བོད། ལྷ་ཀླ་་གཉན་གསུམ།
རྒྱལ་ཁབ་འདིའི་ནང་དུ་ཡོང་མཁན་ཞིག་སྟེ། བོད་མི་ཞིག་གི་དངོས་ནས་བཤད་ན། ང་དང་བཅས་པའི་བོད་མི་བརྒྱད་རྒྱལ་ཁབ་འདིའི་བུད་མེད་ཚོའི་མཉམ་དུ་ཡོང་བ་རེད། ཁ་ཤས་ཤིག་ད་ལྟའི་འཆར་ཁ་ཁར་ཡང་སོང་ཟིན་པ་ཡིན། ང་རང་མ་རྩིས་པའི་འདིར་ཡོད་མཁན་གྱི་བོད་མི་བདུན་དེ་ནི་རྒྱལ་ཁབ་འདིར་ཡོང་དུས་སུ་བཟའ་ཚང་བྱས་དེ་ཡོང་བ་རེད་འདུག
ང་རང་དེང་ཐོག་འདིར་ཡོང་དུས་སུ། ངའི་མཛའ་མོ་དང་ངེད་གཉིས་དགའ་རོགས་ཀྱི་མིང་ཐོག་ནས་ང་རང་རྒྱལ་ཁབ་འདིར་འབྱོར། ང་རང་རྒྱལ་ཁབ་འདི་ལ་འཛུལ་བའི་ལག་ཁྱེར། ཐོངས་ཆེན་སྟེང་དུ་ཡང་ཡུལ་སྐོར་བ་ཞེས་བྲིས་ཡོད་ལ། དེ་ཡང་ཟླ་ངོ་གཅིག་ཏག་ཏག་ལས་མེད། ཐོངས་ཆེན་དེ་རེག་པ་ལ་ཡང་རྒྱལ་ཁབ་འདི་ནས་ཁོ་མོའི་ཕ་མ་གཉིས་ཀྱིས་ང་རང་གི་མིང་ཐོག་ལ་སྒྲོ་ལོར་བདུན་སྟོང་ལྔ་བརྒྱ་ཞིག་བཞག་འདུག་པ་དེ་ཡི་བཀའ་དྲིན་ཡང་ཡིན་ས་རེད། ང་རང་རྒྱལ་ཁབ་འདིར་སྟབས་བདེ་བོའི་ངང་ཐར་བ་རེད།
ཟླ་ངོ་གཅིག་འདས་སོང་། དེ་ནས་ཐོངས་ཆེན་ཞུ་རུ་སོང་དུས་སུ། ཟླ་ངོ་གསུམ་རིང་གི་ཡུལ་སྐོར་བའི་ཐོངས་ཆེན་ཞིག་སྤྲད་སོང་། ཟླ་ངོ་གསུམ་གྱི་རྗེས་སུ་ད་གཟོད་ལས་ཀ་བྱེད་ཆོག་པའི་ཐོངས་ཆེན་ཟླ་ངོ་དྲུག་ལ་རེག དེ་ཡང་རྒྱ་གར་ནས་འཁུར་ཡོང་བའི་ཡིག་ཆ་དེ་དག་གིས་ཕན་ཐོག་ཆེན་པོ་བྱུང་། ཡིག་ཆ་དེ་དག་ནི་ནག་ཅན་མིན་པའི་བདེན་དབང་དུ་གཉེན་རྟོག་པའི་རྒྱབ་གཉེར། སྐྱེས་ཚེས་ལག་ཁྱེར། རྒྱ་གར་ཁྲིམས་དཔོན་ཞིག་གི་ས་ནས་གཞུང་ནས་ཕྱི་ལོག་་སུ་འགྲོ་བར་བཀག་རྒྱ་མེད་པའི་ཡི་གེ་ཞིག་དང་ཐམ་ག
ལས་ཀ་འཚོལ་བའི་འགོ་བརྩམས། དེ་ཡང་ལམ་འགྲོ་བྱུང་ཟེར་ན་རེད། དཀའ་ལས་ཞེ་དྲག་མ་བྱུང་བར་མགྲོན་ཁང་སྐད་གྲགས་ཅན་ཞིག་གི་ནང་དུ་ལས་ཀ་རེག་སོང་། ཟླ་ངོ་ཁ་ཤས་ཀྱི་རྗེས་སུ་མ་བྱན་ཆེན་མོ་ཆགས། ལས་ཀ་ནི་དངོས་ནས་ཡག་གི ཆ་རྐྱེན་ཡང་བཟང་གི དེ་ནས་མཛའ་མོའི་རེ་འདོད་ལྟར། ལས་ཀ་དེ་ལས་ཐོན་ནས་རྒྱལ་ཁབ་འདིའི་རྒྱལ་ས་རུ་གནས་སྤོར།
ལོ་ངོ་གཉིས་དང་ཕྱེད་ལྷག་གི་རྗེས་ཀྱི་དེ་རིང་ང་ལ་ཁོང་ཚོའི་རྒྱལ་ཁབ་ཀྱི་ཐོབ་ཐང་ལག་ཁྱེར་སྤྲོད་རྒྱུའི་སྐད་ཆ་བྱུང་བ་ལྟར། ངེད་གཉིས་ཀྱིས་དེ་ལ་ཡིག་ཆ་དག་སྔར་རྒྱུན་ལྟར་གྲྭ་སྒྲིག་བྱས་པ་ཡིན། ཟླ་ངོ་གཉིས་ཀྱི་རྗེས་སུ་དུས་ཆད་བཟོས་པ་ལྟར། དེ་རིང་ནི་ཟླ་ངོ་གཉིས་འདས་པ་རེད་ལ། ངེད་གཉིས་ལས་ཁུངས་སུ་བཅར་བ་ཡིན།
དང་བོ་ཁོ་མོ་ཁྲིད་དེ་བུད་སོང་། ངའི་བུ་མོ་ལ་བལྟས་དེ་ཁོ་མོར་སྒུག་ནས་བསྡད། སྐར་མ་བཞི་བཅུའི་རྗེས་སུ་ང་རང་སྐད་བཏང་སོང་། ནང་དུ་སླེབས་དུས་དྲི་བ་གཏོང་མཁན་ནི་བུད་མེད་གཉིས་རེད། ང་ལ་ཁྱེད་ལ་དྲི་བ་ཁ་ཤས་ཤིག་གཏོང་དགོས་ཀྱི་ཡོད། དེ་ལ་དབྱིན་སྐད་སྟེང་ནས་བྱེད། ཧེས་པོའི་སྟེང་བྱེད་ཟེར། ངས་དབྱིན་སྐད་གདམས་པ་ཡིན།
