ཡོང་ཁུངས། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ
ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་ཀྱིས་རྒྱ་གར་དང་བལ་ཡུལ་ནང་གི་བོད་མིར་རོགས་དངུལ་ཨ་སྒོར་ས་ཡ་གསུམ་གནང་གཏན་འཁེལ་བ།
ཕྱི་ལོ་༢༠༡༤ ཟླ་༡༢ ཚེས་༩ ཉིན་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་ཀྱིས་རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བའི་ཆེད་ལས་འཆར་གསར་པ་ཞིག་གི་ཐོག་རོགས་དངུལ་ཨ་སྒོར་ས་ཡ་གསུམ་བཀའ་འཁྲོལ་གནང་རྒྱུའི་གསལ་བསྒྲགས་གནང་འདུག
དེ་ཡང་ཨ་རིའི་གྲོས་ཚོགས་ནས་གཏན་འབེབས་གནང་བའི་སྔོན་རྩིས་རྒྱས་བཅད་ཁྲིམས་འཆར་ནང་འཁོད་པའི་བཀའ་འཁྲོལ་དངུལ་འབབ་འདི་དག གོ་ལའི་འཕྲོད་བསྟེན་ལས་གཞི་དང་། ཡར་རྒྱས་རོགས་རམ། དཔལ་འབྱོར་རོགས་སྐྱོར་མ་དངུལ། ཕྱི་མི་གནས་སྤོ་དང་སྐྱབས་བཅོལ་རོགས་སྐྱོར་བཅས་ཀྱི་ལས་གཞི་བརྒྱུད་བོད་མིའི་རིག་གཞུང་གོང་འཕེལ་དང་སྲུང་སྐྱོབ། རྒྱ་བལ་གཉིས་ནང་གནས་པའི་བོད་མི་ཚོའི་གནས་བབ་སྐྱར་གསོ་དང་། འབྱུང་འགྱུར་བོད་མིའི་འགོ་ཁྲིད་གསོ་སྐྱོང་དང་བོད་མི་གཞོན་སྐྱེས་ཚོའི་ཤེས་ཡོན་དང་ནུས་པ་གོང་སྤེལ་ཆེད་ཡིན་པ་འགྲེལ་བརྗོད་གནང་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེང་གེ་མཆོག་གིས་ཨ་རིའི་གཞུང་དང་གྲོས་ཚོགས་གཉིས་ལ་སླར་ཡང་ལས་གཞི་གསར་པ་འདི་བརྒྱུད་བོད་མིར་རོགས་སྐྱོར་གནང་བར་ཡི་རང་བསྔགས་བརྗོད་དང་འབྲེལ་ཐུགས་རྗེ་ཆེ་ཞུས་འདུག
ཕྱི་ལོ་༢༠༡༡ ལོར་སྲིད་སྐྱོང་མཆོག་གིས་བོད་མིའི་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་བཞེས་པ་ནས་བཟུང་ད་བར་ཨ་རིའི་རྒྱལ་ས་ཝ་ཤིང་ཌོན་ཌི་སི་ Washington, DC ནང་ཐེངས་ལྔ་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད། སྲིད་སྐྱོང་མཆོག་དང་བྱང་ཨི་རིའི་སྐུ་ཚབ་དོན་གཅོད་གཉིས་ནས་ཨ་རིའི་གཞུང་འབྲེལ་མི་སྣ་དང་གྲོས་ཚོགས་འཐུས་མི། གཞན་ཡང་གནད་ཡོད་མི་སྣ་ཁག་མཇལ་འཕྲད་གནང་སྐབས་བོད་དོན་ཞུ་གཏུགས་ཤུགས་ཆེ་གནང་ཡོད།
དེ་སྔའང་ཨ་རིའི་སྲིད་གཞུང་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་དང་འཕྲོད་བསྟེན། ཕྱི་དྲིལ་ཁྱབ་ཁོངས་ཀམ་པུ་ཊར་སྡེ་ཚན་གྱི་དྲ་རྒྱའི་ཉེན་སྲུང་བཅས་ཀྱི་ཆེད་རོགས་སྐྱོར་གནང་ཡོད། ཨ་རིའི་སྲིད་གཞུང་དང་གྲོས་ཚོགས་ནས་གོང་གསལ་ལས་འཆར་གསར་པ་དེ་བརྒྱུད་བོད་མིར་རོགས་སྐྱོར་གནང་བ་འདི་ནི་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་རྣམ་པས་ལས་དོན་ཁག་ལ་རྒྱབ་སྐྱོར་གྱི་རྣམ་པ་མཚོན་གྱི་ཡོད།
གཞན་ཡང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་ཨ་རི་སྐུ་ཚབ་དོན་ཁང་ནས་རོགས་དངུལ་ལས་དོན་ཁག་མཇུག་སྐྱོང་འཐུས་གཙང་གནང་རྒྱུ་ཡིན་འདུག
