ་བྱར་ལྷག་ཡོད། འདི་དག་སྐད་ཆ་དྲང་པོ་ཡིན། སུ་ལའང་དམོད་ཀྱི་མེད།
དཀོར་གཉེར་ལགས་ཁྱེད་རང་གི་ལྟ་ཚུལ་དེ་བལ་པོ་ཡོངས་ལ་འགེབ་ཚུལ་སྟོན་པ་ནི་གླེན་རྟགས་རང་རེད། བལ་པོ་ཚོས་རང་ཉིད་ཅི་ལྟར་སྐྱོ་ནའང་མཉམ་འབྲེལ་རྒྱལ་ཚོགས་ནང་རྒྱལ་ཁབ་བརྒྱ་ལྷག་གི་གྲལ་དུ་འདྲ་མཉམ་གྱིས་བང་བསྒྲིགས་ནས་བསྡད་ཡོད་རེད། འཚོ་ཐབས་ཇི་ལྟར་སྐྱོ་ནའང་རང་ཉིད་ལ་དབང་བའི་རང་དབང་གི་རྒྱལ་ཁབ་ལོ་ངོ་སྟོང་ཕྲག་གི་གོང་ནས་ཕ་བཞག་པ་ཅན་ཚོས་བཞག་པ་དེ་དབུ་མ་པའམ་ཁྱོད་ལྟ་བུར་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དམར་པོའི་འོག་ཏུ་སྡོད་འདོད་ཡོད་པ་མ་རེད། ཟ་འཐུང་གཅིག་པོའི་དོན་ལ་བསམ་མཁན་མ་རེད། བལ་པོ་རྣམས་ནི་ད་ལྟ་ལུས་བདེ་སེམས་བདེའི་ངང་ནས་ལོ་གཅིག་ལ་ལོ་གསར་བཅུ་ཕྲག་བཏང་ནས་སྡོད་ཀྱི་རེད། དེ་བཞིན་འབྲུག་ལ་མཚོན་ནའང་རང་ཉིད་ཀྱི་རང་དབང་རང་ཉིད་ཀྱིས་ལོངས་སུ་སྤྱོད་བཞིན་ཡོད་མུས་སུ་གཞན་གྱི་མངའ་འོག་ཏུ་འགྲོ་འདོད་འདུག་འདོད་ཡོད་པ་མ་རེད་དོ།
རྒྱ་གུན་ཁྲན་ལ་རྒྱུས་མངའ་ཡོད་མཁན་དང་། རྒྱལ་སྤྱིའི་གནས་སྟངས་ཤེས་མཁན་རྒྱ་བོད་མི་རིགས་སུས་ཀྱང་ཀྲུང་ཧྭ་མི་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་རང་དབང་ཞིག་དང་ཁེ་ཕན་ཞིག་འཐོབ་པའི་རེ་བ་མི་བྱེད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བེད་སྤྱོད་ནས་བོད་མི་ཕྱུག་བདག་ཡོངས་ཀྱི་རྒྱུ་ནོར་ཡོངས་རྫོགས་ཇག་པའི་བཅོམ་པ་ལྟར་བཙན་འཕྲོག་བྱས་སོང་བ་རེད།
གུན་ཁྲན་ཏང་གིས་ག་རེ་བྱས་འདོད་ནའང་བྱེད་ཀྱི་རེད། རྩ་ཁྲིམས་བེད་སྤྱོད་ནས་མི་དམངས་ཉེས་མེད་ལ་ཉེས་ཁྲིམས་གཅོད་ཀྱི་རེད་ལ་དམར་གསོད་གཏོང་གི་རེད། དེ་འདྲ་ཡིན་པར་ཤེས་བཞིན་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་རང་སྐྱོང་བྱ་འདོད་པ་ནི་སྨྱོན་པའི་ལས་ཀ་རང་རེད།
