ཡོང་ཁུངས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དྲ་རྒྱ
རོ་ཝལ་བོད་ཆེད་ཐེབས་རྩའི་སློབ་སྟོན་ཚོགས་ཆུང་ནས་སྤྱི་ལོ་༢༠༡༥ ལོར་བོད་མིའི་ལས་འཆར་བདུན་ལ་རོགས་དངུལ་གནང་རྒྱུ།
རོ་ཝལ་བོད་ཆེད་ཐེབས་རྩའི་སློབ་སྟོན་ཚོགས་ཆུང་ནས་སྤྱི་ལོ་༢༠༡༥ལོར་བོད་མིའི་ལས་འཆར་བདུན་ལ་རོགས་དངུལ་གནང་རྒྱུའི་ཐུགས་ཐག་བཅད་པ་དང་། ལས་འཆར་དེ་རྣམས་བོད་མིའི་ཤེས་ཡོན་
སློབ་གསོ་དང་། བུད་མེད་ནུས་སྟོབས། འདྲ་པར་འགྲེམས་སྟོན་ལས་གཞི་སོགས་ཀྱི་ཐད་ལ་ཡིན།
ད་ལོར་བོད་ཕྱི་ནང་ནས་ལས་གཞི་༤༨ ལ་རོགས་དངུལ་སྙན་ཞུ་ཞུ་མཁན་བྱུང་བ་དང་རོ་ཝལ་བོད་ཆེད་ཐེབས་རྩའི་སློབ་སྟོན་ཚོགས་ཆུང་ནས་ལས་གཞི་བདུན་འདེམས་ནས་སོ་སོར་རོགས་དངུལ་ཨ་རིའི་ཌོ་ལར་༣༣༤༧ ནས་༧༥༠༠ བར་གནང་རྒྱུ་བྱས་ཡོད། ལས་གཞི་དེ་རྣམས་ནི་
༡༽ སུད་སིར་བཅའ་བཞུགས་ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་མེད་བཟང་པོ་ལགས་སུ་རང་ཉིད་ཀྱི་མི་ཚེའི་ལོ་རྒྱུས་དབྱིན་ཡིག་ཏུ་འབྲི་རྒྱུའི་ལས་གཞི།
༢༽ བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་བོད་ཀྱི་འགྲེམས་སྟོན་ཁང་ནས་བོད་ཀྱི་སྐོར་འགྲེམས་སྟོན་གྱི་ལས་གཞི། དྲ་ཚིགས། www.tibetmuseum.org
༣༽ ལྡི་ལིར་བོད་གནས་བསྐྱར་ཞིབ་དུས་དེབ་ཀྱི་དྲ་ཚིགས་ལས་གཞི། དྲ་ཚིགས། www.tibetanreview.net
༤༽ ནིའུ་ཡོག་བཅའ་བཞུགས་ལྕགས་རི་ཤར་ཐུབ་བསྟན་ཉི་མ་ལགས་སུ་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་སྒྲ་བརྙན་ལ་སོགས་ཐོག་ལས་གཞི། དྲ་ཚིགས། www.conservetibet.org
༥༽ རྒྱ་གར་དུ་ཚེ་རིང་དབང་མོ་ལགས་སུ་ལ་དགས་ཁུལ་འབྲོག་པའི་ལོ་རྒྱུས་འདྲ་པར་བརྒྱུད་ཞིབ་འཇུག་ལས་གཞི།
༦༽ བཞུགས་སྒར་རྡ་རམ་ས་ལར་ནང་ཆེན་ཉེར་ལྔའི་ལོ་རྒྱུས་རྩོམ་སྒྲིག་ཚོགས་ཆུང་དུ་ལོ་རྒྱུས་ལས་གཞི།
༧༽ བཞུགས་སྒར་རྡ་རམ་ས་ལར་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པར་བུད་མེད་རུ་ཁག་སྦྱོང་བརྡར་ལས་གཞི། དྲ་ཚིགས། http://tibetansports.org/
རོ་ཝལ་བོད་ཆེད་ཐེབས་རྩའི་སློབ་སྟོན་ཚོགས་ཆུང་གི་ཚོཌ་མི་ལྕམ་ཊེ་རི་ བྷེ་ཀར་(Terri Baker) ནས་འགྲེལ་བརྗོད་གནང་གསལ་ལ། “ད་ལོའི་རོ་ཝལ་ཐེབས་རྩའི་རོགས་དངུལ་ནི་ང་ཚོར་མཚོན་ན་སྔར་ལས་ལྷག་པའི་དོན་སྙིང་ལྡན། གང་ཡིན་ཞུས་ན་ཟླ་༩ནང་ང་ཚོ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྐུ་ཚབ་དང་ལྷན་དུ་རྡ་རམ་ས་ལར་བསྐྱོད་རྒྱུ་བྱུང་བ་དང་། དེར་འདི་སྔོན་རོགས་དངུལ་བཞེས་མི་འགའ་ཞིག་མཇལ་རྒྱུ་བྱུང་བ་དང་། ཁོང་རྣམས་ཀྱི་ལས་འཆར་རྣམས་དངོས་སུ་མིག