ཡང་གསར་འབྱོར་ཚོར་སྐལ་མེད་ལ་་་་་་་་་་་་་་་་་་་
ངའི་སྲིད་སྐྱོང་འདི་འདྲ་ས་མེད་བསམ་ཡོད། ཡང་དངུལ་ཡག་པོ་ཞིག་ཐོབ་འདུག
ང་ཡང་་་་་་
བཀྲིས་བདེ་ལེགས་རེད།
ཡང་སྲིད་སྐྱོང་གི་རང་ཁ་རང་གསོ་བསྒྲུབ་འདུགས་
སྲིད་སྐྱོང་མཆོག་ལ་བཀའ་དྲིན་ཆེ་ཞུ་དགོས་འདུག་འཇོན་འདུག དེ་ག་རང་རེད།
རྗེས་བསུ་ཡིད་རང་གུས་པས་སྙིང་ནས་ཞུ།
ཐོབ་རྒྱུ་ཡིན་པའི་རོགས་དངུལ་དེ་ཚོ། ཡོད་ཚད་ལ་ཁ་གསུར་སྣ་གསུར་ཙམ་བྱས་བ་ཡིན་ན་ཕན་ཆེན་པོ་མེད། དེ་ལས། གློག་ཀླད་རྩིས་གཞུང་གི་བཀའ་བཀོད་ཤེས་བྱ་དང་ཚ་རྩིས་འཕྲུལ་སྐུད་ཀྱི་གློག་ཤེས་ལ་སློབ་སྦྱོང་རྩེར་སོན་ཐུབ་པའི་མི་བུ་གསར་པ་མང་པོ་ཞིག་གསོ་སྐྱོང་ལ་རེམ་རྒྱུ་དེ་ཁ་ཚ་དགོས་གཏུགས་ཡིན་པའི་གནད་དོན་ནི་མ་བརྗེད་པ་ཞུ་རོགས་ཞུས་ཡོད།
བོད་ཡིག་གི་ཡིག་གཟུགས་འཆར་འགོད་བྱེད་ཐུབ་པའི་གློག་རྩིས་བོད་གཞུང་རང་སྐྱ་བ་ཞིག་མེད་ན། ཡིག་གཟུགས་ཐོན་གསུམ། ཐོན་བཞི། ཐོན་ལྔ་ཙམ་རྩིས་ནས་ཡིད་ཚིམ་པ་ཡིན་ན། ང་ཚོ་ནི་ནམ་ཡང་དེང་རབས་དང་གཤིབས་མི་ཐུབ་པའི་དཔའ་བོ། ཁ་གསོན་པོ་དང་ལུས་ཤི་བོ་རྐྱང་ལས་གཞན་མ་ཡོད་དོ། བཀྲ་ཤིས་བདེ་ལེགས།
ཨ་སྒོར་ས་ཡ་གསུམ་རེག་པ་དེ་ནི་བོད་ནང་ཛ་དྲག་མེར་བསྲེག་ལས་འགུལ་མུ་མཐུད་སྤེལ་བཞིན་པའི་བཀའ་དྲིན་རེད། ད་རེས་ཡུ་རོབ་མཐུན་ཚོགས་ནས་རོགས་དངུལ་བཅད་པ་དེའང་བཙན་བྱོལ་སྒྲིག་འཛུགས་ཀྱིས་བོད་ཀྱི་གནད་དོན་ནི་རྒྱ་ནག་གཞུང་གི་ནང་སྲིད་ཡིན་པར་ངོས་ལེན་བྱས་ཟིན་པའི་ཉེར་ལེན་རེད། ག་ལེར་འདིའང་རེག་གི་མ་རེད་ལ། བོད་ནང་མཐུན་འགྱུར་གནང་དགོས་ཐུག་ངེས་ཡིན།
ང་ཚོ་མི་ཡུལ་ལ་རློང་རྒྱག་ག་ཡོང་བ་མ་རེད་་
ཡག་པོ་རེད། སྐྱབས་གཅོལ་བ་ཚོར་ཕན་ཐོག་ཆེན་པོ་ཡོང་ངེས། འོན་ཀྱང་ཅི་ཡང་མི་འཇོན་པར་དྲ་རྒྱའི་ནང་ལ་ཁྱི་ཟུག་རྒྱག་མཁན་གྱི་དྲ་འབུ་ཚོར་སྐལ་བ་མེད། ཧཧཧ
པད་ལས་ཁྲབ་ནས་ཌོལར་རེ་ཙམ་རག་་ཡོང་བསམ་་ན་
ོ་དྲ་འབུ་ངོ་མ་མ་རེད་།
བཀའ་ཤག་གི་རང་ཁ་རང་གསོ་་དང་གསར་གཏོད་ཟེར་བ་དེ་ཡིན་ནམ་།
བཀའ་སྑྱི་གཉིས་སྐྱིད་་པོ་གཏོང་རྒྱུ་རག་པ་རེད་། ཞོར་ལ་དྲ་འབུ་པད་ལས་ཁྲབ་མཁན་ཚོར་ཌོ་ལར་རེ་ཅམ་ཡང་ན་སྒོ་སྲུང་སོགས་
རག་པའིརེ་བ་ཡོད་ཤས་ཆེ་།ཧ་ཧ་པད་ལས་དྲ་འབུ་ཚོ་ལ་ལྟོས་དང་།
རོགས་དངུལ་ཐོབ་ན་འཇོན་པོ་རྩིས་ན། ཨཕ་གྷནིསྟན་དང་པ་ཀིསྟན་གཉིས་ལ་ཨ་རི་གཞུང་གིས་ལོ་ལྟར་ཌོ་ལར་billion ཁ་ཤས་རོགས་པ་བྱེད་ཀྱི་ཡོད་རེད། མི་རྒྱུ་བཟའ་མཁན་རྒྱལ་ཁབ་དེ་གཉིས་འཇོན་པོ་རེད་པས།
འདི་རོགས་དངུལ་མ་རེད། འདི་ནི་ཨ་རིའི་ཆབ་སྲིད་འཁྲབ་སྟོན་ཞིག་རེད།
ད་གང་ལྟར་བཙན་བྱོལ་སྒྲིག་འཛུགས་ལ་ཐོབ་དགོས་པ་དེ་ཐོབ་སོང་པ་རེད།
འདི་ཐོབ་པ་གཙོ་བོ་རྒྱལ་གཅེས་དཔའ་པོ་དཔའ་མོ་དག་གི་ལ་རྒྱ་དང་སྙིང་སྟོབས་རེད།