དབུ་མའི་ལམ་ཟེར་བ་འདིས་བོད་མི་རིགས་ཀྱི་ཐོབ་ཐང་བདག་དབང་ལ་རྡོག་རོལ་གཏོང་བཞིན་ཡོད། བོད་མི་རིགས་ཀྱི་རྒྱུད་ལ་རྒྱལ་ཞེན་གྱི་འདུ་ཤེས་ཉམས་བཅུག་གི་ཡོད། མི་རིགས་ཀྱི་ལ་རྒྱ་ཉམས་བཅུག་གི་ཡོད། རྒྱ་དགའ་བ་མང་པོ་གསོ་སྐྱོང་བྱེད་བཞིན་ཡོད། བོད་མི་ཡོངས་རྫོགས་རྒྱ་དགའ་བ་ཆགས་ཚར་བའི་ཉིན་མོར་བོད་བརླགས་ཚར་བ་རེད་ལ་བོད་ཀྱི་སྐད་ཡིག་ཡང་བེད་སྤྱོད་གཏོང་གི་མ་རེད།
དབུ་མའི་ལམ་གྱིས་བོད་མི་རིགས་ཀྱི་མ་འོངས་པ་ལ་གནོད་སྐྱེལ་གྱི་ཡོད། ནང་གི་བོད་མི་ལས་ཕྱིའི་བཙན་འཛུལ་བ་ལ་དགའ་བ་བྱེད་མཁན་ཇེ་མང་གཏོང་བཞིན་ཡོད། འདི་ནི་ཉེན་ཁ་ཆེན་པོ་རེད། བོད་མི་རིགས་དང་། བོད་ཀྱི་ཆོས་དང་རིག་གཞུང་ཡོངས་རྫོགས་རྩ་མེད་འགྲོ་བའི་ལམ་ཞིག་རེད།
རྒྱ་གཞུང་གིས། བོད་ལ་རང་བཙན་སྤྲོད་འདོད་མེད་ན། བོད་དང་བོད་མི་རྣམས་རྒྱ་ནག་དང་མཉམ་དུ་བསྡད་འདོད་ཡོད་ཀྱང་། ད་ལྟ་ནང་བཞིན་མིན་པར། ཆོལ་གསུམ་གཅིག་ཏུ་སྒྲིལ་བའི་རང་སྐྱོང་ཚད་ལྡན་བྱས་ནས་སྡོད་འདོད་ཡོད་པ་ལས།
བོད་རྒྱ་ནག་འོག་གམ། རྒྱ་བོད་རིགས་འོག་སྡོད་ཟེར་བའི་ཚིག་འདི། དེང་སང་མང་གཙོའི་གོ་དོན་མ་གོ་བའི་གླུན་ཚིག་ཅིག་རེད། ངས་རྟག་ཏུ། ལ་དྭགས་རྒྱ་གར་མཉམ་དུ་བསྡད་ཡོད་པ་ལས། ལ་དྭགས་རྒྱ་གར་འོག་ཏུ་བསྡད་ཡོད་མ་རེད། ཅེས་རྟག་ཏུ་ཟེར་བགྱིན་ཡོད་གདའ།
མདོར་བསྡུས་ན། ང་ནི། བལ་འབྲུག་ནང་བཞིན་དུས་རབས་ཉེར་གཅིག་པའི་མཚན་ཉིད་མ་ཚང་བའི་བོད་རང་བཙན་བྱས་ནས་ཀྱང་སྡོད་འདོད་རྩ་བ་ཉིད་ནས་མེད་དོ།། ཧཧཧཧ།། །།
རྒྱ་གཞུང་གིས་དང་པོ་རྒྱལ་བ་རིན་པོ་གནད་དོན་ཟེར་ནས་བསྡད་པ་རེད།
ད་ཆ་ཁ་བྲལ་པ་ཟེར་ནས་ཁག་དཀྲིས་བྱས་ནས། བསྡད་ཡོད་བཞིན་དུ།
རང་བཙན་སྐད་འབོད་བྱས་པ་ཙམ་མཟད། དེ་ཡང་བཙན་བྱོལ་སྒྲིག་འཛུགས་དང་མཉམ་བསྲེས་བྱས་ནས། རང་བཙན་སྐད་འབོད་བྱས་པ་ནི། ནོར་བ་ཆེན་པོ་རེད་དོ།།
མཐའ་དོན་ངའི་སྙིང་གཏམ་བསམ་འཆར་ནི།
འོནད་ཀྱང་རང་བཙན་པས་རང་བཙན་གྱི་སྐད་འབོད་བྱ་ཡ་ཐོབ་ཐང་དགོས་ལ། དབུ་མ་པར་དབུས་ལམ་གྱི་སྐད་འབོད་ཐོབ་ཐང་ཡོད་རེད། དེ་གཉིས་ཀྱི་ཚོགས་པ་དང་། སྒེར་མི་རྣམས་ཁག་སོ་སོར་ངོ་ཤེས་པའི་ཐོག་ནས་ཉ་ཉུང་མཉམ་བསྲེས་མེད་པར་སྐད་འབོད་གྱིས། ཁ་དང་ཁ་སྤུ་དབྱེད་བྱེད་འབྱེད་ནས། སྐད་འབོད་གྱིས།། །།
