མིག་བརྒྱད་པ།
བོད་སྔ་ཕྱིའི་མཁས་པ་མང་པོས་བོད་ཡིག་གང་ལ་དཔེར་མཛད་སའི་ཁུངས་ནི་ཞང་ཞུང་གི་ཡི་གེ་དང་གུཔྟའི་ཡི་གེ །ནཱ་ག་རའི་ཡི་གེ་སོགས་ཡིན་ཚུལ་མི་མཐུན་པ་མང་དུ་མཆིས་ན་ཡང་། བོད་རང་གིས་བཤད་པ་གཅིག་བུ་ལ་ཡིད་མི་རྟོན་པར་དཔེར་ན་ན་ལན་ཊའི་ལོ་རྒྱུས་བཤད་དགོས་ན་ཐང་ཟམ་ལམ་ཡིག་དེ་ཁུངས་བཙན་ཤོས་ཆགས་ཡོད་པ་དེང་སང་འཛམ་གླིང་གི་ལོ་རྒྱུས་སྨྲ་བ་ཚོས་ཁས་ལེན་པ་ལྟར་རེད། འདས་པའི་ལོ་རྒྱུས་རྣམས་ལོ་ཚིགས་དང་གུང་བསྒྲིགས་ནས་རྟོགས་དགོས་པར་མཁས་པ་དག་གིས་ནན་ཏན་མཛད་པ་ལྟར། སྤྱིར་ན་ལོ་ཚིགས་ཀྱི་དུས་མགོ་སྟོན་པ་ཤཱཀྱ་ཐུབ་པ་འདས་ལོ་ནས་ཚུགས་པ་ཡིན་མིན་དཔྱད་ དགོས་པ་མང་ཡང་གཙོ་བོ་ཕུག་ལུགས་དང་གནས་བརྟན་སྡེ་བའི་ལུགས་གཉིས་བོད་ལ་གྲགས་ཆེ་བ་དང་། དེ་གཉིས་ཀྱི་བར་ལ་ཡང་ཁྱད་པར་ཡོད་པས་ཏག་ཏག་ཅིག་ངོས་འཛིན་དཀའ་བར་གནས། སྤྱི་ལོ་༦༢༩་ལོར་སྲོང་བཙན་ཁྲི་ལ་འཁོད། སྤྱི་ལོ་༦༣༣་ལོར་ཐོན་མི་རྒྱ་གར་དུ་ཕེབས་པར་བཤད་པ་དེ་ཡང་རྒྱའི་ལོ་རྒྱུས་ལ་ཁུངས་གཏུགས་པ་མིན་ནམ་སྙམ། །གང་ཡིན་ཟེར་ན་དེའི་གོང་ན་བོད་ལ་ཡིག་འཇོག་གི་ལོ་རྒྱུས་མེད་པས་སོ། །ཨ་ལགས་ཚེ་རྟན་ཚང་གིས། ཐོན་མི་རྒྱ་གར་དུ་ཕེབས་པའི་དུས་དེ་ཙ་ན། ལཉྫ་ན་ལྷའི་ཡི་གེ། ཝརྟུ་ལ་ཀླུའི་ཡི་གེ། ནཱ་ག་ར་མིའི་ཡི་གེ་ཞེས་གྲགས་པ་རྣམས་ཡོད་པ་ལས་ལཉྫ་ལ་དཔེར་བྱས་ནས་དབུ་ཅན་དང་། ཝརྟུ་ལ་དཔེར་བྱས་ནས་དབུ་མེད་དང་། ནཱ་ག་ར་དཔེར་བྱས་ནས་ལན་ཝར་གྱི་འབྲི་ཚེགས་ལས་སྟབས་བདེར་བྱས། ཞེས་པ་འདི་ནི་སྤྱིར་བཏང་མཁས་པ་ལ་ཡོངས་སུ་གྲགས་པའི་གཏམ་མོ།།ཞེས་པ་ལྟར་ནཱ་ག་ ར་ཞེས་པ་དེང་སང་རྒྱ་གར་གྱི་ཧུན་དུའི་ཡི་གེ་འདི་ཡིན་པར་མཁས་དབང་གར་ཞ་དངོས་ གྲུབ་ཁོང་གིས་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་གྱི་གསུང་རྒྱུན་ཞིག་འདུག་ཅེས་ གསུངས་མྱོང་། དེ་ཡང་རྒྱུ་མཚན་མེད་པ་མ་ཡིན་ཏེ། ནཱ་ག་ར་དཔེར་བྱས་ནས་ལཉྫ་དང་ཝརྟུ་ཡི་གེ་གཉིས་ཀྱི་འབྲི་ཚེགས་སྟབས་བདེར་བྱས་པ་ ཡིན་པས་སོ། །དེ་བཞིན་དུ་ཤཱི་ལ་བྷ་དྲའི་ཆོས་འབྱུང་དང་བུ་སྟོན་ཆོས་འབྱུང་། ཐུའུ་བཀྭན་ཆོས་ཀྱི་ཉི་མ་སོགས་ཀྱིས་ནཱ་ག་རའི་ཡི་གེར་དཔེར་བྱས་ནས་གཟབ་མར་བསྒྱུར་ཚུལ་གསུངས་པ་དག་རྒྱུ་མཚན་ཡང་དག་ལྡན། པདྨ་བཀའ་ཐང་ལས། གཤེན་རབ་མི་བོ་ཆེས་བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་སྟག་གཟིག་སྐད་ཀྱིས་གསུངས་ཤིང་། དེ་ཞང་ཡིག་ཏུ་བསྒྱུར། ཞང་ཡིག་ལས་བོད་ཡིག་ཏུ་བསྒྱུར། ཞེས་པ་ལ་བརྟེན་ནས་སྟོན་པ་གཤེན་རབ་སྟག་གཟིག་གི་ཡིན་པར་བཤད་ཅིང་། གལ་ཏེ་ཞང་ཞུང་ངམ་བོད་ཡུལ་ནས་འཁྲུངས་པ་ཡིན་ན་སྟག་གཟིག་གི་སྐད་ཀྱིས་གསུངས་དོན་ཅི་ཟེར་མཁན་འདུག་ལ། ཨ་རུ་སུའི་མཁས་དབང་༼ Litvinski ༽ཡི་༼གནའི་རི་སྤོ་བའི་མི་རིགས༽ཞེས་པའི་ནང་“སྟོན་པ་གཤེན་རབ་ནི་གནའི་སྟག་གཟིག་རིག་གནས་ཀྱི་སྲོལ་གཏོད་པ་ཡིན། ཞེས་དང་། ལེགས་བཤད་རིན་པོ་ཆེའི་གཏེར་ལས། འོན་ཀྱང་སུམ་འགྱུར་ཁོ་ནར་མ་ངེས་ཏེ་ཁྲི་བདུན་གྱི་རིང་ལ་སྟག་གཟིག་ནས་བོད་དུ་ འགྱུར་བའང་ཡོད་དེ། ཞེས་གསུངས་ཤིང་། ལེགས་བཤད་མཛོད་དུ། ཁྲི་ལྡེ་གཙུག་བརྟན་ཡན་ཆད་དུ་རྒྱལ་སྲིད་གཡུང་དྲུང་བོན་གྱིས་བསྐྱངས། ཞེས་པ་སོགས་ལ་བསམ་ན་ཐོན་མིའི་སྔོན་དུ་བོད་ལ་ཡི་གེ་ཡོད་ཀྱང་བོད་རང་གི་སྐད་ དང་མཐུན་པར་ཀ་ཁ་ག་ང་སོགས་གསལ་བྱེད་ཀྱི་གདངས་ཐོན་པའི་ཡི་གེ་འདི་དག་ཡོད་པའི་ངེས་པ་མི་འདུག །དེ་ལྟར་ན་སློབ་དཔོན་ཐོན་མི་རང་གིས་མགུར་དུ་བཞེས་པ། རྒྱ་ཡིག་ལྔ་བཅུ་ཐམ་པ་དེ། །བོད་ཡིག་སུམ་ཅུར་གཏན་ལ་ཕབ།།ཞེས་པ་ལྟར་རྒྱ་གར་ཡི་གེ་དཔེར་བྱས་ནས་བོད་ཡིག་དབྱངས་གསལ་སོ་བཞིར་གཏན་ལ་ཕབ་པ་ལ་གསར་གཏོད་ཅེས་པའི་ཆོ་ལོ་ཐོབ་པ་ཡིན། སྤྱིར་ཞང་ཞུང་གི་ཡི་གེ་ནི་གདོད་མའི་གཟུགས་མཚོན་ཡི་གེ་ཞིག་སྟེ་བོན་པོ་རྣམས་ཀྱིས་ཆོས་འདོན་བྱེད་ལས་སྲིད་ཕྱོགས་ལ་སྤྱོད་དཀའ་བའི་ཡིག་རྒན་ཞིག་ཡིན་བཤད་མཁན་ཡོད། པདྨ་བཀའ་ཐང་ལས། རྒྱ་གར་ཆོས་རྣམས་བོད་ལ་བསྒྱུར་བའི་ཚེ།།རྒྱ་གར་ཡི་གེ་བོད་དུ་བསྒྱུར་མ་བཏུབ།། ཅེས་པའང་ཞང་ཡིག་ཏུ་བསྒྱུར་མ་ཐུབ་པར་བསྟན། སྲོང་བཙན་གྱིས་སངས་རྒྱས་ཆོས་ལུགས་བོད་ལ་སྤེལ་ཆེད་ཐོན་མི་རྒྱ་གར་ལ་མངགས་ཏེ་བོད་ཡིག་འབྲི་ཚུལ་གསར་གཏོད་མཛད་ལ། རྒྱ་གར་གྱི་སྒྲ་གཞུང་ལ་དཔེ་བལྟས་ནས་བོད་སྐད་དང་མཐུན་པའི་ཕྲད་དང་རྣམ་དབྱེ་སོགས་ཀྱི་རྣམ་བཞག་སྟོན་པའི་སུམ་རྟགས་སོགས་མཛད། དེས་ན་ཐོན་མིའི་སྔོན་དུ་བྱུང་བའི་ཡི་གེ་ནི་ཞང་ཞུང་གི་ཡི་གེ་དེ་གདོད་མའི་ཡིག་རྒན་དེ་ཡིན་པ་དང་ །རང་རེའི་བོན་དག་གིས་ཐམས་ཅད་བོན་ལ་གཏུགས་དགོས་ཚུལ་བཤད་པ་ཁས་ལེན་དཀའ་བ་ཞིག་རེད། ཏུན་ཧོང་ལས། བོད་ལ་སྔ་ན་ཡི་གེ་མྱེད་པ་ཡང་། བཙན་པོ་འདིའི་ཚེ་བྱུང་ནས ཞེས་དང་་། ཐང་ཡིག་གསར་རྙིང་ལས། ཡི་གེ་མེད་ཅིང་། ཐག་པ་ལ་འདྲུད་པ་དང་། ཤིང་ལ་རྟགས་སུ་བཏབ་ཏེ་རྩིས་བྱེད། ཅེས་པ་སོགས་ལ་བལྟས་ན་སྤུར་རྒྱལ་བར་ཡི་གེ་མེད་པ་ཤེས། འདིས་སྐབས་ཀྱི་བོད་ཟེར་བ་ནི་ཡུལ་ཡར་ལུང་བོད་ཀ་གཡག་དྲུག་གི་ཚོ་རྒྱུད་ལ་གོ་དགོས། ཞང་ཞུང་དུ་ཡི་གེ་མེད་པར་བརྗོད་པ་ག་ལ་ཡིན། ཡོངས་གྲགས་ལྟར་ན་ཞང་ཞུང་གི་ཡི་གེ་ནི་གདོད་མའི་གཟུགས་མཚོན་ཡི་གེ་ཡིན་པར་གནའ་རྫས་རིག་པ་བ་དང་བརྡ་སྤྲོད་མཁས་ཅན་རྣམས་ཀྱིས་གསུངས་པ་དེ་རང་རེད། །དེ་མིན་ཞང་ཞུང་གི་ཡི་གེ་དེ་བོད་ཡིག་མ་རེད་ཅེས་ལབ་མི་ཕོད། ཡིན་ཡང་བོད་སྐད་དང་མཚུངས་པའི་སྒྲ་མཚོན་ཡི་གེ་ཀ་ཁ་ག་ང་སོགས་གསལ་བྱེད་ཀྱི་ཡི་གེ་འདི་དག་གཏན་ནས་མ་རེད་འདོད། ཐོན་མིའི་ལོ་རྒྱུས་ཀྱི་དཔང་རྟགས་ཡོད་ན་མེད་ན་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐབས་ཀྱི་ཡིག་ཆ་ཁག་ལ་ལྟ་དགོས་བ་རེད། སྒྲ་སྦྱོར་བམ་གཉིས་དང་མ་ནི་བཀའ་འབུམ། པདྨ་བཀའ་ཐང་སོགས་ལ་གཟིགས་ནས་ཞིབ་བསྡུར་ཞིག་བྱེད་ན་སྔོན་གྱི་བརྡ་རྙིང་རྣམས་སྐད་གསར་བཅད་མཛད་སྟངས་དང་ཐོན་མིས་བརྡ་སྤྲོད་ཀྱི་གཞུང་ཇི་ལྟར་མཛད་ཚུལ་གསལ་བོར་རྙེད་ངེས་རེད་འདུག །དེ་མིན་ཡོད་པ་བཞག་ནས་མེད་པ་འཚོལ་བ་དང་འདྲ་བས་ནམ་ཡང་རྙེད་སྲིད་ཀྱི་མ་རེད། འཛམ་གླིང་གི་ཡིག་གཟུགས་སྣ་ཚོགས་འཕེལ་རིམ་གྱི་བབས་ལ་དཔྱད་ནའང་སྲོང་བཙན་ཡར་སྔོན་གྱི་ཡིག་རྒན་དེ་རི་མོའི་གཟུགས་མཚོན་ཡི་གེ་དེ་ཡི་གེར་འགྱུར་བའི་ཡི་གེ་ཡིན་པར་འདོད་པའི་དབང་དུ་བཏང་རུང་། དེ་ནི་ལོ་ལྔ་སྟོང་གི་ཡན་ལ་དེད་ཡོད་པས་བོད་ཡིག་དང་མཚུངས་པའི་སྒྲ་མཚོན་ཡི་གེ་ སྔོན་ཐོན་ཅན་ཞིག་ཡིན་མི་སྲིད། སྲོང་བཙན་སྒམ་པོ་དང་ཁྲི་སྲོང་ལྡེའི་བཙན་རིང་བོན་སྤྱུགས་པ་རྣམས་ཀྱིས་ཞང་ཡིག་མཁྱེན་པ་དང་ཞང་ཡིག་ཏུ་བསྒྱུར་ཡོད་པའི་གཤེན་ཆོས་མང་པོ་འཇང་ཡུལ་དུ་གདན་དྲངས་ཏེ་མི་བོ་ཆེའི་བསྟན་པ་སྤེལ། སྟོད་མངའ་རིས་སོགས་ཀྱི་བྲག་ངོས་དང་། རྡོ་སྟེང་། ས་འོག་ནས་རྙེད་སོན་བྱུང་བའི་གདོད་མའི་གཟུགས་མཚོན་ཡི་གེ་དེ་ཚོའི་གྲས་སུ། འབྲོང་དང་། ར་མ། བོང་བུ། རི། ལུག །རྭ་ཅོ། སྟག །སེང་གེ །སྤྲེའུ། རྟ། གཟིག །ཤྭ་ར་སོགས་དང་། བོན་པོའི་ལྷ། བྱ་རྒྱལ་ཁྱུང་ཆེན། གཤེན་རབ་མི་བོ་སོགས་དང་། དཀྲུག་ཇ་དཀྲུག་བྱེད་དང་། ཇ་དམ། ཅ་ནེ་སོགས་ཀྱི་གཟུགས་འདྲ་བ་ཡོད་པར་བཤད་འདུག །འཇང་སྐད་དང་འཇང་ཡིག་གི་ནང་དུ་གཉེན་ཉེ་རྣམས་ཀྱི་འབོད་སྲོལ་བོད་སྐད་དང་མཐུན་པ་ཡོད་ཟེར།
