༄༅། །བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཝུ་ཧན་COVID-19 ལས་དོན་ཚོགས་ཆུང་ནས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་དོན།
ད་ལྟའི་ཆར་COVID-19 ནད་ཡམས་དེའི་རྐྱེན་གྱིས་མི་མང་པོར་དཀའ་ངལ་འཕྲད་བཞིན་ཡོད་ན་འདི་ནས་ཕྱི་རྒྱལ་དུ་གནས་བཞུགས་རང་རེ་བོད་རིགས་རྣམས་ཀྱི་གནས་སྟངས་དང་ལྷག་པར་ནད་ཡམས་དེས་མནར་བའི་ནད་པ་དང་། ནད་པའི་ཁྱིམ་ཚང་གི་གནས་སྟངས་བཅས་ཤེས་རྟོགས་དགོས་གལ་ཆེ་བས་དེ་ག་ཕྱི་འབྲེལ་ལས་ཁུངས་བརྒྱུད་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁང་ཚང་མར་འབྲེལ་བ་གནང་ནས་ས་གནས་ཀྱི་གནས་སྟངས་འདི་ག་ལས་དོན་ཚོགས་ཆུང་ལ་གནང་རོགས་ཞུ། ཆབས་ཅིག་འདི་ག་ཚོགས་ཆུང་ནས་ས་གནས་ཀྱི་བོད་མི་རྣམས་ལ་ལུས་སེམས་འཕྲོད་བསྟེན་དང་བོད་སྨན་བསྟེན་ཕྱོགས། དེ་བཞིན་ཚོགས་ཆུང་ནས་ལུས་སེམས་ནུས་གསོའི་གསོལ་སྨན་གཏན་འབེབས་(ཟུར་སྦྱར།༡)ཞུས་པ་དེ་ཁང་ཁྱིམ་ཟུར་བཀག་རྣམས་ལ(Quarantine)མཁོ་སྤྲོད་(མཁོ་སྤྲོད་བྱེད་ཕྱོགས་ལམ་སྟོན། ཟུར་སྦྱར།༢)བྱ་རྒྱའི་སླད་གཤམ་གསལ་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་འོག་དེབ་སྐྱེལ་ཡོད་པའི་སྨན་པ་རེ་བསྐོས་གཞག་ཞུས་ཡོད་ན་ས་གནས་སྐུ་ཚབ་དོན་གཅོད་ནས་གཤམ་གསལ་ས་གནས་སྨན་པ་རྣམས་ལ་འབྲེལ་མཐུད་གནང་རོགས་ཞུ་རྒྱུ་ཡིན། འདི་ནས་སྨན་པ་དོ་བདག་ལ་རེ་སྐུལ་ཞུས་པ་བཞིན་ཞལ་བཞེས་གནང་ཟིན།
ཨ་རི་ཁུལ། སྨན་རམས་པ་རྣམ་རྒྱལ་ཚེ་རིང་། ༼རྒྱལ་བའི་བླ་སྨན་ཞབས་ཞུ་ཟུར་པ།༽ +1 (917) 488-0592
ཁེ་ན་ཌ་ཁུལ། སྨན་རམས་པ་མཁྱེན་རབས་རྒྱ་མཚོ། ༼སྤྱི་ཟུར་༽ +1 (647) 739-9976
ཡུ་རོབ་ཁུལ། སྨན་རམས་པ་རྡོ་རྗེ་ཚེ་བརྟན། ༼ཧོ་ལཎ་ཌ།༽ +31 6 30200459
ཨོ་སི་ཊེ་ལེ་ཡ། སྨན་པ་བསྟན་འཛིན་ངག་སྒྲོན། ngadolin@yahoo.com
བལ་ཡུལ་ཁུལ། སྨན་རམས་པ་ཉི་མ་ཚེ་རིང་། 00977 9851189914
ཨུ་རུ་སུ་ཁུལ། སྨན་པ་ཟླ་བ་ཚེ་རིང་། 00 7 (8903) 537-42-26
བཅས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་ཕྱི་ལོ་༢༠༢༠ ཟླ་ ༣ ཚེས ་༣༡ ལ།།
