བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ༎
བླ་མ་ དང་ མགོན་པོ་ འཇམ་པའི་དབྱངས་ ལ་ ཕྱག་ འཚལ་ལོ༎
གནངས་ཉིན་ཏེ། རེས་གཟའ་སྤེན་པ་དང་། ཕྱི་ཚེས་ ༡༠ ཉིན་ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་དུ། བོད་ཡིག་གི་ཚེག་བར་ལ་བར་སྟོང་དགོས་སམ། ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་གི་འདུག གཏམ་བཤད་གནང་མཁན་གསུམ་ནས་སོ་སོའི་ལྟ་ཚུལ་མ་འདྲ་བའི་ཐོག་བགྲོ་གླེང་བྱེད་ཀྱི་འདུག
བསྟན་འཛིན་བདེ་སྐྱིད་ལགས་ནས་བོད་ཡིག་གི་ཚེག་བར་ལ་བར་སྟོང་འཇོག་དགོས་པའི་སྐོར། བླ་མ་པད་མ་དབང་གྲགས་ལགས་ནས་ཚེག་རིང་དང་ཚེག་ཐུང་གི་སྐོར། རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས་ནས་རྗོད་པ་ཐུང་དུ་གཏོང་དགོས་པའི་སྐོར་སོགས་བགྲོ་གླེང་བྱེད་རྒྱུ་ཡིན་པ་རེད།
ཐག་རིང་དུ་བཞུགས་མཁན་རྣམས་ཀྱིས། ཀུན་ཕན་ཐེབས་རྩ་ཚོགས་པའི་འབྲེལ་ཐག་བརྒྱུད་ཐད་ཀར་དྲ་ཐོག་ནས་ལྟ་ཉན་བྱེད་ཐུབ་ཀྱི་ཡོད་པ་མ་ཟད། དྲི་བ་དང་བསམ་ཚུལ་ཡང་དྲ་ཐོག་ནས་བསྐུར་ཆོག་པ་རེད་འདུག
འབྲེལ་ཐག་དེ།
http://www.trace.org/livestream.html
བརྗོད་གཞི། བོད་ཡིག་གི་ཚེག་བར་ལ་བར་སྟོང་དགོས་སམ།
ས་གནས། ལ་རྩེ་དཔེ་མཛོད་ཁང་།
དུས་ཚོད། གཟའ་སྤེན་པ། ཕྱི་དྲོའི་ཆུ་ཚོད་༣པ་ནས་༥བར།
ཁ་བྱང་གིས་བསྟན་པ་དང་དཔེར་བརྗོད་ཀྱིས་བསྟན་པ་གཉིས་ཁ་ཁ་རེད། ཚེག་བར་ལ་བར་སྟོང་དགོས་ན། དབྱིན་ཡིག་ལྟར་ཚེག་ཁྱིམ་རེ་རེར་བར་སྟོང་འཇོག་དགོས་ལ། དེ་ལྟར་ཡིན་ན། ཚེག་ཀྱང་མེད་ན་འགྲིག་པར་འདོད། གལ་སྲིད་ཚེག་བར་གྱི་བར་སྟོང་མིན་པར་མིང་དང་མིང་ཚིག ཕྲད། རྣམ་དབྱེ་ལ་སོགས་པ་ངོས་བཟུང་ནས་བར་སྟོང་འཇོག་དགོས་ན་དེ་ལྟར་གསལ་བོ་དག་པོ་ཞིག་བཟོས་ན་ཡག་གི་རེད།
ཁྱེད་རང་ཚོའི་བགྲོ་གླེང་གི་སྐོར་ལ་བསམ་ཚུལ་གཅིག་ཞུས་པ་ཡིན་ན། མིང་ཚིག་རེ་རེ་ལ་བར་སྟོང་འཇོག་དགོས་དང་མི་དགོས་ཀྱི་གནད་དོན་དེ་ནི། རྩོད་གླེང་ཆེན་པོ་གང་ཡང་མ་རེད། ཡིན་ནའང་། ད་ལྟ་བོད་མི་ཚོའི་བོད་ཡིག་ཤེས་ཚད་སྐྱོ་དྲག བོད་སྐད་ཀྱི་བྱང་ཆ་སྐྱོ་དྲག་པའི་རྟགས་མཚན་གཅིག་ལ། ད་ནི་རང་ངོས་ཀྱི་སྐྱོ་དྲག་པའི་གནད་དོན་དེ་ཚོ། བོད་ཡིག་འབྲི་སྟངས་ཀྱི་སྟེང་ནས། ཡང་ན། བོད་ཡིག་ཀློག་སྟངས་ཀྱི་སྟེང་ཞིག་ནས་སེལ་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད་པ་ཞིག་རེད། འདི་ཚོས་ཉིན་མ་གཅིག་ལ། ད་ལྟའི་ཡིག་གཟུགས་འདི་ཡག་པོ་མི་འདུག བེ་ལི་ཡིག་གཟུགས་ནས་བོད་ཀྱི་སྐད་བརྡ་སྦྱར་ན་ཡག་པོ་འདུག་ཟེར་བའི་ཉི་མ་ཞིག་འཆར་བ་ལ་ཐག་རིང་པོ་མ་རེད།
ངས་དཔེ་མཚོན་གཅིག་བཤད། ངའི་བུས་ངེད་ཕ་མ་གཉིས་ལ་བསམ་ཚུལ་ཁྱད་མཚར་པོ་ཞིག་བཏོན་པ་རེད། དེ་ནི་ངེད་རང་གཉིས་ནས་ནམ་རྒྱུན་བུ་ལ་སློབ་གསོ་རྒྱག་སྐབས། ནང་སྦྱོང་འབྲི་དུས། དང་པོ་དེར་བོད་ཡིག་འབྲི་དགོས་པ་རེད། དེ་སོ་སོའི་རིག་གཞུང་རེད། དེ་ནས་ཨང་རྩིས་དང་དབྱིན་ཡིག རི་མོ་སོགས་འབྲི་དགོས་རེད་ལབ་པའི་ལན་ལ། བོད་ཡིག་གི་ནང་སྦྱོང་དང་པོར་བྲིས་པ་ཡིན་ན། ང་ཉོབ་འགྲོ་གི་འདུག དེ་ལས་མ་ཉོབ་གོང་ལ་ནང་སྦྱོང་གཞན་པ་ཚོ་བྲིས། དེ་ནས་བོད་ཡིག་བྲིས་པ་ཡིན་ན་ཡག་པོ་ཡོང་གི་འདུག གང་ཡིན་ཟེར་ན། བོད་ཡིག་གི་ཡིག་གཟུགས་འདི་ཐོན་མི་སཾ་བྷོ་ཊས་དང་པོ་ནས་ཡག་པོ་ཞིག་བཟོས་མི་འདུག ཅ་སུན་པོ་ཞིག་བཟོས་འདུག འབྲི་དུས་སྐབས་ལ་མཚམས་མཚམས་ལ་སྒང་ནས་མར་འབྲི་དགོས་ཀྱི་འདུག མཚམས་མཚམས་ལ་གཡས་ནས་གཡོན་ལ་འབྲི་དགོས་ཀྱི་འདུག སྐོར་བ་མང་པོ་རྒྱག་དགོས་པ་ཞིག་བཟོས་འདུག་པ་འདི་ཡག་པོ་མ་རེད། དབྱིན་ཇིའི་ཡིག་གཟུགས་ནང་བཞིན་ཕར་ལ་མ་གཏོགས་འབྲི་མི་དགོས་པ་ཞིག་དང་། ཀློག་ནའང་སྐོར་བ་མང་པོ་རྒྱག་མི་དགོས་པ་ཞིག་བཟོས་ཡོད་པ་ཡིན་ན། མཐོང་དུས་ཀློག་དུས་ནས་ཉོབ་ཏོ་ཆགས་ཀི་མ་རེད་ཅེས་ཁོ་རང་གི་བསམ་ཚུལ་བཤད་ཡོང་གི་རེད།