ཀ་ཁ་ག་ང་བོད་མིའི་སྤྱི་སྐད་ཡིན།།
བོད་ཡིག་གསར་གཏོད་ཅེས་པའི་ཆོ་ལོ་ཡང་།།
འདི་ལ་ཐོབ་ཅིང་ཞང་ཡིག་སོགས་ལ་མེད།།
རྒྱ་ཡིག་སོགས་ལ་ཕྲད་དང་རྣམ་དབྱེ་དང་།།
རྟགས་དང་སྒྲ་མཚུངས་འདྲེན་ཚུལ་ལོགས་ཀ་མེད།།
དཔེར་ན་མི་ཞེས་བརྗོད་པའི་ཡི་གེ་དེའི།།
རྐང་གཉིས་མི་ཡི་གཟུགས་རིས་ཡི་གེར་ཕབ།།
དེ་བཞིན་རྒྱལ་ཁབ་ཅེས་པ་སྒམ་ཆུང་ནང་།།
རྒྱལ་འབངས་མཚོན་པའི་ཐིག་རིས་ཕབ་པ་ལས།།
ཡི་གེར་གྱུར་བ་སྔོན་རྗེས་མ་གཏོགས་པའི།།
གཟུགས་མཚོན་ཡི་གེ་ཡིན་པར་བསྙོན་དུ་མེད།།
འཛམ་བུའི་གླིང་གི་ཡིག་རིགས་ཕལ་ཆེ་བའི་
འབྱུང་ཁུངས་རྒྱ་གར་ཡིན་པ་དེ་ཡང་བདེན།།
སྒྲ་མཚོན་གཙོ་བོར་བྱས་པའང་དཔེར་བཞག་ན།།
ཡི་གེའི་སྐྱེ་གནས་བརྒྱད་ཀྱི་རང་ཤུགས་ལས།།
ཕྲད་དང་རྣམ་དབྱེ་སོགས་ལ་རྐྱེན་བྱིན་པའི།།
སྒྲ་ཡི་འདོན་ཚུལ་ཁྱད་པར་ཤིན་ཏུ་གཅེས།།
ད་ལྟའི་དབྱངས་གསལ་སོ་བཞིའི་རྐྱེན་བྱས་ནས།།
ཕྲད་དང་རྣམ་དབྱེ་འཇུག་ཚུལ་རྨད་བྱུང་འདི།།
ཐོན་མིའི་སྔོན་ལ་མེད་པ་ཐག་གིས་ཆོད།།
གང་ལ་དཔེར་འཇོག་མཛད་གཞི་ཞང་ཡིག་དང་།།
ནཱ་ག་ར་དང་གུཔྟའི་ཡི་གེ་རྣམས།།
བོད་ཀྱི་མཁས་པ་རྣམས་ཀྱིས་བཞེད་པ་ཡིན།།
ཐོན་མི། ཐོན་མི། ཐོན་མི། ཧ་ཧ་ཧ། ཧ་ཧ་ཧ། ཧ་ཧ་ཧ།
ཐོན་མི་ཟེར་བའི་ཞིག་གིས་བོད་ཡིག་མཛད་པའི་ཡིག་ཕུད་རྒྱལ་པོ་ལ་ཕུལ་བའི་ཚིགས་བཅད་ནི་འདི་རེད་ཟེར། ལྟོས་དང་། ཡིད་ཆེས་ས་འདུག་གམ།
“ཞལ་རས་གསལ་ལ་ངང་མདངས་གང་བ་བཟང་། །
གདམས་ངག་ཟབ་ལམ་མ་ཆད་ཐ་དད་རང་། །
ལས་ངན་བག་ཆགས་ཐམས་ཅད་བསལ་མཛད་པ། །
འཕགས་པ་མ་ཕམ་ཡང་དག་དམ་པ་ལགས། །”
ཚིགས་བཅད་འདི་ཉིད་བོད་ཡིག་གི་ཡིག་ཕུད་ཐོག་མ་ཡིན་ན། བླ་མའི་རིང་ལུགས་པ་དག་གིས་བརྩམས་པའི་ཆོས་འབྱུང་ལོ་རྒྱུས་མང་དག་ཅིག་རྫུན་དུ་འགྲོ། དེ་མིན་ན་ཐོམ་མི་ཟེར་བའི་སྒྲུང་གཏམ་དེ་ཡང་དུས་རབས་བརྒྱད་པ་དང་དགུ་པ་ཙམ་ནས་བཟོས་པར་འདོད། གལ་ཏེ་ཚིགས་བཅད་འདི་ཉིད་ཡིག་ཕུད་ཡིན་ཚེ་བླ་མའི་རིང་ལུགས་པའི་ལོ་རྒྱུས་མང་པོ་ཞིག་འཕུང་བའི་གཏན་ཚིགས་ཤིན་ཏུ་མང་ན་ཡང་ཁ་ཤས་ཤིག་བགྲངས་ན། རྡོ་རིང་དང་། དྲིལ་བུ། ཏུན་ཧོང་སོགས་ཀྱི་ཡིག་རྙིང་དག་ནི་ཚིགས་བཅད་འདི་ལས་རྙིང་མི་སྲིད་པས། གཟུར་གནས་རྣམས་དགོད་རྒྱུའི་གནས་སུ་བསྐྱལ། ད་དུང་བརྡ་གསར་བཅད་ཀྱི་ལོ་རྒྱུས་ཀྱང་རྫུན་དུ་འགྲོ། ལྷག་པར་སྙན་ངག་དར་བའི་ལོ་རྒྱུས་ནི་བྱ་དཀའི་ཤོ་ལོ་དཀའ་འདིས་འཕུང་དུ་འཇུག དེ་བས་བོན་པོའི་དཔེ་རྙིང་རྣམས་ལ་ལྟོས་དང་། ཏུན་ཧོང་ཡིག་རྙིང་དང་དྲིལ་བུའི་ཁ་བྱང་ལས་ཀྱང་གོ་དཀའ་བའི་བརྡ་རྙིང་གི་ཁྱབ་ནས་མི་འདུག་གམ། དེ་དག་ལས་ཀྱང་ཡ་མཚན་པ་ནི། བོད་ཡིག་བཟོས་རབས་ཀྱི་སྒྲུང་གཏམ་འདིའི་མི་སྣ་གཙོ་བོ་ཐོན་མི་ཟེར་བའི་ལོ་རྒྱུས་ལ་གཅིག་འགྱུར་མེད་པ་དང་། དཔེ་བལྟ་སའི་ཡི་གེར་གྲགས་པ་དེ་དག་ལ་བཤད་སྒྲོས་དྲུག་གསུམ་བཅོ་བརྒྱད་ཡོད་པ་དང་། ཐོན་མིས་བརྩམས་རབས་གྲགས་པ་རྣམས་དེང་སྐབས་སྟོན་རྒྱུ་མེད་པ། དེ་ལྟར་མེད་བཞིན་དུ་ད་དུང་ཁོ་ཚོས་བོན་པོ་ཚོ་ལ་ཁྱེད་ཚོའི་ཡི་གེ་རྙིང་པ་དེ་ཚོ་ཁུར་ཤོག་ཟེར་ནས་སྡིགས་པ་ནི་དག་ནི་ཡ་མཚན་ནོ། །
སྲོང་བཙན་སྐབས་བསྒྱུར་བའི་དཔེ་རྙིང་ཞིག་སྟོན་རྒྱུ་ཡོད་པ་མ་རེད་ལ་ཐ་ན་ཁྲི་སྲོང་ལྡེའུ་བཙན་སྐབས་བྲིས་པའི་དཔེ་ཆ་ངོ་མ་ཞིག་ཀྱང་ད་ལྟ་རྙེད་རྒྱུ་མི་འདུག་ཟེར། དེའི་སྐབས་ཀྱི་སྒྲ་བསྒྱུར་བམ་གཉིས་པས་མཚོན་པའི་འགྱུར་དེ་ཚོ་ཚང་མ་རྗེས་སུ་བོད་ལ་པར་སྐྲུན་གྱི་རིག་པ་དར་བ་ནས་ཡིག་གཟུགས་ཀྱི་རྣམ་པ་ཚང་མ་འགྱུར་ཏེ་ད་ལྟའི་ཡིག་གཟུགས་ཀྱི་རྣམ་པ་གྲུབ་པ་རེད། མ་དཔེ་ངོ་མ་ཚང་མ་མི་མངོན་ནམ་མཁའི་དབྱིངས་སུ་ཡལ་བ་འདྲ།
དཔེ་རྙིང་ཞིག་ལ། ་་འབྲས་སྤུངས་ཕོ་བྲང་ནས་དོན་པའི་ཏ་ལའི་ལོ་མའི་ཐོག་ཁབ་ཀྱིས་བརྐོས་པའི་སྲིན་པོའི་ཡི་གེ་ཞེས་པའི་དཔེ་ཆ་པོད་གཅིག་ཡོད་འདུག་པ་དང་དེའི་ཡིག་གཟུགས་ལ་བརྟགས་ན་དབྱངས་གསལ་མང་པོ་དལྟའི་བོད་ཡིག་དང་མཚུངས་ཀྱང་འདོན་མི་ཤེས་པ་དང་གོ་ཡང་མི་ཐུབ་ཚུལ་ཟེར། དེ་བཞིན་རྔ་བ་ཁུལ་ནས་དོན་པའི་བོན་ཆོས་དང་བོན་གྱི་གནས་ཐོབ་རྒྱལ་སྨན་རི་དགོན་པའི་དཀར་ཆག་ཐོག་བཀོད་པའི་ཞང་ཞུང་གི་ཡི་གེ་ཟེར་བ་སོགས་ཀྱི་དབྱངས་གསལ་ཕལ་ཆེ་བ་ད་ལྟའི་བོད་ཡིག་དང་ཡོངས་སུ་མཐུན་ཡང་རྟོགས་མི་ཐུབ་པ་ཞིག་འདུག་ཟེར་ནས་དེབ་ཐེར་ཀུན་གསལ་མེ་ལོང་ནང་བྲིས་འདུག འདི་ལ་བལྟས་ནའང་གནའ་ཡིག་ཅིག་ཡོད་ནི་ཡོད་པ་འདྲ།
ང་ཚོའི་ལོ་རྒྱུས་ཕལ་ཆེ་བ་ཞིག་ལོ་རྒྱུས་དང་ལྷ་སྒྲུང་བསྲེས་མ་ཡིན་པས། མིག་བརྒྱད་པ་ལྟར་ཐོན་མིའི་མགུར་ལྟ་བུའང་ལོ་རྒྱུས་ཀྱི་གཞི་འཛིན་ས་བྱེད་དགོས་ན་དཔེ་ཁག་པོ་ཡིན་རྒྱུ་རེད། ཐོན་མིའི་མགུར་བཀོད་སའི་རྒྱལ་རབས་ཆེས་སྔ་ཤོས་དེ་གང་རེད། ལོ་ག་ཚོད་ཀྱི་རྗེས་ནས་བྲིས་པ་རེད། དེ་ཚོ་ཅིག་ལྟོས་དང་། དེ་ལོ་རྒྱུས་ཀྱི་གཞི་འཛིན་ས་བྱེད་རྒྱུ་ཁག་པོ་མི་འདུག་གམ།
ང་ཐོན་མི་བོད་ལ་བཀའ་དྲིན་མི་ཆེའམ། ཟེར་བ་སོགས་གསལ་བའི་མགུར་དེ་ཡིན་ན་ནི། ཡང་བསྐྱར་ཧ་ཧ་ཧ་དང་། ཧ་ཧ་ཧ་ཞུ་རྒྱུ་ཡིན། དེ་ནི་དེང་རབས་ཀྱི་སྙན་རྩོམ་ལྟ་བུ་ཞིག་ལས་ཡིད་རྟོན་རུང་བ་གཅིག་ཀྱང་མེད།
གྲོགས་མགོན་པོ་ལེགས། སྐུ་ཁམས་བཟང་། བོད་ལ་གནའ་ཡིག་ཅིག་ཡོད་ན་ལེགས། ཡོད་ན་དགའ། བན་བོན་གཉིས་ཀས་ཁུར་ཡོང་ནས་བསྡུར་ན་རྩོད་པ་ཞི་ཞིང་བོད་ཀྱི་རིག་གཞུང་འཔེལ་བའི་གྲོགས་སུ་ཆེ་བས་དགའ་བསུ་ཞུ། ༡༽ བོད་ལ་ཡི་གེ་ཡོད་པའི་ཁུངས། ཞང་ཞུང་ཡི་གེ་དང་བོན་གྱི་ལོ་རྒྱུས་རེད། དེ་ལ་བརྩི་བཀུར་དང་ཞིབ་འཇུག་ཅིས་མི་བྱེད། ཕྱོགས་གཅིག་ཏུ་མི་གཅོད་པར་ཕ་ནོར་འཚོལ་བ་ལྟར་གནང་བར་འོས། ༢༽ བོད་ལ་ཡི་གེ་མེད་པའི་ཁུངས། ཆེས་སྔ་ཤོས་ཏེ་རྒྱ་ནག་གི་ཐང་ཡིག་གསར་རྙིང་རེད། དུས་རབས་བརྒྱད་པའི་སྐབས་ནས་ལོ་རྒྱུས་དེ་ཡིག་ཐོག་ཏུ་འཁོད་ཡོད་པ་མངོན་གསལ་རེད། སུང་རྒྱལ་རབས་སྐབས་སུ་སྐྱར་བསྒྲིགས་བྱས་ཡོད་པའི་ཐང་ཡིག་གསར་མ་ཡང་དོན་དུ་ཡི་གེ་སྔོན་མ་དག་བཅོས་བྱས་པ་ཙམ་རེད། ༣༽ བཙན་པོའི་སྐབས་ཀྱི་ཡི་གེ་སླད་མེད་དེ། ད་ལྟ་བཞུགས་ཡོད་པ་ཁ་ཤས་འདུག འབྲས་སྤུང་གནས་བཅུ་ལྷ་ཁང་དུ་བཞུགས་པའི་ཤིང་ཤུན་ལ་དེབ་གཟུགས་སུ་བྲིས་པ་ཞིག་ད་ལྟ་ཁ་ཕྱེ་མ་ཐུབ་པར་ལུས་འདུག དཔེ་གཉེར་གྱིས་གསུངས་པ་ལྟར་ན་ཡེ་གེ་དེའི་སྒང་དུ་བོད་ཀྱི་བླ་རབས་དུ་མས་ཆེ་བསྟོད་ཀྱི་མཚན་འཁོད་འདུག་ཟེར། ལྷོ་ཁ་གཉལ་གྲོ་མཁར་དགོན་དུ་བཙན་པོའི་ཐུགས་དམ་བླ་དཔེ་བཞུགས། ཕར་ཆེར་པོད་བཞི་ཙམ་བཞུགས་པ་ལ། ཡིག་མཁན་དང་། ཞུས་དག་པ་སོ་སོའི་མཚན་ཐོན་འདུག་པས་རྩོད་པ་དང་བྲལ་བ་ཞིག་རེད། ཡིག་གཟུགས། འབྲི་སྟངས། ཚིག་བརྗོད། སྣག་ཤོག་སོགས་ཏུན་ཧོང་གི་ཡི་གེ་དང་འདྲ། དཔེ་གཟུགས་སྣ་རིང་དཀྱིལ་ཏུ་བུ་ག་གཉིས་ཡོད་པ། དགེ་ཆོས་ཀྱིས་བཤད་པའི་སྔོན་གྱི་རྒྱ་དཔེ་རྙིང་པ་རྣམས་དང་ཤིན་ཏུ་འདྲ། བླ་འབུམ་འདིར་རྒྱས་འབྲིང་བསྡུས་གསུམ་བཞུགས་པ་ལས། ཚང་མའི་ནང་གི་བོད་རེ་ཙམ་ལྷག་འདུག་ཟེར། དཔྱད་པ་གནང་བར་འཚལ། དེ་རིང་བྲེལ་བ་ཆེ་བས་དེ་ཙམ་ཞུ།
