ཡོང་ཁུངས། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ
ཕྱི་ལོ་༢༠༡༥ ཟླ་༥ ཚེས་༡༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁག་དགུ་དང་ལས་བྱེད་རྣམ་པ། དེ་བཞིན་ཕྱི་དྲིལ་བཀའ་བློན་མཆོག་དང་དྲིལ་བསྒྲགས་དྲུང་ཆེ། ཕྱི་དྲིལ་ལས་ཁུངས་ཀྱི་འཛིན་སྐྱོང་འགན་འཛིན་བཅས་ལ་ཉིན་གྲངས་བཅུ་གཅིག་རིང་ཨ་རིའི་མངའ་སྡེ་ཝིར་ཇི་ནི་ཡར་ Virginia ཕྱི་འབྲེལ་སྲིད་བྱུས་དང་འབྲེལ་བའི་ཟབ་སྦྱོང་གནང་ནས་གོང་ཚེས་ཉིན་ཟབ་སྦྱོང་ལེགས་པར་མཇུག་སྒྲིལ་ཡོད་འདུག དེ་ཡང་ཟབ་སྦྱོང་ཉིན་མཐའ་མར་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་མཇུག་སྡོམ་གསུང་བཤད་གནང་དོན། ཐེངས་འདིར་ང་ཚོར་ཟབ་ཁྲིད་གནང་མཁན་རྣམས་ཤེས་འཇོན་དང་ཉམས་མྱོང་ཕུན་སུམ་ཚོགས་པ་ཤ་སྟག་ཡིན་སྟབས་ང་ཚོས་འབྱུང་འགྱུར་ཕྱི་འབྲེལ་སྲིད་བྱུས་ཐོག་ཕྱག་ལས་གནང་སྐབས་དེ་སྔ་ལས་ནུས་པ་ཆེ་བ་འདོན་ཐུབ་རྒྱུར་ཡིད་ཆེས་ཞུ་རྒྱུ་ཡིན།
ཟབ་སྦྱོང་འདི་ལྟ་བུ་ཡང་ཡང་གོ་སྒྲིག་ཞུ་ཐུབ་ཚེ་དགེ་མཚན་དང་ཕན་རླབས་ཆེན་པོ་ཡོང་རྒྱུ་དང་། ལྷག་པར་ང་ཚོས་གསར་འགྱུར་བརྒྱུད་ལམ་ཁག་ལ་འབྲེལ་བ་བྱེད་ཕྱོགས་དང་མང་ཚོགས་ལ་གཏམ་བཤད་སྤེལ་ཕྱོགས་སོགས་ཀྱི་ཐད་ཟབ་སྦྱོང་གོ་སྒྲིག་ཞུ་ཐུབ་ན་དགེ་མཚན་ཆེན་པོ་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་།
དེ་ཡང་ཟབ་སྦྱོང་བདུན་ཕྲག་གཉིས་པའི་ནང་བརྗོད་གཞི་གཙོ་གྲས་ཁག་འགའ་ཤས་ཐོག་གོ་བསྡུར་གནང་ཡོད་པ་རྣམས་ནི། གཞི་རྩའི་ཕྱི་འབྲེལ་སྲིད་བྱུས་ལག་བསྟར་བྱེད་ཕྱོགས་སྐོར་དང་། རང་བྱུང་ཐོན་སྐྱེད་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ། དེ་བཞིན་ཆུའི་ཐོན་སྐྱེད་སྲུང་སྐྱོབ་ཐོག་རྒྱལ་སྤྱིའི་འབྲེལ་ལམ་བྱེད་ཕྱོགས་སོགས་ཡིན་འདུག