རླབས་ཆེན་གྱི་མི་བུ་དེ་དག་གི་ཟུངས་ཁྲག་ལས་ཐོན་པའི་རོགས་དངུལ་འདི།
དཔོན་ངན་སྒེར་བ་ཞིག་གི་ཁ་ནང་འགྲོ་མི་འཇུག་རྒྱུ་དེ།
ང་ཚོ་མི་རེ་ངོ་རེ་ནས་འགན་འཁུར་དགོས།
ཚང་མའི་ནུས་པ་གཅིག་སྒྲིལ་བྱེད་རོགས།
སྐད་མ་རྒྱག་་་་གསར་འབྱོར་དང་དྲ་འབུ་ཚོར་ད་ཐེངས་སྐལ་བ་ཅི་ཡང་མེད་་་་་ཡོད་ཚད་གཞིས་ཆགས་སྲ་བརྟན་ཆེད་གཏོང་གི་ཡིན་་་་་ལྷག་མ་གངས་སྐྱིད་ནས་་་ཧཧཧ
ཁ་སྟོང་པ་ཀླད་པ་སྟོང་པ་རང་ཁ་རང་གསོ་དང་གསར་གཏོད་གང་དུ་བུད་སོང་བ་རེད་དམ། གད་མོ་བྲོ་བ་ལ།
དྲ་འབུ་ཚང་མ་གསར་འབྱོར་བ་ཡིན་ཙང་དེ་རིང་དྲ་འབུ་ཚོ་ལ་སྐལ་བ་མེད་པ་རེད། ཁྱོད་ཚོས་མིང་རྫུན་འོག་ནས་ཁ་གཏོང་གིན་གཏོང་གིན་པད་ཤག་ཟ་དགོས་བསམ་ན་ཧམ་པ་ཚ་ཐག་ཆོད་སོང་བ་རེད། ཁྱོད་ཚོ་ཟ་རེན་དུས་ཐང་དཀར་རྒོད་པོའི་སྐེ་འདྲ། ལས་རེན་དུས་ཤཀྱཱ་ཐུབ་པའི་སྐུ་འདྲ་རྐྱང་རྐྱང་ཡིན་པ། ཧཧཧ
ལས་མི་ཐུབ་ན་རྩ་དོན་གསུམ་ཟེར་བའི་སྐད་ཆ་སྟོང་པ་གསུམ་དེ་བཞག་ན་དགའ། ཨ་རི་གཞུང་ལ་དངུལ་དགོས་ཀྱི་འདུག་ཟེར་ནས་ཞུ་བ་འཐེན། ཁ་བོད་པའི་ཕྱོགས་ལ་འཁོར་དུས་རང་ཁ་རང་གསོ་ཟེར་བའི་ཁུངས་ལུངས་པའི་རྫུན་གཏམ་རང་བཤད། ཨ་རིའི་གཞུང་ནས་དངུལ་ཏོག་ཙམ་རག་པ་དེ་རང་ཁ་རང་གསོ་ཡིན་ནམ།
བལ་ཡུལ་རྒྱལ་ཁབ་ནས། ཨ་རི་རྒྱལ་ཁབ་བར་རྒྱ་གཞུང་ལ་ཞལ་འདེབས་རེ་དགོས་ན། བཙན་བྱོལ་སྒྲིག་འཛུགས་གིས་ཞལ་ལེན་པ་ངོ་ཚ་དགོས་མེད་ལ། དེ་ལ་ཕྲག་དོག་ཡོད་མཁན་ཚོའི་་མིག་ལ་སི་པན་བླུག་ས།
དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ནུས་པ་ཐོན་པའི་ལས་དོན་སྒྲུབ་དུས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་བསྟོར་བཤིགས་གཏོང་འདོད་ཡོད་མཁན་ཚོ་དང། ཕྲག་དོག་ཅན་ཚོ་སྡུག་སྐད་ཤོར་རྒྱུ་ཆོས་ཉིད་རེད།
ཕྲག་དོག་བྱེད་དགོས་པ་གཅིག་ཀྱང་མེད། འོན་ཀྱང་དབང་ཆ་རག་ཡ་ཆེད་དུ་ཁ་ནས་སྐད་ཆ་འདྲ་མི་འདྲ་བཤད་དོན་ཐོག་ལ་གཅིག་ཀྱང་བྱེད་ཐུབ་གྱི་མི་འདུག་ཟེར་གྱིན་ཡོད་ལགས། རང་ཁ་རང་གསོ་ཟེར་བ་ཨ་རིའི་གཞུང་ནས་དངུལ་ཏོག་ཙམ་རག་པ་འདི་ཟེར་གི་ཡོད་དམ། རྩ་དོན་གསུམ་གང་དུ་བུད་སོང་རེད་དམ། བོར་སོང་ནི་ཡིན་རྒྱུ་མ་རེད། བརྗེད་སོང་ནི་ཡིན་རྒྱུ་མ་རེད། ལོ་ངོ་གསུམ་འདི་ལྟར་སྐྱག་རྫུན་རང་བཤད་ནས་འགྲོ་སོང། སྐད་ཆ་སྟོང་པ་ཀླད་པ་སྟོང་པ་རང་གི་ལས་ཀ་བྱེད་གྱིན་འདུག་ཟེར་གྱིན་ཡོད་ལགས།
ཨ་རིའི་གཞུང་ནས་དངུལ་ཏོག་ཙམ་རག་པ་འདི་སྲིད་སྐྱོང་གི་རྩ་དོན་གསུམ་ལ་འབྲེལ་བ་གཅིག་ཀྱང་ཡོད་པ་མ་རེད། སྲིད་སྐྱོང་གི་ཕྱོགས་ལ་རྒྱུགས་མཁན་ཚོ་ཁྱེད་ཚོ་དགའ་ན་འདྲ་མ་དགའ་ན་འདྲ་སྐད་ཆ་དྲངས་མོ་བཤད་གི་ཡིན་ལགས།