བོན་པོ་ལ་ལོ་རྒྱུས་ཕྱུག་པོ་ཡོད། བརྡ་རྙིང་གིས་གཏམ་པའི་དཔེ་ཆ་མང་དག་ཡོད། དེའི་ནང་གཏེར་མ་ཡང་ཡོད་ལ་གཏེར་མ་མིན་པའི་དུས་རབས་མང་པོའི་རིང་མིས་མི་ལ་བརྒྱུད་བསྡད་པ་ཡང་ཡོད། ཞང་བོད་ཞན་སྦྱར་གྱི་དཔེ་ཆ་ཡང་ཡོད། ཁྱེད་རྣམ་པས་ཞིབ་འཇུག་བྱེད་ན་བྱེད་རིན་ཆོག་པ་ཡོད། དེང་སང་ས་འོག་ནས་བོན་དཔེ་རྙིང་པ་མང་པོ་ཐོན་ཡོད། ལོ་ཤས་སྔོན་གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་རྙེད་པའི་གནའ་དཔེ་མང་དག་ཡོད། དེའི་ནང་གཏོ་ཐབས་དང་སྨན་དཔྱད་རིགས་དཔར་སྐྲུན་གནང་ཡོད། ཡིད་ཕངས་པ་ཞིག་ལ། ས་ཆ་དེར་རྙེད་པའི་ནང་དོན་རིག་པའི་སྐོར་ཤེར་ཕྱིན་ལ་སོགས་པའི་ཤོག་འཐོར་མང་དག་ཡོད་ནའང་ད་བར་དཔར་སྐྲུན་གནང་མེད། དེ་དཔར་སྐྲུན་གནང་འདོད་མེད་པའི་རྒྱུ་མཚན་ཆེན་པོ་ཡོད། ནམ་རྒྱུན་བན་དྷེ་ཚོས་བོན་པོ་ལ་བཀའ་བཀྱོན་ཚད་མེད་གནང་གི་ཡོད། བོན་པོ་ལ་ལོ་རྒྱུས་ཕུག་བརྟན་ཡོད་ན་དུས་རབས་བདུན་བརྒྱད་ནང་ནས་བྲིས་བཞག་པའི་དཔེ་ཆ་ཁུར་ཤོག་ཟེར་གྱིན་ཡོད། དོན་དངོས་ཐོག་དུས་རབས་བདུན་བརྒྱད་ནང་བྲིས་པའི་དཔེ་ཆ་མེད་པ་བན་བོན་གཉིས་ཀ་གཅིག་མཚུངས་ཡིན། དེར་བརྟེར་བོད་ཀྱི་རིག་གནས་དང་ལོ་རྒྱུས་ལ་ཤ་ཚ་མཁན་ཡོད་ན། བོད་ཀྱི་ལོ་རྒྱུས་ལ་དྲང་པོའི་ལམ་ནས་བརྒྱུད་དེ་ཞིབ་འཇུག་གནང་དགོས་པ་གལ་ཆེན་ཡིན།
ཞང་བོད་ཤན་སྦྱར་ཞེས་བཅོས་རོགས་གནང་།
ཧཧཧཧཧཧཧཧཧཧཧཧཧཧཧཧཧཧ་ལགས།
བོད་ཡིག་བཟོས་མཁན་ཐོན་མི་ཆོས་ཅན། མེད་དེ། ཚད་མས་མ་དམིགས་པའི་ཕྱིར། དཔེར་ན་ཞང་ཡིག་བཟོས་མཁན་བཞིན། ཧཧཧཧཧཧཧ་ཧོཧིཧོཧོཧཧེཧེཧུཧུ
བོད་མཁས་པས་བརྩམས་པའི<>གྱི་ལུང་མདོ་ མཁར་བ་ཚེ་རིང་དབང་རྒྱལ་གྱི<>རུ་བཀོད་པ་ལྟར་ན། དེའི་ཚེ་བློན་པོ་མཆོག་མགར་སྟོང་བཙན་ཡུལ་སྲུང་གཡོག་དང་བཅས་པ་རྒྱ་གར་དུ་ཡི་ གེ་སློབ་ཏུ་བཏང་སྟེ། ཏ་ལ་ཁ་ཏི་རྣམ་གསུམ་གྱི་སར་ཕྱིན་པ་ན་གཡོག་ཕལ་ཆེར་ས་ཆུ་མ་འཕྲོད་པས་ཤི། མགར་རང་ཉིད་ཀྱང་འཆི་བར་དོགས་ནས་སླར་ལོག དེ་ནས་སྲོང་བཙན་གྱིས་ཐོན་མི་སྣང་གྲགས་ཞེས་བྱ་བའི་བུ་ལོ་བཅོ་ལྔ་ལོན་པ་ཞིག་ལ། ཁྱོད་རྒྱ་གར་དུ་ཡི་གེ་སློབ་ཏུ་འགྲོ་ཐུབ་བམ་ཞེས་དྲིས་པར། ཐོན་མིས་མ་ཤི་ཕན་ཆད་ཅི་ལ་མི་ཐུབ་ཅེས་སྲོང་བཙན་གྱི་བཀའ་དང་དུ་བླངས་སོ།། དེ་ནས་ཕོ་ཉའི་འགོ་དཔོན་དུ་སྟག་རོ་ལོ་ཤོག་ཟེར་བ་བསྐོས་ཏེ་གཡོག་ལྔ་བརྒྱ་སྤྲད་པ་དང་། ཐོན་མིས་ཧ་ཅང་མང་བ་འདི་དག་གིས་ཅི་བྱེད། བཅུས་འཚལ་ལོ་ཞེས་གསོལ་ནས་དཔོན་གཡོག་བཅུ་གཉིས་ལ་མཁོ་བའི་ཆས་ཀ་དང་། རྒྱ་གར་རྒྱལ་པོར་དཔལ་སྦྱིན་བྱེད་བི་ན་ལྷ་ཆེན་ཞེས་པ་ལ་འཚམ་སྐྱེས་ཀྱི་བསྐུར་མ་ངག་འཕྲིན་དང་བཅས་པ་གནང་ནས་བརྫངས། ལམ་ནས་བལ་པོའི་རྒྱལ་པོ་ལ་སྐྱེས་ཕུལ་ཏེ་ཚད་པ་ལ་ཕན་པའི་སྨན་ག་བུར་དང་། ཅུ་གང་། ཙན་དན་གྱི་ཆུ་ལ་སོགས་པབསྩལ་བ་བསྟེན་ཅིང་སོང་བས་ཅི་ཡང་མ་གནོད་པར་རྒྱ་གར་དུ་ བདེ་བར་བརྟོལ་ཞེས་བྱུང་ངོ།།
ཐོན་མིས་རྒྱ་གར་ནས་སྦྱངས་པ་མཛད་ཚུལ།
དེ་ནས་ཐོན་མི་རྒྱ་གར་ཡུལ་ཁམས་ཆེ་བ་ཀུན་ཏུ་མྱུལ་ཞིང་། མཐར་ལྷོ་ཕྱོགས་ཀྱི་མཁས་པ་བྲམ་ཟེ་ཆེན་པོ་ལི་བྱིན་སློབ་དཔོན་དུ་བསྟེན་ནས་ཡིག་རིགས་དུ་མ་མཁས་པར་སྦྱངས། པཎྜི་ཏ་ལྷ་རིག་པའི་སེང་གེཞེས་པ་ལས་སྒྲ་པཱ་ཎི་བ་དང་། ཀ་ལཱ་པ། ཙཱནྡྲ་བ་རྣམས་དང་། རྟོགས་སླ་བ་རྒྱལ་པོ་ལུགས་ཀྱི་བསྟན་བཅོས་དང་། རྟོགས་དཀའ་བ་པཎྜི་ཏ་ལུགས་ཀྱི་བསྟན་བཅོས། དམ་པའི་ཆོས་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག་དང་བཅས་པ་བསླབས།
བོད་མཁས་པའི་༼ དམ་ཆོས་གླེགས་བམ་སྒྲུབ་ཚུལ༽ལས།
ཐོན་མི་བོད་དུ་ལོག་ཁར་སློབ་དཔོན་ལི་བྱིན་ལ་བཀའ་དྲིན་ཆེ་བརྗོད་ཞུས་པ།
ཐུགས་ལ་བཏགས་སོ་རྒྱལ་བའི་སྲས།། བཀའ་དྲིན་ཆེ་འོ་ངོ་མཚར་ཆེ།།
བྱིན་གྱིས་རློབས་ཤིག་ཐུགས་རྗེ་ཅན།། རིག་པ་དྲི་མེད་ཀྱི་ནམ་མཁའ་ལ།།
ཐབས་ཤེས་གཉིས་ཀྱི་རྒྱུ་སྐར་ཤར།། སྨོན་ལམ་དག་པའི་རླུང་གིས་དྲངས།།
སྒྲ་ཚད་ཡི་གེའི་ཉི་ཟླ་ཤར།། འགྲོ་བའི་མ་རིག་མུན་པ་སེལ།།
བདེ་གསལ་ཡིད་ཀྱི་རྒྱ་མཚོ་ལ།། རིག་པ་བློ་ཡི་ཆུ་ཕྲན་འཁོར།།
སྨོན་ལམ་དག་པའི་ཆུ་བྱ་ལྡིང་།། སྒྲ་ཚད་ཡི་གེའི་ནོར་བུ་བཞུགས།།
འགྲོ་བའི་དབུལ་ཕོངས་སེལ་བར་བྱེད།། སྒྱུ་ལུས་དྲི་མེད་ཀྱི་སྡོང་པོ་ལ།།
ཐབས་ཤེས་གཉིས་ཀྱི་ཡལ་ག་རྒྱས།། སླབས་ཤེས་ཡོན་ཏན་མེ་ཏོག་ཤར།།
སྒྲ་ཚད་ཡི་གེའི་འབྲས་བུ་སྨིན།། བདག་བོད་ཀྱི་བློན་པོ་ཐོན་མི་ལ།།
མ་ལུས་གནང་བ་ཐུགས་ལ་བཏགས།། རྒྱ་གར་ཡུལ་དུ་ཕྱིན་པ་ཡིན།།
མཁས་གྲུབ་ཁྱེད་དང་མཇལ་བ་ཡིན།། ཡོན་ཏན་གཞི་མ་ཡི་གེ་ཡིན།།
མ་ལུས་ཁོང་དུ་ཆུད་པ་ཡིན།། བོད་ཡུལ་དབུས་སུ་འགྲོ་བ་ཡིན།།
རྒྱལ་པོས་དགའ་སྟོན་མཛད་པ་ཡིན།། རྒྱལ་སྲིད་ཆོས་བཞི་སྐྱོང་བ་ཡིན།།
རྒྱལ་པོས་དབུ་མཛད་བློན་འབངས་ལ།། སྒྲ་ཚད་ཡི་གེ་སྤེལ་བ་ཡིན།།
ཀུན་ལ་རྒྱས་པར་བྱེད་པ་ཡིན།། ཐུགས་ལ་བཏགས་སོ་རྒྱལ་བའི་སྲས།།
ཞེས་ཞུས་ནས་བཀའ་དྲིན་རྗེས་སུ་དྲན་པར་བྱས་སོ།།
དེ་ནས་བོད་དུ་ཕྱིར་ལོག་ཁར་སྒྲ་རིག་པའི་བསྟན་བཅོས་བསླབས་ཚད་ཀྱི་རྒྱ་དཔེ་དང་། གཞན་འདུས་པ་རིན་པོ་ཆེའི་ཏོག མདོ་ཟ་མ་ཏོག་བཀོད་པ། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག དགེ་བ་བཅུའི་མདོ་ལ་སོགས་རྒྱ་དཔེ་རྣམས་ཀྱང་གདན་དྲངས་པར་མཛད་དོ།།
ཐོན་མིས་ཡི་གེ་བཟོས་པ་ལ་རྒྱལ་པོས་དགའ་སྟོན་མཛད་པ།
དེ་ནས་བོད་འབངས་རྣམས་སྒྲ་དང་ཡི་གེའི་རིག་པའི་གནས་ཀྱི་དགའ་ཚལ་དུ་འཇུག་པའི་སླད་དུ་སྲོང་བཙན་རང་ཉིད་ནས་ཐོན་མི་སློབ་དཔོན་དུ་བསྟེན་ཏེ། ལྷ་སའི་ཕ་བོང་ཁའི་སྐུ་མཁར་མ་རུ་ཞེས་བྱ་བར་ལོ་གསུམ་མམ་བཞི་ལ་མཚམས་བཅད་ཀྱི་ ངང་ནས་ཡི་གེ་འབྲི་ཀློག་ལ་མཁས་པར་སྦྱངས། དེ་བཞིན་དུ་བློན་འབངས་ཀུན་གྱིས་ཀྱང་རྒྱལ་པོའི་བཀའ་བཞིན་སྒྲ་དང་ཡི་གེ་ལ་གུས་ རྟག་བརྩོན་པས་སྦྱངས་པ་རྒྱ་ཆེར་བྱས། ལོ་སྔ་ཕྱི་དེ་དག་ཏུ་ཐོན་མིས་བོད་ཡིག་གསར་བཟོ་དང་བརྡ་སྤྲོད་པའི་བསྟན་བཅོས་ རྣམས་ཀྱང་རིམ་གྱིས་བརྩམས་པར་གསལ་ལོ།།