ཟབ་སྦྱོང་རིང་ཟབ་སྦྱོང་བ་རྣམས་ཨ་རིའི་གཞུང་གི་ཕོ་བྲང་དཀར་པོས་གཙོས་ལྷན་ཁང་འདྲ་མིན་ནང་གཟིགས་ཞིབ་གནང་བ་མ་ཟད། བོད་དོན་དམིགས་བསལ་འབྲེལ་མཐུད་ལས་ཁང་གི་ལས་བྱེད་རྣམས་དང་ཐུག་འཕྲད་གནང་ཡོད། ཕྱོགས་མཚུངས་ཁོང་རྣམས་ཨ་རིའི་རྒྱལ་ཡོངས་མང་གཙོ་སྲུང་སྐྱོབ་བསྟི་གནས་ཁང་(National Endowment for Democracy) དང་། ཨ་རིའི་སྐུ་ཚབ་དོན་ཁང་བཅས་སུ་ཕེབས་འདུག
ཡང་ཡང་གཏམ་ལ་སྙན་ཆ་མེད་། སྙན་པོ་ཡོད་ནའང་བཤོད་མཁན་མེད་། བཤོད་མཁན་ཡོད་ནའང་ཉན་མཁན་མེད་། དབུས་བོད་མིའི་སྒྔིག་འཛུགས་ཀྱི་ལས་བྱེད་ཚོ་ཟབ་ས །ྦྱོང་ལ་སྐྱབས་བཅོལ་ནས་རང་འགོ་མི་འཐོན་པ་ཤ་སྟག་ཡིན་ས་རེད་འདུག་་། བོད་ཀྱི་དཀའ་ངལ་གསེལ་ཐུབ་པའི་ཤེས་ཡོན་ཡོད་ས་མ་་རེད་། འགོ་འདྲེན་དང་ཕྱོགས་གཏོགས་ལ་འགན་འཁུར་ནས་བསྐོ་བཞག་བྱས་ལའི་ལས་བྱེད་ལ་ཤེས་ཚད་དང་ཉམས་མྱོང་འཇོན་ཐངས་ཆེན་པོ་གང་ཡོང་། བོད་རྒྱ་འབྲེལ་ལམ་ད་དུང་གོ་རྒྱུ་འཐོས་ཡས་མི་འདུག་བཀའ་ཤག་འདིའི་ལོ་ལྔ་ཟབ་སྦྱོང་ལ་སྐྱིད་པ་བཏང་ནས་དུཟ་ཚོད་བསྐྱལ་ཨ་།
དྲྭ་འབུ་ཚོ་ནི་ལས་མེད་རྐྱང་རྐྱང་རེད། ཁོ་ཚོའི་སེམས་ལ་བོད་མིའི་སྒྲིག་འཛུགས་ཀྱིས་ཐབས་ཤེས་བཏང་ནས་ཨ་རི་ལ་བཏང་རོགས་བྱས་ན་བསམ་པ་ལས་གཞན་ཅི་ཡང་མེད། དངོས་གནས་བྱས་ན་ད་ལྟའི་མི་རབས་གསར་བའི་གཞུང་འདིས་རྒྱལ་སྤྱིའི་སྟེང་བོད་དོན་གྱི་ནུས་པ་ཆེས་ཤོས་འདོན་ཐུབ་ཀྱི་ཡོད་པ་སྲིད་དོན་ལ་རྒྱུས་མངའ་ཅུང་ཙམ་ཡོད་ན་མི་ཤེས་མཁན་ཡོད་མ་རེད། དྲྭའབུ་དག་་གི་མིག་ཡུལ་མ་འགྲུབ་པས་ཁར་ཕྲག་དོག་དང་ཕྱོགས་ཞེན་ལས་བཤད་མི་ཤེས། ཁྱོད་ཚོས་ག་རེ་བཤད་་ཀྱང་ནུས་པ་ཅི་ཡང་མེད།
དྲང་པོ་བཤད་ན་མི་མི་དགའ་།
རྒྱུག་པ་ཁྱེར་ན་ཁྱི་མི་དགའ་།
ཟེར་ཡང་ཟེར་ལ་བདེན་་ཡང་བདེན་།
བདེན་གཏམ་ངོ་མ་བཤད་ཡོད་དོ་།
དྲང་གཏམ་གཅེར་བུའི་ཕྱོགས་གཏོགས་དགོང་པ་འགལ་།
འགལ་བ་བཟོད་གསོལ་ལན་གཅིག་ཞུ་འདོད་བྱུང།