མཚོ་སྔོན་བོད་ཡིག་དྲ་བའི་ནང་བཀོད་པ་ལྟར་ན། 2012ལོའི་རྒྱལ་སྤྱིའི་ཨོ་རྩལ་འགྲན་སྡུར་རམ་ལུན་ཏུན་ཨོ་རྩལ་འགྲན་ཚོགས་ཀྱི་སྤྱི་ལེ20ཡི་སྐྱེས་མའི་ཨོ་རྩལ་ལེགས་འདེམས་འགྲན་སྡུར་ཁྲོད། བོད་རིགས་ལུས་རྩལ་པ་ཆོས་དབྱིངས་སྐྱིད་ཀྱིས་ཟངས་ཀྱི་རྟགས་མ་བླངས་པས་ལུན་ཏུན་ཨོ་རྩལ་འགྲན་ཚོགས་སྟེང་ཞུགས་པའི་ཐོབ་ཐང་ཐོབ་ཅིང་། ཁོ་མོ་ནི་ཀྲུང་གོའི་ལོ་རྒྱུས་སྟེང་ཨོ་རྩལ་འགྲན་ཚོགས་ལ་ཞུགས་པའི་བོད་རིགས་ལུས་རྩལ་བ་ཐོག་མ་ཡིན་ངེས་རེད།
ཀྲུང་གོའི་མཆོང་རྒྱུག་མཐུན་ཚོགས་ཀྱི་ལེགས་འདེམ་བྱེད་ཐབས་ལྟར་ན་ཐེངས་འདིའི་འགྲན་སྡུར་ཁྲོད་སྔོན་གྲས་སུ་ཡོད་པའི་མི་བཞི་ཕལ་ཆེར་ལུན་ཏུན་ཨོ་རྩལ་འགྲན་ཚོགས་སྟེང་ཞུགས་རྒྱུ་ཡིན་ཞིང་། སྔོན་གྲས་ཀྱི་མི་གསུམ་ནི་འགྲན་ཚོགས་ཁྲོད་དངོས་སུ་ཞུགས་རྒྱུ་ཡིན་པ་དང་། ཨང་བཞི་བ་ནི་རྗེས་སྣོན་ལུས་རྩལ་བ་ཡིན་པ་རེད།
ད་ལོར་ལོ22ལ་སོན་པའི་ཆོས་དབྱིངས་སྐྱིད་ནི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་གཞི་རྫོང་ཝ་འཇོག་ཡུལ་ཚོའི་འབྲོག་སྡེ་ནས་ཡོང་བའི་ཕུལ་དུ་བྱུང་བའི་བོད་རིགས་ཀྱི་འགྲོ་རྩལ་འགྲན་ཞུགས་པ་ཞིག་ཡིན། 2010ལོའི་ཟླ7པར་ཁོ་མོ་རྒྱལ་ཁབ་རུ་ཁག་ཏུ་ཞུགས་ཤིང་། 2010ལོའི་ཟླ9བར་རྒྱལ་ཁབ་ལུས་རྩལ་ཅུའུ་དང་། ཀྲུང་གོའི་མཆོང་རྒྱུག་མཐུན་ཚོགས། རྒྱལ་སྤྱིའི་མཆོང་རྒྱུག་མཉམ་འབྲེལ་ཚོགས་པ་བཅས་ཀྱིས་པེ་ཅིན་དུ་བསྡུས་པའི་རྒྱལ་སྤྱིའི་འགྲོ་རྩལ་འགྲན་ཚོགས་སམ་རྒྱལ་ཡོངས་འགྲོ་རྩལ་འགྲན་ཚོགས་ཀྱི་སྤྱི་ལེ20ཡི་སྐྱེས་མའི་འགྲོ་རྩལ་འགྲན་སྡུར་ཁྲོད་རྒྱལ་ནང་གི་ཨང་དང་པོ་བླངས་པ་དང་། 2011ལོར་རྒྱལ་སྤྱིའི་མཆོང་རྒྱུག་འགྲན་སློང་འགྲན་སྡུར་རམ་རྒྱལ་ཡོངས་འགྲོ་རྩལ་རྟིང་རྩོད་འགྲན་སྡུར་ཁྲོད་ཨང་གཉིས་པ་བླངས། 2011ལོར་སྐབས་བཅུ་གསུམ་པའི་འཛམ་གླིང་མཆོང་རྒྱུག་ལེགས་ཐོན་འགྲན་སྡུར་གྱི་སྤྱི་ལེ20ཡི་སྐྱེས་མའི་འགྲོ་རྩལ་འགྲན་སྡུར་ཁྲོད་ཨང་ལྔ་བ་བླངས་པ་སོགས་ཚར་དུ་དངར་བའི་གྲུབ་འབྲས་མི་དམན་པ་བླངས་པ་རེད།