ངེད་གཉིས་ག་དུས་ཐུག་མིན། ཟླ་ཚེས། ལོ། གཉེན་མ་སྒྲིག་པའི་རྒྱུ་མཚན། ཁོ་མོ་ལ་གཉེན་འབྲེལ་ག་ཚོད་ཡོད་མེད། ང་རང་དེ་དག་དང་འབྲེལ་བ་ཡོད་མེད། ཁོ་མོའི་གྲོགས་པོ་གྲོགས་མོ་ག་ཚོད་ངོ་ཤེས་མིན། ལས་ཀ་གང་བྱེད་བཞིན་པ་དང་གང་བྱས་མྱོང་བ། རླངས་འཁོར་ཡོད་མེད། གཏོང་ཤེས་མིན། དྲི་བ་དེ་དག་ལ་ལན་མི་ཐེབས་པ་གཅིག་ཀྱང་མི་འདུག སྟབས་་བདེ་བོ་རེད། དེ་ནས་དེ་རིང་ནས་ཁྱེད་རང་ལ་ཐོབ་ཐང་ལག་ཁྱེར་རེག་གི་རེད། ཤོག་བུ་འདི་གཉིས་སྐོང་ནས་འདྲ་དཔར་གཉིས་འཁུར་ནས་ཤོག་ཟེར།
བར་སྐབས་ཤིག་ལ་ང་རང་སླར་ཡང་སྐད་གཏོང་གི་འདུག བུད་མེད་ཐོབ་ཐང་ལག་ཁྱེར་བཟོ་མཁན་ར་ཤི་ཡ་བུད་མེད་དེས། ང་ལ་ཁྱེད་རང་གི་རྒྱལ་ཁབ་གང་རེད་ཟེར། ངས་བོད་རེད་ཅེས་བཤད་པ་ཡིན། ཁོ་མོས་ད་ལྟ་ཁྱེད་རང་ལ་ཐོབ་ཐང་ལག་ཁྱེར་སྤྲོད་ཀྱི་ཡོད་པ་རེད། དེ་ཡིན་དུས་ཁྱེད་རང་རྒྱལ་ཁབ་གང་ནས་ཡིན་མིན་འབྲི་དགོས་པ་ཡིན་དུས། ངས་གློག་ཀླད་ནང་དུ་ག་ཚོད་བཙལ་ཡང་བོད་ཟེར་བའི་རྒྱལ་ཁབ་ཞིག་གཏན་ནས་རྙེད་ཐུབ་ཀྱི་མི་འདུག དེ་ཡིན་དུས་ད་ལྟ་བོད་ཟེར་བའི་རྒྱལ་ཁབ་ཞིག་གློག་ཀླད་ནང་གི་རྒྱལ་ཁབ་སོ་སོའི་རེའུ་མིག་ནང་དུ་གཏན་ནས་མི་འདུག དགོངས་དག ངས་གང་ལྟར་ས་མིག་ནང་དུ་རྒྱལ་ཁབ་ཞིག་གི་མིང་འབྲི་དགོས་པ་རེད་ཅེས་བཤད་སོང་།
ངས་ཁོ་མོ་ལ་འདི་ལྟར་བཤད། དྲང་བདེན་གྱི་སྐད་ཆ་ཞིག་བཤད་ན། བོད་ཟེར་བའི་རྒྱལ་ཁབ་ཞིག་ཡོད་པ་ཁྱེད་རང་གིས་ཀྱང་ཕལ་ཆེར་ཤེས་ཀྱི་ཡོད་ངེས་རེད།
སྤུན་ཟླ་ཚོ། ཁྱེད་ཅག་ཕྱི་རོལ་རྒྱལ་ཁབ་གང་དུ་ཡོད་དམ། ཁྱེད་ཀྱི་རྒྱལ་ཁབ་དེ་ཡི་ཐོབ་ཐང་ལག་ཁྱེར་བཟུང་ཡོད་ཚེ། དེ་ཡི་སྟེང་དུ་རྒྱལ་ཁབ་གང་གི་མིང་བྲིས་ཡོད་དམ། དྲང་བོར་ལན་རེ་ཐོབས་ཤིག
china
རྒྱ་ནག་གིས་བཙན་བཟུང་བྱས་པའི་བོད་རྒྱལ་ཁབ་ནས་ཡིན་ཞེས་སམ། བོད་རྒྱལ་ཁབ/ད་ཆ་རྒྱ་ནག་གིས་བཙན་བཟུང་བྱས་ཡོད/ཅེས་བྲིས་ན་་་་་་
གོ་ཐོས་ལྟར་ན། ས་སྐྱ་ཕུན་ཚོགས་ཕོ་བྲང་གི་སྲས་རྒན་པ་ཞིག་གི་ཕྱག་ཁྱེར་དུ་བོད་རྒྱལ་ཁབ་ཞེས་བཀོད་ཡོད་པ་ཐོས། དང་ཐོག་ཨ་རིས་རྒྱ་ནག་ཅེས་བཀོད་ཡོད་ནའང་གདུང་སྲས་ཀྱིས་ང་སྐྱེ་སྐབས་བོད་རྒྱལ་ཁབ་ཤོར་མེད་ཅེས་ཨ་རི་ལ་ཁྲིམས་རྩོད་བརྒྱབ་ནས་རྒྱལ་བ་རེད་ཟེར། མ་ཟད་ཁོང་ནི་ཁྲིམས་ལུགས་ཀྱི་འབུམ་རམ་པ་ཡང་རེད་ཟེར། ཁྲིམས་ལུགས་ལ་མཁས་པ་བློ་སེང་གཅིག་པོ་ཡིན་ཚོད་མི་གདའ། ངའི་གྲོགས་པོ་ཧྥ་རན་སིར་ཡོད་པ་ཁ་ཤས་ཀྱིས་བོད་ས་ཁུལ་ལམ། ཁམས་བོད། ཨ་མདོ་བོད་ཅེས་ལུང་ཁུལ་སྦྱར་ནས་བྲིས་ཡོད་ཚུལ་གོ་བྱུང་། ཉིད་ཀྱིས་ཀྱང་བོད་དང་ས་ཁུལ་མཉམ་དུ་བྲིས་ན་རྒྱལ་ཁབ་ཕལ་ཆེར་ལ་འཕྲོད་པ་མཐོང་། ཨ་རི། ཡུ་རོབ། ཨོ་སི་ཀྲི་ལི་ཡ་སོགས་སུ་འཁྲུངས་ཡུལ་བྱེ་བྲག་པར་ཁྲིམས་ཀྱི་སྟེང་ནས་འབྲི་མི་ཆོག་པ་གཏན་ནས་མེད།
དྲི་མེད་ལྷག་བསམ་ནས་བསམ་ཚུལ་ཡག་པོ་ཞིགས་འཁྱེར་འདུག། དེ་དག་དངོས་གནས་ཡིན་ན།
ས་སྐྱའི་གདུང་སྲས་མཆོགས་ནས། ཕྱགས་འཁྱེར་དེའི་སྒྲ་བཤུས་ཞིག་དྲ་ཐོག་ལ་བཞག་ན་མ་འོངས་པར།