་གིས་མཐོང་རྒྱུ་བྱུང་། ཁོང་ཚོའི་ལས་འཆར་རྣམས་ཚད་ལྡན་ཡིན་པ་དང་། ཁོང་ཚོའི་སྙིང་རུས་སོགས་ནས་ང་ཚོར་སེམས་འགུལ་ཐེབ་སོང་། རོ་ཝལ་ཐེབས་རྩའི་རོགས་དངུལ་ནས་ཁོང་ཚོར་བོད་ཀྱི་རིག་གཞུང་དང་ངོ་བོ་གོང་སྤེལ་གྱི་དམིགས་ཡུལ་འགྲུབ་ཆེད་རོགས་སྐྱོར་བྱེད་ཡོད་པ་དེར་ང་ཚོར་དགའ་སྤོབ་བྱུང་། ང་ཚོས་ཁོང་ཚོ་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རོ་ཝལ་ཐེབས་རྩའི་ཆེད་ནུས་པ་བཏོན་གནང་བ་དེར་བཀྲིན་བསམ་ཤེས་བྱེད་ཀྱི་ཡོད།”
རོ་ཝལ་བོད་ཆེད་ཐེབས་རྩའི་དམིགས་དོན་གཙོ་བོ་ནི་བོད་པའི་སྤྱི་ཚོགས་ནང་དང་ཡང་ན་རྒྱལ་སྤྱིའི་སྟེང་ལ་བོད་ཀྱི་སྒྱུ་རྩལ། བོད་དོན་དྲིལ་བསྒྲགས། ཁོར་ཡུག་སྲུང་སྐྱོབ། བུད་མེད་ཀྱི་ཐོབ་ཐང་སོགས་ཀྱི་སྐོར་ལ་བྱས་རྗེས་འབུར་དུ་ཐོན་པ་སྐྲུན་པའི་བོད་མི་སྒེར་དང་། ཡང་ན་ཚོགས་པར་མ་དངུལ་གྱི་ཐད་རོགས་སྐྱོར་བྱེད་རྒྱུ་དེ་ཡིན།
རོ་ཝལ་བོད་ཆེད་ཐེབས་རྩ་ནི་སྐུ་གཤེགས་པོ་སྒེ་ལེན་རོ་ཝེལ་དང་སྦར་སྦ་ར་རོ་ཝེལ་རྣམ་གཉིས་ཀྱི་དྲན་གསོ་ཆེད་བཙུགས་པ་ཞིག་ཡིན། ཁོང་གཉིས་ནི་བོད་ཀྱི་བློས་ཐུབ་གྲོགས་པོ་ཡིན་ཞིང་། འདྲ་པར་
དང་རྩོམ་རིགས་བརྒྱུད་ནས་བོད་ཀྱི་གནས་སྟངས་དང་རིག་གཞུང་སོགས་མི་མང་མང་པོར་ངོ་སྤྲོད་གནང་ཡོད་། ཁོང་གཉིས་སྐོར་གྱི་གནས་ཚུལ་རྒྱས་པ་དྲ་ཚིགས་འདི་ www.mountainlight.com ལས་མཁྱེན་ཐུབ། ཁོང་གཉིས་འདས་གྲོངས་རྗེས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་དང་། ཁོང་གཉིས་ཀྱི་ནང་མི་མཛའ་གྲོགས་རྣམས་ནས་ཁོང་གཉིས་ཀྱི་དམིགས་འདུན་མཐའ་
འཁྱོངས་བ་དང་དྲན་གསོ་ཆེད་རོ་ཝལ་བོད་ཆེད་ཐེབས་རྩ་འདི་བཙུགས་པ་རེད་།
སློབ་སྟོན་ཚོགས་ཆུང་གི་ཚོགས་མིའི་ཁོངས་སུ་སྐུ་ཞབས་John Ackerly, Conrad Anker, David Breashears, Jimmy Chin, Bob and Beth Cushman, John Jancik, Terri Baker, Bob Palais, Tony Rowell, and Nicole Rowell Ryan བཅས་ཡོད། ཐེབས་རྩ་སྟངས་འཛིན་གནང་མཁན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ཡིན།
རོ་ཝལ་བོད་ཆེད་ཐེབས་རྩའི་སྐོར་རྒྱས་པ་དྲ་ཚིགས་འདི་ནས་མཁྱེན་ཐུབ་པས་ཐུགས་ཞིབ་གནང་རོགས།
ཐུགས་རྗེ་ཆེ།
བཀྲིན་ཆེ།
བོད་པ་ཚོ་རོགས་རམ་ཞུ་རྒྱུ་ལ་མཁས་པོ་དང་འཇོན་པོ་ཡོད་རེད་། མགོ་སེར་དེ་མགོ་སྐོར་འོག་ཌོ་ལར་མང་པོ་ཆུད་བཟོས་བཏང་ཚར་བ་རེད་ སློང་མོ་རྒྱག་དགོས་བྱུང་ན་བོད་པ་ཨང་དང་པོ་ཡིན་ས་རེད་། འཆརགཞི་རྫུས་མ་དང་རྩིས་ཕྲ་རྫུས་མ་བཟོ་མཁས་པོ་བོད་པ་་ཙམ་རེད་། ཧ་ཧ་མི་མང་ཉམས་ཆུང་ལ་བལྟ་རྟོགས་་་་་་་་་་་་་་་ ་་་་ ཨ་ཁ་རྩུམ་་་་་་་་་