རྐང་འགྲོ་རྩལ་ལྡན་པ་ཆོས་དབྱིངས་སྐྱིད། །
བོད་མི་རིགས་ཡིན་པས་དགའ་བ་ལ། །
རྒྱ་གུང་ཁྲན་ཏང་གི་རང་ཕྱོགས་སུ། །
དར་དམར་པོ་གཡུག་ན་སྐྱོ་བ་ལ། །
ཆོས་དབྱིངས་སྐྱིད་རྒྱལ་གྱུར་ཅིག བཀྲིས་དོན་སྒྲུབ། གསེར་གྱི་རྟགས་མ་ཐོབ་པའི་སྨོན་ལམ་ཡོད། ད་རེ་ཁྱེད་ནི་བོད་ཀྱི་བུད་མེད་ཀྱི་ངོ་ཚབ་ཡིན།
འགྲོ་རྩལ་ཡང་རྩེ་བོད་མོ་ཆོས་དབྱིངས་སྐྱིད།།
བོད་མོའི་ངོ་ཚབ་བུ་མོ་ཆོས་དབྱིངས་སྐྱིད།།
བསམ་དོན་འགྲུབ་ཤོག་བོད་མོ་ཆོས་དབྱིངས་སྐྱིད།།
རྒྱ་ལ་མ་ཆགས་བོད་མོ་ཆོས་དབྱིངས་སྐྱིད།།
ཆོས་དབྱིངས་སྐྱིད་ལགས་ཨོ་ལོམ་པིག་འགྲན་བསྡུར་བཞུགས་པ་དེར་དགའ་བསུ་དང་འཚམས་འདྲི་ཡོད། དེ་བཞིན་རྒྱལ་ཁ་འཐོབ་པའི་སྨོན་ལམ་དང་རེ་བ་ཡང་ཡོད། བོད་མི་ཐོག་མར་ཨོ་ལོམ་པིག་རྩེད་འགྲན་དུ་བཞུགས་པ་ཁྱེད་རང་ཡིན་ན་བོད་པའི་ལོ་རྒྱུས་སུ་བཀོད་ཆོག་པ་ཡིན། མོ་རང་གི་རྩེད་མོ་མཆོངརྒྱུགས་ཡིན་ན་དབྱིན་ཇིའི་ཚིགས་ག་འདྲ་ཡིན་མིན་དྲ་གྲོགས་ཚོའི་གསལ་པོ་གསུངས་རོགས་གནང་། ངའི་བསམ་ན་ཨོ་ལོམ་པིག་མཆོངརྒྱུགས་དེ་ལའང་རིགས་མང་པོ་ཡོད་ས་རེད།
སྦྲག་ནག་ཕུག་ནས་མཚར་བའི་འབྲོག་མོ། །
འབྲི་མར་འོ་མས་གསོས་པའི་འབྲོག་མོ། །
འབྲོག་མོ་གཉིད་ལས་དཀྲོག་པའི་ཐོག་མ། །
འབྲོག་མོ་ཁྱེད་ལ་རྟེན་འབྲེལ་ལོས་ཞུ། །
འདི་ལྟར་ང་ཚོ་དུས་རབས་གསར་པའི་འགྲན་རྩོད་ཁྲོད་ཞུགས་ཏེ་ཕྱོགས་ཡོང་ནས་སྔོན་ཐོན་མི་རིགས་ཤིག་གི་གོ་གནས་ལེན་པར་འབད་དགོས། ཁོ་མོས་མ་འོངས་པར་བོད་རྒྱལ་ཁབ་ཀྱི་དར་ཆ་དེ་འཛམ་གླིང་གི་མཁའ་དབྱིངས་སུ་བསྒྲེང་བར་སྨོན།
བཀྲ་ཤིས་བདེ་ལེགས།
བོད་མོ་ཞིག་ཨོ་ལིམ་པིག་གི་འགྲན་ཚོགས་སུ་ཞུགས་ཐུབ་པ་དེ་ཡག་པོ་རེད་ཟེར་དགོས་རེད་དེ།
