ཆེད་ཞུ། འདིར་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་རྟེན་གཞི་བྱེད་པའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ (HRIC)ཡིས་ཉེ་ལམ་བཟོ་བསྐྲུན་བྱས་པའི་གཤམ་འཁོད་གློག་བརྙན་གཉིས་ཀྱི་བརྙན་པར་འོག་ལ་བོད་ཡིག་གི་མཆན་ཡིག་ཁ་སྣོན་བྱས་ཡོད། ང་ཚོའི་རེ་བ་ལ་ཕབ་བསྒྱུར་དེ་དག་དང། དེ་བཞིན་ཡོང་བཞིན་པའི་ལས་འཆར་ཁག་གིས་རྒྱ་བོད་མི་རིགས་གཉིས་ཀྱི་འབྲེལ་ལམ་དང་ཕན་ཚུན་དབར་ལ་གོ་རྟོགས་བཟང་དུ་སྤེལ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།
གློག་བརྙན་ཁག་གཉིས་པོ་ནི།
བོད་མིས་རང་ལུས་མེར་བསྲེགས་ཀྱི་གནད་དོན་གླེང་བ།
རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་བདུན་གཉིས་ཀྱི་དྲྭ་ལམ་ཐོག་ཆེད་རྩོམ་དམིགས་གསལ་སྤེལ་མཁན་རྩོམ་པ་པོ་ཧུའུ་ཕིན་ནས་རྒྱ་ནག་གི་རྒྱལ་རབས་ལོ་རྒྱུས་འབྲེལ་ནས་རང་ལུས་མེར་བསྲེགས་ཀྱི་གནད་དོན་གླེང་བ།
བོད་ཡིག་མཆན་ཡིག་ཡོད་པའི་གློག་བརྙན་དྲྭ་བྱང་འདིར་གཟིགས།
http://youtu.be/LFeIYWp1OKk
རྒྱ་ཡིག་དང་དབྱིན་ཡིག་གི་མཆན་ཡིག་ཡོད་པའི་གློག་བརྙན་དྲྭ་བྱང་འདིར་གཟིགས།
http://youtu.be/615NFT-zRGE
“ང་ཚོའི་ཡུལ་དང་ང་ཚོའི་མི་དམངས་” རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་བསྟན་འཛིན་རིག་གྲོལ་བར་གྱི་གླེང་མོལ།
སྤྱི་ཁྱབ་འགན་འཛིན་ཤཱ་རན་ཧོམ་གྱིས་བོད་རིགས་སྒྱུ་རྩལ་བ་བསྟན་འཛིན་རིག་གྲོལ་ལགས་ལ་ཁོང་གི་བརྕམས་བྱ་བོད་ཀྱི་སའི་སྐོར་ལ་བཅར་འདྲི་གནང་བ་ཞིག།
བོད་ཡིག་མཆན་ཡིག་ཡོད་པའི་གློག་བརྙན་དྲྭ་བྱང་འདིར་གཟིགས། http://youtu.be/Q9DNk54snqw
བོད་ཡིག་ནང་ཕབ་སྒྱུར་བྱས་པའི་བཅར་འདྲི་དེ་དྲྭ་གནས་འདིར་གཟིགས། http://hrichina.org/crf/article/6263
ང་ཚོས་རིག་འབྱུང་དོན་གྲུབ་བཀྲིས་དང་བསྟན་འཛིན་ནོར་རྒྱས་གཉིས་ནས་བོད་བསྒྱུར་གྱི་ཕྱག་རོགས་གནང་བར་དམིགས་གསལ་གྱི་ཐུགས་རྗེ་ཆེ་ཞུ། ཁྱེད་རྣམ་པའི་ངོས་ནས་གནས་ཚུལ་འདི་ཁྱབ་སྤེལ་གཏོང་ཐུབ་པའི་རེ་སྐུལ་དང་ཁྱེད་ཚོར་བསམ་ཚུལ་གང་ཡོད་ཀྱང་ང་ཚོས་ཤེས་ཐུབ་པའི་རེ་བ་དང་བཅས་།
སྤྱི་ཁྱབ་འགན་འཛིན་ཤཱ་རན་ཧོམ་ནས།
རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ།
ཁོང་གི་བཤད་པ་ཉན་པ་ཡིན། མདོ་བསྡུས་པ་མང་དྲག་འདུག
ཁ་བྱང་འདི་ཚོ་ལྟ་ཐུབ་ཀྱི་མི་འདུག་་་་་་་་་་་་་་་་་་་་་་་་་་་་་་
གང་ལྟར་ལས་འགུལ་མ་སྤེལ་བ་ལས་སྤེལ་ན་བཟང་གི་རེད། འཇོན་དང་མི་འཇོན་ཁ་ཁ་རེད། ཁྱོད་རང་བོད་ལ་སེམས་ཤུགས་ཡོད་མཁན་ཞིག་ཡིན་པ་འདྲ། ད་དུང་མུ་འཐུད་རོག་ཞུ་རྒྱུ་ཡིན། ཁ་དྲོ་་་་་་་་་་་་་་བཀྲ་ཤིས་་་་་་་་་་་་་་་ཚེ་རིང་་་་་་་་་་་་་་་་་་་་