བང་ཆེན་ནས་དྲངས་་་་
ཟླ་འདིའི་ཚེས་༣ ཉིན་སྦེལ་ཀོབ་ཅོ་ཀུར་གཞིས་ཆགས་ནས་ཡིན་པ་བུ་མོ་སྒྲོལ་མ་ཚེ་རིང་ལགས་སུ་ཀོ་ཌོན་མཛངས་མའི་གཟེངས་རྟགས་ཐོབ་ཡོད་པ་རེད། དེ་ཡང་བྷེལ་ཀོབ་ནས་ཚེ་དབང་རྡོ་རྗེ་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཀོ་ཌོན་མཛངས་མ་ཞེས་པ་ནི་རྒྱ་གར་ལྷོ་ཕྱོགས་ཏ་མིལ་ན་དྷུའི་མངའ་སྡེ་ནང་ཡོད་ པའི་གྲོང་ཁྱེར་ཀོ་ཡམ་བྷ་ཏུར་ནང། ཀོ་ ཌོན་མཛངས་མ་ཞེས་ས་ཁུལ་མཛངས་མའི་འགྲན་སྡུར་བྱེད་ཀྱི་ཡོད་པ་དང། དེ་ནི་ས་གནས་ཀྱི་མཐོ་རིམ་སློབ་མ་དང་དེ་མིན་གཟུགས་དང་བསམ་བློའི་མཛངས་སྤྱོད་ ལྡན་པའི་བུ་མོ་ཚོ་འཛུལ་ཞུགས་ཀྱིས་འགྲན་སྡུར་བྱེད་སའི་གར་སྟེགས་ཞིག་ཡིན་པ་ རེད། ད་ལོའི་དེ་གའི་མཛངས་མའི་འགྲན་སྡུར་ནང་རྒྱ་གར་བའི་བུ་མོ་༡༣ དང༌། ཀོ་ཡམ་བྷ་ཏུར་C.R.Krishnamal བུད་མེད་མཐོ་སློབ་ནང་ཡོད་པའི་བོད་ཀྱི་བུ་མོ་སྒྲོལ་མ་ཚེ་རིང་ལགས་བཅས་ཁྱོན་ བུ་མོ་༡༤ འགྲན་སྡུར་ནང་འཛུལ་ཞུགས་བྱས་ཡོད་པ་ལས། ལྟད་མོ་བ་ཁྲི་ལས་བརྒལ་བའི་འདུ་འཛོམས་སར་མཛངས་མའི་འགྲན་སྡུར་ཨང་དང་པོའི་བྱ་ གའ་དེ་བོད་ཀྱི་བུ་མོ་སྒྲོལ་མ་ཚེ་རིང་ལ་ཐོབ་ཡོད་པ་རེད། རྒྱལ་ཁའི་གསོལ་རས་ཨང་དང་པོར་ཧིན་སྒོར་༡༥༠༠༠ དང་མ་ལེ་ཤི་ཡ་སྤྲོ་འཆམ་ཕྱག་འཁྱེར་དང་སྦག་སྦག་གཅིག་བཅས་ཡོད་པ་དང། ཨང་གཉིས་པ་དང་གསུམ་པ་ལ་ཧིན་སྒོར་༥༠༠༠ རེ་ཕུལ་ཡོད་འདུག།། མེ་སོར་གསར་འགོད་པས།
མོ་རང་ལ་བཀྲིས་བདེ་ལེགས་ཡོད།
བུ་མོ་ཁྱེད་ལ་སྙིང་དབུས་ནས་འཚམས་འདིའི་བཀྲ་ཤིས་བདེ་ལེགས་ཞུ།
མཛངས་མ་བུ་མོ་༡༤་ནང་ནས་ཨང་དང་པོ་ཐོབ་མཁན་ད་འདི་ཁོ་ན་ཡིན་རྒྱུ་རེད་པ། སྦག་སྦག་དེར་ཧེབ་ལངས་ནི་ཞིག་རེད། རྡ་ས་འདྲ་ཞིག་ཡིན་རྒྱུ་ན་ཐུག་འཕྲལ་རེ་ཨེ་ཡོང་ལྟོས་ན་ཆོག་གི་མོད། ས་མེའི་སོར་འདྲ་ཞིག་ལ་འགྲོ་ཁོམ་ཡང་མེད་ཀི་ཡ།