ཁྱོད་ཚོས་ངོས་ནས་བྱས་ན་རང་ཁ་རང་གསོ་ག་འདྲ་སུ་བྱེད་དགོས་པ་རེད་དམ། བཙན་བྱོལ་སྒྲིག་འཛུགས་ཀྱི་གནས་སྟངས་ལ་བརྟེན་ནས་རང་ཁ་རང་གསོ་བྱེད་སྟངས་འདི་འདྲ་རེད་ཟེར་བ་ཞིག་ཤོད་དང་། དེ་ནས་་་ཁྱོད་ཚོའི་སྐད་ཆ་ལ་ཁུངས་ལུང་ཅི་ཙམ་ཡོད་མེད་ཤེས་ཡོང་།
རང་ཁ་རང་གསོ་ཟེར་བའི་སྐད་ཆ་འདི་སྲིད་སྐྱོང་གི་སྐད་ཆ་རེད། སྲིད་སྐྱོང་གི་རང་ཁ་རང་གསོ་ཟེར་བ་ལ་འགྲེལ་འདི་འདྲ་ཞིག་རྒྱག་གིན་འདུག། གཞན་གི་རོགས་སྐྱོར་ལ་མ་བརྟེན་པར་བོད་མི་རང་ཉིད་གྱི་གཞུང་གི་འགྲོ་སོང་དང་རྒྱུན་འགྲོན་གཏོང་ཐུབ་དགོས་ཟེར། འདི་ནི་སྲིད་སྐྱོང་གི་དམ་བཅའ་གསུམ་གྱི་ནང་ནས་གཅིག་རེད།
དཔྱ་འཁྲལ་ཆ་ཚང་འབུལ་མ་ཐུབ་མཁན། ་སྲིད་སྐྱོང་རང་ཁ་རང་གསོ་ཕ་རིའིསྤང་རྒྱན་རེད།
སྲིད་སྐྱོང་ནས་བཙན་བྱོལ་སྒྲིག་འཛུགས་གི་གནས་སྟང་ཤེས་ནས་ལྟ་་གྲུབ་གསུམ་ཁ་གཏོང་པའི་སྐད་ཆ་བཤད་པ་རེད་
རྒྱ་ནག་གཞུང་ཡང་བོད་ཀྱི་གཏེར་རྫས་ལ། བརྟེན་དགོས་པས། རྒྱ་ནག་ཀྱང་རང་ཁ་རང་གསོ་དོན་དང་ལྡན་པ་མ་རེད། རྒྱ་ནག་གི་ཁྲིམས་ལུགས་ལ་མང་དང་། རང་དབང་སོགས་ཀྱི་གསར་གཏོད་མེད་པ་དང་། བོད་སོག་རྒྱ་ཧེན་བར་ལ་ཆིག་སྒྲིལ་མེད་པ་མངོན་སུམ་ཚད་གྲུབ་རེད་དོ།།
བསམ་ཚུལ་ཏོག་ཙམ་འབྲི་ཡི་ཡིན། བཙན་བྱོལ་ནང་དུ་མི་ཚེ་བསྐྱེལ་པའི་ཉམས་མྱོང་དང་རང་གིས་མཐོང་མྱངས་ཡོད་པའི་སྐད་ཆ་ཞིག་བཤད་འདོད་སྐྱེས། སྤྱིའི་ཆ་ནས་བོད་ཆེན་པོའི་རྒྱལ་ཁབ་ཀྱི་རྒྱལ་པོ་དར་མའི་མགོ་ལ་གླང་རྭ་བཙུགས་པ་ནས་བཟུང་ཟེར་ནའང་འདྲ། ཤཀྱའི་ཆོས་ལུགས་བོད་ལ་དར་བའི་ཤུགས་རྐྱེན་ཟེར་ནའང་ཆོག བོད་ཆེན་པོའི་རྒྱལ་ཁབ་ཀྱི་རྒྱལ་རྒྱུད་མཇུག་རྫོགས་པ་ནས་བོད་མི་རིགས་ཀྱི་གཤིས་ཀ་དང་སྤྱོད་པ་འགྱུར་བ་ཕྱིན་ནས་བོད་མི་རིགས་ཟེར་བ་འདི་འགྲོ་བ་མིའི་རིགས་ཀྱི་གད་རྙིགས་ཤིག་ཆགས་བསྡད་ཡོད།
རང་ཁ་རང་གསོ་དགོས་པ་ནི་བོད་མི་རིགས་ཀྱི་གནད་དོན་གལ་ཆེན་ཡིན་པ་ནི་ཤེས་ལྡན་བོད་མི་ཀུན་གྱིས་མཁྱེན་གསལ་རེད། ཡིན་ཀྱང་མྱི་ལོ་ལྔ་བཅུ་ཕྱིན་ཀྱང་བཙན་བྱོལ་བོད་གཞུང་རང་ཁ་རང་གསོ་མ་ཐུབ་པའི་གནས་དོན་གཙོ་བོ་དཔོན་ངན་ལྐོག་ཟ་རུལ་སུངས་མང་སོང་བས་རང་ཁ་རང་གསོ་བྱུང་ཐུབ་མེད།
གདན་བཟོ་གྲྭ་བཙུགས། ཚོང་ཁང་བཙུགས། ཟས་ཁང་བཙུགས་ནས་ལོ་མང་རིང་བཙན་བྱོལ་མི་དམངས་ཀྱིས་དཀའ་ལས་བརྒྱབས་ཀྱང་དཔོན་ངན་ལྐོག་ཟ་རུལ་སུངས་ཚོ་ཕྱུག་པོ་ཆགས་སོང་བ་མ་གཏོགས་གཞུང་གི་དཔལ་འབྱོར་ཡར་རྒྱས་ཕྱིན་མེད། མི་ལོ་ལྔ་བཅུའི་རྗེས་སུ་བཙན་བྱོལ་གཞུང་ལས་བླ་བྲང་དང་དགོན་སྡེ་ཁག་གི་ཕྱུག་བ་ཡོད།
མཐོ་གསེར་ཁྲིའི་སྟེང་ནས་ལས་རྒྱུ་འབྲས་གསུངས་མཁན་ཚོས་སྤྱིའི་རྒྱུ་ཟས་ནས་ཕྱུག་པོ་ཆགས་ཡོད་ལ་ཡ་རབས་བཟང་སྤྱོད་གསུངས་མཁན་གྱི་སྐུ་ངོ་རྣམས་པ་ཚོས་སྤྱིའི་རྒྱུ་ཟས་ནས་ཕྱུག་པོ་ཆགས་ཡོད། མྱི་ཆེན་བླ་ཆེན་འདི་དག་གིས་བོད་སྤྱི་པའི་སྤྱི་རྒྱུ་ཟས་ཡོད། དེའི་ཕྱིར་་་བཙན་བྱོལ་བོད་གཞུང་རང་ཁ་རང་གསོ་ཡོང་ཐུབ་མེད།