ཞིབ་ཏུ་བསམ་ན་དེ་ནི་བོད་རྒྱལ་ཁབ་ཀྱི་མིང་ཐོག་ནས་མིན་པ་མ་ཟད་དགྲ་བོ་རྒྱ་དམར་གྱི་མིང་ཐོག་ནས་ཡིན་དུས་བོད་ཀྱི་ལ་རྒྱ་དང་ཆབ་སྲིད་ལ་མི་ཅི་ཡང་ཕན་ཞིང་རྒྱ་ལ་དགོས་རྒྱུ་དེ་རང་རེད། རྒྱ་མིས་རྟག་པར་ཀྲུང་གོའི་བོད་རིགས་ཟེར་བའི་རྣམ་དབྱེ་དྲུག་པའི་སྒྲ་སྦྱར་བའི་དགོས་དོན་སྒྲུབ་མཁན་ལྟ་བུ་ཆགས་པ་རེད། རྒྱ་གུང་ཁྲན་ལ་ཁ་ཞེ་གཉིས་མེད་ཀྱིས་དགོས་འདུན་སྒྲུབ་མཁན་བོད་པ་དབུས་གཙང་གི་ཁུལ་དུ་མང་པོ་ཡོད་པ་མ་ཟད་ཁམས་དང་ཨམ་མདོའི་ཕྱོགས་ལའང་མང་དག་ཅིག་ཡོད་པ་མོས་མཚོན་གྱིན་ཡོད་པ་རེད། ངོ་མ་མི་རིགས་ཀྱི་ལ་རྒྱ་དང་རིག་གནས་ལ་དོ་ཁུར་གནང་མཁན་བོད་མི་ཞིག་ཡིན་ཚེ་ད་ལྟའི་ཆར་རྒྱ་མིས་ཅི་ཟེར་ལ་བྱ་སྤྱོད་ཕྱིན་ཅི་ལོག་ཅིག་བྱེད་དགོས་ངེས་རེད།
འོ་རེད་ངོ་མ་ཆོས་སྐྱིད་རེད་་་་་ཡག་པོ་རེད་་་་་ཨ་མྱེས་བཟོ་བྷེ་དང་ཨ་ཡེས་དབྱངས་མོ་ཕ་མགོན་པོ་རབ་བརྟན་སོགས་ཚང་མ་བཀྲ་ཤིས་བདེ་ལེགས་ཡོད།།
ལོག་སྨྲས་སྐད་ཆ་དྲང་པོ་བཤད་མི་འདུག ང་ཚོ་ནང་བཞིན་ཁོང་ཅག་ལ་རང་སྣང་གང་ཤར་བྱེད་ས་ཡོད་མ་རེད་ལ་རྒྱལ་སྤྱི་ལྡིང་ཆའི་སྒང་ལ་བོད་མི་རིགས་ཀྱི་མི་བུ་རེ་རེ་ཡིན་ཡང་འབུད་ཐུབ་པ་ལ་དགའ་བསུ་སེམས་སྟེང་ནས་ཞུ་དགོས། འདིས་བོད་མི་རིགས་ཀྱི་ཁྲག་རྒྱུན་ལ་འཇོན་ཐང་ཅན་གྱི་མི་བུ་འཚར་ལོང་བྱེད་རྒྱུ་ཡོད་པའི་བརྡ་བསྟན་པ་ཡིན་པས་མི་རིགས་འདི་རྗེས་ལུས་དང་ཀླ་ཀློའི་བརྡ་ཚོག་གི་དཀྱིལ་ནས་ཟེར་རེ་ཕྱི་ལ་ཐོན་ཡོང་གི་ཡོད། དགའ་བསུ་ཞུ་ཞུ་ཞུ།།
དགའ་བསུ་མེད། བོད་པའི་ཁ་དཔེ་ལ། མ་ཅོ་ཐོག་མ་དང་གནས་འགྲོ་མ་ཟེར་ནི་རེད། ཕ་མའི་ཁ་ལ་ཉན་ནས་གནས་ལ་མི་འགྲོ་བར་གསར་བུ་ཚོའི་ནང་ལ་རྩལ་འགྲན་གི་འགྲོ་བའི་བྱ་ཟིག་གང་ན་ཡོད། ངོ་མ་དུས་ནི་མི་འགྱུར་མི་ནི་འགྱུར་བ་ཡིན་གསུངས་བ་ཅི་མ་བདེན། མ་ཤི་ན་གོ་རྒྱུ་མང་གི་ཡ།
རང་རེའི་བོད་པ་རྣམས་ངོ་བོའི་ཆ་ནས་ཤ་རུས་ཁྲག་གསུམ་བོད་པ་ཡིན་པ་ཙམ་གྱིས་མི་ཕན་པ་ལྟ་སྤྱོད་ཀྱི་ཆ་ནས་བོད་པའི་དོན་ངོ་མ་སྒྲུབ་མཁན་ཞིག་ཡིན་དགོས། དེ་མིན་ན་ང་ལོག་སྨྲ་ཚར་གཅོད་ངོས་ནས་དུས་ནམ་ཡང་དགའ་བསུ་མི་ཞུ།
