ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས།
ཀ་ཡེ་གསོན་དང་བཙན་པོའི་གདུང་རྒྱུད་སྤྲེལ་བྲག་རིགས།།
ཁ་བས་བསྐོར་བའི་བོད་ཀྱི་ཡུལ་ལྗོངས་ང་ཚོའི་རེད།།
དགའ་སྡུག་ཕྲག་དོག་མེད་པའི་མི་རིགས་ཆོས་ཀྱིས་སྦྱིན།།
ང་ཚོ་བོད་མིའི་སྔོན་བསགས་ལས་དབང་དར་བའི་དུས།།
ཅ་ཅོ་ཆོས་མེད་གུང་ཁྲན་ཀླ་ཀློའི་གཡོ་ཇུས་འོག །
ཆོས་སྲིད་ཟུང་སྦྲེལ་མེས་པོའི་སྲོལ་རྒྱུན་རྩ་མེད་བཏང་།།
ཇི་ལྟར་བསམས་ཀྱང་བོད་མིའི་ལས་དབང་རྒུད་པའི་རྟགས།།
ཉིན་མཚན་ཀུན་ཏུ་དཀར་པོའི་དགེ་ཚོགས་སྒྲུབ་ལ་བརྩོན།།
ལྟ་བ་ལངས་ཕྱོགས་བརྟན་པོ་མེདཔའི་རྒྱལ་ཁབ་དང་།།
ཐ་ཆད་ཀླ་ཀློ་གུང་ཁྲན་ཇག་ཚོགས་ཁྱི་སྤྱང་སྦྲེལ།།
དུས་རབས་ཉེར་གཅིག་རང་ཁེ་སྲུང་བའི་ཆབ་སྲིད་དར།།
ནག་པོའི་བྱ་བ་དཀར་པོར་བསྒྱུར་བའི་དུས་ངན་ཤར།།
དཔའ་བོ་དཔའ་མོས་རང་ལུས་མེར་བསྲེགས་རང་རྒྱལ་དོན།།
ཕོ་རྒོད་གཞིས་ཡོད་བོད་མིའི་ལྷག་བསམ་མེ་ལས་ཚ།།
བུ་རབས་ཚ་བརྒྱུད་སྒལ་ཚིགས་ཡོད་ན་བློ་རྩ་བརྟན།།
མ་བཟང་བུ་ལ་ཁྲག་རྩ་ཡོད་ན་བོད་དོན་གླེང་།།
རྩོད་གླེང་ཐུབ་པའི་ནུས་པ་ཡོད་ན་དགྲ་ལ་ངོམས།།
ཚ་གྲང་མྱོང་བའི་ཚོར་བ་ཡོད་ན་ལས་འགུལ་སྤེལ།།
ཛ་དྲག་ཆེ་བའི་བོད་མིའི་ལས་དབང་ཤེས་ན་དགའ།།
ཝ་སྤྱང་དམར་པོ་རྒྱ་ཡི་ཆབ་སྲིད་དུག་ལས་ཐུ།།
ཞི་བདེ་མཉམ་གནས་མིང་གི་ངོ་བོ་ཙམ་དུ་ཟད།།
བཟོ་ཚོང་ལས་གཞིའི་དཔལ་འབྱོར་ཁྲོམ་རས་རྒྱལ་འབྲེལ་མཐུད།།
འུ་ཅག་བོད་མིའི་ལས་དབང་འདི་ཡང་ཁྲོམ་རའི་འོག །
ཡར་རྒྱས་གསར་གཏོད་དཔེ་གསར་དངོས་པོས་སྤྱི་ཚོགས་བསླུས།།
རང་བཙན་རང་དབང་གང་བསམ་བརྗོད་ནས་དུས་ཚོད་བསྐྱལ།།
ལ་ལུང་ས་མཐར་མི་གཡོག་རྒྱུགས་ནས་དཔལ་འབྱོར་ངོམ།།
ཤ་ཚ་ཆེ་བའི་གཏམ་གྱི་ནུས་པར་བཅུད་ལེན་དཀོན།།
ས་མཚམས་མེད་པའི་ཆབ་སྲིད་སྟོང་པས་འཛམ་གླིང་མྱུལ།།
ཧམ་བཤད་གཏམ་ལ་འགན་ཁུར་བླངས་ནས་བཟང་སྤྱོད་ཉམས།།