བོད་ཡིག་གི་ཡིག་གཟུགས་འདི་ཡིག་གཟུགས་གཞན་ལ་བསྡུར་ནས་བལྟ་སྐབས། བོད་ཕྲུག་ཚོར་འདི་འདྲའི་ལྟ་སྟངས་ཀྱང་ཡོང་གི་ཡོད་པ་འདྲ། ཡང་དཔེར་ན། གོས་ལ་ལྷན་པ་བརྒྱབ། ཟོམ་པའི་ལྷམ་ཡུ་སྒྲོག གཡག་གི་རྩིད་པས་བཟོས། སྦྲ་ཡི་ཆོན་ཐག་ཆད། འདི་ལྟ་བུའི་རིགས་དེ། རྒྱ་གར་ནང་སྐྱེས་པའི་བོད་ཕྲུག་ཚོར་མཚོན་ན། འབྲེལ་འདྲིས་ཅི་ཡང་མེད་པ་ཡིན་སྟབས། ག་ཚད་འགྲེལ་བཤད་བརྒྱབ་ནའང་ངོ་འཕྲོད་པ་ཞིག་ཡོང་ཐབས་མེད། འདི་ནི་ང་ཚོའི་གནས་སྟངས་འདི་བོད་ཀྱི་ཁོར་ཡུག་དང་ཁ་བྲལ་ནས་ཡོད་པའི་རྐྱེན་གྱིས་རེད།
ད་ངས་བརྗོད་པ་རིང་ཐུང་གི་ཁྱད་པར་དང་དེ་ལ་དགེ་སྐྱོན་ཅི་ཡོད་སྐོར་ལ་ཞུས་ན། ཚིག་སྣ་ཇི་ཙམ་གྱིས་ཐུང་བ་ཡོད་ན། དེ་ཙམ་གྱིས་གོ་བ་ལེན་བདེ་བ་ཡོད་པ་ནི་གསལ་པོ་རེད། དེང་སང་གི་ཀློག་མཁན་ཚོས་ཀློག་ཁག་ཤོས་སུ་བརྩི་བ་གཅིག་ནི། རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་རང་རྣམ༼དུ་ཀུ་ལའི་གོས་བཟང༽རེད། དེའི་ཚིག་སྣའི་རིང་ཐུང་བཤད་ན། ཤོག་ངོས་ཕྱེད་ཀ་དང་། མཚམས་ལན་རེར་ཤོག་ངོས་གང་ཚགས་གཅིག་ལ་གཅོད་མཚམས་ཁྱོན་ནས་མེད་མཁན་དེ་འདྲའང་ཡོད་སྟབས། དེས་ཀློག་མཁན་ལ་ཐད་ཀར་བརྡ་སྟོན་གྱི་ཐད་ལ་སྐྱོན་ཆ་ཞིག་ཡོད་པ་གསལ་པོ་རེད།
བོད་ཡིག་ལ་བར་སྟོང་འཇོག་དགོས་པའི་བསམ་ཚུལ་འདི་ཚོ། ཐབས་ཤེས་ཡག་པོ་གང་ཡང་མ་རེད། བར་སྟོང་བཞག་པ་ཡིན་ནའང་། ད་དུང་ཡང་གཅོད་མཚམས་འཁྲུགས་འགྲོ་མཁན་ཡོང་གི་རེད། དེ་ནས་ང་ཚོའི་ཐབས་ཤེས་འདི་ཐབས་ཤེས་ཤིག་མིན་པ་ཧ་གོ་གི་རེད། མཐའ་མ་དེར། ད་བོད་ཡིག་མེད་ན་འགྲིས་ས་རེད། དོན་དག་ག་རེ་ཡིན་ནའང་ཡིག་ཐོག་ནས་འབྲི་སྐབས་དབྱིན་ཡིག་གིས་བྲིས་བཞག་ན་དེས་འགྲིག་ས་རེད་ཟེར་མཁན་ཞིག་ཀྱང་ཏན་ཏན་ཡོང་གི་རེད། འདི་བོད་ཡིག་གི་ཡིག་གཟུགས་ཀྱི་གནད་དོན་མ་རེད། བར་སྟོང་འཇོག་མི་འཇོག་གི་གནད་དོན་ཀྱང་མ་རེད། ཡིན་ངོ་མ། དེང་སང་ང་ཚོས། བོད་ཀྱི་རིག་གཞུང་དང་སྐད་ཡིག་ཉམས་ཀྱི་འདུག་ཅེས་ཤོད་ཀྱི་ཡོད་པ་འདི་ལ་ཐུག་ཡོད། དེའི་རྟགས་མཚན་གསལ་ཤོས་གཅིག་འདི་ཆགས་ཡོད་པ་རེད། ཡི་གེར་བར་སྟོང་ཞིག་བཞག་པ་ཡིན་ན། དེ་ནས་བོད་ཀྱི་ཡི་གེ་འདི་ཀུན་གྱིས་ཚེགས་མེད་དུ་མཁྱེན་རྒྱུ་ཞིག་ཡིན་ན། དེ་ལས་ལས་སླ་བ་ཞིག་གང་ན་ཡོད། ཡིན་ནའང་། དཀའ་ངལ་དེ་འདིའི་སྟེང་ན་ཡོད་པ་མ་རེད་ལ། འདི་ཐབས་ཤེས་ཤིག་ཀྱང་མ་རེད། ཁྱེད་རང་ཚོའི་བགྲོ་གླེང་དེ་རྒྱ་གར་གྱི་དུས་ཚོད་ག་པར་འཁེལ་གྱི་ཡོད་མེད་ལན་ཞིག་གནང་རོགས། དུས་ཚོད་སྟབས་འཁེལ་བ་ཡིན་ན། དྲ་ལམ་ནས་བསམ་ཚུལ་འདོན་ཆོག་གི་རེད་པཱ། བརྗོད་གཞི་འདི་ཁྱད་མཚར་པོ་ཞིག་འདུག་སྟབས། བསམ་ཚུལ་་ཞིག་འདོན་རྩིས་ཡིན།
བྱ་བྱིས་ཆུང་ཆུང་གི་ཁ་ལ་ཉན་ནས་ལས་ཀ་མེད་སར་ལས་ཀ་བཙལ་གོ་ག
བོད་ཡིག་ལ་ཕན་ནས་དོན་ཆེན་ཞིག་ཡིན་ན་ད་རྒྱབ་སྐྱོར་ཞུ་དང་ཞུ།
ཁྱེད་ཚོའི་བསམ་ཚུལ་འདི་ནི་དཀའ་གནད་ངོས་འཛིན་མ་ཐུབ་པའི་མུན་ནག་མདའ་འཕེན་རང་རེད་ཟེར་ཤོད་གི་ཡིན། དཔེར་ན། མཚན་ནག་གུང་ལ་ཚ་བ་འཕར་པ་ནང་བཞིན་རེད་ཟེར་ཞུ་གི་ཡིན། ན་ཟུག་གང་ནས་གཏོང་བ་མ་ཤེས་ནས་ཚོད་ཚོད་ལ་འཕག་འཚག་རྒྱབ་པ་ལྟ་བུ་རང་རེད།
ལྟོས་དང་། གསལ་བསྒྲགས་ཁ་བྱང་ལ་ཚེག་བར་བར་སྟོང་དགོས་སམ་ཞེས་བྲིས་ཡོད་ན་ཡང་།
དཔེ་བརྗོད་དུ་ཚེག་བར་ཚིག་བར་མིང་བར་ཡོངས་རྫོགས་ལ་བར་སྟོང་བཞག་ཏེ་ཆ་རེ་ཆོ་རེ་ཞིག་གི་བཏང་ནས་བཞག་འདུག་ག
ད་དུང་མགོ་ཉོག་ཚ་བོ་རྗེས་ལ་ཡོད་རེད། ཁྱེད་ཚོས་ཚེག་བར་བར་སྟོང་འཇོག་ས་བོད་ཡིག་དབུ་ཅན་གཅིག་བུ་རེད་པས། ཡང་ན། དབུ་ཅན་དབུ་མེད་གཉིས་ཀ་རེད། གལ་སྲིད་དབུ་མེད་ལ་བར་སྟོང་འཇོག་ནས་བྲིས་ན། དེ་ནས་ལྟད་མོ་ཡོད་རེད། བར་སྟོང་བཞག་ནས་ཁྱུག་ཡིག་ཅིག་བྲིས་དང་། ཚེག་དང་ཡི་གེ་སྔ་ཕྱི་མང་པོ་ཞིག་འབྲེལ་ནས་ཡོད་པ་རེད། ཧཧཧ དངོས་ནས་ལས་ཀ་མེད་པའི་ལས་ཚེགས་རང་རེད།
དེ་ལས་ཁྱེད་ཚོས་ བྱིས་མོ་ཆུང་ཆུང་དེར་གཞས་ཤིག་བཏང་ནས་ཁ་ལ་ཤིག་ཡིས་ན་བཟང་གི་རེད།
ཡོ་ཡོ་ཡོ།
ཡོ་ཡོ་ཡོ།
གཉིད་གོ་ཤིས།
བྱིས་མོ་མ་ངུ་ཁ་རོགས་སྡོད།
གནམ་གི་སྐར་མ་འཛིན་ན་སྟེར།
རྟ་གཞིས་སྒ་གཞིས་གཏོད་ར་བསྟེར།
ཡོ་ཡོ་ཡོ།
ཡོ་ཡོ་ཡོ།
གཉིད་གོ་ཤིས།