འཕྲོད་བསྟེན་ལས་ཁང་ནས་ཝུ་ཧན་ལས་དོན་ཚོགས་ཆུང་ཞིག་བཙུགས་པ་འདྲ། ཨ་ཡ་མཚན། འཕྲོད་བསྟེན་ལས་ཁུངས་ངོས་ནས་ཝུ་ཧན་གྱི་ལས་དོན་བསྒྲུབས་དགོས་པ་འདྲ་ཡོད་པ་འདྲ། ཏོག་དབྱིབས་ནད་ཡམས་སྐོར་ནི་མིན་པ་འདྲ། ནད་ཡམས་ཞེས་ཚིག་གཅིག་མི་འདུག
འདི་ཡང་གཡོ་རྒྱུ་ཞིག་ཡིན་ཡིན་པ་རེད། ཕྱི་རྒྱལ་དོན་གཅོད་ནི་རྒྱ་ནག་གི་ལས་ཁང་ལས་སྡུག་པ་འདུག གནད་འགག་གི་སྐབས་སུ་ངོ་སྤྲོད་ཡིག་ཆ་ཙམ་ཡང་ཡར་བཤད་མར་བཤད་བྱས་ནས་ལོ་འགོར་ན་ཡང་སྤོད་ཀི་མ་རེད། འཕྲོད་བསྟེན་ལས་ཁང་ཏོད་དབྱབས་རྒྱ་ནད་ཀྱི་སྨན་ག་རེ་ཡོད་དམ་ཧ་ཧ་ཧ་ངོ་ཚ་ཟེར་བ་མི་འདུག
༄༅། འཕྲོད་བསྟེན་ལྷན་ཁང་ནས་་་ཝུ་ཧང་་་ལས་དོན་ཚོགས་ཆུང་ཞེས་མིང་བཏགས་དགོས་
དོན་གང་ཡིན་ནམ།་་ཝུ་ཧང་ནས་ཆད་པའི་་་ཏོགས་དབྱིབས་དུག་ནད་་ལས་དོན་ཚོགས་ཆུང་
ཞེས་མིང་་་བཏགས་ན་་་མི་འགྲོགས་ཅི་ཡོད་དམ།
སོ་སོས་འཇོན་རྒྱུ་སྤུ་ཙམ་མེད་པར་དོན་མེད་ཅ་ཅོ་མ་སྒྲོག
ཨ་བྷརུ་ འཇིགས་དབང་ལཌ་སུ་མོས་མཐུན་ཡོད། གཉན་རིམས་སམ་ཏོག་དབྱིབས་ཚོགས་ཚུང་ཞེས་འབོད་ན་མ་འགྲིགས་པ་གང་ཡོད། གཞན་སྡུག་པར་སྙིང་ཚེམ་མ་བྱེད་ཅེས་སོགས། བླ་མ་བཟང་པོའི་སློབ་མ་མ་རེད་པས།
བློ་བཟང། བསམ་པ་བཟང་ན་ས་དང་ལམ་ཡང་བཟང། ཅེས་པ་ཆོས་ཕྱོགས་དང། མིའི་འགྲོ་སྟངས་ལ་ཁྱེད་ནས་བོད་མིའི་ལས་འགན་ཁག་འཐུས་གཙང་ཞུས་ཡོད་དམ། བོད་གཞུང་ནི་བདེན་པ་བརྡར་ཁྱེད་ཀྱི་ངོ་སྤྲོད་ཡིག་ཆ་དགོས་པ་བདེན་གནས་ཡིན་ནམ། ང་ནི་དོག་པ་ཡོད་པ་ལས་དེ་མིན་མི་མང་པོར་ཕན་ཐོག་བྱུང་བ་སྨོས་མེད་རེད། སླར་ཞུས་ན་ བསམ་པ་ངན་ན་ས་དང་མལ་ཡང་ངན།
གལ་ཆེ་ཤོས་དེ་ཏོག་དབྱིབས་ནད་ཡམས་འདིའི་འོག་མི་འདས་གྲོངས་ཕྱིན་པ་མང་ཆེ་བ་འཚོ་རླུང་འགག་པའམ་རླུང་མ་ལྡངས་ནས་སྲོག་ཤོར་འདུག་ན་རང་རེ་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་འཕྲོད་བསྟེན་སྨན་ཁང་དུ་ ( ventilator) oxygen)གཉིས་གསུམ་སྔ་ས་ནས་གྲ་སྒྲིིིིིིིིིིིིིིིིིིིིིིིག་བྱ་རྒྱུ་དེ་རྐྱེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེེན་མ་ཡོང་་སྔོན་དུ་ཟློག་དང་ཆུ་མ་རྒྱུགས་གོང་དུ་རག་ཟེར་བ་ལྟར་འཕྲོད་བསྟེན་ལྷན་ཁང་ནས་གྲ་སྒྲིག་གནང་དགོས་པ་དེ་མི་མང་གི་ཚེ་སྲོག་ལ་འགན་བཞེས་དགོས་པ་དེ་གལ་ཆེན་དོན་ཆེན་ལ་ངེས་འཛིན་ཞུ་གི་ཡོད།