དེའི་ ཚེ་སློབ་དཔོན་ཐོན་མི་སམ་བྷོ་ཊ་ལ་རྒྱལ་པོས་བཀུར་སྟི་དང་སྲི་ཞུ་བློར་མི་ཤོང་ བ་མཛད་དེ། སློབ་དཔོན་ཞེས་པའི་མཚན་ཡང་མཚམས་འདི་ནས་ཐོགས་པར་མངོན། བོད་ཡིག་གསར་བཟོའི་ཕྱག་རྗེས་ལ་གཟེངས་བསྟོད་པའི་དོན་དུ། བོད་ཕྲུག་མཛངས་མི་རིམ་བྱོན་བདུན་ཡོད་པ་ལས་ཐོན་མི་དེའི་གྲས་ཀྱི་མཛངས་མི་བཞི་པར་བསྔགས་སོ།། མཛངས་མི་ཞེས་པའི་མཁས་པའམ་ལག་རྗེས་ཆེན་པོ་ཅན་གྱི་དོན་ནོ།། འདི་ལ་དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་ལས།
བོད་ཕྲུག་མཛངས་པའི་མི་བདུན་གྱི།། བཞི་པར་ཐོན་མི་བགྲང་མོད་ཀྱང་།།
དེ་ཀུན་མཚུངས་པ་མ་ཡིན་ཏེ།། མཁན་པོ་ལོ་ཙཱའི་ཐོག་མ་འདིའི།།
བཀའ་དྲིན་བོད་ཀྱིས་ཇི་ལྟར་འཁོར།།
ཞེས་ པ་ནི་དེ་ཁོ་ན་ཉིད་དོ།། དེའི་རྐྱེན་གྱིས་བློན་པོ་འགའ་ཞིག་གི་བློ་ལ་མ་བབས་ནས་རྒྱལ་པོས་འབངས་ལ་འདི་ ལྟར་བཀུར་བ་མི་རིགས་སོ་ཞེས་ལྐོག་ལབ་གླེང་བ་ཐོན་མིས་གསན་ནས། ཉིན་གཅིག་རྒྱལ་པོ་གྲལ་གྱི་གུང་ན་བཞུགས། བློན་པོ་ཆེ་དགུ་རྣམས་ཀྱིས་མཐའ་བསྐོར་བའི་དབུས་སུ་ཐོན་མི་ཡར་ལ་བཞེངས་ནས་ཕྲག་ དོག་འཇོམས་པའི་གླུ་དབྱངས་མཆི་མ་དཀུ་བའི་ང་རོ་དང་བཅས་འདི་ལྟར་བླངས་སོ།།
ང་དྲིན་ཅན་གྱི་བློན་པོ་ཐོན་མི་ངས།། ལམ་བགྲོད་པར་དཀའ་བའི་རྒྱ་གར་དུ།།
ལུས་ཚ་གྲང་ཆེ་ཡང་དཀའ་བ་སྤྱད།། ཁོང་མཁས་པ་བྲམ་ཟེ་ལི་བྱིན་ལ།།
ཡིད་གུས་པའི་ཚུལ་གྱིས་མོས་གུས་བྱས།། ནོར་རིན་ཆེན་གསེར་གྱི་ཕྱག་རྟེན་ཕུལ།།
དོན་ཪྙེད་པར་དཀའ་བའི་ཡིག་འབྲུ་བསྟན།། བློ་ཐེ་ཚོམ་སེལ་བའི་མཛུབ་ཁྲིད་བྱས།།
ཚིག་དབྱངས་ཡིག་རྣམས་ལ་མཁས་པར་སྦྱངས།། རྒྱ་ཡིག་ལྔ་བཅུ་ཐམ་པ་དེ།།
བོད་ཡིག་སུམ་ཅུརགཏན་ལ་ཕབ།། རང་མཁས་པའི་ངེས་ཤེས་བློ་ལ་ཤོར།།
འཕྲལ་ཡོན་ཏན་ཐམས་ཅད་ཁོང་དུ་ཆུད།། དུས་ད་ལྟ་དགའ་ལ་ཕྱི་མ་སྐྱིད།།
ཡུལ་མཐའ་འཁོབ་བོད་ཀྱི་རྒྱལ་ཁམས་འདིར།། མི་མཁས་པ་སླེབས་པའི་སྔོན་མ་ཡིན།།
ང་མུན་པ་སེལ་བའི་སྒྲོན་མེ་ཡིན།། རྗེ་རྒྱལ་པོ་ཉི་ཟླའི་ཚུལ་དུ་བཞུགས།།
གྲོགས་བློན་པོའི་ཁྲོད་ན་ང་ཙམ་མེད།། བོད་ཁ་བ་ཅན་པའི་མི་རྣམས་ལ།།
ང་ཐོན་མི་བཀའ་དྲིན་མི་ཆེའམ་།།
ཞེས་དེ་སྐད་གླུར་བླངས་པས་ཕྲག་དོག་བྱེད་པའི་བློན་པོ་རྣམས་གཅིག་གིས་གཅིག་ལ་བལྟས། ཐོན་མིས་གང་གསུངས་ཐམས་ཅད་མདེའུ་རྩེ་རྣོན་པོས་གནད་ལ་ཕོག་པ་བཞིན་དུ་གྱུར་ནས་འགྲན་སེམས་ཞི་ཞིང་། ཐོན་མིའི་བཀའ་དྲིན་གྱི་རི་མོ་བློན་འབངས་ཐམས་ཅད་ཀྱི་སེམས་ལ་གསུབ་ཏུ་མེད་པར་གྱུར་ཏོ།།
རྒྱ་གར་ཡུལ་དུ་སློབ་དཔོན་ལི་བྱིན་གྱི་སྐུ་མདུན་དུ་བསྡད་ནས་བཀའ་དྲིན་ཆེ་བརྗོད་ཞུ་སྐབས་སུ་་་་་རྒྱ་གར་ཡུལ་དུ་ཕྱིན་པ་ཡིན།།མཁས་གྲུབ་ཁྱེད་དང་མཇལ་བ་ཡིན།། ཟེར་ན་བདེ་པོ་རང་མི་འདུག། དེ་ལས་རྒྱ་གར་ཡུལ་དུ་སླེབས་པ་ཡིན་ཟེར་ན་ཡག་ས་མ་རེད་བས། །
འཇམ་མགོན་མི་ཕམ་པས“ཆགས་སྡང་སྙེམས་པ་མཐོ་བའི་ཁ་འུར་དང་།། གཞན་ལ་རྫུན་ལྷོངས་འདེབས་པའི་མུན་སྤྲུལ་དང་།། སྐབས་མིན་རང་བསྟོད་ཆེ་བའི་ཚིག་འཁྱལ་རྣམས།། གཟུ་བོར་དཔྱད་ན་གཏམ་གྱི་ཉེས་པ་ཡིན”ཅེས་གསུངས་པ་ལྟར། གྲུབ་མཐའི་སྡང་ཞེན་དང་རྦད་གཏམ་འཇིགས་ཡེར་བོ་རྣམས་ལོགས་སུ་བསྐྱུར་ནས་ཀུན་སློང་བཟང་བོས་མཚམས་སྦྱར་ཏེ་གླེང་དགོས་བྱུང་ལ། དེ་ཡང་བོད་ཀྱི་གྲུབ་མཐའ་ཁག་ལས་བཀའ་གདམས་པའི་དགེ་བཤེས་དང་སྟོན་ཆེན་དེ་ཚོ་ནི་ངེས་པ་དོན་གྱི“ཀུན་དང་མི་མཐུན་པའི་” ཆོས་པ་རྣལ་མར་འདུག་ལ། དེ་དག་གི་སྤྱོད་ལམ་དང་ཞལ་སྒྲོས་རྣམས་ལ་གཞན་དང་མི་མཚུངས་པའི་ཁྱད་ཆོས་རེ་འདུག་ཅིང་། སྒོས་སུ་ཞལ་ནས་གསུངས་པ་རྣམས་གཏམ་རྒྱུད་ལ་སྦྱར་པ་ཤས་ཆེ་ཁར། ཚིག་སྦྱོར་བདེ་ཞིང་ལྷོད་ཤ་དོད་ལ། ཕལ་སྐད་གཙོར་བཏོན་ནས་རང་རེའི་ཤེས་རྒྱུད་དང་འཚོ་བ་ལ་ཀུན་ནས་འདྲེས་སུ་བཅུག་ཡོད།
ཧཧཧ ས་འོག་ནས་རྙེད་པའི་གཏོ་དཔེ་ཡོད། ཡིད་ཕུང་པ་ཞིག་ལ་ཤེར་ཕྱིན་བརླགས་སོང་། ཧཧཧཧ དང་པོ་ནས་མེད་ན་བརླག་རྒྱུ་ཞིག་གང་ན་ཡོད། དེ་ལྟར་ན་མོ་གཤམ་གྱིས་བུ་བརླག་སོང་བ་ཡིན་འདྲ།
མཁས་དབང་མིག་བརྒྱད་པ་སོགས་ཀྱིས་སློབ་སྦྱོང་ལེགས་པར་མཛད་དེ། བོད་ཀྱི་ཡི་གེ་འབྱུང་སྟངས་སྐོར་ལ་མང་དུ་གསུངས་ཀྱང་། རང་རེའི་ནང་ན། སུ་བདེན་པ་ཡིན། སུ་བདེན་པ་མ་ཡིན། དེ་དག་ཤེས་པ་ལ ལོ་རྒྱུས་དང་ལྡན་པ་དང་། རྒྱལ་རབས་སྨྲ་བ་དག་བདེན་པར་སྨྲ་བ་ཞིག་དགོས། རང་ཕྱོགས་ཀྱི་ཆེ་བ་གང་འཐོན་འབྲི་བ་དང་། ཕ་རོལ་པའི་སྐྱོན་གང་འཐོན་འབྲི་བ་ལ་དགའ་བ་ཞིག་ཡོད་ན། ལོ་རྒྱུས་དངོས་མ་འབྲི་མཁན་ཞིག་ཏུ་ངོས་ལེན་མི་བྱེད། དེས་ན་རང་རེས་ལོ་རྒྱུས་དངོས་རྟོབས་ནས་ལོ་རྒྱུས་ཇི་ལྟ་བ་བཞིན་འབྲི་བ་ལ་ཡུན་རིང་དུ་འགོར་རོ།།
ང་ཚོ་བོད་ལ་མེད་དུ་མི་རུང་བའི་ཆོས་དང་སྲིད་རིག་གནས་དང་བཅས་པ་ཡུན་ཏུ་གནས་པ་དང་། བོད་མི་རིགས་ཡུན་དུ་གནས་པ་ལ། ངེས་པར་དུ་རང་གི་སྐད་ཡིག་རང་གི་བདག་གཉེར་བྱས་ཏེ། ཆོས་དང་རིག་གནས་ཡུལ་སྲོལ་གོམ་གཤིས་སོགས་མི་ཉམས་བརྒྱུད་འཛིནདང་ཉམས་པ་སླར་གསོ་་བྱེད་པ་ནི་ང་ཚོ་ཚང་མར་མ་བགོས་རང་བབ་ཀྱི་ལས་འགན་ཞིག་ཡིན།
ང་ཚོ་བོད་ལ་མེད་དུ་མི་རུང་བའི་ཆོས་དང་སྲིད་རིག་གནས་དང་བཅས་པ་ཡུན་ཏུ་གནས་པ་དང་། བོད་མི་རིགས་ཡུན་དུ་གནས་པ་ལ། ངེས་པར་དུ་རང་གི་སྐད་ཡིག་རང་གི་བདག་གཉེར་བྱས་ཏེ་ཆོས་དང་རིག་གནས་ཡུལ་སྲོལ་གོམ་གཤིས་སོགས་མི་ཉམས་བརྒྱུད་འཛིན་དང་ཉམས་པ་སླར་གསོ་བྱེད་པ་ནི་ང་ཚོ་ཚང་མར་མ་བགོས་རང་བབ་ཀྱི་ལས་འགན་ཞིག་ཡིན།
སྔར་དུས་དུ་ཞང་ཡིག་ཡོད་མེད་རྩོད། བོན་ཡིག་ཡོད་མེད་མ་རྩོད་ཅིག
འོན་ཀྱང་སུམ་འགྱུར་ཁོ་ནར་མ་ངེས་ཏེ་ཁྲི་བདུན་གྱི་རིང་ལ་སྟག་གཟིག་ནས་བོད་དུ་ འགྱུར་བའང་ཡོད་དེ། ཞེས་གསུངས་ཤིང་། ཞེས་པ་ལ་བརྟེན་ནས། ཡི་གེ་ངེས་པར་ཡོད་དགོས་པ་མེད་པ་ནི། དེ་དུས་བོད་ལ་ཡི་གེ་མེད་ཀྱང་། བོད་ཀྱི་སྐད་དུ་ལེགས་པར་བསྒྱུར་ཏེ། བོད་པས་བློ་ལ་ལེགས་པར་འཛིན་པ་ཞིག་མ་བྱུང་ངམ། དཔེར་ན་སྟོན་པ་འདས་རྗེས་བསྡུ་བ་དང་པོ་དང་། གཉིས་པ་དག་ན་སྡེ་སྣོད་གསུམ་པོ་བསྡུས་ཏེ། དགེ་སློང་སྡེ་སྣོད་གསུམ་པ་དག་གིས་བློ་ལ་འཛིན་པ་ལྟ་བུར་སྟག་གཟིག་གིས་སྐད་ནས་བོད་སྐད་དུ་བསྒྱུར་ཏེ། བོད་པས་བློ་འཛིན་པ་བྱུང་སྲིད་པ་མ་ཡིན་ནམ། སྟག་གཟིག་སྟེ། དིང་དུས་ཨི་རན་ཡུལ་དུ་ཡི་གེ་ནམ་བྱུང་བ་ཡིན་འདི་ཡང་ལོ་རྒྱུས་མཐུན་པར་བརྩད་གཅད་དགོས་པ་ཞིག་ཏུ་མཐོང་། གཞན་ཡང་བདག་གིས་ཐོས་པ་ལྟར་ན། དང་པོ་བོད་མི་རྣམས་ཀྱི་ཕུང་པོ་ས་ལ་སྦས་སྲོལ་ཡོད་པ་དང་། ཕྱིས་སུ་སྟག་གཟིག་གི་ལུགས་ཀྱིས་བྱ་རྒོད་ལ་འགྲེམ་ཚུལ་ཆགས། སྟག་གཟིག་མུ་སུལ་མན་གྱིས་དབང་བསྒྱུར་པ་ན། སྟག་གཟིག་པ་མང་པོ་རྒྱ་གར་དུ་སྐྱབས་བཅོལ་དུ་འོངས། དེ་དག་གི་མི་རིགས་དིང་སང་རྒྱ་གར་གྱི་གྲོང་ཁྱེར་མུམ་བེ་ཡ་སོགས་ན་ཡོད་པ་དག་གི་ཕུང་པོ་རྒྱ་མཚོ་ཆེན་པོར་ལྕགས་ཀྱི་དྲ་བ་ཅན་གྱི་སྟེགས་བུར་བཞག་པ་སྟེང་ན་བྱ་རྒོད་རྣམས་ཀྱིས་ཟ་བ་དང་། འོག་ཏུ་དུམ་བུ་ལྷུང་བ་དག་ཉས་ཟ་བ་ཐོས། དེས་ན། བོད་པས་ཕུང་པོ་བྱ་རྒོད་ལ་འགྲེམ་ཚུལ་དེ་སྟག་གཟིག་ནས་དར་བའི་གནས་ཚུལ་འདི་བདེན་པར་འདུག་གམ་ཞེས་དྲི་བ་ལགས་སོ།།