བོད་མིང་ཐོག་ནས་གཟེངས་རྟགས་བླངས་པར་བཀྲ་ཤིས་བདེ་ལེགས་ཡོད། རིགས་རུས་རྒྱ་གར་དུ་འགྱུར་འགྲོ་བར་དོགས་པ་ཡོད། གཞིས་ཆགས་འདི་ཚོར་ངོ་མས་ཡིད་རྟོན་ཞིག་མེད་ཡ།
ཁྱོད་སུ་ཡིན་ལགས།
འདི་ལ་ད་ལེགས་སོ་ཟེར་མི་ཐུབ་ཀི རྒྱ་གར་བ་མཇེ་རྒོད་ཅིག་གི་འོག་ལ་ཤོར་འགྲོ་ན་ཐང་ར་། རིགས་རུས་ཟོག་འགྱུར་ཨེ་ཡོང་གོ།
བཀྲ་ཤིས་བདེ་ལེགས་ཡོད་ད་
བཀྲ་ཤིས་བདེ་ལེགས་ཞུ།
དེ་སུས་འོག་ལ་ཤོར་ཡང་མོའི་དགའ་རོགས་མ་ཁྲོ་ན་དེ་རེད།
རྒྱ་གར་ལྷོ་ཕྱོགས་སུ་ཁུལ་གྱི་ཡུལ་མིའི་རྣམ་འགྱུར་སྟོན་སྟངས་ནི་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་རེད་ཟེར་དགོས་ཀྱི་རེད་ལ།
དུས་བབ་ཟིན་བྲིས་ཐོག་བོན་རྒྱ་ཟེར་བ་ཞིག་གིས་ཆོས་རྒྱུད་སྤྱི་འཐུས་སྐོར་ལ་མང་པོ་བྲིས་འདུག འོན་ཀྱང་ང་ལ་ཟིན་བྲིས་མེད་པས་བསམ་ཚུལ་འདི་ཐད་ཀར་འབྲི་མ་ཐུབ་པས་ཟིན་བྲིས་ཡོད་མཁན་ཞིག་གིས་བསམ་ཚུལ་འདི་ཁོང་གི་དགོངས་ཚུལ་གྱི་ཐད་དུ་འཇོག་པར་ཞུ།
ཁྱེད་ཀྱིས་ཆོས་རྒྱུད་སྤྱི་འཐུས་མི་དགོས་པའི་རྒྱུ་མཚན་དུ་བཀོད་པ་དེ་དག་ནི་ང་ལ་མགོ་ན་བཞིན་འདུག ཨམ་རྗེ་ལགས་དེ་ནས་བཟུང་ང་ལ་མགོ་འདིག་དགོས་ས་མ་རེད་ཅེས་པ་འདྲ་བོ་འདུག དེའི་ཁ་ལ་རྒྱུག་པའི་ཨ་མདོ་བ་གླད་ཆུང་འགའ་ཤས་ཀྱིས་མོས་མཐུན་ཡོད་བཟོ་བསྟན་འདུག ཁྱེད་ཚོས་དགོས་པའི་རྒྱུ་མཚན་གཅིག་ཀྱང་མ་ཤེས་པར་མི་དགོས་པའི་རྒྱུ་མཚན་མང་པོ་ཤེས་པ་འདི་ཁྱེད་ཚོའི་བྱ་སྤྱོད་ཀྱི་མཚོན་རྟགས་ཤིག་རེད། རྒྱལ་བ་ཡིད་བཞིན་ནོར་བུས་ཅིའི་ཆོས་རྒྱུད་སྤྱི་འཐུས་ཡོད་པར་བྱས་པ་རེད་དམ། ཁྱེད་ཅག་ལ་གསུངས་རྒྱུ་ཡོད་དམ།
དེ་གདན་ས་གསུམ་དང་ཆོས་རྒྱུད་ཁག་གི་དགོན་སྡེ་ཁག་ལ་མ་ཉེས་ཁ་གཡོགས་ཆེན་པོ་བྱས་འདུག དེ་དག་ཁུངས་སྐྱེལ་དགོས། ཁྱེད་ཚོ་ཟ་སྣོད་ནང་དུ་སྐྱག་པ་གཏོང་མཁན་རྐྱང་རེད། ལྷོ་ཕྱོགས་ཡོང་ནས་རྡ་ས་སྐྱོན་བརྗོད་བྱས། རྡ་སར་སོང་ནས་གྲྭ་སའི་སྐྱོན་བརྗོད། སྤྱིར་ན་གང་ནས་ཀྱང་ཁུངས་མ་འཁྱོལ་ཞིང་རྐང་མ་ཚུགས་པའི་གྲས་ཡིན་པ་དེ་ཤེས་ན་རེད།