བོད་རྒྱལ་ཁབ་དང་མི་རིགས་ལ་ཕན་ཐོགས་ཆེན་པོ་ཡོང་ས་རེད།
རྩོམ་བྲི་མཁན་དང་མཆན་བཀོད་མཁན་གཉིས་ལ།
ཐུགས་ལྗེ་ཆེ་ཞུ་རྒྱུ་ཡིན།
ཤར་ཕྱོགས་ཀྱི་རྒྱལ་ཁབ་ཅིག་གིས་ཐོང་མཆན་གྱི་རེའུ་མིག༼རྒྱལ་ཁབ་གང་ཡིན༽ཞེས་པ་དེར་བོད་ཀྱི་ལག་ཁྱེར་སེར་པོའི་ངོས་སུ་(less state )ཟེར་བ་བྲིས་འདུག
ཤར་ཕྱོགས་ཀྱི་རྒྱལ་ཁབ་ཅིག་གིས་ཐོང་མཆན་གྱི་རེའུ་མིག༼རྒྱལ་ཁབ་གང་ཡིན༽ཞེས་པ་དེར་བོད་ཀྱི་ལག་ཁྱེར་སེར་པོའི་ངོས་སུ་(less state )ཟེར་བ་བྲིས་འདུག དེ་ལྟར་ན་དེང་སང་བོད་ཟེར་བའི་རྒྱལ་ཁབ་ཅིག་མེད་པ་འདྲ།
གུང་ཐང་ཚུལ་ཁྲིམས་སྐོར་གྱི་གླེག་མོལ་ཁ་བརྡ་ཚང་གི་བཀག་བཞག་ཡོད་སྟབས་ངས་འདིར་ཅུང་མ་གཏོགས་
བཤད་རྒྱུ་མིན་ཁོང་གི་ཆུང་མས་བཤད་པ་ཡིན་ན་མོས་དེའི་སྐོར་མི་ཤེས་ཟེར་རྒྱུ་མཚན་ནི་མོ་རང་ལོ་ན་ཆུང་
བ་དངབུད་མེད་ཅིག་ཡིན་པས་ངའི་བཟའ་ཟླའི་སྐོར་ཞིབ་འཇུག་དང་བསམ་བློ་མ་འཁོར་དེང་ཁ་ཤས་ཀྱིས་
་ཁོང་གི་སྐོར་དྲིས་དུས་ང་ངོ་ཅུང་ཚ་བོ་འདུག་ཀྱང་ཐབས་ཤེས་མི་འདུག་ཟེར། འདིའི་སྐོར་མཚམས་བཞག་པ་ཡིན། ཕྱི་གླིག་གི་ལག་འཁྱེར་སྟེང་རང་གིས་གང་བཀོད་ཡིན། རྒྱལ་ཁབ་དང་མི་རིགས་ཟེར་ན་ཡང་རང་གང་འདོད་ལྟར་བྲིས་ན་ཆོག། ལ་ལས་སྐྱེས་ཡུལ་རྒྱ་ནག་རྡ་ས་ནས་ཡིན་བྲིས་ཡོད་ལ་ལས་སྐྱེས་ཡུལ་ཁམས་རྒྱ་གར་ནས་སོགས་མོང་བོ་བྲིས་ཡོད།
གང་ལྟར་བོད་ལ་གནས་སྐབས་འགྲོ་དགོས་ན་ཁམས་དང་ཨ་མདོ་མ་བརྒྱབ་ན་བསང་།
ང་ལས་ཀ་འགྲོ་རན་སོང་པས་འདི་ཙམ་ཞུས།
གཡུ་དུག་སྤྲང་ལགས། ཉིད་ནས་རྒྱལ་ཁབ་རྒྱ་ནག་དུ་ཁས་ལེན་བྱས་པ་དོན་དག་གང་རེད་དམ། རྒྱུ་མཚན་གང་ལ་ཐུག་སོང་ངམ།
རྡོ་རྗེ་ལགས། ཉིད་རང་གང་དུ་ཡོད་མཁན་ཞིག་ཡིན་ནམ། ཡང་ན། ཕྱི་རོལ་དུ་ཡོད་པ་ཞིག་ཡིན་ན་ནི། དེ་ལྟར་འབྲི་མི་ཐུབ་པའི་གནས་ལུགས་དེ་དག་ཡིན་ནས་ཤེས་གསལ་རེད།
དྲི་མེད་ལྷག་བསམ་ལགས། ཉིད་ནས་གསུངས་པའི་སྐད་ཆ་དེ་དག་བདེན་པ་ཁུངས་བསྐྱེལ་ཡོད་ན་ནི། དེ་ཡི་ཟླ་ཚེས་དང་ལོ་དུས་སོགས་ཁུངས་བཙན་ཞིག་འདི་རུ་དྲངས་དེ་དྲ་ཐོག་གི་སྤུན་ཟླ་དག་ལ་ལམ་སྟོན་རེ་བྱེད་རོགས་ཞུ།
དྲི་མེད་ལྷག་བསམ་ལགས། ཉིད་ནས་དེ་ཡི་སྐོར་ཁ་གསལ་བོ་ཞིག་བཙལ་ནས་དྲ་ཐོག་གི་སྤུན་ཟླ་དག་གི་རེ་འདོད་སྐོང་ཐུབ་པར་འབོད་སྐུལ་ཞུ་ལགས། དེ་ནས་ངེད་ཅག་གི་རང་ཉིད་ལ་རྒྱལ་ཁབ་ཡོད་མེད་དེ་ཡི་སྐོར་དངོས་ནས་ད་ལྟའི་འཆར་གསལ་བོ་བྱེད་རན་རེད་འདུག་སྙམ།
ཚེ་བསམ་ལགས། ཉིད་ནས་བཀའ་དྲིན་ཆེ་ཞུ་ག་ལ་དགོས། འུ་ཅག་གི་སྐྱིད་སྡུག་གཅིག་ཡིན་པ་དང་། རང་ཅག་གི་ལས་དབང་གླེང་བཞིན་ཡོད་པ་དེ་རེད། དེ་ལ་ཚང་མར་འགན་ཡོད་པ་རེད་ལགས།
བོན་ནག་ཚང་ལགས། ཉིད་ནས་དབྱིན་ཡིག་དེ་བོད་ཡིག་ལ་སྒྱུར་ནས་ཁ་གསལ་དུ་གཏོང་རོགས་ཞུ།