རང་བཙན་དང་། དབུ་མའི་སྐོར།
https://www.facebook.com/video.php?v=10150379469866460&set=vb.331825884824&type=2&theater
དྲིལ་སྒྲོག་བཀའ་བློན་གྱིས།
https://www.facebook.com/video.php?v=372589532924726&set=vb.100005210470770&type=2&theater
སྲིད་སྐྱོང་གིས།
https://www.facebook.com/video.php?v=908068229245830&set=vb.100001279853513&type=2&theater
བོད་པ་རང་ཉིད་བལ་འབྲུག་གཉིས་ལས་སྐྱོ་བ་བརྩིས་ནས་། ད་དུང་རང་བཙན་རྨི་ལམ་གཏོང་མཁན་ཚོ་འདི་ཚོ་དང་སྐུ་སྐྱིད། བལ་པོའི་མི་སེར་ས་ཡ་གཉིས་ཙམ་བྲན་གཡོག་ལྟ་བུར་ལུས་འདུག
2015-03-25 གློག་འཕྲིན། མཆན། འགྲེམ་སྤེལ། པར་བཀོད།
པར་བཀོད། འགྲེམ་སྤེལ། མཆན། གློག་འཕྲིན། བལ་ཡུལ་གྱི་རྒྱལ་སའི་རྒྱལ་སྤྱིའི་གནམ་ཐང་།
བལ་ཡུལ་གྱི་རྒྱལ་སའི་རྒྱལ་སྤྱིའི་གནམ་ཐང་།
lhuboom/RFA
ཕྱིའི་ཡུལ་གྲུ་ཁག་ནང་བལ་པོ་ས་ཡ་གཉིས་ཙམ་བྲན་གཡོག་རིང་ལུགས་ཀྱི་གནས་སྟངས་ལྟ་བུར་ཡོད་པ་གཞུང་གིས་ངོས་ལེན་བྱས་འདུག
དེ་ཡང་བལ་ཡུལ་གྱི་ཡུལ་མི་སྟོང་ཕྲག་མང་པོ་འཚོ་བའི་དོན་དུ་ཕྱིའི་ཡུལ་གྲུ་ཁག་ནང་ལས་ཀའི་གོ་སྐབས་འཚོལ་བའི་འགྲོ་གྲོན་ཆེད་དུ་ས་ཞིང་བོགས་མ་བཞག་སྟེ་དངུལ་བུན་སྔ་གཡར་བྱས་རྗེས་ད་ཆ་བུན་ལོན་སྤྲོད་འཇལ་མ་ཐུབ་པའི་རྐྱེན་གྱིས་ས་ཞིང་ཤོར་བ་མ་ཟད། ལས་ཀ་ལས་སའི་ཕྱིའི་ཡུལ་གྲུ་ཁག་ནང་། ཁྱོན་བལ་པོ་ས་ཡ་གཉིས་ཙམ་བྲན་གཡོག་རིང་ལུགས་ཀྱི་གནས་སྟངས་ལྟ་བུར་ལུས་ཞིང་། དཀའ་ངལ་ཅི་ཆེ་འཕྲད་བཞིན་ཡོད་པ་དང་། བལ་ཡུལ་གཞུང་ཕྱོགས་ནས་བལ་པོ་ཚོའི་ཐོབ་ཐང་སྲུང་སྐྱོབ་གང་ཐུབ་ཀྱི་འབད་བརྩོན་བྱེད་བཞིན་ཡོད་ལུགས་གསུངས་འདུག