བྱིས་མོ་མ་ངུ་ཁ་རོགས་སྡོད།
ཡི་གེར་ཚེག་བར་འཇོག་ནས་སྟེར།
ཀི་ཀུ་ཞབས་གྱུ་སྤང་ནས་སྟེར།
ཡོ་ཡོ་ཡོ།
ཡོ་ཡོ་ཡོ།
གཉིད་གོ་ཤིས།
བྱིས་མོ་མ་ངུ་ཁ་རོགས་སྡོད།
ར་མགོ་ལ་མགོ་བཏོག་ནས་སྟེར།
ར་བཏགས་ཡ་བཏགས་གཡུག་ནས་སྟེར།
ཡོ་ཡོ་ཡོ།
ཡོ་ཡོ་ཡོ།
གཉིད་གོ་ཤིས།
བྱིས་མོ་མ་ངུ་ཁ་རོགས་སྡོད།
བོད་ཡིག་གི་ནང་བསྟན་པའི་ཚེག་ནི། ཡི་གེ་དང་ཡི་གེ་བར། སྒྲ་ཚིགས་དང་སྒྲ་ཚིགས་བར་ཁྱད་པར་འབྱེད་བྱེད་ཀྱི་མཚོན་རྟགས་ཤིག་རེད། གལ་སྲིད་ཚེག་བར་ལ་བར་སྟོང་བཞག་ཚེ་ཚེག་གི་ནུས་པ་རང་བཞིན་གྱིས་མེད་པར་དུ་བཏང་བ་རེད། བོད་ཀྱི་མེས་པོ་རྣམ་གྱིས་གསུངས་བ་ལྟར་ན་ཚེག་ནི་ཡི་གེ་ཡི་སྲོག་ཡིན་པར་ཡང་བཤད་ཀྱིན་ཡོད་པ་རེད། གལ་སྲིད་སྲོག་མེད་པར་བཏང་བ་ཡིན་ན་ག་འདྲ་ཆགས་ཀྱི་རེད།
ཚེག་བར་གྱི་བར་སྟོང་དང་། ཚིག་གི་གཅོད་མཚམས་ཀྱི་བར་སྟོང་གཉིས་ལ་ཁྱད་པར་ཆེན་པོ་ཡོད་པ་འདྲ། ངའི་བསམ་ཚུལ་ནོར་མེད་ན། བོད་ཡིག་གི་ཚིག་གི་གཅོད་མཚམས་ཀྱི་ཐད་ནས་ཇི་ཙམ་ཐུང་ན་དེ་ཙམ་ཡག་པོ་འདུག་བསམ་གྱིན་ཡོད།
འདི་ནི་ཕྱི་སྡོད་གཞོན་སྐྱེས་ཚོར་འཕྲད་པའི་དཀའ་ངལ་ཞིག་ཏག་ཏག་ཡིན་ས་རེད། ཡིན་ནའང་། དཀའ་ངལ་དེར་གདོང་ལེན་མ་བྱས་པར། དཀའ་ངལ་དེའི་འོག་ཏུ་འཛུལ་བ་ཡིན་ན། ནམ་ཞིག་དཀའ་ངལ་མང་བོ་ཞིག་གིས་རང་ཉིད་ཀྱང་མེད་བརླག་ཏུ་གཏོང་སྲིད་པས། དེ་དོན་དགོངས་འཇགས་ཡོང་བར་ཞུ།
བོད་ཡིག་ལ་འགྱུར་བ་གཏོང་དགོས་ན་ཡི་གེ་ཤེས་མཁན་དག་གིས་བཅོས་དགོས་ནི་རེད། རང་གི་འཕྲིན་ཡིག་འབྲི་བ་ཨ་ཕ་ལ་ལྟོས་པ་དགོས་པ་ཞིག་གི་ངོ་ལ་བལྟས་ནས་བོད་ཀྱི་ཡི་གེ་འདི་འཐེད་ཚལ་སྦར་ཚལ་མ་བཟོ་རོགས། སྐུ་མཁྱེན།
བར་སྟོང་དགོས་བ་ནི་རང་ཉིད་དབྱིན་ཡིག་གམ་དང་ནུབ་ཕྱོགས་ཡིག་རིགས་ལ་རང་ཡིག་ལས་གོམས་ཆ་ཆེ་བའི་རྟགས་ཡིན་པ་སེམས། བོད་ཡིག་ལ་ཚག་ཡོད་པས་བར་སྟོང་དགོས་དོན་མེད་ལ། ཕྱོགས་གཞན་ནས་ཤོག་གུ་འཕྲོ་བརླགས་བཏང་བའི་རྒྱུ་ལས་མ་འདས། ང་ཐོག་མར་དབྱིན་སྦྱངས་སྐབས་ཀྱི་དཀའ་ངལ་གཅིག་ནི་དབྱིན་ཡིག་ལ་བོད་ཡིག་ལྟར་ཚག་མེད་ཅིང་ཁ་ཐོར་དུ་སྡད་པས། ཁ་ཐུག་གིས་ཀློག་མི་ཐུབ་པའི་འཚོར་བ་སྟེར་ཡང་གོམས་ཚར་རྗེས་དཀའ་ངལ་དེ་རང་ཤུགས་ཀྱིས་ཡལ། གལ་སྲིད་བོད་བར་དུ་ཚག་དགོས་ན་ཐའ་ལེན་ཌ་དང་རྒྱ་ཡིག་སོགས་ལ་དགོས། བོད་ཡིག་ཡག་པོ་མི་ཤེས་མཁན་གྱིས་བོད་སྐད་ལ་སྒྱུར་བཅོས་བཏང་བ་བློ་ཕམ་ཡོད། སྐད་གང་ཞིག་ལ་ཤེས་ཚད་ཡག་པོ་མེད་པའི་མི་དེས་དུས་རྒྱུན་སྐད་ཡིག་དེ་ལ་ངོ་རྒོལ་བྱེད་པ་ཆོས་ཉིད། རྒྱུ་མཚན་ནི། ང་སྡོད་སུ་གནས་འདི་མི་གཉིས་ཀྱི་འཇར་མན་སྦྱང་གི་ཡོད་ཀྱང་། ཁོང་གཉིས་འཇར་མན་ལ་དོགས་སྣང་མེད་པས་ཧུར་བརྩོན་གྱིས་མི་སྦྱངསབར་་དུས་རྒྱུན་འཇར་མན་གྱི་སུམ་རྟགས་ནི་རིག་པའི་གཞུང་ལུགས་གང་དང་མི་མཐུན་ཚུལ་དང་དགོས་མེད་ཀྱི་འགྲོ་ཕྱོགས་མང་པོའི་ཡོད་ཚུལ་གྱི་སྐྱོན་བརྗོད་བྱེད་ཀྱི་འདུག དེ་བཞིན་ཆེ་ཁུ་སྐད་སྦྱང་མཁན་གྱི་གསར་སློབ་དག་གིས་ལོ་གཅིག་གཉིས་རིང་དུ་ཆེ་ཁའི་སུམ་རྟགས་རྒྱུ་མཚན་གང་དང་མཐུན་པའི་དགག་པ་རྒྱགས་ཤིང་དེ་ལས་སླ་རུ་བཏང་རྒྱུའི་འདོད་ཚུལ་ཡོད་པ་སོགས་བདག་གི་མྱོང་པ་ངོས་ཡིན། འོན་ཀྱང་ཁོང་ཚོ་སྐད་ཡིག་དེ་གོམས་ཤིང་ཡག་པོ་ཤེས་སྐབས་གཞི་ནས་སྐྱོན་བརྗོད་དེ་མེད་གྱུར་ཞིང་དགའ་པོ་བྱེད་ཀྱིན་འདུག
བཙལ་བྱོལ་ནང་གི་བོད་པའི་གཞོན་སྐྱེས་བོད་ཡིག་ཀློག་མི་ཤེས་པའི་དཀའ་ངལ་དེ་རྒྱུན་དུ་ནས་རང་གི་བོད་ཡིག་ལ་དགའ་ཞེན་དང་དོ་སྣང་སྦྱང་བརྩོན་འཁུར་ལེན་མ་བྱས་པ་དེའི་རྐྱེན་གྱི་རེད་ བོད་ཡིག་བྲི་ཀློག་ཁག་པོ་ཡོད་ན་དེ་ཤེས་ཐུབ་རྒྱུར་རྙིང་རུས་སྐྱེས་ཏེ་འབད་བརྩོན་བྱེད་དགོས་པ་ལས་ བོད་ཡིག་འགྲོ་སྟང་ངོ་མ་དེ་སྦྱང་མི་དགོས་པའི་ཐབས་ཤེས་སུ་ ཚེག་བར་ལ་བར་སྟོང་འཇོག་པ་སོགས་བསྒྱུར་བཅོས་འདྲ་མིན་འདྲ་བཏང་ན་ རང་རེའི་ཕ་མེས་དུས་ནས་ཡོད་པའི་ཚད་ལྡན་གྱི་སྐད་ཡིག་འདིར་དོན་མེད་ཀྱི་དཀའ་ངལ་གསར་པ་ཞིག་བཟོ་བ་དང་མར་རྒྱས་ཀྱི་གཡང་སའི་ཕྱོགས་སུ་འགྲོ་ཉེན་རེད་