བོད་པ་ཚང་ལགས། ངས་འདི་ནས་ང་ཚོ་བོད་ཡིན་པའི་སྐོར་ནས་གླེང་གི་ཡོད། ང་ཚོས་བོད་ཟེར་བའི་རྒྱལ་ཁབ་ཞིག་གི་མངའ་ཁུངས་ཡིན་མིན་དང་། ཡིན་ན་སྔོན་ཆད་ཡོད་མྱོང་བ། ད་ལྟ་ང་ཚོས་སླར་གསོ་ཐུབ་ཀྱི་ཡོད་མེད་སོགས། སྐྱེ་བོ་སྒེར་རེ་རེ་ཡི་ལག་ཁྱེར་ནས་་བཟུང་དེ་འབྲེལ་བསྡད་པ་ཞིག་གི་སྐོར་གླེང་གི་ཡོད་པ་ཡིན་དུས། ཉིད་ནས་དེ་ལྟར་རང་གི་བསམ་ཚུལ་དང་གང་ཤེས་པ། རང་ཉིད་བོད་མི་ཞིག་ཡིན་པའི་ངོས་ཐད་ནས་དེ་ཡི་སྐོར་གླེང་རོགས་ཞུ།
ཨ་རི་ལྟ་བུ་ནས་སྐྱབས་བཅོལ་ཞུ་མཁན་ཞིག་ཡིན་ན་རྒྱལ་ཁབ་གང་ཡིན་འབྲི་སར་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཅེས་འབྲི་དགོས།
བོད་ལྷ་ཀླུ་་་་བོད་མི་སྐྱབས་བཅོལ་བ་ཞིག་ཡིན་ན་ལུང་བ་དེར་ནས་མི་སེར་མ་ཆགས་སྔོན་ལ་ཚང་མ་རྒྱ་རིགས་་ཡིན་ཞེས་ཞེས་བྲིས་ཡོད། མི་སེར་ཆགས་ཕྱིན་བོད་རིགས་ཡིན་ཞེས་བྲིས་ན་ཆོག་ཀྱང་བོད་རྒྱལ་ཁབ་ཅེས་བྲིས་ན་
མི་ཆོག། རྒྱལ་ཁབ་དེའི་མི་ཞིག་དང་མཉམ་དུ་གཉེན་བསྒྲིགས་ནས་ཡོང་ན་དང་བོ་ནས་བོད་མི་ཞེས་བྲེས་
འདུག། རྒྱུ་མཚན་གཙོ་བོ་ཨ་སེར་ལ་བསྟུན་དགོས་པ་རེད། ནམ་ཞིག་ན་འཛམ་གླིང་གཞུང་དྲ་ནང་བོད་
ཅེས་ལོགས་སུ་ཐོན་དུས་ལག་འཁྱེར་སྟེང་བོད་ལུང་བ་མི་འདོད་ཀྱང་ཕྲིས་ཟེར་རྒྱུ་རེད།
གང་ལྟར་ཁྱེད་བོད་ཡིག་དུངས་སྟབས་གནས་དེར་བསམ་དོན་འགྲུབ་པར་ཤོག།
ཁྱེད་བོད་ལ་འགྲོ་འགྲོ་ན་མིང་གང་འདོད་མ་འབྲི་བསམ་བློ་ཐོངས།
གཞན་གྱིས་བཤད་ཚད་བདེན་པ་མིན་རང་གིས་བསམ་གཞིག་བྱོས། གཅིག་བྱས་ན་བདེན་པ་རག་རྒྱུ་རེད།
བོད་པ་ཚང་ལགས། ཉིད་ནས་བསམ་ཚུལ་ལྷུག་པོར་གསུངས་པ་དེར་གུས་པ་ཡོད། ང་ཚོས་རང་ཉིད་བོད་མི་ཞིག་གི་ངོས་ནས་སྐྱབས་བཅོལ་ལག་ཁྱེར་འདི་བཟུང་ནས་བསྡད་ཡོད་མཁན་ཚོར་མཚོན་ན། རང་ཉིད་ནས་རྒྱལ་ཁབ་སོ་སོའི་ཐོབ་ཐང་ལག་ཁྱེར་རེག་དུས་སུ། རྒྱ་ནག་རྒྱལ་ཁབ་ཀྱི་མི་སེར་ཡིན་ཟེར་བ་ལས། གཞན་ཐབས་ཤེས་གཞན་པ་ཞིག་བྲིས་པ་ཡིན་ན། མ་འོངས་པའི་སྒེར་གྱི་འགྲོ་འདུག་ལ་ཅུང་ཙམ་དཀའ་ངལ་ཡོད་སྲིད་ཀྱང་། ལོ་རྒྱུས་ཐོག་གི་སྐྱབས་བཅོལ་བ་ཞིག་གི་ངོས་ནས་བཟང་ཆ་ཞིག་དང་། རྗེས་རབས་པ་དག་གིས་བསམ་གཞིགས་བྱེད་ས་ཞིག་ཉན་ངེས་ཡིན་པར་འདོད་ལགས།
ཐོང་མཆན་རེའུ་མིག་
Nationality=རྒྱལ་ཁོང་གང་ཡིན་ཞེས་པའི་ཐད་དུ་(less state=རྒྱལ་ཁབ་མེད་པའམ་ལུང་པ་མེད་པ་ཞེས་བྲིས་འདུག
གནད་དོན་འདི་དག་བསམ་ན་སྐྱབས་བཅོལ་གཞུང་འདི་རྒྱལ་སྤྱི་ངོས་ལེན་ཡོད་པའི་བར་བརྒལ་སྲིད་གཞུང་ཞིག་ཏུ་བསྒྱུར་བ་ལ་འབད་བརྩོན་དགོས་ཀྱི་འདུག
བོན་ནག་ཚང་ལགས། སྐྱབས་བཅོལ་གཞུང་འདི་ད་ལྟའི་འཆར་བར་བརྒལ་སྲིད་གཞུང་ངམ། བོད་རྒྱལ་ཁབ་ཀྱི་ཤོར་མ་དག་གི་སྐྱབས་བཅོལ་གཞུང་ཞིག་དུ་ངེས་འཛིན་ཐོབ་ཐབས་སུ་ད་ལྟའི་འཆར་བོད་མི་དག་གི་སྒྲུབ་དགོས་པའི་ལས་འགན་གང་ཡིན་པར་འདོད་ཀྱི་ཡོད་དམ། དེ་ལ་རྒྱལ་ཁབ་སོ་སོ་ཉུལ་བསྡད་པའམ་ལས་ཀ་བྱེད་བཞིན་པ། བཟའ་ཚང་བྱས་ཟིན་པ། སྤྲོ་འཁྱམས་པ། ཕྱོགས་བསྐྱོད་ལ་གོམ་པའི་བོད་མི་དག་གིས་ག་རེ་བྱེད་ཐུབ་པར་འདོད་ཀྱི་ཡོད་དམ།