ཨ་རོགས་གཞིས་བྱེས་ཆོལ་གསུམ་མི་མང་ཐུགས་ལ་ཞོག །
ཀ་ཕྲེང་ནང་གི་ཙ་ཕྲེང་།
ཙ་ར་གཅོད་པའི་ངག་ནུས་ཡོད་ན་དགྲ་ལ་རྩོད། །
ཚ་གྲང་མྱོང་ནུས་ལ་རྒྱ་ཡོད་ན་ལས་འགུལ་སྤེལ། །
ཛ་དྲག་ཆེ་ལ་གཉན་ཕྲང་ཕྲ་བའི་ལས་དབང་སོམས། །
ཝ་སྤྱང་ལྟ་བུའི་རྒྱ་གཞུང་གཡོ་བྱུས་དམར་རྗེན་སྟོནད། །
ཀ་ཡེ་གསོན་དང་ཚེ་དབང་བསོད་ནམས་ལགས།།
ཁ་བའི་ཡུལ་ལྗོངས་ང་ཚོའི་ལོས་ཀྱང་ཡིན།།
ག་དུས་ཡིན་ན་སྡུག་སྐད་འབྱིན་པ་ལས།
ང་ཚོ་བོད་དོན་ཆེད་དུ་ལས་ཀ་བྱོས།།
ཅ་ཅོ་ཆོས་མེད་རྒྱ་ལ་སྡིགས་ན་ཡང་།།
ཆ་མེད་མདུན་ནས་རྒྱུས་མེད་གཏམ་དང་འདྲ་།།
ཇ་ཆང་འཐུང་བཞིན་གཏམ་བཤད་སླ་ན་ཡང་།།
ཉ་མོ་ཆུ་དང་བྲལ་བཞིན་རང་མཚང་སྟོན།།
ལྟ་བ་ལངས་ཕྱོགས་ཡོད་ན་ཀེར་གྱིས་ལོངས།།
ཐ་ཆད་ཀླ་ཀློ་སྔོན་ལ་ཧོབ་ཀྱིས་རྒྱུགས།།
ད་ལྟའི་གནས་སྟངས་མ་བཤད་ཚང་མས་ཤེས།།
ན་སོ་རྒས་དུས་སྐད་ཆ་ཉུང་ན་བཟང་།།
པ་ཏྲ་ལྟ་བུར་གཅིག་སེམས་གཅིག་ལ་འདྲེས།།
ཕ་རྒོད་བུ་ཡིས་དམིགས་རྒྱང་རིང་བོ་མཛོད།།
བུ་རབས་ཚ་བརྒྱུད་སྐྱོང་བའི་ཐབས་ཇུས་སོམས།།
མ་ངུ་ངུ་ལ་སྐྱེན་པའི་བྱིས་པ་ཁྱོད།།
ཙ་ར་གཡག་གི་རྔ་མ་མ་མཐོང་ཡང་།།
ཚ་གྲང་མྱོང་བའི་མ་ཧེ་ཇི་བཞིན་དུ།།
ཛ་དྲག་ཟེར་བཞིན་ཀོ་ལི་གྷལ་ནས་རྒས།།
ཝ་སྤྱང་དམར་པོ་རྒྱ་ཡི་ཆབ་སྲིད་ལ།།
ཞ་ཉེ་འབིག་གིས་ཀོ་གྱོང་མི་ཕུག་པས།།
ཟ་འཐུང་ཡོད་ན་གཉིད་ན་མ་རེད་དམ།།
འ་འུར་མང་བའི་ཁ་དེ་བཙུམ་ན་ལེགས།།
ཡ་རབས་མི་ཡི་རྗེས་སུ་འབྲངས་ནས་ནི།།
ར་རོའི་གཏམ་གྱི་བཟི་གཏམ་ཉུང་དུ་བྱོས།།
ལ་ལུང་ཉུལ་ཚད་ལྟོ་ཡི་ཆེད་དུ་མིན།།
ཤ་ཚ་ཡོད་ན་རང་གིས་རང་ཉིད་སྐྱོངས་།།
ས་མཚམས་སྲུང་བའི་མེ་མདའ་ཙམ་ཡང་མེད།།
ཧ་ཅང་སྦོམ་པའི་སྐད་ཆའི་ཅི་ལ་ཕན།།
འདོད་རྒུ་མི་འདོད་འདོད་པའི་མི་དེ་སུ།།
གཞན་ལ་བཤད་དུས་ཅུང་ཟད་སླ་ན་ཡང་།།
རང་གིས་ལག་ལེན་བྱེད་ཚེ་དཀའ་མོ་རེད།།