སེང་གེ་སྲིད་སྐྱོང་གསར་པ་རེད། ཁོང་བསླེབས་པ་དང་ནུབ་ཕྱོགས་པའི་རོགས་དངུལ་ལ་མི་བརྟེན་པར་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ལ་གླ་ཕོག་སྤྲོད་ཐུབ་མེད་པར་ཚང་མས་ཤེས་ཤེས་པ་རེད། ནུབ་ཕྱོགས་པའི་རོགས་དངུལ་ལེན་ན་བཀའ་ཤག་གི་ལྟ་གྲུབ་་གསུམ་དང་འགལ་འགྲོ་བཞིན་ཡོད་ཟེར་ནས་དགག་པ་བརྒྱབས་མཁན་ཚོས་ངོས་ནས་བསམ་བློ་ཡག་པོ་ཞིག་ཐོངས་དང་། གཞན་གྱི་རོགས་སྐྱོར་ལ་མ་བརྟེན་པར་རང་མགོ་རང་ཐོན་ག་འདྲ་སུ་་བྱེད་དགོས་སམ།
བཟོ་གྲྭ་འཛུགས་དགོས་པ་ཨེ་རེད། ཚོང་ལས་བྱེད་དགོས་པ་ཨེ་རེད། ཡིན་ན་མ་རྩ་ཡོད་པེ། བཙན་བྱོལ་སྒྲིག་འཛུགས་སྤྲང་པོ་སྤྲང་ནག་ཡིན་པ། བསམ་བློ་ཐོངས་དང་། ཁྱོད་རང་སྲིད་སྐྱོང་ཡིན་ན་ག་འདྲ་བྱེད་ཀྱི་ཡིན་ནམ།
ཁྱོད་ཚོས་ངོས་ནས་ཁ་ཆེན་པོ་རག་དུང་འདྲ་བ་དེ་བློ་སེང་ལ་སྐོར་ནས་བཤད་མ་སྡོད། སོ་སོར་ལ་སྐོར་ནས་བསམ་བློ་རེ་ཐོངས།
བོད་མི་དམངས་ཀྱིས་ཤེས་དགོས་པའི་གནད་དོན་གལ་ཆེན་ཤོས་ནི་དཔོན་ངན་ལྐོག་ཟ་རུལ་སུངས་དེ་དག་བོད་མི་རིགས་ཀྱི་དགྲ་བོ་དང་བོད་མི་དམངས་ཀྱི་ཁྲག་འཐུང་མཁན་གྱི་ཤན་པ་ལྟ་བུ་ཡིན་པར་ཤེས་དགོས་རེད། དགག་པ་རྒྱག་དགོས་ས་ངོས་མ་ལྐོག་ཟ་རུལ་སུངས་ཚོ་ལ་རེད། དགྲ་ངོ་མ་ལྐོག་ཟ་རུལ་སུངས་ཚོ་རེད།
གལ་སྲིད་ལྐོག་ཟ་རུལ་སུངས་མཚམས་གཅོད་མ་ཐུབ་ན་བོད་མི་རིགས་དང་བོད་གཞུང་རང་ཁ་རང་གསོ་ཐུབ་པའི་དུས་ཤིག་ཡོང་ཡ་མེད། མི་སེར་ཉམ་ཆུང་ཚོ་ལ་ཁེ་ཕན་རག་པའི་དུས་ཤིག་ཡོང་ཡ་མེད། ག་དུས་ཡིན་ནའང་དཔོན་ངན་ལྐོག་ཟ་རུལ་སུངས་དེ་དག་གིས་གཞུང་རྒྱུ་ཟ་ནས་ཕྱུག་པ་ཆགས་འགྲོ་བ་མ་གཏོགས་གཞུང་ཕྱུག་པོ་དང་མི་སེར་ཕྱུག་པོ་ཆགས་ཐུབ་ཀིན་མ་རེད།
བོད་མི་མང་པོས་ལྐོག་ཟ་རུལ་སུངས་ཚོའི་རྐུབ་བལྡགས། ངོ་དགའ་བཤད། སྤྲེལ་ལད་ཁྲམ་ནས་རང་ལ་ཁེ་ཕན་འཐོབ་པའི་རེ་བ་བྱེད་མཁན་འདུག་མོད། ལྐོག་ཟ་རུལ་སུངས་ཚོ་ལ་དགག་པ་མི་རྒྱག་པར་དོལ་རྒྱལ་བརྟེན་མཁན་ཚོ་ལ་ངར་བཞིན་འདུག ནོར་བ་རེད། སྤྱིའི་རྒྱུ་ཟ་མཁན་དོལ་ཚོགས་མ་རེད། ལྷ་བརྟེན་ན་བརྟེན། འདྲེ་བརྟེན་ན་བརྟེན། བོད་སྤྱི་པའི་དཔལ་འབྱོར་ལ་གནོད་བསྐྱེལ་གྱི་མི་འདུག
བོད་མི་རིགས་ལང་མི་ཐུབ་པ་བཟོ་མཁན་ལྐོག་ཟ་རུལ་སུངས་དང་རྒྱལ་བཙོང་བ་ཚོ་རེད། དེ་དག་ལ་དགག་པ་རྒྱོབ། འཐབ་རྩོད་བྱོས། ངར་གྱི་ཡོད་ན་བུ་རེད། བོད་མི་རིགས་བསམས་ན་ལྐོག་ཟ་རུལ་སུངས་ཚོ་བོད་སྤྱི་པའི་དགྲ་བོ་ཡིན་པར་ཤེས་པར་བྱོས།
ཨེ་་་ལོང་རྟོགས། གསར་འབྱོར་བ་ཚོ་ཟེར་ནས་སྡང་ཟུག་བྱེད་ཀྱི་ཞོག ག་རེ་ཟ་རན་དུས་ཐང་དཀར་རྒོད་པོའི་སྐེ་རེད་ཟེར་གྱི་ཡོད་དམ། ཁྱོད་སྙིང་རྗེ། གསར་འབྱོར་བའི་ཆེད་དུ་ཨ་རི་གཞུང་གིས་ཨ་སྒོར་ས་ཡ་དང་ས་ཡ་བྱས་ནས་སྤྲད་ཡོད་པ། གསར་འབྱོར་བ་ལ་ཟ་ཆོག་པའི་ཐོབ་ཐང་མེད་པ་ཨེ་རེད། ཟ་རན་དུས་ཐང་དཀར་རྒོད་པོའི་སྐེ་འདྲ་ཞིག་ཡོད་མཁན་དཔོན་ངན་ལྐོག་ཟ་རུལ་སུངས་དེ་དག་ཡིན་པ་ལས་གསར་འབྱོར་བ་ཚོ་མ་རེད།