ངས་བཤད་པ་ནི་ཡོ་རོབ་ཁག་ནང་ཡིན། ངའི་གྲོགས་པོ་ཞིག་གིས་ཟེར་དོན་ཁ་ནར་ཏྲའི་ནང་མི་ལ་ལ་ཞིག་གི་
ལག་འཁྱེར་སྟེང་རྒྱ་གར་བོད་པའམ་བལ་བོའི་བོད་པ་སྐྱབས་བཅོལ་་ཡིན་ན་འང་བྲིས་ཡོད་ཟེར་ཕལ་ཆེར་བདེན་ཞེས་ཆེ། ངའི་ལག་དབྱིན་ཇི་ལག་འཁྱེར་སྟེང་སྒྱེས་ས་སྡེ་ར་ཏིན་འདུག་མི་རིགས་དབྱིན་ཇི་བརྒྱབ་ཡོད་ལུང་
བ་ཡང་དབྱིན་ཡུལ་བརྒྱབ་ཡོད།ངའི་ཕྱོགས་ཀྱི་དྲང་གཏམ་དེ་ཡིན། གལ་སྲིད་བོད་ལ་འགྲོ་ན་རྒྱ་ནག་གཞུང་ཚབ་
གིས་ཁྱེད་ཀྱི་སྔོན་མ་མི་རིགས་གང་ཡིན་ཟེར་བའི་དྲི་རྟགས་ནང་ངས་རྒྱ་ཡང་མ་བརྒྱབ་ལ་བོད་ཀྱང་མ་བརྒྱབ་
བོད་ལ་ཐེངས་གཉིས་སོང་བ་ཡིན། རྩེད་མཚར་ཞིག་ནི་བོད་མིའི་རང་དབང་གཅེས་འཛིན་དྭང་བླང་སྤྱི་དངུལ་
ཕུལ་འཛིན་ལག་དེབ་ཅེས་པའི་ནང་དྭང་ཡིན་དང་ཡིན་ནམ། ང་ཚོས་རང་བཙན་ལག་དེབ་བམ་དེབ་སྔོན་པོ་
་་་་་་་་་་་་་་་་་་་་་་་་་་་་་་སོགས་བརྗོད་ཀྱང་དེབ་མདུན་དུ་མིང་དེ་གཉིས་གང་ཡང་མི་འདུག།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
བོད་པ་ཚང་ལགས། ཉིད་རང་དེ་ནས་མི་སེར་ཆགས་པ་དང་རྒྱལ་ཁབ་དེ་ཡི་ཁུངས་སུ་ཡོད་པར་བཟང་གི་ཟེར་དགོས་པ་ཡིན་རྒྱུ་རེད། འོན་ཀྱང་། འུ་ཅག་ནི་བོད་མི་ཞིག་ཡིན་དུས། བོད་མི་ད་ལྟའི་འཆར་རྒྱལ་ཁབ་མེད་པའི་མི་ཞིག་ཆགས་པ་དེར་འགན་རེ་འཁུར་སྟངས་ཤིག་ང་ཚོ་མི་ཐོག་འདི་ལ་འགན་ཞིག་ལོས་ཡོད་སྙམ་ནས་ངས་རང་གི་འཚོ་བསྡོད་ཀྱི་སྐོར་ནས་འགོ་བཟུང་དེ་གླེང་གི་ཡོད་ལ། སྐྱབས་བཅོལ་བ་ཞིག་རང་ཡུལ་དུ་ལོག་མིན་དེ་ལ་ཡང་མ་མཐའི་ས་མཚམས་ངེས་ཅན་ཞིག་དགོས་པ་རེད། ང་ཚོ་སྐྱབས་བཅོལ་དུ་ཡོང་མཁན་ཞིག་གི་ངོས་ནས་བཤད་ན། རྒྱལ་ཁབ་སླར་གསོའི་ཆེད་དུ་བྱོལ་བར་བཤད་ཆོག་པ་ཡིན། དེ་རེད་དམ།
ཁྱེད་ལ་འདིའི་སྐོར་གླེང་འདོད་ཆེན་པོ་ཞིག་ཡོད་པ་འདྲ་བས་ངས་ཀྱང་འདིར་ཞལ་འདེབས་འདི་རྒྱག་འདོད་བྱུང་། ངའི་ལག་ཁྱེར་སེར་པོ་ནི་ང་རྒྱ་གར་དུ་སྡོད་སྐབས་ཀྱི་སྐྱབས་བཅོལ་ལག་དེབ་གཞིར་བཞག་གིས་བཟོས་པ་རེད། ངས་སྐྱབས་བཅོལ་ལག་དེབ་བཟོ་སྐབས་བོད་ནས་ཡོང་བ་ཡིན་ལབ་མི་ཆོག་པར་ཡིན་གཅིག་མིན་གཅིག་ལ་སྔོན་མ་ནས་སྐྱབས་བཅོལ་ལག་དེབ་RCཡོད་མཁན་ཕ་ཚབ་མ་ཚབ་རེ་བཙལ་ནས་རྫུན་བཤད་དགོས་པ་ཞིག་རེད་འདུག ངས་ཀྱང་རྡ་རམ་ས་ལར་སྡོད་མཁན་ཕ་ཚབ་ཅིག་བཙལ་ནས་སྐྱབས་བཅོལ་ལག་དེབ་བཟོས་པ་ཡིན་སྟབས་ངའི་སྐྱེ་ཡུལ་རྡ་རམ་ས་ལ་མི་བཟོ་ཐབས་མེད་བྱུང་སོང་། དེའི་རྗེས་སུ་ངའི་ཡིག་ཆ་ཚང་མ་སྐྱབས་བཅོལ་ལག་དེབ་དེ་གཞིར་བཞག་གིས་བཟོས་པ་ཡིན་སྟབས་ངའི་སྐྱེ་ཡུལ་རྡ་རམ་ས་ལ་རེད་འདུག འདི་ངས་གཞན་དུ་སྒྱུར་ཐུབ་ཐབས་ཤིག་མི་འདུག