དཔེར་ན་བྱམས་པ་ཕུན་ཚོགས་དང་ར་སྡིག དེ་བཞིན་པད་མ་འཕྲིན་ལས་སོགས་བོད་མི་ཡིན་ཡང་རྒྱ་མིས་བོད་སྤྱོད་ལོག་པར་གཏོང་ས་དང་ལག་པ་ཕྱིས་ས་ལྟ་བུ་བྱས་ནས་རྒྱལ་སྤྱིའི་ལྡིང་ཆ་སྟེང་དུ་ཐོན་ཡོད་ཀྱང་དེ་དག་ལ་དགའ་བསུ་ཞུ་མི་འོས་པ་བཞིན་རེད་འདོད། ཁྱེད་ཀྱིས་ཁོང་ཚོར་དགའ་བསུ་ཞུ་འདོད་དམ།
གདོང་དམར་ལགས། རང་རེའི་བོད་པ་རྣམས་ངོ་བོའི་ཆ་ནས་ཤ་རུས་ཁྲག་གསུམ་བོད་པ་ཡིན་པ་ཙམ་གྱིས་མི་ཕན་པ་ལྟ་སྤྱོད་ཀྱི་ཆ་ནས་བོད་པའི་དོན་ངོ་མ་སྒྲུབ་མཁན་ཞིག་ཡིན་དགོས། དེ་མིན་ན་ང་ལོག་སྨྲ་ཚར་གཅོད་ངོས་ནས་དུས་ནམ་ཡང་དགའ་བསུ་མི་ཞུ།
དཔེར་ན་བྱམས་པ་ཕུན་ཚོགས་དང་ར་སྡིག དེ་བཞིན་པད་མ་འཕྲིན་ལས་སོགས་བོད་མི་ཡིན་ཡང་རྒྱ་མིས་བོད་སྤྱོད་ལོག་པར་གཏོང་ས་དང་ལག་པ་ཕྱིས་ས་ལྟ་བུ་བྱས་ནས་རྒྱལ་སྤྱིའི་ལྡིང་ཆ་སྟེང་དུ་ཐོན་ཡོད་ཀྱང་དེ་དག་ལ་དགའ་བསུ་ཞུ་མི་འོས་པ་བཞིན་རེད་འདོད། ཁྱེད་ཀྱིས་ཁོང་ཚོར་དགའ་བསུ་ཞུ་འདོད་དམ།
མདོར་ན། འོ་ན་ར་སྡིག་དང་བྱམས་པ་ཕུན་ཚོགས་སོགས་ཀྱང་ཆོས་ཅན། ང་ཚོ་བོད་མི་ཚང་མས་དགའ་བསུ་ཞུ་དགོས་ཐལ། ཁོ་པ་ཚོའི་ཁྲག་རྒྱུན་བོད་པའི་ཁྲག་རིགས་ཡིན་ཞིང་རྒྱལ་སྤྱིའི་ལྡིང་ཆ་སྒང་ལའང་རྒྱུན་དུ་ཐོན་ཐོན་པ་ཡིན་པའི་ཕྱིར། འདོད་ན། བོད་པའི་རྒྱལ་ཚོང་པ་དང་རྒྱལ་གཅེས་པ་གཉིས་ལ་ཁྱད་པ་མེད་པར་འགྱུར་ལ།
ཁྱབ་པ་མེད་ན། གོང་གི་བོད་མོ་དེ་ལ་དགའ་བསུ་ཞུ་དགོས་པའི་རྒྱུ་མཚན་དེ་མ་ངེས་པ་འགྱུར་རོ།
བུ་མོ་ཆོས་དབྱིངས་ལགས། དངོས་གནས་དགའ་བསུ་ཞུ། གདོང་དམར་མི་བུ་དག་གི་རེ་བ་དང་སྤོབས་པ་བསྣམ་ནས་ཕེབས་ཤིག བོད་མི་དམངས་ཀྱིས་ནམ་ཡང་ཁྱེད་ཀྱི་རྒྱལ་ཁར་བསུ་མ་བྱེད། ཁྱེད་ཀྱིས་གསེར་གྱི་རྟགས་མ་བཞེས་ཏེ་དགའ་སྤྲོའི་ཝུ་ཆང་གཏོར་དུས། དུས་དབང་གིས་དགྲ་བོའི་དར་ཆའི་འོག་སྡོད་དགོས་མོད། ནམ་ཡང་རང་ཉིད་ལ་དབང་བའི་གཞིས་ཁྱིམ་དྲོན་མོ་དང་། ཕྱི་ཡུལ་དུ་འཁྱམས་པའི་ཕུ་ནུ་མིང་སྲིང་དག་གི་ཆེད་དུ་མིག་ཆུ་ཐེངས་གཅིག་གཏོང་རོགས།