lamola དབྱིན་མིང་ཅན་གྱི་སྤུན་ཟླ་ལགས། ཉིད་ཀྱིས་རེ་འདོད་ལྟར། ངས་དུས་བབ་ཚང་གི་བོན་རྒྱའི་རྩོམ་ཡིག་དེ་ཡི་བསམ་ཚུལ་འདེབས་སར་བསྐྱལ་ཟིན་པ་ཡིན། ལན་རེ་སྤྲད་པ་ཡིན་ན་སྐུ་ཉིད་ནས་དེར་གཟིགས་རོགས་ཞུ།
བོད་པའི་བོུ་སྒྲོལ་མ་ཚེ་རིང་ཟེར་བ་ཞིག་ལ་མཛེས་མའི་གཟེངས་བསྟོད་ཨང་དང་པོ་ཐོབ་པ་ནི་བོད་ལ་ཤ་ཚ་ཡོད་མཁན་ཞིག་ལ་མཚོན་ན་དགའ་འོས་པ་ཞིག་རེད། སྐབས་དེར་འཁོད་པའི་གསར་བསྒྱུར་དེའི་དམིགས་ཡུལ་ཡང་བོད་པའི་མིང་དེ་ས་ཁྱོན་ཆེ་ཆུང་ལ་མ་བལྟོས་པར་གྲགས་པ་དེར་དགའ་བའི་རྒྱུ་མཚན་ཞིག་ཡིན་རྒྱུ་རེད་སྙམ། འོན་ཏང་། འདིར་འཁོད་པའི་ཟིན་བྲིས་ཁག་ནི་རྒྱུན་དུ་ཁ་བརྡའི་ནང་གི་མགྲོན་པོ་རྙིང་པ་ཏག་ཏག་རེད། ངོ་མ། མི་དེ་ཚོར་རང་ཚུགས་ཐུབ་པའི་མི་གཤིས་ཞིག་དང་། གནད་ལུགས་རྟོགས་པའི་མི་གཤིས་ཀྱིས་དབེན་ནས་དོན་མེད་འཇུས་ཏོག་ཀྱང་བྱེད་པ་དག་གིས་ང་ཚོའི་བཙན་བྱོལ་སྤྱི་ཚོགས་དེའི་བོད་ཡིག་རྩོམ་པ་པོ་ཆགས་འདོད་མཁན་དག་ད་དུང་གོམ་པ་དལ་གྱི་་་་ཨ་ཨ།་་་་་་་་
བོད་པའི་བོུ་སྒྲོལ་མ་ཚེ་རིང་ཟེར་བ་ཞིག་ལ་ཀོ་ཊོན་མོ་གསར་མཛེས་མའི་གཟེངས་བསྟོད་ཨང་དང་པོ་ཐོབ་པ་དགའ་བདེ་སྤེལ་བས་དགའ་བསུ་ཞུ།
http://www.youtube.com/watch?v=w0Cb2445y08
སྤུན་ཟླ་ཚོ་དྲ་ཐག་འདི་ལ་གཟིགས་རོགས་ཞུ།
ཨ་རོ། གལ་སྲིད་རྒྱ་གར་བ་ཞིག་གིས་འབད་བརྩོན་བྱས་དང་ན། ཅིག་གི་ལག་ཏུ་ཤོར་སོང་ན། ཆང་ས་བརྒྱབ་སོང་ན། ཕྲུ་གུའི་ཨ་མར་གྱུར་སོང་ན། ད་བོད་ཡིན་ཟེར་ནི་ཨེ་རེད།
ཨ་རོ་ཟ་ལེ་ཆ་བོ། རེམ་པོར་རྒྱུགས་ཡ
ཁ་བརྡ་ཚང་ལ་རྒོལ་བ།
རྩོམ་འདི་ཁ་བརྡ་ཚང་ལ་བསྐུར་མོད་བཀོད་མ་སོང་པས་འདིར་སྤེལ་བ་ཡིན།