ཧ་ཧ་ཀུ་རེ་གཞན་རྩོམ་བཅོས་པ་འདི།།
ཨ་ཨ་ཐུགས་ལ་ཕོག་ན་དགོངས་དག་ཞུ།།
ཏ་ཐྰ་ག་ཏེའི་རྗེས་འབྲངས་བོད་རིགས་རྣམས། །
ཐ་ཤལ་མགོ་འཁྲེགས་རྗེས་སུ་མ་འབྲངས་བར། །
ད་ལྟའི་དབུས་མའི་ལམ་ལ་ཐད་བཞུགས་ཀྱིས། །
ན་ཚོད་མ་རྒས་གོང་ལ་ལས་འགུལ་རྩོམས། །
་
པ་ཕ་བཟང་པོས་བསྐྱངས་པའི་གཞུང་པ་དང་། །
ཕ་མ་ཡ་རབས་ལ་སྐྱེས་དགེ་འདུན་མཚོ། །
བ་དན་བོད་ཀྱི་དར་ཆ་འཛུགས་འདོད་ན། །
མ་བགྲོས་བསམ་པ་གཅིག་མཐུན་སེམས་ཤུགས་བསྐྱེད། །
ཀ་བཤད་གང་བྲི་རང་དབང་རེད་།
ཁ་དམག་མཆན་འགོད་རང་དབང་རེད་།
གང་བསམ་སྨྲ་བརྗོད་རང་དབང་རེད་།
ངུ་ཅོལ་མཆན་འདེབས་རང་དབང་རེད་།
ཅི་ཟེར་ཅི་བཤད་རང་དབང་རེད་།
མཆན་འདེབས་ཚིག་ངན་རང་དབང་རེད་།
ཇ་ཆང་མཉམ་ཐུང་རང་དབང་རེད་།
ཉོན་མོངས་མཆན་འགོད་རང་དབང་རེད་།
གཞུང་པ་ཚེ་དབང་བསོད་ནམས་ལགས་ནས་ཀ་བཤད་བརྩོམས་གནང་བ་དང་གཞན་མཆན་བཀོད་པ་རྣམས་ལ་རྗེས་སུ་ཡི་རངས་ཡོད་ རྒན་རབ་རྣམས་ནས་རང་རེ་བོད་ཀྱི་དཀའ་སྡུག་ཇི་མྱོང་བསྐོར་བྲིས་པ་རྣམས་ཀྱིས་མགོ་རྨོངས་རྣམས་ལ་སློབ་གསོ་དང་ཤེས་ལྡན་རྣམས་ལ་དྲན་གསོ་ཡོང་རྒྱུར་དགེ་མཚན་ཡོད་ བོད་མི་རིགས་དང་དགྲ་བོ་རྒྱ་དམར་གྱི་བཙན་འཛུལ་བྱ་སྤྱོད་བསྐོར་དུས་དང་རྣམ་པ་ཀུན་ཏུ་གླེང་དགོས་ཤིང་སྙིང་ནས་མ་བརྗེད་པར་བྱེད་རྒྱུ་ནི་བོད་མི་ཡིན་ནོ་ཅོག་གི་ལས་འགན་དང་པོ་ཡིན་
ཅ་ཕྲེང་ཚིག་རྐང་བཞི་པ་ནི། །
་
ཅ་ལེ་ཅོ་ལེའི་མ་ཤོད་ཅིག །
ཆ་འཇོག་ཡིད་རྟོན་འཕེར་བ་གྱིས། །
ཇ་ནད་ཆང་ནད་མ་གསོག་ཅིག །
ཉ་ཕག་སྒོང་གསུམ་མ་ཟ་ཅིག །
་
ཅ་ཕྲེང་དུས་ཚོད་མ་འཁྱོལ་ངག །
ཅི་ཟེར་ཁ་ལ་མ་ལྟ། །
ཆ་འཇོག་ལས་ལ་ལྟ་དགོས། །
ཇ་ཆང་ཐུང་ཡུན་བར་ལའང་། །
ཉམས་ལེན་ཚད་ལྡན་གྱིས་དང་། །
རྟ་བོང་མཉམ་འཚོ་རང་དབང་རེད་།
ཐབ་ནང་མེ་འབར་རང་དབང་རེད་།
དུ་ཚོད་གང་སྐྱེལ་རང་དབང་རེད་།