དཔོན་ངན་ཚོའི་རྐུབ་བལྡགས་ནས་ལྟ་གོས་རག་བཞིན་ཡོད་མཁན་་་་ལུང་རྟོགས་ཟེར་བ་ཁྱོད་གཅིག་མིན་ནམ་སྙམ་པའི་དོགས་པ་ཡོད། མྱི་ཆེན་བླ་ཆེན་ཚོའི་རྐུབ་བལྡགས་ནས་མི་ཚེ་བསྐྱེལ་མཁན་ཁྱོད་ཀྱི་མི་ལུས་འདྲ་ཞིག་ལེན་པ་ལས་རྐུབ་ལ་རྔ་མ་སྐྱེས་ནས་ཁྱི་ལུས་ལེན་ན་དགའ་བར་་་དཀོན་མཆོག་གསུམ་དཔང་དུ་བཙུགས། སྙིང་རྗེ་ཁྱོད།
གང་ལྟར་ག་ཙེ་བཤད་ཀྱང་སྲིད་སྐྱོང་མཆོག་གི་བཀའ་དྲིན་རེད། དེའི་སྔོན་གྱི་བཀའ་ཁྲིའི་ག་ཙེ་ཞིག་འབྱོན་ཡོད་མེད་གསར་གསར་ཐང་ཐང་ཡིན། ལོ་གསུམ་གྱི་རིང་ལ་གང་ཐད་ནས་སྔར་དང་སྡུར་ན་བཀས་ཁྲི་ཚོའི་ནང་ལ་་ཁོང་ལས་ལྷག་ཅིག་ཡོང་མྱོང་མེད།
བླ་ཆེན་མི་ཆེན་སོགས་བོད་ཀྱི་ལོག་སྤྱོད་པ་དེ་དག་བོད་ལ་ནམ་གནས་བར་དུ་བོད་མིར་བདེ་སྐྱིད་ངོ་མ་ཞིག་ཡོང་རྒྱུ་མེད། ལྷག་པར་དུ་བོད་ཀྱི་བླ་ཆེན་མིང་འཛིན་པ་རྣམས་ཀྱི་ཁ་ཡིས་རྒྱུན་དུ་སེམས་ཅན་ཐམས་ཅད་བདེ་དང་ལྡན་རྒྱུ་དང་སྡུག་དང་བྲལ་རྒྱུར་གཙོ་གཉེར་དགོས་སྐོར་བཅོ་བརྒྱད་བཤད་བཞིན་ཡོད། དོན་དངོས་སུ་སེམས་ཅན་ཐམས་ཅད་ཕར་ཚོད། རང་གི་ཁ་འཁོར་དུ་ཡོད་པའི་མི་སེལ་དེ་དག་ལ་ཁ་མཉམ་ལག་མཉམ་གྱི་བྱ་བ་ཉིན་ཞག་གཅིག་ཀྱང་སྒྲུབས་མྱོང་མེད། ཁོ་ཚོར་ཐོབ་པའི་ལོག་འཚོ་དེ་དག་ནི་རང་གི་མཐའ་འཁོར་དུ་གནས་པའི་ཉམས་ཐག་མི་སེལ་རྣམས་ཀྱི་དཀའ་སྡུག་གི་ཆུ་སེར་རྐྱང་རྐྱང་ཡིན། ཁོ་ཚོས་འགྲོ་འདུག་ཟ་གསུམ་གྱི་ལོངས་སུ་སྤྱོད་སྟངས་དེ་དག་ལ་ཞིབ་གཟིགས་གནང་དང་མ་རྒན་སེམས་ཅན་ལ་ཐུགས་བསམ་ག་ཚོད་གཞེས་ཀྱི་འདུག་མི་ཤེས་རྒྱུ་ཅི་ཡོད། སྲིད་སྐྱོང་གིས་ཀྱང་དེ་ལྟར་མི་གནང་རྒྱུ་རེ་བ་ཡོད།
་་་་་་་་་་་ རང་ཁ་རང་གསོ་དགོས་པ་ནི་བོད་མི་རིགས་ཀྱི་གནད་དོན་གལ་ཆེན་ཡིན་པ་ནི་ཤེས་ལྡན་བོད་མི་ཀུན་གྱིས་མཁྱེན་གསལ་རེད། ཡིན་ཀྱང་མྱི་ལོ་ལྔ་བཅུ་ཕྱིན་ཀྱང་བཙན་བྱོལ་བོད་གཞུང་རང་ཁ་རང་གསོ་མ་ཐུབ་པའི་གནས་དོན་གཙོ་བོ་དཔོན་ངན་ལྐོག་ཟ་རུལ་སུངས་མང་སོང་བས་རང་ཁ་རང་གསོ་བྱུང་ཐུབ་མེད། ་་་་་་་་་་་་་་་་་
་་་་་་་་་་་་་་་་་་་ སྲིད་སྐྱོང་གིས་ཀྱང་དེ་ལྟར་མི་གནང་རྒྱུ་རེ་བ་ཡོད། ་་་་་་་་་་་་་་་་་་་་་་
དྲ་འབུ་ཁྱོད་ཚོས་འུར་རྒྱག་རྒྱུ་ཞོགས་དང་དགའ། ཁྱོད་ཚོ་ལ་ཨ་སྒོར་ས་ཡ་གསུམ་བཞག་ནས་སུམ་བརྒྱ་ཡང་རག་རྒྱུའི་འཇོན་ཐང་མེད་པ། ད་དུང་སྲིད་སྐྱོང་ལ་ཅིག་བཤད་ཁུལ་བྱེད་པ་ནི་ཁྭ་ཏས་རྨ་བྱ་ལ་སྨད་ར་གཏོང་བ་དང་ཅིག་པ་རེད། དེ་ལས་སྡུག་ཁ་ཙུམ་ནས་སྡུག་དྲོད་ཁེང་ཙམ་ཞིག་ཨེ་ཡོང་ལྟོས་དང་ཏག་ཏག་རེད། རང་ཁ་རང་གསོ་ཞེས་པ་འདི་བོད་པ་ཚང་མས་འབད་རྩོན་བྱེད་ནས་ཡོང་དགོས་པ་ཞིག་ལས། ཁྱོད་ཚོ་ཚང་མས་ཁ་གཞན་ལ་གདང་ནས་སྲིད་སྐྱོང་ཅིག་པུས་རང་ཁ་རང་གསོ་ཡོང་བ་ཇི་ལྟར་བཟོ་དགོས་པ་རེད། མི་འདི་ཚོའི་ཧམ་པ་ལ།
