ཡོང་ཁུངས། བོད་མིའི་སྒྲིག་འཛུགས་དྲ་རྒྱ
༄༅། །དེ་སྔ་ཨ་རིའི་གྲོས་ཚོགས་འོག་མའི་ནང་ལྟར་ཐེངས་འདིར་གྲོས་ཚོགས་གོང་མའི་ནང་དུའང་འཆར་ལོའི་སྔོན་རྩིས་ནང་བོད་མིར་རོགས་དངུལ་མུ་མཐུད་གནང་རྒྱུར་རྒྱབ་སྐྱོར་ཐོབ་འདུག
སྤྱིར་ཨ་རིའི་སྲིད་འཛིན་སྐུ་ཞབས་ཌོ་ནལ་ཊམ་ Donald Trump མཆོག་གི་སྲིད་གཞུང་ནས་ཕྱི་ལོ་ ༢༠༡༨ ལོའི་ཨ་རིའི་ལོ་འཁོར་སྔོན་རྩིས་ནང་བོད་མིར་རོགས་དངུལ་སྤྲོད་རྒྱུ་མིན་པའི་འཆར་འབུལ་ཞུས་ཡོད་ཀྱང་། ཨ་རིའི་གྲོས་ཚོགས་གོང་འོག་གི་སྤྱི་མཐུན་ Republic དང་མང་གཙོ་ཚོགས་པ་ Democrats གཉིས་ཀའི་འཐུས་མི་རྣམས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་ཞུ་བཞིན་ཡོད་སྟབས། སྔོན་རྩིས་ཚོད་དཔག་ཚོགས་ཆུང་གིས་ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༧ ཉིན་འཆར་ལོ་ ༢༠༡༨ ནང་བོད་མིར་རོགས་དངུལ་ཨ་སྒོར་ 18.25 millions གནང་རྒྱུའི་གྲོས་ཆོད་ལ་རྒྱབ་སྐྱོར་གནང་འདུག
འོན་ཀྱང་ལོ་འཁོར་སྔོན་རྩིས་འཆར་འབུལ་ཐོག་མཐའ་མའི་ཐག་གཅོད་དེ་ཟླ་ ༡༢ ནང་ གྲོས་ཚོགས་གོང་འོག་ལྷན་ཚོགས་ཐོག་སྔོན་རྩིས་འཆར་འབུལ་སྤྱི་ཡོངས་ཐོག་བགྲོ་གླེང་སོགས་གནང་མཐར་ཐག་གཅོད་གནང་རྒྱུ་ཡིན་འདུག
དེ་ཡང་སྔོན་རྩིས་འཆར་འབུལ་ལྟར་ན་བོད་མིར་རོགས་དངུལ་གནང་རྒྱུའི་མ་དངུལ་དེ་ནས་ཨ་སྒོར་ 0.675 million ཙམ་ཤེས་ཡོན་ཆེད་དང་། ཨ་སྒོར་ 0.575 million ཆེད་ལས་དང་ཤེས་ཡོན་བརྗེ་ལེན་ཆེད་དུ་གནང་རྒྱུ་དང་། བོད་ནང་གི་དཔལ་འབྱོར་ལས་གཞིའི་ཆེད་ཨ་སྒོར་ས་ཡ་ ༨ གནང་རྒྱུ།
དེ་བཞིན་རྒྱ་བལ་ནང་བོད་མི་བཙན་བྱོལ་བ་རྣམས་ཀྱི་དཔལ་འབྱོར་རོགས་དངུལ་ཆེད་ཨ་སྒོར་ས་ཡ་ ༦ དང་། བཙན་བྱོལ་ནང་གི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་སྒྲིག་འཛུགས་སྲ་བརྟན་སླད་རོགས་དངུལ་ཨ་སྒོར་ས་ཡ་ ༣ གནང་གཏན་འཁེལ་འདུག
སྤྱིར་ཨ་རིའི་གྲོས་ཚོགས་ཀྱི་སྔོན་རྩིས་ཚོད་དཔག་ཚོགས་ཆུང་ནས་ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༡༩ ཉིན་བོད་མིར་རོགས་དངུལ་གནང་རྒྱུའི་ལོ་འཁོར་སྔོན་རྩིས་ནང་འཆར་འབུལ་གཏན་འབེབས་གནང་ཟིན་ཡོད་པ་བཅས།།
༢༠༡༧ ཟླ་ ༩ ཚེས་ ༡༤ རེས་གཟའ་ཕུར་བུ།
ཨ་རི་གཞུང་དང་། མི་མངས་ལ། ཐུགས་རྗེ་ཆེ་གྲངས་མེད་ཞུའོ།།
བོད་མིའི་དཀའ་སྡུག་ཨ་རིའི་རོགས་དངུལ་སེལ་།
བོད་མིའི་འཐབ་རྩོད་ཨ་རིའི་དཔུང་རོགས་བྱས་།
བོད་མིའི་ཤེས་ཡོན་ཨ་རིའི་མཐུན་སྐྱེན་སྦྱར་།
བོད་མིའི་བསམ་དོན་ཨ་རིའི་སྦྱིན་པ་ཤོག་།
བཙན་རྒྱལ་ཨ་མི་རི་ཀ་བཙན་རྒྱལ་རྒྱ་མགོ་གནོན་དང་།
བཙན་རྒྱལ་ཨ་མི་རི་ཀ་བོད་དོན་བདེན་རྒྱབ་གནང་དང་།
བཙན་རྒྱལ་ཨ་མི་རི་ཀ་བོད་མིའི་དཔུང་རོགས་གནང་དང་།
བཙན་རྒྱལ་ཨ་མི་རི་ཀ་བདེན་པའི་རྒྱབ་ཏུ་ཕེབས་ཤོག་།
༄༅། ཨ་རི་གཞུང་དང་མི་མང་བཀའ་དྲིན་ཆེ།།
བོད་མིའི་བདེ་དོན་མུ་མཐུད་བསམ་པ་དྲིན།།
ལྷག་པར་མང་གཙོ་ཚོགས་པ་བཀའ་དྲིན་ཆེ།།
ལྷན་ནས་སྔ་ཕྱི་བར་གསུམ་བོད་དོན་ལ།།
ཁ་བཤད་གཉིས་མེད་རྒྱབ་སྐྱོར་གནང་བ་དྲིན།།
བཀའ་དྲིན་ཆེ་རྣམས་ནམ་ཡང་བརྗེད་མི་སྲིད།།
བོད་ནང་གི་བོད་པས། རྒྱ་གར་གྱིས་བོད་རིགས་ཚོས་རྒྱ་གར་གཞུང་ལ་རྩོད་སྟངས་འདི་ཡང་ཤེས་དགོས་འདུག
https://www.facebook.com/itanagarnews/videos/1484063598325580/?hc_ref=ARQoQl8cHh5bwlWpc77QKBLwCPeJLKfUT_iRFuPsdXXXePKETH2yehprT4GOiUNHfTQ&pnref=story
ཨ་རིའི་རོགས་དངུལ་བར་སྣང་སྤྲིན་པ་འདྲ་།
བོད་མིའི་འགྲོ་སོང་དབྱར་གྱི་ཆར་ཆུ་འདྲ་།
ཨ་བོད་བར་གྱི་འབྲེལ་ལམ་ཟབ་མོ་དེ་།
ནམ་ཡང་འགྱུར་བ་མ་གཏོང་ཨ་བོད་གཉིས་།