བར་སྟོང་ཟེར་བ་དེ་འཟོག་དགོས་དོན་རྩ་བ་ནས་མིན་འདུག་ ཐུགས་རྗེ་གཟིགས་ ད་ལྟ་ཚད་ལྡན་གྱི་བོད་ཡིག་ཞིག་ཡོད་བཞིན་པ་འདིར་སྟོར་ཤིག་གཏོང་འགོ་མ་རྩམས་རོགས་།
ཨ་ནུ་ཐང་བསོད་ནམས་ལགས་ཀྱིས། ” ཁོང་གཉིས་འཇར་མན་ལ་དོགས་སྣང་མེད་པས་ཧུར་བརྩོན་གྱིས་མི་སྦྱངསབར་་དུས་རྒྱུན་འཇར་མན་གྱི་སུམ་རྟགས་ནི་རིག་པའི་གཞུང་ལུགས་གང་དང་མི་མཐུན་ཚུལ་དང་དགོས་མེད་ཀྱི་འགྲོ་ཕྱོགས་མང་པོའི་ཡོད་ཚུལ་གྱི་སྐྱོན་བརྗོད་བྱེད་ཀྱི་འདུག དེ་བཞིན་ཆེ་ཁུ་སྐད་སྦྱང་མཁན་གྱི་གསར་སློབ་དག་གིས་ལོ་གཅིག་གཉིས་རིང་དུ་ཆེ་ཁའི་སུམ་རྟགས་རྒྱུ་མཚན་གང་དང་མཐུན་པའི་དགག་པ་རྒྱགས་ཤིང་དེ་ལས་སླ་རུ་བཏང་རྒྱུའི་འདོད་ཚུལ་ཡོད་པ་སོགས་བདག་གི་མྱོང་པ་ངོས་ཡིན། “ཅེས་བཤད་འདུག
ངས་བྱས་ན་སུམ་རྟགས་ཞེས་པ་དེ་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་ཤིག་རེད་བསམ་གྱི་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་འཇར་མན་གྱི་བརྡ་སྤྲོད་པའི་གཞུང་ཟེར་བརྗོད་དགོས་པ་ལས་སུམ་རྟགས་ཞེས་བརྗོད་ན་ནོར་བར་སེམས།
འཇར་མན་གྱི་སུམ་རྟགས་དང་ཆེ་ཁུའི་སུམ་རྟགས་སོགས་བརྗོད་པ་ནི་རྒྱ་གར་གྱི་ཟིན་བྲིས་དང་རྒྱ་ནག་གི་ཟིན་བྲིས་སོགས་ལ་རྒྱ་གར་གྱི་ཁ་བརྡ་དང་རྒྱ་ནག་གི་ཁ་བརྡ་སོགས་བརྗོད་པ་དང་སྒོ་ནས་ཀུན་ནས་མཚུངས་སོ་ཞེས་ཀྱང་བརྗོད་དོ། དེས་ན་གཟབ་དགོས་པར་འདུག་གོ
ད་བོད་ཡིག་འདི་དགོས་དོན་མེད་པའི་གཡུག་ཞོག དབྱིན་ཡིག་ཡག་པོ་ཞིག་སྦྱོངས་དང་། དེ་འཛམ་གླིང་ཡོངས་ལ་ཁྱབ་པའི་ཡིག་རིགས་གཅིག་པུ་ཡིན། བོད་ཡིག་འདིས་ཅི་ཞིག་བྱེད། ཐ་ན་སྙན་ཞུ་ཞིག་འབྲི་བྱེད་ཙམ་ཡང་མི་ནུས། དེ་བས་གཡུག་ན་ཡག་ཤོས་རེད། ཧཧཧཧ
གོང་གི་བྱིས་གཉིད་དེ་ངོ་མ་སྙན་མོ་ཞིག་འདུག
ངོ་མ་དོན་དག་མེད་ས་ན་དོན་དག་ཅིག་བཙལ་བཞིན་འདུག བོད་ཡིག་ཅིག་དགོ་དོན་མེད་གི་མོ། འཛམ་གླིང་ན་འདི་འདྲའི་ཡིག་རིགས་མང་པོ་ཞིག་འདུག ད་དུང་བོད་པ་ཚང་ར་མེད་ན་འགྲིག་གི སའི་གོ་ལ་འདིའི་སྟེང་འདི་འདྲའི་རྒྱལ་ཁབ་མང་པོ་ཞིག་འདུག ངོ་མ་གནས་ལུགས་བཤད་ན་དེ་ལྟར་ཡིན་པ་འདྲ། ཧཧཧཧ
གོང་གི་བྱིས་གླུ་གཉིད་པའི་གླུ་དེ་ངས་ཅིག་ལེན་ན་འདོད་གི་ར། སྐད་སྙན་མོ་ཞིག་མེད་པས་་་་་
ཡ་ང། ཁ་བྱང་ནས་འཁྲུགས་ཚར་འདུག
འོ་ན་འགྲིག་གི་རེད།
བསྟན་འཛིན་བདེ་སྐྱིད་ཀྱིས་ཀློག་དཀའ་བའི་དེབ་གང་རུང་ཞིག་བར་སྟོང་བཞག་ནས་ཚོད་བལྟ་ཅིག་བྱེད་ཆོག་གི་རེད།
གལ་སྲིད་ཚེག་བར་བར་སྟོང་བཞག་པའི་དེབ་དེ་བསྟན་འཛིན་བདེ་སྐྱིད་ཀྱིས་དཀའ་ཚེགས་གང་ཡང་མེད་པར་ཤར་ཀློག་ཐུབ་གི་ཡོད་ན་ནི་གོར་བསྡུར་བྱེད་ཀྱང་གནད་འགག་མི་འདུག་སྙམ།
འོན་ཀྱང་ས་གནས་གཞན་མང་པོ་ཞིག་གི་གཞོན་སྐྱེ་བརྒྱ་སྐོར་ཞིག་ལ་ཡང་ལྟ་ཚོད་བལྟས་ཆོག་གི་རེད།
སང་ཉིན་ཕྱི་དྲོ་ཆུ་ཚོད་གསུམ་པར་ཨ་རིའི་ནེའུ་ཡོག་ལ་ཡོད་པའི་ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་དུ་སྤེལ་རྒྱུའི་བགྲོ་གླེང་འདི་རྒྱ་གར་གྱི་གཟའ་ཉི་མའི་ཞོགས་ཀའི་ཆུ་ཚོད་བཅུ་གཉིས་དང་ཕྱེད་ཀ་དག་དག་ལ་འཁེལ་གྱི་འདུག་་་བགྲོ་གླེང་གི་དྲ་ངོས་རང་ནས་གནས་སྐབས་སུ་བོད་ཡིག་གི་དྲི་བ་ལེན་ཐུབ་ཀྱི་མི་འདུག་སྟབས།་་་བོད་ཡིག་གི་དྲི་བ་དང་དགོངས་འཆར་རྣམས་info@latse.org འདིའི་ཐོག་ལ་གཏོང་རྒྱུ་དགོངས་འཇགས་འཚལ།
བར་སྟོང་མ་བཞག་ན་ཀློག་མི་ཐུབ་པའི་དཀའ་ངལ་དེ་ནེའུ་ཡོག་གི་བྱིས་པ་ཚོའི་དཀའ་ངལ་ཞིག་ལས་ས་གནས་གཞན་གྱི་བྱིས་པ་ཚོ་ལ་མི་འདུག་ལགས།
ནེའུ་ཡོག་གི་བྱིས་པ་གཅིག་གཉིས་ཞིག་གི་ཆེད་དུ་བོད་ཡིག་གི་འགྲོ་སྟངས་ལ་འགྱུར་བ་གཏོང་རྒྱུ་འེ།། འདི་ཡང་སུས་འཕྲུལ་ཡིན་ན་གང་ཤེས།
ཨ་རོ། ངའི་ས་གནས་དེ་ས་གནས་ལ་མི་བརྩི་ན་མ་གཏོགས་ང་ཡོད་ས་འདིའི་བྱིས་པ་ཚོ་ཕར་ཞོག་རྒན་རྒོན་ཡིག་རྩ་ཡག་པོ་མེད་པ་ཚོར་ཡང་ཡི་གེའི་གཅོད་མཚམས་མ་ཤེས་པའི་དཀའ་ངལ་འདི་འདུག