ཅོ་རི་ཉི་མ། ངས་རྒྱབ་སྐྱོར་བྱེད་དགོས་ས་དེ་ལ་བྱེད་ཀྱི་ཡོད། ཁྱོད་ནང་བཞིན་རང་བཙན་བཤད་ཁུལ་གྱིས་རང་མགོ་རྡུང་མ་མྱོང་ལ། དམངས་གཙོ་བཤད་ཁུལ་གྱིས་འདྲེ་ཚོགས་ལ་རྒྱབ་སྐྱོར་བྱེད་མ་མྱོང་། བླ་དཔོན་མེད་པའི་སྤྱི་ཚོགས་ཤིག་དགོས་ན་ཁྱོད་ཚོ་ཕྱི་མའི་ལམ་ལ་རྒྱུག་དང་འགྲོ་ས་ཞིག་ཡོད་ཤས་ཆེ། དེ་མིན་འཇིག་རྟེན་འདིས་སྟེང་ནས་རྙེད་མི་སྲིད། རུལ་སུང་དང་བཙན་པོ་ལ་རྒོལ་བའི་བློ་སྟོབས་ཡོད་ན་རྒྱ་གུང་ཕྲན་ལ་རྒོལ་དང་བུ་ཡིན། འཛམ་གླིང་སྟེང་གི་རུལ་སུང་ཆེ་ཤོས་དང་དབང་ཡོད་ཚ་ཤོས་ནི་གུང་ཕྲན་ཏང་རེད། སྐྲག་མི་དགོས་ས་ལ་སྐད་ཆེན་པོ་ཞིག་རྒྱག་ཁུལ་བྱས་ན་བོང་བུ་དང་ཅིག་པ་རེད། ཤེས་ཨེ་སོང་། ཧཧཧ
ཨེ་་་ལུང་རྟོགས། སྐྲག་མི་དགོས་ས་ཤིག་ག་ན་འདུག་གམ། སུད་སིར་བསྡད་ཡོད་ན་སྐྲག་མི་དགོས་པ་ཨེ་རེད། ཡིན་ན་མྱི་ཆེན་ཏྭ་ལའི་བླ་མ་སུད་སིར་ཕེབས་དུས་བོད་མི་ཚོས་མཚན་མོར་ཡང་མགྲོན་ཁང་མཐའ་བསྐོར་ནས་སྲུང་སྐྱོབ་བྱས་དགོས་ཀྱི་འདུག་ག སྐྲག་སྐྲག་ནས་མ་རེད་པེ།་་་ཧཧཧ
འཛམ་གླིང་ཐོག་ཏུ་སྐྲག་མི་དགོས་ས་ཤིག་ཡོད་ན་གཅིག་སྟོན་རོགས་བྱོས་དང་། ང་དེ་ལ་འགྲོ་གི་ཡིན། མ་ཟད་སྐྲག་ནས་སྐུ་སྲུང་ཁྲིད་དགོས་མཁན་དེ་དག་ཡང་ས་ཆ་དེ་ལ་ཕེབས་ན་ཡག་གི་རེད་བ་་་་ཧཧཧ
ཅོ་རི་ཉི་མ། ངས་དེ་ཟེར་གྱི་ཡོད། གོང་ས་མཆོག་དོལ་ཚོགས་དང་རྒྱ་ཁྱི་ལ་སྐྲག་དགོས་པ་ལས་གོང་ས་མཆོག་དང་བཙན་བྱོལ་གཞུང་ལ་ཁྱོད་ཚོ་སྐྲག་མི་དགོས་པའི་དབང་གིས་ཁྱོད་ཚོས་སྐད་ཆ་ཁ་ནས་གང་ཐོན་བཤད་ཕོད་ཀྱི་ཡོད་པ་རེད། རྒྱ་གུང་ཕྲན་ལྟ་བུའི་བཙན་པོ་དབང་ཤུགས་ཅན་ཞིག་ཡོད་ན་ཁྱོད་ཚོ་ལ་སྐྱོན་བརྗོད་བྱེད་པའི་བློ་སྟོབས་མེད་པ་ཚང་མས་ཤེས་གསལ་རེད། ཧཧཧ
ཧཧ་་་ལུང་རྟོགས། ཁྱོད་ཚོས་ངོས་ནས་གུང་ཁྲན་ཏང་ལ་སྐྱོན་བརྗོད་ག་རེ་བྱེད་བཞིན་ཡོད་དམ། གུང་ཁྲན་ཏང་གི་གཙོ་མཛད་མའོ་ཀྲུང་ཞིའི་ནི་ཕ་ལྟ་བུ་རེད་ལ་ཕ་བུའི་བརྩེ་ཡོད་རེད། ཞིང་ཅན་ཕིང་ལགས་ནི་དངོས་ཐོག་བདེན་འཚོལ་སངས་ཆོས་ཀྱིས་སྤྱི་ཚོགས་དཀའ་ངལ་སེལ་བར་ཆེས་ཡིད་ཡོད་མཁན་གྱི་འཇམ་པའི་དབྱངས་ཀྱི་རྣམ་སྤྲུལ་ལྟ་བུ་རེད།་་་ཧཧ
རྒྱ་མི་རྣམས་ལ་ནི་སྐྲག་དགོས་ཀྱི་མི་འདུག དུས་རྟག་ཏུ་རྒྱ་རིགས་མཁས་དབང་དང་རྩོམ་པ་པོས་མཐའ་ནས་བསྐོར་བསྡད་ཤག རྒྱ་མི་ལ་སྐྲག་དགོས་མཁན་ཞིག་རྒྱའི་རྒྱུགས་ཁྱི་ལ་ཅང་སྐྲག་ཨེ་དགོས་་་་ཧཧ
རྒྱ་མི་ལ་སྐྲག་མི་དགོས་མཁན་ཞིག་རྒྱའི་རྒྱུགས་ཁྱི་ལ་ཅང་སྐྲག་ཨེ་དགོས་་་་ཧཧ་་་ཞེས་བཅོས
ང་ལྟ་བུ་ཡིན་ན་ཏ་ལའི་བླ་མ་དང་བཙན་བྱོལ་སྒྲིག་འཛུགས་ལ་སྐྲག་སྐྲག་ནས་རང་བཙན་འཐབ་རྩོད་རྩ་མེད་བཟོས་ཀྱང་ངོ་རྒོལ་བྱས་མ་ཕོད། གཞུང་སྒྲིག་འཛུགས་ལ་བསྒྱུར་ཀྱང་ངོ་རྒོལ་བྱས་མ་ཕོད། སྤྱིའི་རྒྱུ་སྒེར་བདག་བྱས་ཀྱང་འཐབ་རྩོད་བྱས་མ་ཕོད་ནས་བསྡད་ཡོད།