ཁོ་མོར་གསེར་གྱི་རྟགས་མ་ཐོབ་པའི་སྨོན་ལམ་ཡང་ཡོད་ལགས།
དྲ་གྲོགས་ཤུག་པ་དང་ལོག་སྨྲ་ལགས། རང་རེའི་བོད་ཀྱི་བུ་མོ་ཤིག་རྒྱལ་སྤྱིའི་གར་སྟེགས་སྟེང་འབུད་རྒྱུ་ལས་སླ་མོ་མ་ཡིན་པས། དེ་ལྟ་བུའི་ཚིག་ངན་མི་སྨྲ་བར་མཁྱེན།
ལོགས་མའི་གསུངས་ལོས་བདེན་
དེ་བཞིན་དུ་འཇམ་བཞད་སོགསཆོས་ཅན་ཅིག་གོ
མིང་ལ་ལྟས་ན་བོད་མོ་ངོ་མ་ཞིག །སྐྲ་ལ་ལྟས་ན་རྒྱ་མོ་དཀྱུས་མ་ཞིག །ཅི་ཡིན་གང་ཡིན་བདག་གིས་ལབ་མ་ཤེས། །དོན་དམ་ལ་རྒྱ་ཡོད་ན་བོད་མིའི་རྒྱན། །
ལོག་སྨྲའི་སྐད་ཆ་ལ་ངོ་རྒོལ་ཡོད། ཆོས་དབྱིངས་སྐྱིད་དང་། རག་སྡི། པདྨ་འཕྲིན་ལས། བྱམས་པ་ཕུན་ཚོགས་ཁོང་ཚོ་གསུམ་དང་གཅིག་པ་མ་རེད། རྒྱུ་མཚན་ངས་བཤད་མི་དགོས་པར་དཔྱོད་ལྡན་རྣམས་ཀྱིས་ཤེས་ཐུབ། མཚན་ཉིད་པའི་སྐད་ལྟར་རིགས་འགྲེས་མ་བཏང་རོགས། མདོར་ན་བོད་རིགས་རྣམས་ནས་ནང་ཆོས་དང་སོ་སོའི་རིགས་གཞུང་གཅིག་པུ་མ་ཡིན་པར་རྒྱལ་སྤྱིའི་ནང་མཚན་རིག། དཔལ་འབྱོར། ལུས་རྩལ། རོལ་དབྱངས་སོགས་ཚང་མའི་ཐོག་ཤུགས་རྒྱབ་དགོས།
སྐད་ཆ་འགའ་བཤད་འདོད་བྱུང་སོང་།ཤུག་པ་ལགས་ཁྱེད་ཀྱིས་ཀུ་རེ་ཡིན་ནམ།ཡང་ན་ཉིད་ཀྱི་བསམ་བློའི་ཆུ་ཚད་དེ་ལས་མ་བརྒལ་བ་རེད།གཞན་ཡང་ལོག་སྨྲས་བོད་མོ་ཆོས་དབྱིངས་སྐྱིད་རྒྱལ་བཙོང་བའི་གནས་ལ་སྐྱེལ་གྱིན་འདུག་མོད་དེ་ནི་ལོག་སྨྲས་ལོག་སྨྲ་བྱས་པ་ཙམ་ལས་དེ་ལ་ཚུལ་གསུམ་གྱི་དགག་བཞག་བྱས་ཏེ་དུས་ཚོད་ཆུད་ཟོས་དང་ཁ་ལག་གི་ངལ་བ་བྱེད་དགོས་པའི་རྒྱུ་མཚན་མེད་དོ།།གང་ལྟར་ངས་ནི་བོད་མོ་ཆོས་དབྱིངས་སྐྱིད་ལ་དགའ་བསུ་དང་རེ་བ་སྟོང་གི་བར་ནས་སྒུག་རྒྱུ་ཡིན།