ད་མི་ཤེས། ཡུམ་དུམ་པ། ཁ་སྔོན་ཞིག་ལ་བོད་སྐད་ཀྱང་ཡག་པོ་ཞིག་ཤེས་ལ་མི་ཤེས་ཀྱི་བུ་མོ་ཞིག་གིས་བོད་ཡིག་ལ་བར་་སྟོང་དགོས་ལུགས་ཀྱི་སྐད་ཆ་ཞིག་བཤད་པ་དེར། ད་ཆ་མི་མང་པོ་ཞིག་གིས་འུར་ཞོགས་མཉམ་ལངས་བྱེད་ཀྱིན་པ་འདི་ཁྱད་མཚར་རེད། རང་ངོས་ནས་སློབ་སྦྱོང་གང་ཡང་མ་བྱེད་པར་རང་ཤུགས་ཀྱིས་ཤེས་འགྲོ་བའི་སྐད་ཡིག་ཅིག་གང་ན་ཡོད་དམ། སྡོད་ས་ཕྱི་ཡུལ་བགྱིས། སློབ་གཞི་དབྱིན་སྐད་བྱས་ནས་སྡོད་མཁན་ཞིག་ལ་བོད་ཡིག་ཀློག་མི་ཤེས་པའི་དཀའ་ངལ་ཡོད་དགོས་ངེས་རེད། རང་རང་གི་ཞབས་འདྲེན་་་རྒྱན་དུ་རློམ་མཁན་ཚོས་ད་དུང་་་བོད་ཡིག་དེ་ཀློག་ཁག་པོ་འདུག་་་ ཟེར་ནས་རླིག་ངོ་མི་ལ་སྟོན་རྒྱུར་ངོ་ཚ་གི་མི་འདུག་མོད། དེའི་རྗེས་སུ་རྒྱུགས་མཁན་ཚོར་ཡང་སྙིང་ག་རེ་མ་འགྲིག་པ་ཡིན་ན་སུས་ཤེས།
བོད་ཡིག་ལ་བར་སྟོང་དགོས་རེད་ཟེར་བ་ནི་རང་ཉིད་གཙོས་པའི་བོད་ཡིག་ལ་བྱང་ཆ་མེད་པའི་སྐྱོན་ལས་ཡིག་གཟུགས་ཀྱི་སྐྱོན་མ་རེད།
བསྟན་འཛིན་བདེ་སྐྱིད་ལགས་ནས་བོད་ཡིག་གི་ཚེག་བར་ལ་བར་སྟོང་འཇོག་དགོས་པའི་སྐོར། བླ་མ་པད་མ་དབང་གྲགས་ལགས་ནས་ཚེག་རིང་དང་ཚེག་ཐུང་གི་སྐོར། རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས་ནས་རྗོད་པ་ཐུང་དུ་གཏོང་དགོས་པའི་སྐོར་སོགས་བཤོད་ཀྱི་ཡོད་ན་ ….བར་སྟོང་འཇོག་མི་དགོས་པའི་སྐོར་ལ་སུའི་བཤད་ཀྱི་རེད་??? དྲ་ངོས་འདི་ནང་གོང་གི་བསམ་ཚུལ་མང་ཆེ་བས་བར་སྟོང་མི་དགོས་པའི་བསམ་ཚུལ་རེད་འདུག་ འོན་ཀྱང་བགྲོ་གླེང་བྱེད་མི་ཚོས་བརྠོད་གཞི་ལ་བལྟ་སྐབས་བར་སྟོང་འཇོག་མི་དགོས་པའི་སྐོར་ལ་བཤོད་ཁན་མེད་པ་དེས་ ཕལ་ཆེར་བསྟན་འཛིན་བདེ་སྐྱིད་ཀྱི་བསམ་ཚུལ་ཁྱབས་་སྤེལ་དང་བོད་ཡིག་ལ་བར་སྟོང་འཇོག་དགོས་པ་བཟོ་བའི་ཆེད་བགྲོ་གླེང་ཡིན་པ་འདྲ་ འོ་ད་ཡིན་ན་ བོད་ཡིག་ཀློག་སྟང་དེ་ཤར་ཤར་མུ་མཐུད་ནས་ཀློག་མི་ཐུབ་པར་ཀློག་ཙམ་ཀློག་ཙམ་རྗེས་བཀག་ཙམ་བཀག་ཙམ་བྱེད་དགོས་པ་ དབུགས་བསགས་ནད་པའི་སྐད་ཆ་བཤོད་སྟང་ནང་བཞིན་བཟོ་རྒྱུ་ཡིན་པ་འདྲ་ ད་བར་རྒྱ་མིར་བོད་ཀྱི་རིག་གཞུང་སྟོར་ཤིག་གཏོང་གི་འདུག་ཞེས་ངོ་བརྒོལ་བྱེད་ཀྱི་ཡོད་ ད་ཡིན་ན་བོད་པ་རང་ཉིད་ནས་ཚད་ལྡན་ཡོད་བཞིན་པའི་བོད་ཡིག་བྲི་ཀློག་དེ་དག་ལ་སྦྱང་བརྩོན་གྱིས་ཤེས་ཐབས་དང་གོམ་ཐབས་བྱེད་རྒྱུའི་ཚབ་དུ་ བོད་ཡིག་རང་ལ་བཟོ་བཅོས་གང་བྱུང་གིས་སྟོར་ཤིག་རང་གི་གཏོང་བར་རྒྱ་མིར་ངོ་རྒོལ་དང་སྐྱོན་བརྗོད་བྱེད་རྒྱུ་བསྡད་མིན་འདུག་།
མདོ་ལྷ་ཁམས་པ་ལགས་ཀྱི་བྱི་བའི་གཉིད་གླུ་དེ་ངོ་ནས་སྙན་པོ་འདུག་།
ཨ་ཁུ་དམུ་དགེ་ཚང་གི་སློབ་ཁྲིད་ཞིག་གིས་སྐབས་འདི་ལྟར་གསུང་འདུག། “སྔོན་ཆད་རིགས་གནས་གསར་བརྠེ་སྐབས་། བོད་ཡིག་ཀྱང་སྐྱོན་ལ་འཐོག་ནས་། མགོ་ཞྭ་སྐོན་། མགོ་ནས་དབུ་འཁྱྭད་བཅད། རྗེས་ནས་ཤད་བཅད་། གི་ཀྱི་གྱི་འུ་ཡི་ལྔ་བོ་ནང་ནས་། གི་གཅིག་པོ་བཞག། ན་ལ་གཉིས་གི་ནང་ནས་ལ་བཞག་། དེ་མོ་བྱས་ནི་རེད་། ང་ཚོ་ཕ་ཡུལ་ནས་རྟོག་ཟོག་དེ་ཚོ་ཞིང་ཁ་ནང་ལ་སོང་ན་དེ་ནས་ཞིང་བདག་ིས་རྔོག་མ་བཅད་། རྔ་མ་བཏུབ་པར་བྱེད་པ་དེ་འདྲ་བོ་རེད་། དེ་འདྲ་བྱེད་ན་མི་བཟང་ཤད་ཞིག་ཡིན་ཀྱང་ང་ཚོའི་བོད་ཡིག་གི་ཁྱད་ཆས་རེད་” གསུང་བ་དེ་དྲན་སོང་།
ཨ་་་་
ལོ་ལོ་མ་ངུ་གཉིད་ལ་བསྡོད་།
གཉིད་ལ་བསྡོད་དང་རྟ་ཞིག་སྟེར་
རྟ་ཡི་ཁ་རྔོག་གཅོད་ལ་སྟེར་། ཧ ཧ ཧ
གཡུ་འབྲུག་དཀར་པོ་ལགས། ཁྱེད་ཀྱིས་ནོར་བཅོས་བཏང་བ་ཐུགས་རྗེ་ཆེ། སྐུ་ཉིད་ཀྱིས་གསུངས་བ་ནི་ངོས་གནས་རེད། བོད་ཡིག་ལ་སུམ་རྟགས་ཞེས་བ་བརྡ་སྤྲོད་པ་གོ་ཡང་། འཇན་མན་ལ་དེ་ལྟར་ཟེར་མི་རུང་སྟེ། ཁོང་ཚོའི་སུམ་རྟགས་ལ་ཤོ་ལོ་ཀ་སུམ་བཅུ་མེད་པས་སོ། བདེན་པ་རེད། བརྡ་སྤྲོད་བསྟན་བཅོས་ཟེར་ན་ལེགས་པོ་འདུག ང་ཚོའི་དགོས་མེད་ཚག་བར་རྩོད་པ་རྒྱག་པ་ལས་བོད་ཀྱི་གྲྭ་འབོར་ཉུང་དུ་བཏང་རྒྱུ་སྐོར་ལ་གཞུང་དང་སྒེར། ཚོགས་པ་གང་རུང་གིས་སྣེ་ཁྲིད་དེ་བསམ་གཞིགས་བྱེད་རྒྱུ་གལ་ཆེ། དེ་ལྟར་མིན་ན་བོད་ཀྱི་མི་འབོར་ཤོག་གུ་སྣུམ་ཟས་ལྟར་དགེ་འདུན་པས་ས་ཟ་བཞིན་ཡོད་པས། མི་མེད་ན་བོད་ཡིག་གི་དོ་བདག་མེད་ལ། ཚག་ཡོད་མེད་ཀྱི་རྩོད་པ་རྒྱག་དགོས་དོན་མེད། པདྨ་འབུམ་གྱིས་སྔོན་ཆད་མི་རབས་གསར་བའི་སྙིང་ཁམས་ཀྱི་འཕར་ལྡིང་བྲིས་ནས་གཞོན་ནུ་མང་པོ་ཞིག་ལ་བློ་བསྐྱེད་སྦྱིན་ཡང་། ད་ལྟ་ཚག་དགོས་མེད་ཀྱི་སྐོར་དུ་ལྷག་པ་ནི་བློ་ཕམ་གྱི་གནས་ཤིག་རེད།