སྐྲག་མ་དགོས་ན་ངས་ཀྱང་འཐབ་རྩོད་བྱེད་ངེས་ཡིན། བོད་མི་རིགས་ཀྱི་ཆེད་དུ། བོད་མི་ཉམ་ཆུང་ཚོའི་ཆེད་དུ་འཐབ་རྩོད་བྱེད་ངེས་ཡིན། ཡིན་ཀྱང་སྐྲག་སྐྲག་ནས་འཐབ་རྩོད་བྱེད་མ་ཕོད་པར་བསྡད་ཡོད་དོ། རང་སྲོག་རང་གིས་གཅོད་ཐུབ་པའི་ཉིན་མོ་ཞིག་བྱུང་ན་འཐབ་རྩོད་བྱ་ངེས་ཡིན་པར་དཀོན་མཆོག་གསུམ་པོ་དཔང་དུ་བཙུགས།
ཅོ་བླུན་ལག་པར་མདའ་ཤོར་ན།
དགྱ་ལ་མི་འཕེན་བོད་ལ་འཕེན།
བྱུང་ན་བླ་མ་དཔོན་པོར་འཕེན།
མ་བྱུང་ཁ་བརྡ་ནང་ལ་འཕེན།
ཅོ་རྟུལ་འདྲ་བའི་མི་ངན་ཚོ།
རྡོག་རྩ་གཏོར་བའི་གཏེ་བོ་ཡིན།
རིགས་ཞེན་དོར་བའི་ཁྲེལ་མེད་ཡིན།
རེ་བཞག་མེད་སའི་མི་འགའ་ཡིན།
ཁ་རྫུན་ཚིག་གི་འཁོར་ལོ་ཅན།
སྙིང་རྩ་དུག་གི་ཁ་ཆུ་ཅན།
རང་མགོ་གཅོག་པའི་ལག་ཆ་ཅན།
ཕྱི་རབས་ཁ་ཐུར་སྐོར་ཅན་ཡིན།
ཡ་མ་བྱས་ན་དེ་མི་འགྲིག།
ཡ་བྱས་བྱ་བར་རིན་ཆུང་ཡང་།།
གཏེ་ངན་འདི་ཚོ་གཏེ་ངན་ལ།
མི་རྩི་ཅམ་གྱིས་བཞག་མ་རུང་།།
ཅོ་རི་ཟེར་བ་འདི་ལ་རང་ཚིགས་ཟེར་བ་ཞིག་མི་འདུག། མི་འདི་སྨྱོས་ཚར་བ་འདྲ། མཚམས་རེེར་ཁ་ནས་རང་བཙན་རེ་བཤད་ཁ་བྱེས། མཚམས་རེ་བོད་གཞུང་གི་དཔོན་པོ་ཚོའི་དངུལ་བཟའ་གི་འདུག་ཟེར་ནས་སྐད་ལོག་རེ་རྒྱག་ཁ་བྱེས། དོན་དངོས་ཁོང་ཅི་ཡང་མི་ཤེས་མཁན་འདྲེ་ཚོགས་ཀྱི་རྗེས་འབྲེང་བ་ཞིག་དང་རྒྱ་ནག་གཞུང་གི་ལག་ནས་དངུལ་ཏོག་ཙམ་རག་འེ་ཐུབ་ལྟ་མཁན་ཞིག་ཡིན་པ་གསལ་པོ་རེད
ཨ་མེ་རི་ཀ་ནི་བཙན་བྱོལ་བོད་མིའི་སྐྱབས་མགོན་ངེས་ཡིན་།
ཅོ་རི། གུང་ཕྲན་ཏང་ལ་རྒོལ་མ་ཕོད་ཀྱང་རང་མགོ་རྡུང་མ་སྡད་ན་ཡག་པོ་རེད། ཕྱི་འཇམ་ནང་རྩུབ་གྲོད་པུ་མགོ་དེ་ཚོ་ནི་མི་ལུས་བླང་པ་ལས་ཁྱི་ལུས་བླང་ན་ཡག་གི་རེད། རྒྱ་རིགས་དང་རྒྱ་ཁྱི་གཉིས་གོ་ས་ཅིག་ལ་བཞག་པ་ནི་རྣམ་དཔྱོད་མེད་པའི་འབྲས་རྟགས་ཕྱིར་མངོན་པ་རེད། རྒྱ་རིགས་གི་ནང་ལ་རྒྱ་ནག་མི་མང་གི་རང་དབང་དང་ཐོབ་ཐང་ཆེད་དུ་གུང་ཕྲན་ཏང་ལ་རྒོལ་མཁན་མང་པོ་ཡོད་པ་རེད་ལ། བོད་ཀྱི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་བྱེད་མཁན་ཡང་མང་པོ་ཡོད་པ་རེད། རྒྱ་ཁྱི་ཚོ་ནི་དེ་ལས་ལྡོག་སྟེ་དངུལ་ཅུང་ཟད་ཙམ་གྱི་ཆེད་དུ་རང་གི་ཕ་ཆུས་བཙོང་ཕོད་པ་མ་ཟད་སྐྱེས་བུ་དམ་པའི་སྐུ་སྲོག་ལ་ཡང་སྡོ་ཕོད་པའི་ངན་གཤིས་ཡོད་པ་རེད། ཁྱོད་གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལྟ་བུ་ཞིག་ལ་སྐྲག་མཁན་ཞིག་ཡིན་ན་རྒྱ་གུང་ཕྲན་ལ་ནི་དེ་བས་ཀྱང་མིང་ཐོས་ན་ཡང་སྙིང་གས་འགྲོ་བར་ངེས་པས། ཉམ་ཆུང་འདུག་ལུག་མཁས་ན་བཙན་པོས་བྱ་ཐབས་དཀའ་བའི་དཔེ་ལྟར། རང་བཙན་པ་ཡིན་མདོག་གིས་དྲ་ཐོག་ལ་འུར་རྒྱག་རྒྱུ་བཞག་ནས་འཇམ་ཐིང་ངེར་སྡད་ན་ཡག་ཤོས་རེད། ཧཧཧ