དེང་སང་ད་གནས་སྟངས་འདི་ཚོ་འགྱུར་བ་ཐེབས་ནས། བོད་ནས་སྐྱེས་པ་དང་ཕ་མའི་མིང་ངོ་མ་བཀོད་དེ་RC བཟོ་བཞིན་པ་རེད། དེའང་ཆུང་ཆུང་མ་རེད་པཱ། འདི་དག་རང་གཞུང་དང་རྒྱ་གར་གཞུང་གཉིས་ཀའི་འབྲེལ་བའི་འཕེལ་རིམ་ཞིག་ཅི་ལ་མིན་ནམ།
བོད་གཉན། བོད་ནང་ལ་ཕྱིར་ལོག་གི་ས་མཚམས་སུས་ཀྱང་བཤད་ཐབས་བྱལ། དེའི་སྐོར་ངེད་གཉིས་ཀྱིས་
གླེང་ཚོད་མ་རེད་བསམ་ཡོད། ཆེ་ས་ནས་གཅིག་བཤད་ན་བཙལ་བྱོལ་གཞུང་བོད་རང་བཙན་རེག་ན་ཡང་
ཕྱི་ལོག་མ་བརྒྱི་ན་ཡང་སྐྱོན་ཆེན་པོ་མེད། བཙན་བྱོལ་གཞུང་གིས་ལས་ཀ་དངོས་མ་བོད་དོན་ཁྱབ་གསྒྲིགས་
དེ་རེད། མ་འོངས་དབུ་ཁྲིད་ཚོས་ཀྱང་རང་དོན་དང་བོར་བཞག་གཉིས་པ་བོད་དོན་དྲིལ་བསྒྲིག་དགོས་པ་ཡིན།
ལྷག་བསམ་དང་རེས་མེད་ཅེས་ནམ་ཡིན་ན་མ་བརྗོད་ན་བཟང་།
ངས་མཆན་བྲིས་དོན་ལོ་སྔོན་མ་ཞིག་ལ་ང་ངའི་གྲོགས་པོའི་ནང་སོང་དུས་ཁོང་གིས་དུས་བབས་དྲ་ཐོག་ནས་ཀློག་
ཀྱིན་འདུག་ཟིན་བྲི་བ་ལྷ་ཆབ་སྤྱིན་པས་བཤད་པ་བདེན་ན་བོད་ལྷ་ཀླུ་གཉན་ཁྱེད་བོད་ཡིག་གི་དག་ཆ་བཟང་
་་་་་་་་་་་་་་་་་་་་་་་་་་་་་་ཞེས་བྲིས་པ་མཐོང་ནས་དག་ཆ་ཞིག་གི་ཆེད་དུ་མཆན་བརྒྱབ་པ་ཡིན། གཞན་ཁྱེད་ཀྱིས
་་་་་་་་་་་་་་་་་་་་་་་་་་་་་་་་སྐྱབས་བཅོལ་ཞུ་དུས་སྐད་བསྒྱུར་ཡོད་པོ་དགོས་པ་མ་ཟད་ད་དུང་བོད་ནང་ཤེས་ན་བཟང་གི་ཟེར་བ་ཐོས། རྗེས་མར་གཞན་པ་ཞིག་གླེང་རྒུ་ཨེ་ཡིན།
སྤོབས་པ་མཐའ་ཡས་ལགས། ཉིད་ཀྱི་དུས་སྐབས་དང་ངེད་ཀྱི་དུས་སྐབས་ཀྱི་རྒྱ་གར་གྱི་སྐྱབས་བཅོལ་ལག་ཁྱེར་བཟོ་སྐབས་ཀྱི་དུས་ཚོད་གཅིག་པ་རེད་འདུག ངས་ཀྱང་ལམ་ཁ་དེ་རྒྱུད་པ་ཡིན། མ་འདྲ་བ་ཞིག་ནི་ང་རང་གིས་ལོ་ཚང་ནས་བཟོས་པ་ཡིན། ཕ་མིང་མ་མིང་དངོས་ནས་དེ་བཞག་ཡོད་ཀྱང་། སྐྱེ་ཡུལ་རྒྱ་གར་བརྒྱབས་ཡོད་པ་རེད། བདག་གིས་དེ་ལུགས་རྒྱལ་ཁབ་འདིར་ཡོང་དུས་སུ་འབྲེལ་བཤད་གསལ་བོ་བརྒྱབས་ཡོད། དེ་ཡིན་དུས་ང་རང་བོད་དུ་སྐྱེ་བ་དང་སྐྱབས་བཅོལ་ལག་ཁྱེར་རྒྱ་གར་གཞུང་གིས་སྤྲད་པ་ཤེས་ཀྱི་ཡོད་པ་རེད། དེ་དག་ལ་ཅུང་གནད་འགག་བྱུང་མ་སོང་། ཐུག་ས་དེ་ནི་ཐོབ་ཐབ་ལག་ཁྱེར་སྤྲོད་དུས་སུ། བུད་མེད་དེས་གལ་སྲིད་ཆབ་སྲིད་ཀྱི་འགྱུར་ལྡོག་འདྲ་མ་བྱུང་བར་དུ། ཁྱེད་ནས་རྒྱལ་ཁབ་རྒྱ་ནག་དང་རྒྱ་གར་གང་རུང་ཞིག་འདེམས་དགོས་ཀྱི་འདུག དེ་་ཁྱེད་རང་གིས་བསམ་བློ་གཏོང་ཟེར། དེ་འདྲ་རེད། ད་ལྟའི་འཆར་བོད་མི་དག་གིས་རང་གི་རྒྱལ་ཁབ་དེ། བོད་རྒྱལ་ཁབ་ཟེར་བའི་མིང་ཞིག་འཛམ་གླིང་གི་མི་དམངས་ཀྱི་རྒྱལ་ཁབ་སོ་སོའི་རེའུ་མིག་ནང་དུ་སླེབས་པར་འབད་བརྩོན་བྱེད་འདོད་ཡོད་མེད་དེ་རེད་ལགས།
བོད་ཀྱི་ཕོ་གསར་ལགས། ད་ལྟའི་འགྱུར་བ་དེ་ལ་བསྟུན་ནས་སྐྱེ་ཡུལ་གང་ཡིན་མིན་དེ་གནད་དོན་མ་རེད། སྐྱེ་ཡུལ་བོད་ནས་ཡིན་ཟེར་ནས་འདྲི་བཞིན་ཡོད་པ་རེད། དེ་ང་རང་གིས་ཀྱང་གསལ་བོ་ཤེས་ཡོད། སྐྱབས་བཅོལ་ལག་དེབ་དེ་བཟུང་ནས་རྒྱལ་ཁབ་གཞན་དུ་གནས་བསྡོད་བྱེད་ཀྱིན་པའི་བོད་མི་དག་གི་རྒྱལ་ཁབ་དེ་དག་གི་ཐོབ་ཐང་ལག་ཁྱེར་ལེན་དུས་སུ། རང་ཉིད་རྒྱལ་ཁབ་ཀྱི་མིང་གང་ཞིག་འབྲི་དགོས་མིན་དང་། འབྲི་ཐུབ་མིན་དེ་གླེང་གི་ཡོད་ལགས། དེ་ཡི་སྐོར་ནས་གསུང་རྒྱུ་འདྲ་ཡོད་ན་དགའ་བསུ་ཞུ་ལགས།