ནས་འབྲུ་ཙམ་ཟ་རང་དབང་རེད་།
པ་ཕ་བ་གཡག་མ་རེད། །
ཕ་མ་འདྲེས་པ་མ་རེད།
བ་མིན་འཛོ་མིན་ཁྱོད་ཀྱིས། །
མ་སྐད་ཐང་ཐང་ཤོད་དང་། །
དཔོན་ལ་ཞུ་གཏུགས་རང་དབང་རེད་།
ཕ་མར་རེ་བཅོལ་རང་དབང་རེད་།
བོང་བུ་འདུར་རྒྱུགས་རང་དབང་རེད་།
སྨྲ་བརྗོད་ཡག་སྡུག་རང་དབང་རེད་།
ཡང་ན།
པ་ཕ་བ་གཡག་འགྲིགས་ཤག །
ཕ་མ་འདྲེས་པ་འགྲིགས་ཤག །
བ་མིན་འཛོ་མིན་ཁྱོད་ཀྱིས། །
མ་སྐད་ཐང་ཐང་ཤོད་བགྱིད། །
ཙ་ཟ་ཆུ་ཐུང་རང་དབང་རེད་།
ཚ་ཚོང་གང་རྒྱག་རང་དབང་རེད་།
འཛུགས་བསྐྲུན་ལས་གཞི་རང་དབང་རེད་།
ཝ་སྤྱང་ངུ་རྒྱུ་རང་དབང་རེད་།
གཞི་མེད་སྐྱོན་འཛུགས་རང་དབང་རེད་།
ཟུར་ཟའི་མཆན་འགོད་རང་དབང་རེད་།
འུར་གཏམ་བསྒྲོགས་རྒྱུ་རང་དབང་རེད་།
ཡོད་གཏམ་སྤེལ་རྒྱུ་རང་དབང་རེད་།
ཡང་ན།
པ་ཕ་བ་ལ་གཡག་ཤོར། །
ཕ་མ་འདྲེས་པའི་མཛོ་ཕྲུག །
བ་མིན་མཛོ་མིན་རྟོལ་ཕྲུག །
མ་སྐད་ཡག་པོ་རྒྱག་བགྱིད། །
གཞུང་པས་ཡ་བར་བྲིས་ཚར་འདུག
རང་དོན་གཉེར་རྒྱུ་རང་དབང་རེད་།
ལབ་སྟོང་བཤོད་རྒྱུ་རང་དབང་རེད་།
ཤེས་ཡོན་སྤེལ་རྒྱུ་རང་དབང་རེད་།
བསམ་བློ་གཏོང་རྒྱུ་རང་དབང་རེད་།
ཧམ་བཤད་འགན་འཁུར་རང་དབང་མིན་།
ཨམ་ཚིག་བདམས་རྒྱུ་རང་དབང་མིན་།
རང་དབང་ཆེད།
ར་ལུག་བཞག་དགོས་རང་དབང་ཆེད། །
ལ་ལུང་བརྒྱབས་དགོས་་དབང་ཆེད། །
ཤ་ཆང་སྤང་དགོས་རང་དབང་ཆེད། །
ས་ཆུ་སྲུང་དགོས་རང་དབང་ཆེད། །
ཧ་ཧ་རང་དབང་མང་དྲགས་སོང་། །
ཧ་ཧ་གཞན་དབང་མྱངས་དྲགས་སོང་། །
ཨ་མ་ས་ཡི་རང་དབང་ལོངས། །
ཨ་ཕ་གནམ་གྱི་རང་དབང་ལོངས། །
རང་བཙན་རང་དབང་རང་དོན་གཉེར་།
རང་དབང་ལུང་པར་རང་གཏམ་བཤོད་།
རང་དབང་ཐམས་བཅས་གཞན་དབང་མིན་།
རང་དབང་ཐམས་བཅས་རང་བཙན་མིན་།
རང་བཙན་འོག་ཏུ་རང་དབང་མེད་།
རང་དབང་འོག་ཏུ་རང་བཙན་མེད་།
གཉིས་ཀ་འཛོམས་པའི་ཁྲིམས་ལུགས་མེད་།
གཅིག་ཤོས་དགོས་ན་གཅིག་དེ་སློད་།
ཧཧཧཧཧ