དགེ་བསྙེན་རྡོ་རྗེའི་སྐད་ཆ་ལ་གོ་རྒྱུ་འདུག
བོད་མིར་ཕུང་པོ་དུར་འཇུག་བྱེད་སྟངས་རིགས་མི་འདྲ་བ་ཁ་ཤས་ཡོད་ཚོད། བླ་སྤྲུལ་ཆེ་ཁག་རྣམས་སྐུ་ཞིང་ལ་གཤེགས་ཚེ། གང་གི་སྐུ་ཕུང་ལ་སྨིན་སྦྱོར་དང་དར་གྱིས་བཏུགས་ཏེ། གསེར་དངུལ་ལས་གྲུབ་པའི་མཆོད་རྟེན་བཞེངས་ནས། དེའི་ནང་ཞུགས་སུ་གསོལ་ཏེ་མི་རྣམས་ཀྱི་དད་པའི་རྟེན་ལ་འཇོག་གི་ཡོད། དེ་མིན་བླ་སྤྲུལ་དང་མི་དྲག་ཆེ་རིགས་འགའ་ཚེ་ལས་འདས་ཚེ། སྐུ་ཕུང་མེར་བསྲེགས་ནས་ཞུགས་འབུལ་བྱེད་པ་ཡང་ཡོད། དེ་བྱིངས་མང་ཆེ་བ་བྱ་གཏོར་གྱི་ཆ་རྐྱེན་མ་འཛོམས་ན་གཙང་ཆུར་བསྐྱུར་ནས་ཉར་སྤྱིན་གྱི་ཡོད། མི་བསད་རྟ་འཁྱེར་ལྟ་བུའི་ཁྲིམས་འགལ་ཉེས་ཅན་པ་དང་འགོས་ནད་ཀྱི་འཆི་བའི་ཕུང་པོ་རྣམས་ས་སྦས་གཏོར་གི་ཡོད། དེ་ནི་དུར་འཇུག་ཀུན་གྱི་མཐའ་མའང་སྡུག་ཤོས་ལ་བརྩི་སྲོལ་ཡོད། གཞན་ཡང་བྱིས་པ་ཆུང་ཆུང་དག་གི་སྐུ་ཕུང་ནི་རྫ་སྣོད་དམར་པོའི་ནང་བླུགས་ནས་བྲག་སྲུབ་དང་རྫ་རིར་སྦས་ཀྱི་ཡོད།
དྲི་མེད་ལྷག་བསམ་བྱོན་པ་ལེགས།
༡ འབྲས་སྤུངས་གནས་བཅུ་ལྷ་ཁང་གི་ཁ་ཕྱེ་མི་ཐུབ་པའི་དཔེ་ཆ་དེ་བཙན་པོའི་སྐབས་ཀྱི་དཔེ་ཆ་འཁྲུལ་མེད་ཡིན་པ་ཇི་ལྟར་ཤེས་ཀྱི་ཡོད་པ་རེད།
༢ ལྷོ་ཁ་གཉལ་གྲོ་མཁར་དགོན་དུ་བཙན་པོའི་ཐུགས་དམ་བླ་དཔེ་བཞུགས་ཡོད་པ་དེ་ཉིད་ཀྱིས་གཟིགས་ཡོད་པ་འདྲ། དེས་ན་བླ་དཔེ་དེ་བཙན་པོ་གང་གི་བླ་དཔེ་རེད། བླ་དཔེའི་ནང་དོན། ཡིག་མཁན་དང་ཞུས་ཆེན་པ་སུ་སུ་ཡིན་དེ་ཚོ་གསལ་པོ་ཞིག་གསུངས་དང་།
མིག་བརྒྱད་པ།
ཐོན་མིའི་མགུར་དེ་ཚོ་འཁོད་པ་སྔ་ཤོས་ཀྱི་རྒྱལ་རབས་དེ་གང་རེད། བོད་མཁས་སྔོན་གྱི་རྒྱལ་རབས་གསལ་མེ་ན་གསལ། གཞན་དེ་ལས་སྔ་བའི་རྒྱལ་རབས་གང་དག་ཏུ་གསལ་པ་རེད།
བོད་ཀྱི་དུར་ལས་བྱེད་སྟངས་འདི་སྟག་གཟིག་ནས་དར་བ་ཡིན་མིན་ཐག་བཅད་ནས་བཤད་རྒྱུ་དེ་ཁག་པོ་རེད། སྟག་གཟིག་གི་གདོད་མའི་ཛོ་རོ་སི་ཁྲེ་རེའན་གྱི་ལུགས་སྲོལ་ལ་ཕུང་པོ་སྟེགས་བུ་མཐོན་པོ་མི་ཊར་ཉིས་བརྒྱ་ལོངས་པའི་མཐོ་ཚད་ཡོད་པ་དེ་འདྲའི་ཐོག་བཞག་ནས་བྱ་རྒོད་ལ་སྦྱིན་གྱི་ཡོད་པའི་གནས་ཚུལ་མདོར་ཙམ་ཞིག་ལོ་རེ་ཟུང་གོང་ཁོ་བོས་ཁ་བརྡའི་མཆན་ཞིག་ཏུ་མདོར་བསྡུས་ཤིག་བྲིས་ཡོད་བསམ་སོང་། ཛོ་རོ་སི་ཁྲེ་རེའན་ནི་ཁ་ཆེའི་ཆོས་མ་དར་སྔོན་གྱི་ཁོ་ཚོའི་ཆོས་རིག་རེད། འབྱུང་བ་བཞི་དེ་གལ་ཆེ་ཤོས་ཤིག་ལ་བརྩི་ཞིང་། ས་ལ་གནས་པའི་ས་ལྷ། ཆུ་ལ་གནས་པའི་ཆུ་ལྷ། མེ་ལ་གནས་པའི་མེ་ལྷ། རླུང་ལ་གནས་པའི་རླུང་ལྷ་སོགས་ཡོད་པ་ང་ཚོ་དང་འདྲ།
སྟག་གཟིག་ནི་བར་སྐབས་ཤིག་རྒྱལ་ཁབ་སྟོབས་ཤུགས་ཆེན་པོ་ཞིག་ཆགས་ཏེ་དབང་ཤུགས་དེ་ནུབ་ཡོ་རོབ་བར་དུ་སླེབས་ཤིང་ཤར་རྒྱ་ནག་གི་ནུབ་མཐའ་བར་སླེབས་པས་བོད་དང་ས་འབྲེལ་ཆགས་ཤིང་རིག་གཞུང་གོམས་སྲོལ་སོགས་ཀྱི་འབྲེལ་བ་དང་ཤུགས་རྐྱེན་མང་པོ་ཞིག་བོད་ལ་སླེབས་ཡོད་པར་འདོད། དེའི་སྐོར་གྱི་ངའི་སྔོན་མའི་མཆན་དེ་བོན་ཆོས་དེ་ཞང་ཞུང་དང་འབྲེལ་བ། ཞང་ཞུང་དེ་སྟག་གཟིག་དང་འབྲེལ་བ། ད་ལྟ་འགའ་རེས་བོན་ཆོས་དེ་ཁ་ཆེའི་ཆོས་དང་འབྲེལ་བར་བཤད་པ་སོགས་ཀྱི་འཕྲོས་གླེང་ཞིག་གི་སྐབས་བྲིས་པ་ཡིན་བསམ་སོང་། སྟག་གཟིག་གི་ཕུང་པོ་བྱ་གཏོར་བྱེད་སའི་པར་དང་དེའི་གནས་ཚུལ་ཤེས་པར་འདོད་ན་གཤམ་གྱི་དྲ་ཐོག་འདིར་རྒྱུག།
འགའ་རེས་བོད་ཀྱི་ཕུང་པོ་བྱ་གཏོར་དེ་ནང་ཆོས་ཀྱི་སྦྱིན་པ་སྟག་མོ་ལུས་སྦྱིན་དང་འབྲེལ་བ། ལྷག་པར་དུ་ཞི་བྱེད་གཅོད། ཕུང་པོ་གཟན་བསྒྱུར་སོགས་ཀྱི་ཤུགས་རྐྱེན་འོག་བྱུང་བར་བཤད་ལ། ཡང་དེ་ནི་རང་བྱུང་ཁོར་ཡུག་དང་གནམ་གཤིས་སོགས་རང་བྱུང་གི་ཆ་རྐྱེན་ལ་བརྟེན་ནས་རང་ཤུགས་ཀྱིས་བྱུང་བར་འདོད་མཁན་ཡང་འདུག དགུན་ཁར་མཚོན་ན་ས་ཚང་མ་ཝ་འཐས་འམ་འཁྱག་པར་གྱུར་ནས་རོ་ས་འོག་ལ་གླུམས་རྒྱུར་དཀའ་ངལ་འཕྲད་པ་ལྟ་བུའོ། དབྱར་ཁ་ལ་མཚོན་ནའང་། སྔོན་མ་ཞིག་ལ་ཐག་རིང་ལུང་ཁུག་བོད་ས་མཐོའི་སྒང་ཞིག་ཏུ། ལྷག་པར་འབྲོག་ཁུལ་གྱི་ཁྱིམ་ཚང་ཁེར་རྐྱང་ཞིག་ལ་རོ་ས་འོག་ལ་གླུམས་དགོས་ན་ས་རྐོ་བྱེད་ཅིག་ཀྱང་ལས་སླ་པོར་རྙེད་དཀའ་བ་ལྟ་བུའོ།
http://socks-studio.com/2012/02/09/towers-of-silence-zoroastrian-architectures-for-the-ritual-of-death/
མགོན་པོ་ཕྱག་གཉིས་པ་ལགས། འབྲས་སྤུང་གི་དཔེ་ལ་རྒྱལ་དབང་ལྔ་བ་སོགས་ཀྱིས་བཙན་པོའི་བླ་དཔེ་ཡིན་པའི་ཁ་བྱང་གསལ་པོ་བཞུགས་ཟེར། ཡང་མི་དབང་ལྷ་ཁང་དུ་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་བླ་འབུམ་ཟེར་བའི་པོད་གཉིས་བཞུགས། ཡིག་གཟུགས་དང་ཚིག་སྦྱོར་སོགས་ཏུན་ཧོང་དང་འདྲ་བ་དང་། ཁ་བྱང་གསལ་བོ་བཞུགས་པས་དེ་སྐད་སྨྲས་པ་ཡིན་ཚོད་འདུག གཞན་རྫས་འགྱུར་གྱིས་སྒོ་ནས་ལོ་ཚིགས་སོགས་ད་དུང་གཏན་ཁེལ་ཐུབ་མེད་ཟེར། ཕྲན་གྱིས་གྲོགས་པོ་ཞིག་བརྒྱུད་གྲོ་མཁར་དགོན་གྱི་བླ་དཔེ་དེའི་གནས་ཚུལ་ཞིག་དང་པར་ཞིག་ཐོབ་བྱུང་སྟེ་ད་ལྟ་ལག་སྣེར་མེད་པས་འབུལ་ཐབས་བྲལ། དེ་ལ་ལོ་རྒྱུས་གཙང་མ་འདུག ཡིག་མཁན། ཞུས་དག་པ། སྦྱིན་བདག་སོགས་བཙན་པོའི་སྐབས་ཀྱི་མི་སྣ་ཤ་སྟག་འདུག་པ་དང་། ཡི་གེ་མཐོང་བ་ཙམ་གྱིས་གནའ་ཡིག་ཡིན་པར་སོམ་ཉི་མི་དགོས་པ་ཞིག་གོ །པར་སོགས་ཐོབ་ན་རྗེས་སོར་འབུལ་ཆོག སྐུ་ཁམས་བདེ་བར་སྨོན།
ཨ་མདོ་མཚོ་སྔོན་གྱི་375ཐད་གཏོང་ཁང་ནས་རྒན་ཀརྨ་དགེ་ལེགས་ཞུ་བ་ཞིག་ལ་བོད་ཡིག་དཔེ་རྙིང་གི་སྐོར་ནས་སྐད་ཆ་དྲིས་པ་ཧ་ལས་པའི་ཡག་པོ་ཞིག་འདུག། དེར་ཁོང་གིས་གསུགས་པ་ལྟར་ན་འབྲས་སྤུངས་གནས་བཅུ་ལྷ་ཁང་དཔེ་མཛོད་དུ་༧རྒྱལ་བ་ལྔ་པ་མཆོག་གིས་ཕྱོགས་བསྡུས་གནང་བའི་དཔེ་ཆ་རྙིང་པ་མང་པོ་ཞིག་ཡོད་རབས་གསུངས། དེའི་ནང་གཡུང་དྲུང་བོན་ཀྱི་དཔེ་ཆ་ཡང་གང་མང་ཞིག་ཡོད་པར་གསུངས་སོང་། ཁྱེད་ཚོ་དེར་ཕེབས་མཁན་ཡོད་ན་བོན་པོའི་དཔེ་ཆའི་མིང་ཐོ་ཞིག་ངེས་པར་དུ་འབྲི་རོགས་གནང། དཔེ་ཆ་ག་རེ་ཡོད་ཤེས་འདོད་ཤིན་དུ་ཆེ། གཞན་ཡང་འདིར་ཞུ་འདོད་པ་ཞིག་ལ། སྔོན་མ་དུས་མ་ལོག་པའི་སྐབས་སུ་འབྲས་སྤུངས་དགོན་པའི་ནང་སྐོར་དུ་བོན་པོའི་ལྷ་མོ་སྲིད་པ་རྒྱལ་མོའི་ལྷ་ཁང་རྙིང་པ་ཞིག་ཡོད་རེད་ལབ་ཀྱི་འདུག། དེར་མཆོད་རྒྱུན་མ་ཆད་ཙམ་གསོལ་ཁ་འབུལ་གྱི་ཡོད་པ་དང་། དེར་བོན་པོའི་ཁམས་ཆེན་གྱི་འབུམ་དཔེ་ཡང་ཡོད་རེད་ཟེར་གོ་མྱོང་། དེ་ཚོ་བདེན་པ་ཡིན་ནམ། དེང་སང་སྲིད་པའི་རྒྱལ་མོའི་ལྷ་ཁང་རྙིང་པ་དེ་ཡོད་དམ། ཤེས་མཁན་ཡོད་ན་གཅིག་གསུངས་རོགས་ཞུ། །