བོད་པ་ཚང་ལགས། ཉིད་ནས་རང་གི་གང་ཤེས་པ་དག་མུ་མཐུད་དུ་གླེང་བ་དེར་དགའ་བསུ་ཡོད། དེ་ནས་ངས་འདི་ནས་སྐྱབས་བཅོལ་ཞུ་བཞིན་ཡོད་པ་མ་རེད། ང་རང་སྐྱབས་བཅོལ་གཅིག་ཆགས་ཚར་བ་རེད། དེ་ནི་རྒྱ་གར་རེད། རྒྱ་གར་གཞུང་དང་བོད་གཞུང་གི་མཉམ་འབྲེལ་གྱི་སྐྱབས་བཅོལ་ལག་དེབ་སེར་པོ་དེ་བཟུང་ནས་རྒྱལ་ཁབ་འདི་ན་ཡོད་པ་རེད། ད་སྐབས་རྒྱལ་ཁབ་འདི་བ་ཚང་གིས་ལོ་དང་དུས་ཚོད་ཀྱི་ནམ་ཚོད་ལྟར། རྒྱལ་ཁབ་འདིའི་ཐོབ་ཐང་ལག་ཁྱེར་སྤྲད་པ་རེད། ཡིན་ཡང་། མི་སེར་ཆགས་རྒྱུར་ད་དུང་འགོར་ནི་རེད། དེ་ལ་བསམ་བློ་གཏོང་གི་མེད། ངས་འདི་ནས་གླེང་གཞི་ནི་བོད་མི་ཞིག་གིས་རང་ཉིད་ཀྱི་རྒྱལ་ཁབ་དེ། བོད་རྒྱལ་ཁབ་ཡིན་ཟེར་ནས་འབྲི་ཐུབ་མ་ཐུབ་བར་གྱི་གནད་དོན་དེ་གླེང་གི་ཡོད་པ་རེད་ལགས། དེ་ལ་ཉིད་ནས་བསམ་བློ་ཞིབ་དུ་བཏང་ནས་ག་རེ་བསམ་གྱི་འདུག ཉིད་རང་ཕལ་ཆེར་ང་རང་གི་ཉེ་ས་ཞིག་ཡིན་ཚོད་རེད། དེ་ལ་དགའ་བསུ་ཡོད། འུ་ཅག་བོད་རིགས་ཚང་གི་ལས་དབང་དེ་ལ་ང་ཚོ་ཚང་མར་ལྡོག་དུ་མེད་པའི་འགན་འཁྲི་ཞིག་ཏན་ཏན་ཡོད་པར་ཁས་ལེན་དགོས་པ་ཡིན་ལགས། དེ་ཉིད་བསམ་ནས་ཞིབ་དུ་བསམ་ཚུལ་ལྷུག་པོར་གསུང་རོགས་ཞུ།
བོད་ཀླུ་གཉན། བོད་རྒྱལ་ཁབ་ཡིན་ཟེར་ནས་འབྲི་མི་ཐུབ་པས་རྒྱུ་མཚན་ནི་བོད་དེ་རྒྱལ་ཁབ་ཡིན་པ་སྤྱི་མཐུན་
རྒྱལ་ཁབ་སུས་ཀྱང་ཁས་ལེན་མ་བྱས་པ་དེ་རེད། འོན་ཀྱང་༧་གོང་ས་མཆོག་གི་ཁཱ་ནར་ཏྲེའི་མི་སེར་ཕྱག་འཁྱེར་
ཐོག་ན་བོད་རྒྱལ་ཁབ་ཟེར་ཡོད་རྒྱུ་རེད་དེ་་་དེ་ནི་ཁཱ་ནར་ཏྲར་གཞུང་ནས་དམིགས་བསལ་སྤྲད་པ་ཡིན་སྟབས་
གསར་བོ་ང་ལ་བཤད་རྒྱུ་མེད། ལག་འཁྱེར་སྟེང་གི་མིང་དང་སྐྱེས་སའི་དག་ཆ་སོགས་བརྗེས་ན་ཆོག་ཀྱང་
སྐྱེས་ཚེས་བརྗེས་ན་མི་ཆོག། དེ་ཡང་ཁྲིམས་རྩོད་པའི་ས་རྟགས་དགོས། ཐེངས་ཤིག་ལ་ཟམ་གདོང་རིན་པོ་ཆེ་ལོན་ཏྲོན་གནམ་ཐང་ལ་བསུ་རུ་སོང་བ་ཡིན་སྒུག་སྒུག་གི་མཐའ་མར
ངས་ཁོང་གནམ་ཐང་བརྟག་དཔྱད་ཁང་གི་སྒོ་ཁར་མཐོང་སོང་བ་མཉམ་དུ་ཁོང་གིས་ཀྱང་ང་ཚོར་རིག་
་་་་་་་་་་་་་་་་་་་་་་་་་་་་་་་་་་ཁོང་གི་མདུན་རྒྱབ་ཀྱི་མགྲོན་པོ་ཚོ་ནི་ཕར་ཆེར་ཤར་ཕྱོགས་རེད། དེ་ནས་ང་ཁོང་མཇལ་ཏེ་ཁ་བཏགས་ཤིག་ཕུལ་བ་ཡིན། སྐབས་དེར་ཁོང་ཡང་སྙོམ་ཆུང་འདྲ་སྣང་བྱུང་།
བོད་ལྷ་ཀླུ་ལགས་་ང་དབྱིན་ཡུལ་ན་ཡོད་ཁྱོད་རྒྱ་གར་ན་ཡོད་འོན་ཀྱང་ང་ཁྱེད་ལས་འཇོན་པ་ཞིག་དང་
ཕྱུག་པོ་རེད་བསམ་ནམ་ཡང་ཡིད་ལ་འཁོར་གྱིན་མི་འདུག། ནུབ་ཕྱོགས་ན་སྐྱེད་ཀི་མ་བསམ་།
དེ་རིང་འདིར་མཚམས་འཇོག།