བོད་མོ་འདི་རྒྱལ་སྤྱིའི་སྡིང་ཆའི་སྟེང་དུ་ཕེབས་སྟངས་དེ་གུང་ཁྲན་གྱི་ཆབ་སྲིད་འཁྲབ་སྟོན་པ་རྒྱལ་མཚན་ནོར་བུ། རག་སྡིས། བྱམས་པ་ཕུན་ཚོགས། པདྨ་འཕྲིན་ལས་སོགས་རྒྱལ་སྤྱིའི་སྡིང་ཆའི་སྒང་ཟློས་གར་འཁྲབ་པ་དང་འདྲ་ལེ་མེད། རྒྱུ་མཚན་བོད་མོ་འདི་རང་ཉིད་ཀྱིས་ངལ་བ་ལ་བརྟེན་ནས་ཀྲུང་གོའི་མཆོང་རྒྱུགས་འགྲན་རྩོད་ལས་རྒྱལ་ཏེས་ཨོ་རྩལ་འགྲན་རྩོད་ལ་བཞུགས་རྒྱུའི་ཐོབ་ཐང་རགས་པ་ཞིག་རེད་འདུག། ཀྲུང་གོའི་བོད་ཀྱི་འཁྲབ་སྟོན་པ་ཨ་ཕོ་རག་སྡིས་ལ་སོགས་པ་ནི་ཆབ་སྲིད་ཀྱི་འཁྲབ་མཚན་ལ་བྱང་ཆ་ཡོད་པ་མ་ཟད་ཏང་ཀྲུང་དབྱང་གི་མིག་ལ་མཛེས་པའི་འཁྲབ་སྟངས་དང་རྣམ་འགྱུར་ཡག་པོ་ཡོད་ཙང་རྒྱལ་སྤྱིའི་སྡིང་ཆའི་སྒང་ལ་བུད་ཡོང་བ་རེད། དེ་གཉིས་ནན་གྱིས་མཚུངས་བསྡུར་བྱེད་པ་ནི་གསེར་དང་རག་རྒན་མཚུངས་བསྡུར་བྱེད་པ་དང་གཉིས་སུ་མ་མཆིས།
བྱས་ཙང་བཙུན་པ་ལོག་སྨྲས་ཚུལ་གསུམ་གྱི་དགག་བཞག་བྱེད་པའི་རིག་པ་མི་འདུག་ལ་འཁོར་གསུམ་རང་ལ་འཁོར་རྒྱུ་མ་གཏོག་ཅང་མི་འདུག།
ངོ་མཚར་ཆེ་འོ་ཆོས་དབྱིངས་སྐྱིད། །འཛམ་གླིང་རྒྱུགས་རྩལ་འགྲན་དུས་སུ། ལ་རྒྱའི་མགོ་འཕང་གནམ་ལ་ཟེངས། གངས་ཅན་བོད་ཀྱི་རྒྱལ་ཁབ་ཆེད། འགྲན་རྩལ་དང་པོ་ལེན་བསམ་པའི། སེམས་ཁོངས་མ་བརྗེད་ལ་རྒྱ་མ།
ད་གང་ལྟར་སོང་ནི་ཚར་འདུག སོང་ས་ནས་བཤད་རྒྱུ་གཏམ་རྒྱུ་མེད་ནི་བྱོས། གོ་ནོ་ཡིན་ན་བྱི་མོ་མང་བོས་འགྲན་བསྡུར་བྱེད་པའི་གྱབ་ན་བོད་མོ་ཁྱོད་མ་གཏོག་མེད་ཀི་ཟེར། ད་ཧྲ་ལ་བྱོས། སྟག་ཤ་ར་ཞིག་གི་ཚབ་ཉན་ནི་ཤེ་བོད་མགོ་ནག་གི་ལ་རྒྱ་ཤོར་གི་མ་འཇོག ངས་ར་འདི་ནས་སྐྱབས་འཇུག་རེ་ཞུ་གི་འདུག ལྷ་ཀླུ་གཉན་གསུམ་མ་བཅོལ་དམ་མ་ཡེད་གི་ཡོད། རང་གི་ར་སྒྲོལ་མ་རེ་ཐོན་དྲ་ཧྲ་ནི་རེད། ང་ཚོས་འདི་ནས་ཉན་ཉན་ལྟ་ལྟ་འདུག ཤུ་རེ་བྱོས། ན་འདའ་མ།
ལོག་སྨྲ་བ་ལགས་བོད་མོ་ཆོས་དབྱིངས་སྐྱིད་རྒྱལ་ཚོང་བ་ཡིན་པའི་རྒྱུ་མཚན་གསལ་བོ་ཞིག་ཡོད་དམ།ཡོད་ན་ནི་གསུངས་དང་སྒོ་གསུམ་གུས་པས་རྗེས་སུ་འབྲང་རྒྱུ་ཡིན།མེད་ན་ནི་མི་དཀར་བོ་ལ་ཞྭ་ནག་པོས་མ་གཡོག་རོགས་ཞུ་ཡ་ཡིན།