ཁ་བརྡ་དྲ་དེབ་ཐོག་རྩོམ་ཡིག་(༡༥༢༤)དང་མཆན་(༢༠༥༠༩ )གྱི་བསྡོམས་གྲངས་དེ་འདྲ་ཞིག་ཡོད་ན་རྩ་འགོག་དང་བསུབས་བཞག་པའི་རྩོམ་མཆན་ག་ཚད་ཡོད་དམ། དེ་དག་གི་གྲངས་ཀ་ཡང་ཉུང་ཉུང་ཆེ་ཡིན། དཔེར་ན། མདང་དགོང་་་མགར་སྟོང་བཙན་གྱི་སྐོར་ཟེར་བ་དེའི་ནང་ཉུང་མཐའ་ཡང་མཆན་ཉི་ཤུ་ཙམ་བསུབས་འདུག་ཀ འཇིགས་རྟེན་གཏམ་གྱི་དཔེ་ལ། ཁྱ་བྱིའུ་ཐུབ་གི་བྱིའུ། བྱིའུ་འབུ་ཐུབ་གི་འབུ། ཟེར་བའི་དཔེ་ལྟར། རྒྱ་དམར་གྱིས་བོད་པ་ཚོའི་སྨྲ་བརྗོད་རང་དབང་ལ་བཀག་བསྡོམས་བྱེད་པ་ལྟར་ཕྱིའི་རང་དབང་གི་འཁོར་ཡུག་ནང་ཡོད་ན་ཡང་ཁ་བརྡ་ཚང་གིས་མི་མང་པོ་ཞིག་གི་སྨྲ་ལྕེ་བསྡམས་ཡོད་པ་དེ་ནི་ཁ་བརྡ་འཛུགས་མཁན་ཚང་མར་རྒྱ་དམར་གྱི་སློབ་གསོ་ཐོབ་ཡོད་པའི་སྐྱོན་ཡིན་ནམ། ཡང་ན་སྐྱོན་གཞན་པ་ཞིག་ཡོད་པ་ཡིན་ནམ། དགོད་བྲོ་བ་ཞིག་ལ། སངས་རྒྱས་དངོས་ལ་བརྩི་བའི་བླ་མ་སྐྱེས་བུ་དམ་པ་རྣམས་ལ་མིག་གི་བལྟ་མི་བཟོད་པའི་ངན་སྨྲས་བྱས་ནས་དད་ལྡན་པ་ཁྲི་སྟོང་མང་པོའི་དད་མོས་ལ་རྨ་ཁ་བཟོས་ན་འདི་ཚོས་བསུབ་གི་མི་འདུག ཁ་བརྡའི་རྩོམ་སྒྲིག་པ་དང་ཁོ་ཚོའི་ངོ་ཤེས་ཚོར་རྣག་ཐོག་ལ་ཁབ་གཙགས་བྱས་ན་བསུབ་འཇོགས་གི་འདུག ལོ་ངོ་གཅིག་གི་སྔོན་ལ་ཁ་བརྡའི་ཕྱོགས་གཏོགས་པ་གཡུ་ཚང་ལྷ་མོ་དོན་གྲུབ་ཟེར་བ་ཞིག་གིས་༧་གོང་ས་མཆོག་ལ་བརྣབ་སེམས་ཀྱིས་སྡིགས་བརྗོད་བྱས་བ་ལ་ཁོ་བོས་ལྡོག་བརྗོད་ཀྱི་ལམ་ནས་གནད་ལ་ཁེལ་བའི་ལན་བྲིས་བ་ཆ་ཚང་བསུབས་འདུག་པ་འདི་ལ་བལྟོས་ན་འདི་ཚོ་༧་ གོང་ས་མཆོག་གི་ཁ་གཏད་ནས་ལང་མཁན་རེ་མིན་ནམ་སྙམ་པའི་དོགས་པ་བྱུང་སོང་།
1. ཞོར་ལ་ཞུ་རྒྱུ་ཞིག་ལ་ཁོ་བོའི་རྩོམ་ཡིག་དེ་ཁ་བརྡ་ཚང་གི་བཙོན་འོག་ནས་བཙོན་གྲོལ་ཐོབ་པར་རེ་བ་བྱེད་ཀིན་ཡོད། ལོ་གཅིག་དང་ཟླ་བ་ལྔ་ལ་སྨྲ་ལྕེ་བསྡམས་ན་རྒྱ་དམར་འོག་ནས་ལོ་ཉུང་ཉུང་ཡིན་ནའང་རང་དབང་ལུང་པའི་ནང་ལོ་ཉུང་ཉུང་མ་རེད།