ནོར་བཅོས། ཁོང་ཚོའི་བརྡ་སྤྲོད་པ་ཀ་ལུ་སུམ་ཅུའམ་ཤོ་ལོ་ཀ་སུམ་མེད་པས་སུམ་རྟགས་ཟེར་མི་རུང་བ་ནི་བདེན་པ་རེད།
གཡུ་འབྲུག་ལགས། འོན་ཀྱང་ངས་སུམ་རྟགས་ཞེས་བྲིས་བར་ཁྱེད་ཀྱིས་གསུངས་བ་བཞིན་རྒྱུ་མཚན་གཏན་ནས་མེད་པ་མིན། ཡིད་མི་ཆེས་ན་བཀྲ་ཤིས་ཚེ་རིང་གིས་བརྩམས་པའི་དབྱིན་བོད་རྒྱ་གསུམ་གྱི་ཚིག་མཛོད་ཆེན་མོའི་སྒང་ནས་བརྩིས་བའི་ཤོག་གྲངས ༤༡༡ ཐིག་ཤར་གསུམ་པ་གཟིགས་དང་། ཁོང་གིས grammar ཞེས་བ་བརྡ་སྤྲོད་པ་དང་སུམ་རྟགས་གཉིས་ཀ་སྒྱུར་འདུག རྒྱུ་མཚན་ནི་བོད་སྐད་དུ་སུམ་རྟགས་ཟེར་དུས་དོན་གྱིས་བརྡ་སྤྲོད་པར་གོ་བ་ལས་གཞན་གང་ཡང་གོ་བས་རེད། ཁྱེད་ཀྱིས་ཐུགས་འདོད་བཞིན་ཡོད་ཚད་སྒྲ་སྒྱུར་ཁོ་ན་བྱེད་མི་དགོས་ཏེ། སྐད་སྒྱུར་ལ་སྒྲ་སྒྱུར་དང་དོན་སྒྱུར་གཉིས་ཡོད་པས་རེད་ལ། དོན་སྒྱུར་ནི་སྒྲ་སྒྱུར་ལས་གལ་ཆེ་བ་ཡིག་སྒྱུར་མཁན་པོ་དག་གིས་འདོད་ཀྱིན་ཡོད།
བོད་ཀྱི་བརྡ་སྤྲོད་པ་སུམ་རྟགས་ཟེར་དགོས་ནི། ཀ་ལུ་སུམ་ཅུའི་སྦྱོར་རྒྱ་ཆེན་སྟོན་པའམ་ཤོ་ལོ་ཀ་སུམ་དེ་ཀ་རང་དུ་རྫོགས་པས་ན་སུམ་ཅུ་པ་དང་། ཡི་གེ་ཕོ་མོ་མ་ནིང་གི་རྟགས་ཀྱི་དབྱེ་བ་གསལ་བོ་སྟོན་པས་ན་རྟགས་འཇུག དེ་གཉིས་ཟུང་དུ་སྤྲེལ་བའི་བསྡུས་མིང་ལ་སུམ་རྟགས་ཟེར་བ་ལས། ཉིད་ཀྱིས་བགྲང་བའི་རྒྱུ་མཚན་ཏེ “ངས་བྱས་ན་སུམ་རྟགས་ཞེས་པ་དེ་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་ཤིག་རེད་བསམ་གྱི་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་འཇར་མན་གྱི་བརྡ་སྤྲོད་པའི་གཞུང་ཟེར་བརྗོད་དགོས་པ་ལས་སུམ་རྟགས་ཞེས་བརྗོད་ན་ནོར་བར་སེམས།
འཇར་མན་གྱི་སུམ་རྟགས་དང་ཆེ་ཁུའི་སུམ་རྟགས་སོགས་བརྗོད་པ་ནི་རྒྱ་གར་གྱི་ཟིན་བྲིས་དང་རྒྱ་ནག་གི་ཟིན་བྲིས་སོགས་ལ་རྒྱ་གར་གྱི་ཁ་བརྡ་དང་རྒྱ་ནག་གི་ཁ་བརྡ་སོགས་བརྗོད་པ་དང་སྒོ་ནས་ཀུན་ནས་མཚུངས་སོ་ཞེས་ཀྱང་བརྗོད་དོ། དེས་ན་གཟབ་དགོས་པར་འདུག་གོ” འདི་དག་སུམ་རྟགས་ཟེར་བའི་རྒྱུ་མཚན་དུ་འགྲོ་ཚུལ་བོད་ཀྱི་བརྡ་སྤྲོད་པའི་གཞུང་གང་དུའང་མཇལ་བ་དཀོན།
བསྟན་འཛིན་བདེ་སྐྱིད་ལགས། གལ་ཏེ་ཚེག་བར་བར་སྟོང་མ་བཞག་ནས་བོད་ཡིག་ཀློག་མ་ཐུབ་པའི་དཀའ་ངལ་འདུག་ན་ནི། བོད་ཡིག་དགེ་རྒན་ཡག་པོ་ཅིག་རྩ་ནས་འབད་བརྩོན་ཆེན་པོས་སློབ་སྦྱོང་བྱས་ན་ལས་སླ་བོ་ཡོད་རེད།
བོད་ཡིག་ལ་ སྐྱོན་ ཡོད་མེད་ལ་ རྩོད་བགྱིད་ ཡོད་ མ་རེད། བོད་ཡིག་ ཀློག་ བདེ་བ་ དང་། བོད་ཡིག་ལ་ བརྟེན་ནས་ བོད་སྐད་ ཤེས་ བདེ་བའི་ ཐབས་ཤེས་ འཚོལ་བགྱིད་ ཡོད་རེད་ སྙམ་པའི་ ཀུན་སློང་གིས་ གླེང་དགོས་ རེད། སྤྱིར་ བཀའ་བསྟན་ གསུང་འབུམ་ སོགས་ལ་ བར་སྟོང་ དགོས་བགྱིད་ ཡོད་མེད་ ངས་ མི་ཤེས་ཀྱང་། དམའ་རིམ་ སློབ་དེབ་ དང་། རྒྱུན་སྤྱོད་ སྐད་ཡིག་ དང་། གཏོང་ཡིག་ སྙན་ཞུ་ སོགས་ལ་ བར་སྟོང་ བྱས་ནས་ ཚོད་ལྟ་ བྱས་ན་ བོད་མི་ སྤྱིའི་ ཞབས་འདེགས་ལ་ མི་འགྲོ་ཡང་ ཞབས་འདྲེན་ལ་ ཕལ་ཆེར་ འགྲོ་དྭོགས་ ཡོད་ མ་རེད་ སྙམ། འགྲོ་བགླེང་ ཡག་པོ་ ཡོང་བའི་ སྨོན་འདུན་ བཅས།
དབྱིན་ཇིའི་ཡི་གེ་ལ་བར་སྟོང་ཡོད་ན་ཡང་དབྱིན་ཇིའི་ཡི་གེ་ཡག་པོ་མི་ཤེས་མཁན་ཞིག་གིས་ཡག་པོ་སྦྱོར་གློག་ཤེས་ནི་མ་རེད། སློབ་སྦྱོང་རྒྱུན་མཐུད་ནས་ག་དུས་ཡག་པོ་ཤེས་སོང་ན་ཡག་པོ་ཀློག་ཤེས་རྒྱུ་རེད། མི་བདེན་ན་དབྱིན་ཇེའི་ཡི་གེ་་ཤེས་ལ་མ་ཤེས་ལ་དེ་ཚོ་ལ་གློག་བཅུགས་དང་ཤེས་རྒྱུ་རེད། བོད་པ་ལ་བོད་ཡིག་གློག་སྟངས་ཚགས་པར་འཇོག་པ་ལས། བོད་པ་ལ་་དབྱིན་ཇིའི་བར་ཚེགས་མེད་པའི་དཀའ་ངལ་འདུག་ན་ངེས་པར་དུ་བོད་པས་དབྱིན་ཇིའི་ཡི་གེ་ཀློག་པ་ལ་བར་ཚེགས་ཅན་བཟོ་དགོས། ངེས་པར་དུ་བཟོ་དགོས།
I.need,it, must,need,it, if,i,don,t,have,i,must,fight,with,you.