དེ་ཡང་རེས་གཟའ་མིག་དམར་ཉིན་Human Rights Watchའམ་འགྲོ་བ་མིའི་ཐོབ་ཐང་རྟོགས་ཞིབ་ཚོགས་པས་གནས་ཚུལ་ངོ་སྤྲོད་གནང་པའི་ནང་། ཕྱིའི་ཡུལ་ཡུལ་ཁག་ནང་བལ་པོའི་མི་སེར་རྣམས་ལ་དཀའ་ངལ་ཅི་ཆེ་འཕྲད་བཞིན་པའི་ཁར་ཡུལ་གྲུ་དེ་ཚོའི་ནང་ལས་ཀའི་གོ་སྐབས་འཚོལ་ཞིབ་དང་། འགྲིམ་འགྲུལ་གྲ་སྒྲིག་བྱ་མཁན་བར་བཞུགས་མི་སྣས་བལ་པོའི་མིར་སྐྱེད་ཀ་ཧ་ཅང་མཐོ་བའི་དངུལ་བུན་སྔ་གཡར་གཏོང་གི་ཡོད་པ་རེད། ད་ཆ་བལ་པོ་ཁྲི་ཚོ་མང་པོར་ཕྱིའི་ཡུལ་གྲུའི་ནང་ལས་ཀའི་གླ་ཕོགས་དུས་ཐོག་མ་རགས་པའི་རྐྱེན་གྱིས་རང་ཡུལ་དུ་ཕྱིར་ལོག་མ་ཐུབ་པ་དང་། བུ་ལོན་སྤྲོད་འཇལ་མ་ཐུབ་ཙང་ས་ཞིང་ཤོར་བ་མ་ཟད། བུན་ལོན་སྤྲོད་འཇལ་ཆེད་བྲན་གཡོག་ལྟ་བུ་ལས་བཞུགས་བྱེད་དགོས་པ་གསལ་འདོན་བྱས་པ་ལྟར། བལ་ཡུལ་གཞུང་ཕྱོགས་ནས་ཀྱང་གོང་གསལ་གྱི་གནས་སྟངས་དངོས་བདེན་ཡིན་པ་ངོས་ལེན་བྱས་འདུག་ལ་དེ་ཡང་ཁ་ས་རྒྱལ་ཚོགས་ཀྱི་བཟའ་འབྲུ་ལས་དོན་ལྷན་ཁང་གི་ཚོགས་འདུའི་ཐོག་བལ་ཡུལ་གྱི་སོ་ནམ་བློན་ཆེན་Uttam Kumar Bhattaraiགིས། ཕྱི་ཕྱོགས་སུ་ལས་ཞུགས་བྱེད་པའི་བལ་པོའི་མི་སེར་གྱི་དཀའ་སྡུག་ལ་བལ་ཡུལ་གཞུང་གིས་བློ་འཚབ་ཆེན་པོ་ཡོད་པའི་ཐོག་དཀའ་ངལ་སེལ་ཐབས་ཀྱི་འབད་བརྩོན་གང་ཡོང་བྱེད་བཞིན་ཡོད་ལུགས་གསུངས་འདུག
དཀྱིལ་ཤར་ཡུལ་གྲུ་གཙོ་བོར་གྱུར་བའི་ཕྱིའི་ཡུལ་གྲུ་ཁག་ནང་། བལ་པོའི་མི་རིགས་ཁྲི་ཚོ་མང་པོས་འཚོ་རྟེན་གྱི་ཤུགས་ལས་སྣ་ཚོགས་རྒྱུག་བཞིན་ཡོད་པ་དང་། འབྲེལ་ཡོད་རྒྱལ་ཁབ་མང་པོའི་ཁྲིམས་ལུགས་ནང་། ཕྱི་མིའི་ཐོབ་ཐང་སྐོར་ཁྲིམས་ཡིག་ཁ་གསལ་མེད་སྟབས་Quatarདང་། Iran, Iraqལ་སོགས་པའི་ཁ་ཆེའི་རྒྱལ་ཁབ་ཁག་ནང་། ཤུགས་ལས་རྒྱུག་མཁན་བལ་པོའི་མི་སེར་ཚོ་ལ་བརྙས་བཅོས་དང་། ཉེས་རྡུང་བཏང་བ། སྡོད་ཁང་དང་འཕྲོད་བསྟེན་གྱི་ལྟ་སྐྱོང་མེད་པ་སོགས་གནས་སྟངས་ཧ་ཅང་སྐྱོ་བོ་ཡོད་པའི་སྐོར་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ནས་སྙན་ཐོ་རིམ་པ་བཏོན་པ་དང་ཆབས་ཅིག་བལ་ཡུལ་གཞུང་ཕྱོགས་ནས་མི་སེར་གྱི་བདེ་སྡུག་དང་ཐོབ་ཐང་ལ་སྲུང་སྐྱོབ་བྱ་དགོས་པའི་སྐུལ་མ་བྱས་ཡོད་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།
ད་སེམས་ཁུར་མ་གནང་། རྒྱ་ནག་གཞུང་གིས་ལྕགས་ལམ་བསྐྲུན་ནས་ཡོང་གི་རེད།