རྩོམ་མཆན་དེ་ནི་དོན་གྱིས་༧་གོང་ས་མཆོག་ལ་རྒྱབ་སྐྱོར་གྱི་གནད་གསར་བ་མང་པོ་གསལ་འདོན་བྱས་ཡོད།
༧་གོང་ས་མཆོག་རྒྱལ་གྱུར་ཅིག ཀུན་གསལ་གྱི་སྨྲ་བརྗོད་རང་དབང་རྒྱལ་གྱུར་ཅིག
རྩོམ་འདི་རེད ༣༽ ཀུན་གསལ་ནས།
སྤྱི་ལོ་ ༢༠༠༨ ཟླ་ ༨ ཚེས་ ༡༨ གི་ཆུ་ཚོད་ ༡༡ སྐར་མ་ ༢༦
ཨ་རོགས། ངོ་མ་ངར་བ་རེད། སྔོན་མ་ཁྱོད་རྨ་ལྷོ་ཁུལ་ན་ཡོད་སྐབས་རིག་མ་མྱོང་། གོ་མྱོང་ང་། ཕྱིས་སུ་ཕྱི་ཕྱོགས་སུ་བྱ་བ་བགོས་ཡོད་པ་གོ་ཐུས་བྱུང་། མིང་དང་ལོ་གཞན་ཞིག་ཡིན་ཁུལ་བྱས་པ་འདི་འགྲིག་འདུག
གཟབ་གཟབ་བྱེད་དགོས། ཁྱེད་ནས་གོང་དུ་དྲངས་པའི་ང་ཚོའི་ཤ་ཁྲག་རུས་གསུམ་ལ་ཞེན་པའི་ཏང་གི་གསུང་བཤད་གལ་ཆེན་”མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད་”ཟེར་བ་འདི་གོ་ནས་ང་འདར་སིག་འདྲ་བོ་ཞིག་རྒྱག་གིན་འདུག xxxxxxxxxxxxxx
—————————
ཀུན་གསལ་ལགས།
ཁྱེད་ཀྱི་མཆན་དུ་གང་ཟག་སྒེར་པའི་ཚེ་སྲོག་ལ་རྒོལ་བའི་འཇིགས་སྐུལ་རིང་ལུགས་པའི་སྐད་ཆ་སླེབས་འདུག དེ་འདྲ་ནི་ཁ་བརྡ་དྲ་དེབ་ཀྱིས་ཐལ་ཆེ་བར་ངོས་འཛིན་བྱེད། རྒྱུ་མཚན་དེ་ལ་བརྟེན་ནས་ཁྱེད་ཀྱི་མཆན་དེའི་འཕྲོས་རྣམས་གསུབ་པ་ཡིན། ཁ་བརྡ་དྲ་དེབ་ཀྱིས།
ཡ་ཡ་་་་ང་ད་འགྲོ་གི་ཡིན་ད།
བུ་མོ་འདི་ལ་མཛངས་མའི་གཟེངས་རྟགས་སྤྲད་པ་དེ་གནས་ཚུལ་བཟང་པོ་ཞིག་རེད་
གང་ཡིན་ཟེར་ན་གོ་ལ་འདིའི་སྟེང་བོད་པ་གཅིག་ཡིན་ན་ཡང་རིག་རྒྱུ་གོ་རྒྱུ་ཡོད་ན་བཟང་གི་
དེ་འདྲ་ཡིན་དུས་དགའ་བསུ་ཞུ
ང་ཚོ་བོད་པ་ལ་འདི་འདྲ་བ་གཅིག་ཡོད་ན་མང་དྲག་པ་ཡེས་ནས་མེད། དེའི་ཕྱིར་ད་དུང་དགའ་སྔ་དྲག་མི་རུང་། སྤྱིར་ཡག་པོ་རེད། སྤོབ་པ་སྐྱེས་འོས་པ་ཞིག་ལས། དེས་ཚིམས་ནས་འདུག་རན་མ་ཡིན་པ་སེམས། བདེ་བོ་བྱོས།
དཔེ་ཡག་པོ་རེད།