ད་སྔོན་མའི་དཔེ་རྙིང་མང་པོ་ཡོད་ན་ཡག་པོ་རེད། དེ་ནས་དཔེ་རྙིང་དེ་ཚོ་སྔོན་མའི་བོན་དཔེ་དང་མཐུན་ཡང་ན་ཐོན་མིའི་སུམ་རྟགས་དང་མཐུན་ཧ་གོ་ཡོང་གི་རེད། རྒྱལ་པོའི་བླ་དཔེ་ཡིན་ཡང་ཐོན་མིའི་སུམ་རྟགས་དང་མི་མཐུན་པར་ཏུན་ཧོང་དང་བོན་དཔེ་རྙིང་པའི་འགྲོས་དང་མཐུན་གྱི་ཡོད་པ་ཡིན་ན། ད་ང་ཚོས་ཐོན་མི་ཟེར་བ་འདིར་སྐྱར་དུ་ཞིབ་འཇུག་ཅིག་བྱེད་དགོས་ཀྱི་འདུག ཐོན་མིས་བོད་ཡིག་གསར་བཟོ་གནང་ཡོད་མེད། གསར་བཟོ་གནང་བའི་ཡི་གེ་དེ་གང་རེད། སུམ་རྟགས་གཉིས་མཛད་མཁན་ཐོན་མི་ཡིན་མིན། བཙན་པོའི་སྐབས་ཀྱི་དཔེ་རྙིང་དག་ཐོན་མིའི་སུམ་རྟགས་དང་མི་མཐུན་པའི་རྒྱུ་མཚན། བསྟན་པ་ཕྱི་དར་ལས་ཀྱང་ཕྱི་བའི་དུས་ཤིག་ལ་མ་གཏོགས་སུམ་རྟགས་ཀྱི་གཞུང་ལུགས་ལྟར་བོད་ཡིག་འབྲི་མ་ཐུབ་པའི་རྒྱུ་མཚན། ད་ལྟ་འགའ་རེས་སུམ་རྟགས་གཉིས་ཕྱིས་ཕྱིས་སུ་བརྩམས་པ་དང་སུམ་རྟགས་གཉིས་ཀྱི་བརྗོད་དོན་དང་གོ་རིམ་སྔ་ཕྱིའི་ནང་དོན་ལ་ཞིབ་མཁན་འགའ་རེས་སུམ་རྟགས་གཉིས་ཀྱི་རྩོམ་པ་གཅིག་པ་མིན་ཚུལ། ད་རུང་སུམ་ཅུ་བ་དེ་ཡང་ནང་དོན་ལ་ཞིབ་མཁན་འགའ་རེས་སྔ་ཕྱིའི་གོ་རིམ་ལ་གསལ་བོར་ཞིབ་ན་མི་གཅིག་གིས་བྲིས་པ་མ་རེད་ཟེར་བ་སོགས་ལའང་དོ་སྣང་ཞིག་སྤྲད་དགོས་པ་མི་འདུག་གམ།
རིག་གནས་གསར་བརྗེའི་སྔོན་ཙམ་ལ་བོད་དུ་བཀའ་བསྟན་གླེགས་བམ་གྱི་པར་གཞི་གང་བཞུགས་པ་ནི་འདི་ལྟར།
༼སྣར་ཐང་བཀའ་འགྱུར༽་གྱི་པར་གཞི་ཐོག་མ་སྤྱི་ལོ་༡༣༡༢་ལོར་ཡོན་རྒྱལ་རབས་ཀྱི་ཧུང་ཆིན་བྱ་བའི་སྲིད་ལོ་དང་པོར། སྣར་ཐང་གི་དགེ་བའི་བཤེས་གཉེན་ཆེན་པོ་འཇམ་དགག་པཀྴི་ཞེས་བྱ་བ་སོག་པོའི་གོང་མ་ཅི་ཙུང་ཨ་ཡུར་པར་པ་ཏ་ཡན་ཐུ་ཞེས་བས་གདན་ཞུས་ལྟར། སོག་ཡུལ་དུ་ཕེབས་ཏེ་སངས་རྒྱས་ཀྱི་བསྟན་པ་ལེགས་པར་སྤེལ་བས་གོང་མའང་ཧ་ཅང་ཐུགས་མཉེས་བའི་ལོ་རྒྱུས་འདུག་ལ། ཁོང་གི་ཐུགས་ལ་རྒྱལ་བློན་སྔོན་བྱོན་ལོ་པཎ་རྣམས་ཀྱི་བཀའ་དྲིན་ལས་བྱུང་བའི་ རྒྱལ་བའི་བཀའ་དང་དེའི་དགོངས་འགྲེལ་བསྟན་བཅོས་བོད་ལ་འགྱུར་རོ་ཅོག་ཕྱོགས་ གཅིག་ཏུ་བསྡུས་ན་སྙམ་པའི་ཐུགས་འདུན་ཀུན་ནས་བསླངས་ཏེ། རང་གི་བླ་མ་བཅོམ་ལྡན་རིག་པའི་རལ་གྲི་ལ་གསེར་ཡིག་གི་ལམ་ནས་ཞུས་ཤིང་། དབུས་པ་བློ་གསལ་བྱང་ཆུབ་འོད་ཟེར་དང་ལོ་ཙཱ་བ་བསོད་ནམས་འོད་ཟེར། རྒྱང་རོ་བྱང་ཆུབ་འབུམ་རྣམས་ལ་གསེར་ཡིག་པའི་གདོང་དུ་དངོས་པོ་གཏོས་ཆེར་ཕུལ་ ནས་བཀའ་བསྟན་རྣམས་ཕྱོགས་གཅིག་ཏུ་ལེགས་བསྒྲིགས་ཀྱི་པར་བཞེངས་ཀྱི་མཐུན་རྐྱེན་ གྱ་ནོམ་པ་སྦྱར་ཏེ། བཅོམ་ལྡན་རིག་པའི་རལ་གྲིས་དབུ་མཛད་དེ་གོང་སྨོས་བླ་སློབ་རྣམས་ཀྱིས་དཀའ་བ་བརྒྱ་ཕྲག་ཁྱད་དུ་བསད་དེ་དབུས་གཙང་མངའ་རིས་དང་བཅས་བའི་ཡུལ་གྲུ་བཞུགས་པའི་ བཀའ་བསྟན་གྱི་ཕྱི་མོ་རྙེད་དོ་ཅོག་ལ་ཕྱོགས་གཅིག་ཏུ་བསྡུས་ནས་གོ་བསྡུར་བྱས། ཞུ་དག་གིས་གཏན་ལ་གཏན་ལ་ཕབ་ཅིང་གུང་བསྒྲིགས་ཏེ་དཀར་ཆག་བཅོམ་ལྡན་རིག་རལ་གྱིས་ མཛད་པ་བཅས་ལེགས་པར་གྲུབ། དེ་ལ་སྣར་ཐང་པར་རྙིང་དུ་གྲགས། འདི་རྣམས་བཀའ་འགྱུར་མ་ཕྱི་བྲིས་མ་རྐྱང་ཡིན་ས་རེད། དེའང་དུས་འཁྲུག་དང་ཟང་ཟིང་གིས་ད་ལྟ་ཁ་ཐོར་ཙམ་ལས་ལྷག་མ་རྣམས་མ་ལུས་བར་འཇིག་ སོང་སྐད། སྤྱི་ལོ་༡༦༨༩་ནས་༡༧༤༧་བར་མི་དབང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་གྱིས་པར་ བརྐོས་ཀྱི་མཐུན་རྐྱེན་ཉེ་བར་སྦྱར་ཏེ་སྟོད་ཤེལ་དཀར་དུ་བཀའ་དང་བསྟན་བཅོས་ཤིང་ པར་དུ་བརྐོས་བ་དེ་ཙམ་གྱིས་མ་ཟད། འགོ་འཛིན་དང་ཇུས་འགོད། ཡིག་རྒན། པར་བ། ཞུ་དག་པ་བཅས་དབུས་གཙང་མངའ་རིས་དང་བཅས་པའི་རིག་བྱེད་ལ་མཆོག་ཏུ་སྤྲོ་བའི་གསར་ སློབ་མང་པོ་ཤེལ་དཀར་རྫོང་གི་འདབས་རོལ་གྱི་པར་ཁང་གི་གྲྭ་ལ་འདུས་ཏེ་ཐུན་མོང་ གི་རྩོལ་བ་བརྟེན་ནས། སྤྱི་ལོ་༡༢༩༠་ནས་༡༣༦༤་བར་བུ་སྟོན་རིན་ཆེན་གྲུབ་ཀྱི་མ་ཕྱིས་ཞུས་པའི་བཀའ་འགྱུར་མ་ཕྱི་བྲིས་མ་ཞྭ་ལུའི་གསེར་ཁང་དུ་བཞུགས་པ་དེ་ཕྱི་མོར་བཅོལ་ཏེ་སྤྱི་ ལོ་༡༧༣༠་་ནས་མགོ་བརྩམས་ཏེ་ལོ་གཅིག་དང་ཟླ་ངོ་དྲུག་གི་རིང་ཡོངས་སུ་གྲུབ། དེ་ལ་བསྡོམས་པའི་པོད་བརྒྱ་དང་གསུམ་ཡོད་པར་བཤད་ལ་སྣར་ཐང་བཀའ་འགྱུར་པར་གསར་ དུ་གྲགས། བསྟན་འགྱུར་པར་གསར་མ་ནི་སྤྱི་ལོ་༡༧༤༤ལོར་གྲུབ་པར་བཤད་དོ།།
༼ཚལ་བ་བཀའ་འགྱུར༽ འདི་ནི་སྣར་ཐང་བཀའ་བསྟན་གྱི་ཤིང་པར་བསྐྲུན་པའི་རྗེས་སུ་བཞེངས་ཤིང་། ཚལ་བ་ཁྲི་དཔོན་ཀུན་དགའ་རྡོ་རྗེའི་དུས་སུ་བུ་སྟོན་རིན་པོ་ཆེ་སྤྱན་དྲངས་ཏེ་ ཞུ་དག་དང་གོ་བསྡུར་ལེགས་པར་གནང་ཐོག་པར་དུ་བཞེངས་པ་དང་པར་འདིའི་ཕྱི་མོ་ནི་སྣར་ཐང་བཀའ་འགྱུར་པར་རྙིང་ལ་བཅོལ་བར་བཤད།
༼ཚལ་བ་བཀའ་འགྱུར༽ འདི་ནི་སྣར་ཐང་བཀའ་བསྟན་གྱི་ཤིང་པར་བསྐྲུན་པའི་རྗེས་སུ་བཞེངས་ཤིང་། ཚལ་བ་ཁྲི་དཔོན་ཀུན་དགའ་རྡོ་རྗེའི་དུས་སུ་བུ་སྟོན་རིན་པོ་ཆེ་སྤྱན་དྲངས་ཏེ་ ཞུ་དག་དང་གོ་བསྡུར་ལེགས་པར་གནང་ཐོག་པར་དུ་བཞེངས་པ་དང་པར་འདིའི་ཕྱི་མོ་ནི་སྣར་ཐང་བཀའ་འགྱུར་པར་རྙིང་ལ་བཅོལ་བར་བཤད
༼ཅོ་ནེའི་དཔར་མའི་བཀའ་འགྱུར༽འདི་ནི་དམག་ཟོར་མགོན་པོ་ཡབ་ཡུམ་སྲས་དང་བཅས་བ་ཞལ་འཛོམས་པའི་སྐབས་དཔོན་པོ་ཉིད་ཀྱིས་ལྷག་བསམ་གྱི་ཁུར་བཞེས་ཏེ་རང་གི་མངའ་ འོག་ན་ཡོད་པའི་ཡི་གེ་བ་དང་པར་རྐོ་བ་རྣམས་བསྡུས། དེ་དག་ལ་དར་ཧན་གྱིས་བདག་རྐྱེན་མཛད་ནས་པར་བརྐོ་དགོས་བའི་ཞལ་བཀོད་གནང་། མཁྱེན་པའི་དབང་ཕྱུགས་མཁན་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་ལི་ཐང་གི་པར་མ་དང་།་པེ་ཅིན་པར་མ། དབུས་བྲིས་དག་པ་གསུམ་ལ་ཕྱི་མོར་བཅོལ་ནས་ཡི་གེ་མི་ལེགས་པ་དང་ཆད་ལྷག་ཡོད་པ་ རྣམས་སླར་བརྗེས་ནས་ངོས་གཙང་སྤུས་དག་པར་བསྒྲུབས་ཏེ་ཡོངས་རྫོགས་བཞེངས། སྤྱི་ལོ་༡༧༢༡་ལོ་ནས་མགོ་བརྩམས་ཏེ་སྤྱི་ལོ་༡༧༣༡་ལོར་ཡོངས་སུ་གྲུབ་སྟེ། འཛད་པ་མེད་པའི་ཆོས་སྦྱིན་གྱིས་ཕྱོགས་ཀུན་ཏུ་ཁྱབ་པར་བྱས་སོ།། པར་དེའི་ཡི་གེ་གཟུགས་མཛེས་པ། བརྐོས་ཟབ་པ། འབྲུ་གསལ་བ། དག་ཐོན་པ་སོགས་ཀྱི་ཁྱད་ཆོས་དང་ལྡན་པ་ནི་ཀུན་ལ་གྲགས་སོ།། ཅོ་ནེ་བཀའ་བསྟན་གྱི་པར་ཤིང་ནི་སྤྱི་ལོ་༡༩༢༨་ལོར་ཀ་ཅུའི་ཇག་ཚོགས་མཱ་ཀྲུང་དབྱིན་སོགས་ཀྱིས་སྔ་ཕྱིར་དགོན་ཆེན་བཅོམ་སྐབས་མེར་སྲེག་བཏང་བ་དང་དཔར་མ་ནི་ ༡༩༥༨་འཇིག་ཟིན། ད་ལྟ་རྒྱལ་ཁབ་ཕྱི་ནང་དུ་ཚར་གཅིག་གཉིས་ཤིག་བཞུགས་ཀྱང་མང་པོ་མི་འདུག ཨ་རིའི་ཝ་ཤོན་ཊོན་རྒྱལ་བཙུགས་དཔེ་མཛོད་ཁང་ཆེན་མོར་ཚར་གཅིག་བཞུགས་པར་བཤད། དེ་ནི་སྤྱི་ལོ་༡༩༢༧་ལོར་དཔེ་མཛོད་དེ་གའི་རབ་འབྱམས་པ་ཝའོར་ཐའེ་ལགས་ཀྱིས་བསྐུལ་ངོར། སྐབས་དེར་ཅོ་ནེ་དགོན་ཆེན་དུ་སློབ་སྦྱོང་དང་རྩད་ཞིབ་ལ་གཞོལ་མུས་ཀྱི་ཨ་རི་བ་ལོལ་ཁི་བྱ་བར་ལག་སོན་བྱུང་བ་དང་། ཁོས་སྒམ་མམ་སྒྲོམ་དགུ་བཅུ་གོ་གཉིས་ཀྱི་ནང་དུ་ལེགས་པར་བཅུག་སྟེ་ཁལ་མ་ལ་བརྟེན་ནས་ལན་ཀྲུའུ་ལ་གདན་དྲངས། དེ་ནས་ལོ་གསུམ་སོང་བ་དང་ཨ་རིའི་རྒྱལ་ཁབ་ཏུ་བསླེབས། འཇར་པཎ་དུ་བཞུགས་པའི་ཅོ་ནེ་བཀའ་བསྟན་ཆ་ཚང་དེ་ནི་པཎ་ཆེན་སྐུ་ཕྲེང་དགུ་བ་ཆོས་ ཀྱི་ཉི་མ་མཆོག་ནས་འཇར་པན་གྱི་མི་རིགས་བོད་དུ་ཕེབས་སྔ་ཤོས་ཡིན་པ་དགེ་སློང་ཤེས་རབ་རྒྱ་མཚོའམ་ཨེ་ཁའི་ཁ་བ་གུ་ཅིར་ཟེར་བ་ལ་སྤྱི་ལོ་༡༩༣༧་ལོར་གསོལ་རས་གནང་བ་ཡིན་ལ། ༡༢༤༠་ལོར་རྒྱལ་ས་ཊོག་ཁྱོའི་ཐོ་ཡོ་སྦུང་གོའི་དཔེ་མཛོད་ཁང་དུ་ཡོད་སྐད་དང་། རི་བོ་རྩེ་ལྔའི་དགོན་པའི་ནང་དུ་བཀའ་བསྟན་ཆ་ཚང་གཅིག་བཞུགས་ཡོད་ཅེས་ཟེར། ད་དུང་ཕྱི་སོག་དང་ར་ཤི་ཡ་ལ་ཆ་ཚང་རེ་གཉིས་ཡོད་སྐད། ཅོ་ནེ་བསྟན་འགྱུར་ནི་དམག་ཟོར་མགོན་པོ་ཡབ་ཡུམ་སྲས་དང་བཅས་བས་སྔ་མོ་ནས་པར་དུ་བསྒྲུབ་པའི་ཐུགས་འདུན་ཡོད་ཀྱང་། བྲེལ་བ་སྣ་ཚོགས་ཀྱི་དབང་གིས་རེ་ཞིག་ལུས་པ་ན། ཆོས་རྗེས་སངས་རྒྱས་དཔལ་བཟང་གིས་བསྟན་བཅོས་འགྱུར་རོ་ཅོག་པར་དུ་བསྐྲུན་པ་ཞིག་བྱུང་ན་བསྟན་པ་སྤྱི་སྒོས་ལ་ཕན་ཐོགས་རྒྱ་ཆེན་པོ་འགྱུར་རོ་ཞེས་རྟིང་བསྐུལ་ཡང་ཡང་མཛད་པར་བརྟེན། རིན་ཆེན་དཔལ་འཛོམས་དང་དཔོན་རབས་བཅུ་བཞི་པ་བསྟན་སྲུང་ཚེ་རིང་བཅས་ཐུན་མོང་ནས་རྣམ་དཀར་གྱི་བྱ་བ་རྒྱ་ཆེན་པོ་བསྒྲུབ་པའི་ཁུར་བཞེས་ཏེ། དེའི་དགོས་མཁོ་ཐམས་ཅད་ལ་དབང་ཡོད་ཀྱིས་མི་སེར་བསྐུལ་ཞིང་ཁྲལ་ལེན་པ་སོགས་མ་མཛད་པར་རིན་ཐང་ཡུལ་དུས་ལ་དཔག་པ་ལས་ལྷག་པར་བསྩལ་ཏེ། ཐམས་ཅད་རྒྱུ་དག་ཅིང་ཕུན་སུམ་ཚོགས་པར་མཛད་ནས། པར་གྱི་དོ་དམ་པ་དགེ་སློང་ངག་དབང་དར་རྒྱས། འགོ་བ་ཀ་འབུམ་ཚེ་རིང་། གཉེར་བ་ཚེ་རིང་། ཝང་ཧན་རྣམས་ཀྱིས་བྱས་ཤིང་། པར་ཡིག་འབྲི་མི་མཁས་པ་ལྔ་བཅུ། དབུ་ལྷ་འབྲི་མི་དཔལ་འབྱོར་རྒྱ་མཚོ། ཞུས་དག་པ་བཅུ་སྐོར། པར་རྐོ་བ་སུམ་བརྒྱ་ལྷག་ཙམ། ཤིང་བཟོ་བ། སྣག་ལས་པ། ཤོག་ལས་པ་སོགས་ཀྱིས་ལས་ཚན་མང་པོས་བར་མ་ཆད་པར་ལོ་ངོ་མང་པོར་བརྩོན་པ་ཆེན་པོས་བསྒྲུབས་ཏེ། ཡི་གེ་བ་དང་པར་རྐོ་བ་སོགས་ལ་ཡོན་དང་གནང་སྦྱིན་གྱ་ནོམ་པས་ཚིམ་པར་མཛད་དོ།། འདིའི་དཀར་ཆག་ནི་འཇམ་དབྱངས་བཞད་པ་སྐུ་ཕྲེང་གཉིས་པ་འཇིགས་མེད་དབང་པོས་མཛད། བསྟན་འགྱུར་གྱི་པར་ཤིང་འདི་ཡང་བཀའ་འགྱུར་གྱི་པར་ཤིང་དང་ཆབས་ཅིག་མཱ་ཀྲུའུ་ དབྱིན་གྱིས་ཅོ་ནེ་དགོན་ཆེན་མེར་སྲེག་བཏང་བ་དང་མཉམ་དུ་འཇིག་སོང་ངོ།།
༼སྡེ་དགེའི་བཀའ་འགྱུར༽འདི་ནི་སྡེ་དགེའི་ས་སྐྱོང་རྒྱལ་ཐོག་ཞེ་གཉིས་པ་བསྟན་པ་ཚེ་རིང་དགུང་ལོ་ང་གཉིས་སུ་ཕེབས་པ་སྟེ་ཀརྨ་བསྟན་པའི་ཉིན་བྱེད་གཙུག་ལག་ཆོས་ཀྱི་སྣང་བས་ས་སྐྱོང་ཉིད་ཀྱི་བཀའ་ནན་གསེར་སྦྲམ་ལྟར་ལྕི་བ་ཁུར་དུ་བཞེས་ཏེ། འཕང་ཐང་དང་ལྡན་དཀར་གྱི་ཐོག་མའི་བཀའ་འགྱུར་ལས་རིམ་བཞིན་བཀའ་གྱུར་བྲིས་མ་དང་པར་མ་ཇི་སྙེད་པ་སྟེ་སྔོན་བྱོན་གྱི་མཁས་པ་དང་ལོ་པཎ་རྣམས་ཀྱིས་གཏན་ལ་ཕབ་ཅིང་ལེགས་གྲུབ་བྱུང་བ་དག་ལ་ཁུངས་བཅོལ། ལས་གཞི་འདི་དབུ་བཙུགས་པ་ནས་ཡི་གེ་བ་མང་པོ་འདུས་པ་ལ་སྦྱོང་བརྡར་བྱེད་དུ་བཅུག་པ་དང་དཔོན་ཡིག་པ་དྲུག་ཅུ་ལྷག་ཙམ་གྱིས་ལྷུན་འགྲུབ་སྟེང་གི་བླ་བྲང་ཆེན་མོའི་ནང་དུ་པར་ཡིག་འབྲི་བའི་གྲྭ་བཙུགས་པ་དང་། པར་རྐོ་བ་བཞི་བརྒྱ་ལྷག་དང་། ཞུས་དག་པ་བཅུ་སྐོར་སོགས་ལས་ཚན་ཤིན་ཏུ་མང་བ་བར་མ་ཆད་དུ་བསྟེན་པའི་ལོ་ངོ་ལྔའི་རིང་བསྒྲུབས་པ་ཡི་ནོ།།དེ་ཡང་པར་ཤིང་སྲུང་སྐྱོབ་དང་ཡུན་རིང་བཀོལ་སྤྱོད་ ཆེད་མཚལ་པར་དུ་བགྱིས་ཤིང་། ཡི་གེ་གསལ་ཞིང་དག་པ་དང་བརྐོས་ཟབ་ཅིང་གས་འཁྱོག་སོགས་མ་མཆིས་པས་ད་ལྟ་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་སྐད་གྲགས་ཆེ།
༼སྡེ་དགེའི་བསྟན་འགྱུར༽འདིའི་པར་གཞི་སྡེ་དགེ་ས་སྐྱོད་བསྟན་པ་ཚེ་རིང་གིས་སྦྱིན་བདག་དང་འགོ་འཛིན་གནང་ཞིང་། ཞུས་ཆེན་པ་ཚུལ་ཁྲིམས་རིན་ཆེན་༼ཁོང་ནི་སྤྱི་ལོ་༡༦༩༧་ནས་༡༧༧༤་བར༽་མཆོག་གིས་ཞུ་དག་གི་འགན་བཞེས་ཏེ། འཕྱོང་རྒྱས་འཕྱིང་བ་སྟག་རྩེའི་ཕོ་བྲང་དང་ཞ་ལུ་གསེར་ཁང་གི་བསྟན་བཅོས་འགྱུར་རོ་ཅོག་ལ་ཕྱི་མོར་བཅོལ་ནས་དེ་བཞི་ནས་ན་ཡར་ལུང་བས་བཞེངས་བའི་བསྟན་བཅོས་འགྱུར་རོ་ཅོག་ལས་རིམ་པར་བརྒྱུད་དེ་མཆེད་པའི་བུ་དཔེ་སྟེ་ཆོས་སྡེ་ཆེན་པོ་སེ་ འབྲས་དགའ་གསུམ་དང་དེར་མ་བཞུགས་པ་བུ་སྟོན་རིན་པོ་ཆེ་ནས་པར་གཞི་འདིའི་བར་གསར་ དུ་འགྱུར་བ་དང་། མདོ་དང་སྔགས་དང། རིག་གནས་ཀྱི་དཔེ་རྙིང་ཁུངས་བཙུན་པ་སྔར་མ་ཆུད་པ་རྣམས་དང་བཅས་བ་ཁྱོན་བསྡོམས་ བདུན་བརྒྱ་དང་བརྒྱད་ཅུ་ཙམ་བསྣན། དེ་དག་ལས་མཆེད་པའི་དཔེ་རྒྱུན་མང་པོ་རྣམས་ནི་དབུས་གཙང་གི་གདན་ས་ཆེན་པོ་རྣམས་སུ་དར་རྒྱས་ཤིན་ཏུ་ཆེ་བར་བཞུགས། པོད་ཚན་དུ་དབྱེ་ན། བསྟོད་ཚོགས། རྒྱུད་སྡེ། ཤེར་ཕྱིན། དབུ་མ། མདོ་སྡེ། སེམས་ཙམ་པ། མངོན་པ། འདུལ་བ། སྐྱེས་རབས། དཔག་བསམ་འཁྲི་ཤིང་། སྤྲིངས་ཡིག ཚད་མ། སྒྲ་རིག་པ། གསོ་བ་རིག་པ། བཟོ་རིག་པ། སྣ་ཚོགས་སྐོར་གྱི་པོ་ཏི་བཅས་སོ།། པར་གཞི་འདི་ཉིད་ཁུངས་དག་མང་པོར་གོ་བསྡུར་དང་ཞུས་དག་ལེགས་པར་སོང་བ་དག་ལ་ཕྱི་ མོར་བཅོལ་བ་དང་། ཡིག་གཟུགས་ལེགས་པ། ཚིག་གི་འབྲུ་གསལ་བ། ཡི་གེའི་དག་ཐོན་པ། རྐོས་ཟབ་པ་སོགས་ཀྱི་ཁྱད་ཆོས་ལྡན།
༼ སོག་པོ་ཁུ་རེ་བཀའ་འགྱུར༽ སྤྱི་ལོ་༡༩༠༨་ལོར་ཁལ་ཁ་རྗེ་བཙུན་དམ་པའི་གདན་ས་དགའ་ལྡན་བཤད་སྒྲུབ་གླིང་དུ། སྡེ་དགེའི་དཔར་མར་ཕྱི་མོར་བཅོལ་ཏེ་བཀའ་འགྱུར་པར་བསྐྲུན་གྱི་དབུ་བཙུགས་ཀྱང་མཇུག་མ་རྫོགས་པར་འཕྲོ་ཅན་དུ་ལུས་པ་ན། སྤྱི་ལོ་༡༩༡༠་ལོར་ཁལ་ཁ་རྗེ་བཙུན་དམ་པའི་སྐུ་ཕྲེང་བརྒྱད་པ་ཆོས་ཀྱི་ཉི་མ་རིན་ པོ་ཆེ་དང་། ཨེར་ཏི་ནི་ཆེ་ཚང་ནོ་ཡོན་དོན་འགྲུབ་ལྷ་མོ་རྣམ་གཉིས་ནས་བཀའ་འགྱུར་པར་གཞི་ཆ་ ཚང་ཞིག་བསྒྲུབ་དགོས་པའི་བཀའམཆིད་ཕེབས་པ་ལྟར་སྔ་མའི་འཕྲོ་བསྐྱངས་ཏེ་དཔར་བ་ཏ་ཁུ་རེའི་དགོན་དུ་བཞུགས།
༼ལྷ་སའི་བཀའ་འགྱུར༽ འདི་ནི་རྒྱལ་དབང་བཅུ་གསུམ་པའི་རིང་ལ། འབྲི་གུང་སྒོ་ལྕོག་སྤྲུལ་སྐུ་མཆོག་གིས་མཐུན་རྐྱེན་བསམ་གྱིས་མི་ཁྱབ་པ་སྦྱར་བ་ལ་བརྟེན། རྒྱལ་དབང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོའི་ཞལ་སྔ་ནས་ཀྱི་བཀའ་ལུང་གསེར་གྱི་མེ་ ཏོག་སྤྱི་བོར་བསྩལ་བ་བཞིན། མཁས་པའི་དབང་པོ་རྗེ་བཙུན་ཤེས་རབ་རྒྱ་མཚོ་མཆོག་གིས་གྲུ་འཛིན་པོ་ཏ་ལར་ཕེབས་ནས་ལོ་དྲུག་ཙམ་གྱི་རིང་ལ་བུ་སྟོན་རིན་པོ་ཆེའི་གསུང་འབུམ་པོ་ཏི་ཉེར་དགུའི་ཞུ་དག་ལེགས་པར་གྲུབ་པ་དང། སྤྱི་ལོ་༡༩༢༡་ལོར་རྒྱལ་དབང་བཅུ་གསུམ་པ་ཆེན་པོས་བཀའ་ཡིག་ཕེབས་དོན། བཀའ་འགྱུར་ནི་བོད་ཀྱི་མཁས་པ་སྔ་རབས་པ་དང་རྒྱ་གར་མཁས་པ་མང་པོས་བོད་གངས་ཅན་ གྱི་ལྗོངས་སུ་འགྱུར་བར་མཛད་པའི་མཛད་རྗེས་བླ་ན་མེད་པ་ཞིག་ཡིན་ཕྱིར་། དུས་ཚོད་རིང་པོ་ཕྱིན་པའི་དབང་གིས་པར་ཤིང་ལ་ལ་རྙིང་ནས་ཡི་གེ་མི་གསལ་བ་དང་། ལ་ལ་ཆད་པ་མི་ཉུང་བ་བྱུང་ཡོད། ལྷག་པར་ལྷ་སའམ་ཡང་ན་རྩེ་ཕོ་བྲང་དུ་བཀའ་འགྱུར་གྱི་པར་གཞི་ཆ་ཚང་ཞིག་མེད་སྟབས་ ངས་སྦྱིན་བདག་བྱེད། ཁྱེད་རང་གིས་ཞུ་དག་དང་ཞུ་དག་གི་བྱ་བར་འགན་ཁུར་ནས་རྒྱལ་བའི་བསྟན་པ་དང་འགྲོ་བ་ལ་ཕན་པ་ཞིག་བྱེད་ན་ཇི་འདྲ་རེད། ངའི་བསམ་པར་དགེ་བཤེས་ལ་ལ་གཞུང་ལ་མཁས་ན་རིག་གཞུང་མི་མཁས་པ་དང་། རིག་གཞུང་ལ་མཁས་ན་གཞུང་ལ་མི་མཁས་པས་ཡིན་ཞེས་བཀའ་ཕེབས་པ་ལ། ཁོང་གིས་ཀྱང་འདི་ནི་བོད་མི་རིགས་ཀྱི་རིག་གཞུང་ཉམས་པ་སོར་ཆུད་དང་མ་ཉམས་གོང་ སྤེལ། བསྟན་པ་ཡར་རྒྱས་ལ་ལག་རྗེས་ཆེན་པོ་ཞིག་འཇོག་པའི་གོ་སྐབས་བཟང་པོ་ཞིག་ཡིན་པར་ དགོངས་ནས་ལགས་སོ།། ཞེས་རྒྱལ་དབང་ཐམས་ཅད་མཁྱེན་པའི་བཀའ་སྤྱི་གཙུག་ཏུ་བླངས་ནས་སྣར་ཐང་པར་སོགས་དང་གཞན་ཡང་བྲིས་མ་ཁག་ཅིག་གོ་བསྡུར་དང་ཕྱི་མོར་བགྱིས་ཐོག བཀའ་འགྱུར་པར་གསར་བཞེངས་ཀྱི་ཞུ་ཆེན་མཛད་དེ་ལོ་ངོ་བརྒྱད་ཙམ་གྱིས་པར་གཞི་གསར་བཞེངས་ལེགས་གྲུབ་བྱུང་བ་ནི་ད་ལྟའང་ང་ཙོའི་མིག་གིས་མཐོང་དང་ལག་ཟིན་གྱི་ཡུལ་ དུ་བཞུགས་པ་སྟེ་ཞོལ་པར་གསར་ཞེས་རྩེ་ཞོལ་གྱི་པར་དེ་ལགས་སོ།། དེ་ནི་ཤིང་པར་དུ་བཞེངས་བའི་བཀའ་འགྱུར་ལས་ཡི་གེ་ཆེས་ཤོས་ཡིན་ལ། ངོ་རེར་ཐིག་ཕྲེང་བརྒྱད་རེ། སྣག་པར་དུ་བགྱིས་པ། པར་གསལ་བ། ཡི་གེ་དག་པ། གཟབས་ལེགས་པ་བཅས་ཀྱིས་མཇལ་བ་པོ་རྣམས་ཀྱིས་བཟང་བསྟོད་བྱེད་བཞིན་པ་འདིའོ།།
༼ ནན་ཅིན་པར་མ༽སྤྱི་ལོ་༡༤༡༠་ལོར་ཏཱ་མིང་རྒྱལ་རབས་ཀྱི་གོང་མ་ཡུང་ལོ་གསེར་ཁྲིར་ འཁོད་ནས་ལོ་བརྒྱད་པ་ན། གོང་མའི་ནང་བློན་ནམ་གསེར་ཡིག་པ་ཧོ་ཤིན་བོད་དུ་འབྱོར། རྗེ་ཙོང་ཁ་བའི་སྐུ་ཚབ་ཏུ་ཁོང་གི་དངོས་སློབ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ རྒྱ་ནག་ཏུ་གདན་དྲངས། དེ་དུས་སྣར་ཐང་གི་བཀའ་བསྟན་ཆ་ཚང་གཉིས་གདན་དྲངས་པ་དེར་ཕྱི་མོར་བཅོལ་ནས་བཀའ་ འགྱུར་གྱི་པར་ཆ་ཚང་ཞིག་བཞེངས་སོ།། དེའི་དཔར་ཕུད་དང་པོ་རི་བོ་རྩེ་ལྔར་ཕུལ་བ་དང་། དེ་ནས་བོད་དུ་མཚུར་ཕུ་ཀརྨ་བ་དང་རྗེ་ཙོང་ཁ་བ་བཅས་ལ་ཕུལ། དེ་ལས་ཚར་གཅིག་ད་ལྟར་ཡང་སེ་ར་ཐེག་ཆེན་གླིང་སྔགས་པ་གྲྭ་ཚང་དུ་བཀའ་འགྱུར་ལྷ་ཁང་དུ་བཞུགས་པར་གྲགས། དེ་ལ་ཡི་གེ་དག་པ་དང་། སྒོས་སུ་བྲིས་ལེགས་པ། པར་ངོས་སྙོམས་པ། སྣག་ལེབ་དང་བྲལ་བ་སོགས་ཀྱི་ཆ་ནས་ནན་ཅིན་ཟངས་པར་དུ་གྲགས།
༼ པེ་ཅིང་པར་མ༽ དེ་ལ་ཝན་ལིས་པར་མ་དང་ཁང་ཞི་པར་མ་གཉིས་ཡོད་པར་བཤད་པ་ལས་དང་པོ་ཝན་ལིས་པར་མ་ནི། ༡༥༩༤་ལོར་ཏཱ་མིང་རྒྱལ་རབས་ཀྱི་གོང་མ་ཝན་ལིས་གསེར་ཁྲིར་འཁོད་ནས་ལོ་ཉི་ཤུ་རྩ་གཉིས་པ་ལ། ཀརྨ་ཞྭ་དམར་སྐུ་ཕྲེང་དྲུག་པ་ཆོས་ཀྱི་དབང་ཕྱུག་གིས་ཞུ་དག་གི་འགན་འཁྲི་ལྷུར་བཞེས་ཏེ་། ནན་ཅིན་དཔར་མ་སྟེ་ཡུང་ལོའི་པར་མ་ལ་མ་ཕྱི་བཅོལ་ནས་པར་སློག་གི་བཞེངས་པ་དང་། དེའི་ཞར་ལ་བསྟན་འགྱུར་པོ་ཏི་ཞེ་གཉིས་ཀྱི་པར་བཞེངས་པ་ལ་པེ་ཅིང་པར་མའམ་ཝན་ལིས་པར་མ་ཟེར་རོ།།གཉིས་པ་ཁང་ཞི་པར་མ་ནི་མིན་རྒྱལ་རབས་ཏེ་མན་ཇུའི་གོང་མ་ཁང་ཞིའམ་བོད་སྐད་དུ་བདེ་སྐྱིད་རྒྱལ་པོའི་བཀའ་ལྟར། སྤྱི་ལོ་༡༦༨༣་གོང་མ་ཉིད་ཀྱི་སྲིད་ལོ་ཉེར་གཉིས་པར་གོང་མ་སྔ་མ་དག་གི་རིང་ལ་ བཞེངས་པའི་པར་གཞི་ཕྱི་མོར་བགྱིས་ཏེ་བཞེངས་བར་བཤད། ད་ལྟར་པེ་ཅིང་པར་མར་གྲགས་པའི་བོད་ཀྱི་བཀའ་འགྱུར་ཞེས་པ་དེའོ།། དེའི་པར་ཤིང་སྤྱི་ལོ་༡༩༠༠་ལོར་མཉམ་འབྲེལ་རྒྱལ་ཁབ་བརྒྱད་ཀྱི་དྲག་པོའི་དཔུང་ གིས་སྲེག་ཟའི་ཕུང་བོར་གཏིམས་སོ།།
༼ རྭ་རྒྱའི་པར་མ༽ འདི་ནི་སྤྱི་ལོ་༡༨༡༤་ལོར་རྭ་རྒྱའི་དགོན་གྱི་གདན་ས་པ་ཤིང་བཟའ་ཧོ་ཐོག་ཐུ་སྐུ་ ཕྲེང་དང་པོ་བློ་བཟང་དར་རྒྱས་ཀྱིས་ཐུགས་ཁུར་དང་སྦྱིན་བདག་གནང་། སྡེ་དགེའི་མཚལ་དཔར་མ་ལ་ཕྱི་མོར་བཅོལ་ནས་པར་དུ་བཞེངས་པ་རྭ་རྒྱའི་པར་ཁང་ཆེན་མོར་བཞུགས་སུ་གསོལ་བ་ལ་ཪྭ་རྒྱའི་བཀའ་འགྱུར་ཟེར། ད་དུང་ཆབ་མདོའི་པར་དང་བླ་བྲང་པར་སོགས་ཡོད་པར་བཤད།
༼བརྙན་པར་སྐོར༽སྤྱི་ལོ་༡༩༣༠་ལོར་དུས་ཙ་ན་འཇར་པན་གྱིས་རྒྱ་ནག་ཡུལ་གྲུར་མང་པོར་བཙན་འཛུལ་བྱས་པ་དང་དུས་ཟིང་གི་གོ་སྐབས་དེ་ལ་བསྟུན་ཏེ་པེ་ཅིང་བོད་ཡིག་ པར་མའི་བཀའ་བསྟན་ཆ་ཚང་བ་གཅིག་ཕྱིར་དྲངས་ཤིང་བསྡུས་དཔར་དུ་བརྒྱབ་ཏེ་དེ་གའི་རྒྱལ་ས་ཏོན་ཅིན་དུ་བཞུགས་སུ་གསོལ། སྤྱི་ལོ་༡༩༥༥་ནས་༡༩༦༡་བར་འཇར་པན་ཏཱ་ཀུའུ་སློབ་གྲྭ་ཆེན་མོའི་བོད་ཀྱི་བཀའ་བསྟན་ཞིབ་འཇུག་ཚོགས་པས་གཙོ་འགན་བཞེས་ཏེ་རྩོམ་སྒྲིག་བྱས་ནས་པེ་ཅིང་གི་བཀའ་བསྟན་གཉིས་ཀ་བསྡུས་པར་དུ་བཏབ་ཅིང་། དེ་མཚུངས་ཀྱི་དཀར་ཆག་ཅིག་བསྒྲིགས་པ་བསྡོམས་པས་དེབ་བརྒྱ་དང་ང་གཅིག་བྱོན། པར་གཞི་དེའི་ཇུས་འགོད་དང་རྒྱབ་ཐུམ་གྱི་བཀོད་པ་ཧ་ཅང་མཛེས། མཚན་བྱང་གི་ཡི་གེ་གསེར་བྲིས་དང་དྲས་ཁ་ལ་གསེར་ཚོན་བྱུགས་པ། ངོ་རེ་ལ་བོད་དཔེ་ངོ་ལྔ་རེ་ཤོང་བ། ཡི་གེའི་འབྲུ་གསལ་ཞིང་དག་པས་ཀློག་པ་པོའི་ཡིད་དབང་འགུགས་པར་ནུས་སོ།།འཇར་པན་བརྙན་པར་དེ་ལས་རྒྱ་ནག་ཏུ་མི་ཉུང་བར་མཆེད་འདུག་སྟེ། དཔེར་ན་པེ་ཅིན་མི་རིགས་རིག་གནས་ཕོ་བྲང་དང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་། པེ་ཅིང་དཔེ་མཛོད་ཆེན་མོ་སོགས་སུ་བཞུགས་སོ།།
༼རྡོ་པར་སྐོར༽ རྡོ་ལ་བརྐོས་བའི་བཀའ་འགྱུར་ནི་མགོ་ལོག་ཁོངས་གནམ་ལྕགས་རི་འོད་འབར་ཏེ་དབུས་ གཙང་གཉིས་པར་གྲགས་པའི་ལྷ་ཁང་ཞིག་ཏུ་རྡོ་ལ་བཞེངས་པའི་བཀའ་བསྟན་མང་པོ་ཡོད་ རབས་འདུག དེ་བཞིན་སྟོང་ཇུ་མཁར་དགོན་སོགས་ལ་ཡོད་པ་རིག་གསར་དུས་སུ་ཤུལ་མེད་དུ་བཏང་བ་རེད།
བོད་ནང་ཐོག་མའི་བྱ་གཏོར་འབྱུང་སྟངས་ནི། གཞན་གྱིས་བསླབས་མི་དགོས་པར་རི་མཐོ་སར་བམ་རོ་སྲེག་བྱེད་ཤིང་དཀོན་པའི་ཐོག་བྱ་རྒོད་ལྟོག་པ་ཡོད་པ་དང་། དམའ་སར་ས་རྐོ་བྱེད་བེད་སྤྱད་པ་ལས། ཚང་མར་ཡོད་པའི་གྲི་སོགས་བེད་སྤྱད་ནས་ཆུར་བསྐྱུར་བ་ཡིན་དགོས། ཕྱིས་སུ་ཆོས་ཀྱི་སྦྱིན་གཏོང་ལ་བསྔོ་བ་ནི་དཔལ་དང་རྒྱན་དུ་གྱུར་རེད་སྙམ་ལགས།
ཐོན་མི་ཨ་ནུ་བུ་སམྦྷོཊས།
ཡུལ་མཐའ་འཁོབ་བོད་ཀྱི་རྒྱལ་ཁམས་འདིར། །
མི་མཁས་པ་སླེབ་པའི་སྔོན་མ་ཡིན། །
ང་མུན་པ་སེལ་བའི་སྒྲོན་མེ་ཡིན། །
རྗེ་རྒྱལ་པོ་ཉི་ཟླའི་ཚུལ་དུ་བཞུགས། །
གྲོགས་་བློན་པོའི་ཁྲོད་ན་ང་ཙམ་མེད། །
བོད་ཁ་བ་ཅན་པའི་མི་རྣམས་ལ། །
ང་ཐོན་མི་བཀའ་དྲིན་མི་ཆེའམ། །
༊ མཁྱེན་ལྡན་མཆོག་ལ།
གུས་པས་གསོལ་ལམ་འདི་ནི་ རང་རེའི་བོད་དབུ་མེད་ཀྱི་ཡིག་བཟོའི་མ་དཔེ་ཞིག་
ཅིས་ཀྱང་བསྐྱལ་ཏེ་བཀའ་དྲི་སྐྱོང་ཐུབ་མཛད། ཅེས་ལྷོ་མོན་འབྲུག་ནས་སྐལ་བཟང་གྲགས་པས་
ཕུལ།
བོད་ཀྱི་ཡིག་གཟུགས་ གང་ལ་དཔེ་བླང་ཚུལ་དཔེ་མི་སྲིད་ཡག་པ་བྲིས་ཤག་ ཐུགས་རྗེ་ཆེ།
རྣམ་པ་ཚོ་སུ་ཡིན་ཡང་ ང་ལ་ ཆོས་སྒོ་བ་ཚུལ་ཁྲིམས་བཟང་པོའི་ཆོས་འབྱུང་གི་ ཕྱག་དཔེ་ཞིག་ དཔེ་ཆ་ངོ་མ་དང་ དྲ་ཐོག་གང་ཡོད་གནང་ཐབས་ཞུ།