བོད་པ་ཚང་ལགས། ཉིད་རང་ཕྱི་རྒྱལ་དུ་ཡོད་པ་དེ་ནི་དངོས་ནས་སེམས་སྐྱོ་བ་ཞིག་རེད། ང་ལ་མཚོན་ན། བོད་མི་སུ་ཞིག་རང་ཡུལ་དང་བྲལ་བ་མ་ཟད། རང་ཉིད་ལ་རྒྱལ་ཁབ་ཡོད་པ་དེ་ཡང་རྒྱལ་ཁབ་དག་གི་སྔོན་ནས་དྲང་མོར་བཤད་ས་མེད་པ་དེ་ནི་ང་ཚོ་རང་ཉིད་ལན་པར་འདོད་ཀྱི་ཡོད་ལགས། དེ་ལ་ཉིད་ནས་ག་རེ་དགོངས་ཀྱི་ཡོད་དམ། ད་ལྟའི་འཛམ་གླིང་གི་རྒྱལ་ཁབ་མང་ཤོས་ཤིག་ལ་ཚོང་གི་ཁེ་ཕན་ལས་དྲང་བདེན་གྱི་ཁེ་ཕན་མི་དགོས་པའི་དུས་ཤིག་ཤར་ཡོད་པ་དེ་ཡི་གམ་ནས་ང་ཚོས་ཀྱང་དྲང་བདེན་ཟེར་བ་ནི་ནམ་ཡང་གསུབ་དུ་མེད་པ་ཞིག་ཡིན་པར་བདེན་དཔུང་བྱེད་ཐུབ་རེ་འགྲིག་གི་རེད་དམ།
ངས་ཀླུ་ཚིག་འདི་བྲིས་པ་མ་ཟད་རང་གིས་མཚམས་རེར་རྡུང་ལེན་ཚུལ་དུ་བླངས་མྱོང་།
དྲང་མོར་བཤད་ན་བོད་ཀྱི་བླ་སྤྲུལ་མི་དགའ་ཐལ། ཁག་ཅེ་ཡོད་ཁོང་ཚོའི་ཡོང་སྒོ་གནོད་རྒྱུ་རེད།
དྲང་མོར་བཤད་ན་ཁོང་ཚོའི་རྫུན་རྔ་བུད་རྒྱུ་རེད།་་་་་་་་
དྲང་མོར་བཤདན་རྒྱ་དཔོན་མི་དགའ་ཐལ།་ཁག་ཅེ་ཡོད་ཁོང་ཚོའི་ཡོང་སྒོ་གནོད་རྒྱུ་རེད།
དྲང་མོར་བཤད་ན་ཁོང་ཚོའི་རྫུན་རྔ་རིག་རྒྱུ་རེད།་་་་་་་་་ཕལ་ཆེར་ཚོང་དོན་རེད་དེ་ཉིད་ཀྱིས་ཤེས་འདུག།
བོད་་ཡིན་ཟེར་བ་ངོ་ཚ་ནས་ང་འཇར་ཕན་ཡིན་ཞེས་ཤོད་མཁན་བོད་པ་འདི་ན་ཡོད།
ཕྲན་ལ་མཚོན་ན་བོད་ཡིན་ཟེར་བ་ངོ་ཚ་མ་མྱོང་ལ་བོད་ཡིན་ཞེས་ངོམ་སོ་སྔ་བཞིན་མི་འདུག།
་་་་་་་་་་་་་་་་་་་་་་་་་་་་་་་་་་ཕྱི་རྒྱལ་བོད་མི་ཤེས་མཁན་ལ་དང་བོར་གངས་ཏེ་ཙེའི་སྐོར་བཤད་དེ་ནས་རིམ་འགྲོ་
བྱ་དགོས་་་་་་་་་་་་་་་་་་་ད་རྟ་རྒྱུགས་ལས་བལྟ་རུ་འགྲོ་རྒྱུ་ཡིན་་་་བདེ་མོ་
བོད་ཟེར་བའི་རྒྱལ་ཁབ་ཅིག་མེད་ཟེར།་
མེ་་ཏོག་དཀར་པོ་ལགས། ཉིད་ནས་བོད་ཟེར་བའི་རྒྱལ་ཁབ་ཞིག་མེད་ཟེར་བ་དེར་མོས་མཐུན་བྱེད་ཀྱི་ཡིན་ནམ། ཡིན་ན་ཡིན་ལུགས་ཤིག་གསལ་བོ་གསུང་དང་།
བོད་པ་ཚང་ལགས། རྟ་རྒྱུགས་གང་ཞིག་བྱེད་ཀྱི་འདུག དྲང་མོ་བཤད་ན་བླ་མ་མི་དགའ། དཔོན་མི་དགའ་ཟེར་བ་དེ་ལ་ཁས་ཅུང་ལེན་དཀའ་མོ་རེད་འདུག ཡིན་ཡང་། བླ་དཔོན་རེ་ཟུང་ནི་ཉིད་ནས་གསུངས་པ་བཞིན་སྒོར་དང་སྙན་གྲགས་ཀྱི་ཆེད་དུ་འདུར་བཞིན་ཡོད་པ་རེད། དེ་ཡིན་དུས། ང་ཚོས་དེ་དག་གི་གམ་ནས་བདེན་པ་ནི་ནམ་ཡང་བདེན་པར་འགྱུར་བར་འབད་པ་བྱས་ན་མ་རེད་དམ། དངོས་ནས་ཉིད་ནས་གསུངས་པ་ལྟར་བོད་མི་ཁ་ཤས་ཤིག་གི་རང་ཉིད་བོད་ཡིན་ཟེར་བར་སྐྲག་པའམ་ངོ་ཚ་བཞིན་པ་འདྲ། དེ་དག་ནི་དངོས་ནས་བོད་མིང་ཐོབ་པའི་སྡར་མ་ཞེ་གཅིག་དང་ཁྲེལ་གཞུང་མེད་པའི་མི་ཞིག་ལ་བརྩིས་ན་རེད་ལགས།
བོད་པ་ཚང་གིས་བཤད་པ་བཞིན་བོད་ཟེར་བའི་རྒྱལ་ཁབ་ཅིག་རྒྱལ་སྤྱིས་ཁས་ལེན་གྱི་མེད་པས་དྲྭ་ལམ་རྒྱལ་ཁབ་གདམ་གསེས་ནས་ང་ཚོར་རྙེད་ཐབས་མེད། དེ་ནི་བློ་ཕམས་དགོས་པ་ཞིག་རེད། གང་ལྟར་དྲྭ་ལམ་ན་ཡོད་པའི་རྒྱལ་ཁབ་ཅིག་གདམ་དགོས་དུས། ང་རང་གིས་དྲང་པོར་བཤད་ན་རྒྱ་ནག་གདམ་པ་ལས་རྒྱ་གར་གདམ་ན་དགའ་བས་ངས་དྲྭ་ལམ་ཁག་ནས་རྒྱ་གར་གདམ་གསེས་བྱེད་ཀྱི་ཡོད།