བུ་མོ་ཆོས་དབྱིངས་སྐྱིད་བོད་འབྲོལ་ཁུལ་དུ་སྐྱེས་པ་དགའ་བ་ལ།།
རྒྱ་གོང་འཕྲིན་ཏང་གི་མིང་འོག་ཏུ་སྤྱོད་སྐྱོ་བ་ལ།།
འཛམ་གླིང་རྩེ་འདྲེན་དུ་ཞུགས་པ་དགའ་བ་ལ།།
རྒྱ་གོང་ཕྲིན་ཏང་གི་ཁུངས་སུ་སྐྱོ་བ་ལ།།
འཛམ་གླིང་འགྲོ་རྩལ་ཨང་དང་པོ་ཐོབ་པ་དགའ་བ་ལ།།
རྒྱ་དར་དམར་པོའི་འོག་ཏུ་མིང་འཛིན་སྐྱོ་བ་ལ།།
བོད་མོ་ཆོས་དབྱིངས་སྐྱིད་ལ་བཀྲ་ཤིས་བདེ་ལེགས་ཞུ།
ཁ་བ་བོད་པའི་བུ་མོ་ཆོས་དབྱིངས་ལགས། ཁྱེད་ལ་རྟེན་འབྲེལ་ཞུ། ང་ཚོ་སྒང་བ་བོད་པའི་སྤོབས་པ་བསྣམ་ནས་འཛམ་གླིང་གི་གར་སྟེགས་སྟེང་བུད་དེ། གསེར་གྱི་རྟགས་མའི་གཟི་མདངས་ང་ཚོ་བོད་པ་ཚང་གི་གཡང་རྟེན་དུ་ཁྱེར་ཤོག རིན་ཆེན་དང་པོའི་རྟགས་མ་བདག་གིས་བཞེས་དུས། དུས་དབང་གིས་དགྲ་ནག་གི་དར་ཆའི་འོག་འགྲེང་དགོས་མོད། རང་རིགས་ཀྱི་ལ་རྒྱའི་ཆེད་དུ་བོད་སྐད་རྣལ་མ་ཞིག་བཤད་ཞོར། ཝུ་ཆང་གི་མཆོད་ཁའི་ཁྲོད་སྒང་བ་བོད་པ་དང། ཕྱི་ཡུལ་དུ་འཁྱམས་པའི་ང་ཚོའི་ཕུ་ནུ་མིང་སྲིང་དག་གི་ཆེད་དུ་དྭངས་གཙང་གི་མིག་ཆུ་རྡོག་གཅིག་ཕུད་རོགས།
བོད་ཀྱི་བུ་མོ་ཆོས་དབྱིངས་སྐྱིད་ལགས་ལ་བཀྲ་ཤིས་བདེ་ལེེགས་ཞུུ།
བོད་མོ་ཆོས་དབྱིངས་སྐྱིད་ལ་་གསེར་གྱི་རྟགས་་མ་ཐོབ་པར་ཤོག་
གསེར་གྱི་རྟགས་མ་ཁྱེར་ནས་རྡ་རམ་ས་ལར་ལོག་པར་ཤོག་།
བོད་ཀྱི་བུ་མོ་ཆོས་དབྱིངས་སྐྱིད་ཀྱིས་ངོ་མ་བོད་མི་རིགས་འདི་ཅི་ཞིག་བྱེད་ན་བྱེད་ཐུབ་མཁན་ཞིག་ཡིན་པ་བསྟན་པ་ཙམ་གྱིས་ཁོ་མོར་བསྔགས་བརྗོད་བྱེད་རྒྱུ་ཡིན། ཁོ་མོས་དངོས་སུ་བོད་ཀྱི་རྒྱལ་དར་ལག་ཏུ་ཁྱེར་བཞིན་ལུས་རྩལ་ར་བར་འགྲོ་མི་ཐུབ་ཅིང་། སེམས་ངོར་བོད་ཀྱི་ལ་རྒྱ་ཞིག་འཁྱེར་ཡོད་པ་ཐེ་ཚོམ་མེད་པས་ང་ཚོས་ཁོ་མོ་ང་ཚོ་བོད་མི་ཡོད་དོ་ཅོག་གི་ངོ་ཚབ་ཞིག་ཏུ་བརྩི་རྒྱུ་གལ་ཆེ་བར་མཐོང་། རྒྱུ་མཚན་ཅིའི་ཕྱིར་ན་མ་འོངས་པར་ང་ཚོ་བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏ་ལའི་མདུན་ཐང་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ལེན་བཞིན་རྒྱལ་ཁབ་གཞན་དང་འདྲ་བར་རྩེད་རིགས་སྣ་ཚོགས་ནང་མཉམ་ཞུགས་གནང་སྐབས་ང་ཚོ་ལ་ཡང་མགོ་ཁྲིད་མཁན་ཞིག་ངེས་པར་དགོས་པས་དེ་རིང་ནས་ང་ཚོས་མགོ་ཁྲིད་ཞིག་གསར་དུ་རྙེད་སོང་བ་མ་ཡིན་ནམ།
སྐད་ཆ་ཞིག་བཤད་འདོད་བྱུང། ཕྱི་ལོ་༩༠ གོ་གྲངས་ནང་བོད་རིགས་ཤིག་ལ་དགུན་ཁའི་ཨོ་ལོམ་པིག་གི་རྩེད་རིགས་ཤིག་ལ་གསེར་གྱི་རྟགས་མ་འཐོབ་པ་གོ་ཐོས་བྱུང་། བདེན་པ་ཡིན་མིན་མི་ཤེས། ཆོས་དབྱིངས་སྐྱིད་ལགས་དབྱར་ཁའི་ཨོ་ལོམ་པིག་ལ་འགྲན་བསྡུར་བཞུགས་རྒྱུ་ཡིན་ས་རེད། ད་དུང་ན་ནིང་turkey ཡུལ་དུ་བོད་མོ་ཞིག་(མིང་ལ་བོད་མིང་ཞིག་དང་རྒྱ་མིང་གཉིས་འདུག)wrestling འགྲན་བསྡུར་གསེར་གྱི་རྟགས་མ་འཐོབ་ནས། ད་ལོ་་དབྱར་ཁའི་ཨོ་ལོམ་པིག་ལ་འགྲན་བསྡུར་ནང་འཛུལ་བཞུགས་བྱེད་རྒྱུ་ཡིན་པ་རྒྱ་གར་དང་བོད་པའི་གསར་རྒྱུར་ཁག་ལས་གོ་ཐོས་བྱུང་།. མོ་རང་གི་རྩེད་མོ་དེ་གཟིགས་འདོད་ཡོད་ན་YouTube ནང་དུ་འདུག
ལུས་ཕུང་བདེ་ཐང་ནི་བྱ་བ་མཐའ་དག་གི་རྨང་གཞི་ཡིན་ལ། ལུས་རྩལ་ནི་བདེ་ཐང་སྐྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་པས། བོད་མི་ཚོས་ཕྱག་སྐོར་ལས་གཞན་ཉིན་ལྟར་ལུས་རྩལ་རིགས་རྕེད་སྲོལ་མེད་པས་དེའི་ཐད་དོ་སྣང་བྱ་གལ་ཆེ་སྙམ།
ཚ་མོ་ཆོས་དབྱིངས་སྐྱིད་ལ་རྟེན་འབྲེལ་ཞུ་རྒྱུ་ཡིན། སྐུ་ཞབས་ཤུག་པ་ལགས། ངའི་ཚ་ངན་མ་ལ་བསྡིག་ར་མ་བྱེད། ཡུམ་ཡ་གངས་ཅན་པ་ལ་འདིའི་རིགས་ར་མང་བོ་དགོས་ནི་མ་རེད་ན།
ལོག་སྨྲ་ལགས།ད་བདེན་པའི་གནས་ལུགས་མེད་ན་ནི་སྤོབས་པ་མེ་རུ་སྒྲོན་ལ་འགྱོད་བཤགས་ཀྱི་ཆོ་ག་སྤེལ་འགོ་རྩོམ་རོགས།དུས་དང་ནམ་པ་ཀུན་དུ་རང་གི་སྐད་ཆའི་མགོ་འཇུག་བར་གསུམ་ལ་འགན་ཁུར་དགོས་པ་ཡ་རབས་བུ་ཡི་རང་གཤིས་རྨ་མེད་པ་ཡིན་ནོ།།
ད་ཅིག་ཤོད་དང་།