ཚེག་བར་སྐོར་སྐད་ཆ་བཤད་འདོད་མེད། ག་རེ་རེད་ཟེར་ན། སློབ་གསོ་རིག་པའི་སྐོར་སློབ་སྦྱོང་ཏིལ་འབྲུ་ཙམ་ཡང་མེད་པ། ལྐུགས་པའི་ནང་ནས་ལྐུགས་པ་འདེམས་བཞག་པ་འདྲ་བོ་རྐྱང་ཡོང་ནས་སྐད་ཆ་བཤད་ན་ཆོ་མི་འདུག
ང་ལ་མཚོན་ན། ཚེག་བར་གྱི་གཅོད་མཚམས་ཀྱི་དཀའ་ངལ་དེ་ཆུང་ཆུང་སྐབས་ཕྲད་པ་ནི་བཤད་མ་དགོས་ལ། ད་ལྟའང་དརུང་འཕྲད་གི་འདུག བར་སྟོང་བཞག་ན་ཐེངས་གཅིག་ཀློག་ན་ཤེས་ཐུབ་པ་དེ། བར་སྟོང་མ་བཞག་ན་ཐེངས་གཉིས་ཀློག་དགོས་འབྱུང་གི་རེད།
དེ་ནས་ཤེས་དགོས་པ་ཞིག་ནི། བར་སྟོང་བཞག་པས་བོད་ཡིག་ཀློག་མཚམས་ཀྱི་གཅོད་ཉེས་བྱས་པའི་དཀའ་ངལ་གཅིག་པོ་སེལ་ཐུབ་པ་ལས་གཞན་གྱི་དཀའ་ངལ་ནི་དེ་ལྟ་མ་ཡིན་ནོ། དངོས་གནས་བྱས་ན། སློབ་གསོ་རིག་པ་མི་ཤེས་པ་ཚོས་སློབ་གསོ་རིག་པར་བྱུས་གཏོགས་མ་བྱེད། སེམས་ཁམས་རིག་པ་མི་ཤེས་པ་ཚོས་སེམས་ཁམས་རིག་པར་བྱུས་གཏོགས་མ་བྱེད། མི་ཤེས་པ་ཚོས་ག་ས་ག་པ་བྱུས་གཏོགས་བྱས་ཡོང་དུས་དོན་དག་གཅིག་གེ་འགྲུབ་གི་མ་རེད་དོ། ལྷག་པར་དུ་གྲྭ་པ་འདི་ཚོ་ལྷ་བབས་པ་འདྲ་པོ་ཞིག་ཡིན་པ་དེ་ཅི་མ་འགྲིག་པ་རེད། ཨ་བླ་མ་དཀོན་མཆོག་གསུམ། ཇོ་བོ་རིན་པོ། ཀེ་སྤ་མགོ་ཚོ།
ཕལ་ཆེར་ང་ཚོའི་གསུམ་ཀའི་བསམ་ཚུལ་གཅིག་མཚུངས་ཡིན་རྒྱུ་མ་རེད་འདོད། ཕན་ཚུན་གྱི་བསམ་ཚུལ་ལ་དགག་བཞག་བྱེད་རེས་ཀྱང་ཡོད་ཀྱི་རེད་འདོད།
གང་ལྟར། ངེད་ནས་སང་ཉིན་གང་བཤད་རྒྱུ་དེ་རྩོམ་ཡིག་ཏུ་བྲིས་ནས་ྐློག་མཁན་ཚོའི་མདུན་ལ་འཇོག་གི་ཡིན།
སང་ཉིན་བགྲོ་གླེང་དངོས་ཀྱི་སྒང་དུ་བསམ་ཚུལ་ཆར་བ་འབབ་འབབ་གནང་རོགས།
བར་སྟོང་བཞག་ན་གོ་བདེ་རུ་འགྲོ་གི་འདུག་ན་བཞག་ལོས་ཆོག འོན་ཀྱང་བོད་ཡིག་འབྲི་ཀློག་མི་ཤེས་མཁན་ལ་བར་སྟོང་མ་བཞག་ན་དཀའ་ངལ་འཕྲད་ཀི་རེད་ལ་་བཞག་ན་དཀའ་ངལ་འཕྲད་ཀི་རེད། ཤེས་དང་མ་ཤེས་ཟེར་བ་དོན་གྱིས་གོམས་མ་གོམས་ཀྱི་ཁྱད་པར་རེད། མ་གོམས་ན་མི་ཤེས་པ་དང་། གོམས་ན་ཤེས་འགྲོ་བ་ཆོས་ཉིད་རེད། དེའི་ཕྱིར་བོད་ཡིག་འབྲི་ཀློག་ལ་མ་གོམས་པ་ཞིག་ལ་བར་སྟོང་མེད་ན་མེད་པའི་དཀའ་ངལ། ཡོད་ན་ཡོད་པའི་དཀའ་ངལ་འཕྲད་ཀི་རེད། བར་སྟོང་མེད་ན་བསྟན་འཛིན་བདེ་སྐྱིད་ལ་ཉུང་མཐའ་བར་སྟོང་གིས་གཏོར་བཞག་པའི་མིང་གཅིག་གི་ཆ་ཤེས་རྣམས་ངོ་མ་འཕྲོད་པའི་དཀའ་ངལ་འཕྲད་ཀི་རེད། དཔེར་ན་བླ་མ་ དང་ མགོན་པོ་ འཇམ་པའི་དབྱངས་ ལ་ ཕྱག་འཚལ་ལོ་བྲིས་ན་། མགོན་པོ་དང་འཇམས་པའི་དབྱངས་ཟེར་བ་མི་གཅིག་གི་མིང་ཡིན་དང་། ཡང་ན་བླ་མ་ཟེར་བ་ཞིག་དང་འཇམས་པའི་དབྱངས་ཟེར་བ་མི་མ་འདྲ་གཉིས་ཀྱི་མིང་ཡིན་ཤེས་ཀི་མ་རེད། དེ་ལས་བར་སྟོང་མེད་པར་མགོན་པོ་འཇམས་པའི་དབྱངས་ཞེས་བྲིས་ན་མི་གཅིག་གི་མིང་ཡིན་དང་ཡང་ན་མི་མ་འདྲ་བ་གཉིས་ཀྱི་མིང་ཡིན་མིན་དོགས་པ་ཟ་གི་མ་རེད། ཡང་བསྟན་འཛིན་ བདེ་སྐྱིད་ ཁ་ནག་མ་ ལབ་པ་ཡིན། བསྟན་འཛིན་དང་བདེ་སྐྱིད། ཁ་ནག་མ་ཟེར་བ་མི་མ་འདྲ་བ་གསུམ་མིན་འགྲོ་བསམ་ནས་དོགས་པ་ཟ་གི་རེད། དེ་ལས་བསྟན་འཛིན་བདེ་སྐྱིད་ཁ་ནག་མ་ཞེས་བར་སྟོང་མ་བཞག་པར་སྦྱར་ནས་བྲིས་ན་ཚིག་དུམ་དེ་གསུམ་ཀ་མིང་གཅིག་གི་ཆ་ཤས་ཡིན་ར་འཕྲོད་སླ་བོ་ཡོད་རེད། དེ་ཕྱིར་མི་ཤེས་མཁན་ཞིག་ལ་ག་འདྲ་བྱས་ན་དཀའ་ངལ་མེད་པ་ཆགས་ཐབས་ཡོད་པ་མ་རེད། དེ་ལྟར་མིང་གཅིག་གི་ཆ་ཤས་རྣམས་ངོ་འཕྲད་པའི་དཀའ་ངལ་འཕྲད་པ་དང་བོད་ཡིག་ལའང་མིང་ཚིག་དབྱེ་འབྱེད་ཆེད་དབྱིན་ཡིག་གི་ཁོ་མ་ , འདི་འབྲི་དགོས་ཀྱི་འདུག་ཟེར་ནས་སྐད་བརྒྱག་གི་རེད། དེ་ལས་བོད་ཡིག་གི་བསླབ་པའི་རིམ་པ་བཞིན་སྦྱངས་ན་ཡག་པོ་རེད། དང་པོ་ཡི་གེ་བསླབ། དེ་ནས་མིང་བསླབ་དགོས་པ་རེད། རིམ་པ་དང་པོ་འདིའི་སྐབས་སུ་ཡི་གེ་དང་མིང་ཚིག་རེ་རེ་བྱས་ནས་ཕན་ཚུན་མ་འབྲེལ་བར་བསླབ་ཀི་རེད། རྨང་གཞིའི་གོམ་པ་དང་པོ་འདིའི་སྐབས་སུ་མིང་ཚིག་དང་ཕྲད་མང་པོ་མཉམ་དུ་མ་སྦྱར་བར་བར་སྟོང་བཞག་ནས་བསླབ་ཀི་ཡོད་པ་རེད། དེ་ནས་མིང་ཚིག་དང་ཕྲད་ཡག་པོ་ཤེས་སོང་ན་དེ་རྣམས་སྦྱར་བའི་བརྗོད་པཐུང་ཐུང་དང་རིང་པོ། ཆེས་རིམ་པོ་རྣམས་རིམ་པ་བཞིན་སློབ་མའི་ན་ཚོད་དང་བསམ་བློའི་གནས་ཚད་དང་མཚམས་པར་བསྟུན་ནས་ཡར་རྒྱས་གཏོང་གི་རེད། ད་བར་དུ་མོས་བཤད་བསྡད་པའི་བར་སྟོང་འཇོག་སྟངས་འདི་ང་ཚོས་ལོ་རིམ་དང་པོ་དང་གཉིས་པ་ཚོར་ཡི་གེ་དང་མིང་བསླབ་དུས་ལག་ལེན་བྱེད་ཀྱི་ཡོད་པ་རེད། བར་སྟོང་དེ་བྱིས་པ་ཚོར་ཡི་གེ་དང་མིང་བསླབ་དུས་མ་གཏོགས་དགོས་མཁོ་ཡོད་པ་མ་རེད། མང་པོ་འབྲི་ཁོམ་མེད་ཀྱང་རྗེས་ལ་ཕྲན་བུ་རེ་ཞུ་ཆོག
གཡུ་འབྲུག་དཀར་མོ་ཁེངས་བའི་ང་རོ་ལས།།
ཤེས་བྱའི་སྦྲང་ཆར་འབབ་པ་ངང་སྒུག་ཀྱང་།།
ཆར་ཆུའི་ཚབ་ཏུ་འབབ་པའི་ཐལ་རྡུལ་འདི།།
ནོར་འཛིན་སུམ་རྟགས་གཞུང་ལ་ཕན་པ་དོགས།།
ཐབས་ཤེས་རིག་པའི་གཤོག་ཟུང་རྒྱས་མདོག་གིས།།
གཡུ་འབྲུག་ནམ་འཕང་བསྐྱོད་རྒྱུའི་མོས་འདོད་ཁྲོད།།
གཤོག་ཡ་གཅིག་ལས་མེད་པའི་ངང་ཚུལ་འདིས།།
དཔྱོད་ལྡན་མཁས་བས་ཡིད་རྟོན་བྱེད་པ་དཀའ།།
བརྡ་སྤྲོད་གཞུང་ལུགས་ནམ་མཁའི་མཁའ་དབྱིངས་སུ།།
འདབས་ཆགས་བྱ་ཚོགས་རྒྱུ་བའི་སྟངས་སྟབས་ལ།།
སྙན་ངག་མཁན་པོས་བཟོས་བའི་གཡུ་འབྲུག་གིས།།
འགྲན་པའི་སེམས་ཀྱིས་དེད་པ་འཕྱང་མོ་ཉུག།
གཡུ་འབྲུག་དཀར་མོ་སེམས་ཀྱི་བཏགས་པ་ཙམ།།
བྱམས་པ་ལ་ནི་བློ་ཡིས་བཞེང་སྐྲུན་ཉིད།།
འདོད་ལྡན་མི་ཡིས་བཟོས་བའི་འཁྱར་སྒོ་ཀུན།།
དཔྱོད་ལྡན་མཁས་བས་དངོས་ཡོད་འདོད་པ་དཀའ།།
དེང་སྐབས་བོད་མིའི་སྡུག་གི་གནས་སྟངས་ཀྱིས།།
མཐོང་དང་རང་ཞེན་ལྟ་བས་འཛིན་དོན་མེད།།
གང་ལ་རྒྱུ་མཚན་ཡོད་ན་དེ་ཡི་ཕྱོགས།།
ལག་ཟུང་ཐལ་མོ་རྡེབ་ནས་འགྲོ་བ་རིགས།།
ནོར་བཅོས།
བར་སྟོང་བཞག་ན་གོ་བདེ་རུ་འགྲོ་གི་འདུག་ན་བཞག་ལོས་ཆོག འོན་ཀྱང་བོད་ཡིག་འབྲི་ཀློག་མི་ཤེས་པ་ལ་བར་སྟོང་མ་བཞག་ན་དཀའ་ངལ་འཕྲད་ཀི་རེད་ལ་བཞག་ན་དཀའ་ངལ་འཕྲད་ཀི་རེད། ཤེས་དང་མ་ཤེས་ཟེར་བ་དོན་གྱིས་གོམས་མ་གོམས་ཀྱི་ཁྱད་པར་རེད། མ་གོམས་ན་མི་ཤེས་པ་དང་། གོམས་ན་ཤེས་འགྲོ་བ་ཆོས་ཉིད་རེད། དེའི་ཕྱིར་བོད་ཡིག་འབྲི་ཀློག་ལ་མ་གོམས་པ་ཞིག་ལ་བར་སྟོང་མེད་ན་མེད་པའི་དཀའ་ངལ། ཡོད་ན་ཡོད་པའི་དཀའ་ངལ་འཕྲད་ཀི་རེད། བར་སྟོང་མེད་ན་བསྟན་འཛིན་བདེ་སྐྱིད་ལ་ཉུང་མཐའ་བར་སྟོང་གིས་གཏོར་བཞག་པའི་མིང་གཅིག་གི་ཆ་ཤས་རྣམས་ངོ་མ་འཕྲོད་པའི་དཀའ་ངལ་འཕྲད་ཀི་རེད། དཔེར་ན་བླ་མ་ དང་ མགོན་པོ་ འཇམ་པའི་དབྱངས་ ལ་ ཕྱག་འཚལ་ལོ་བྲིས་ན་། མགོན་པོ་དང་འཇམས་པའི་དབྱངས་ཟེར་བ་མི་གཅིག་གི་མིང་ཡིན་དང་། ཡང་ན་བླ་མ་ཟེར་བ་དང་འཇམས་པའི་དབྱངས་ཟེར་བ་མི་མ་འདྲ་གཉིས་ཀྱི་མིང་ཡིན་མིན་ཧ་གོ་གི་མ་གོའི་དཀའ་ངལ་འཕྲད་ཀི་རེད། དེ་ལས་བར་སྟོང་མེད་པར་མགོན་པོ་འཇམས་པའི་དབྱངས་ཞེས་བྲིས་ན་མིང་གཅིག་ཡིན་དང་གཉིས་ཡིན་དོགས་པ་ཡོད་མ་རེད། ཡང་བསྟན་འཛིན་ བདེ་སྐྱིད་ ཁ་ནག་མ་ ལབ་པ་ཡིན། བསྟན་འཛིན་དང་བདེ་སྐྱིད། ཁ་ནག་མ་ཟེར་བ་མི་མ་འདྲ་བ་གསུམ་མིན་འགྲོ་བསམ་ནས་དོགས་པ་ཟ་གི་རེད། དེ་ལས་བསྟན་འཛིན་བདེ་སྐྱིད་ཁ་ནག་མ་ཞེས་བར་སྟོང་མ་བཞག་པར་སྦྱར་ནས་བྲིས་ན་ཚིག་དུམ་དེ་གསུམ་ཀ་མིང་གཅིག་གི་ཆ་ཤས་ཡིན་པ་ར་འཕྲོད་སླ་བོ་ཡོད་རེད། དེ་ཕྱིར་མི་ཤེས་མཁན་ཞིག་ལ་ག་འདྲ་བྱས་ན་དཀའ་ངལ་འཕྲད་ཀི་རེད། དེ་ལྟར་མིང་གཅིག་གི་ཆ་ཤས་རྣམས་ངོ་མ་འཕྲོད་པའི་དཀའ་ངལ་འཕྲད་པ་དང་ཡང་བོད་ཡིག་ལའང་མིང་ཚིག་དབྱེ་འབྱེད་ཆེད་དབྱིན་ཡིག་གི་ཁོ་མ་ , འདི་འབྲི་དགོས་ཀྱི་འདུག་ཟེར་ནས་སྐད་བརྒྱག་གི་རེད། དོན་གྱིས་རང་གིས་དབྱིན་ཡིག་གཅིག་པོ་ལས་ཤེས་ཀི་མེད་པའི་རྟགས་རེད། དེ་ལས་བོད་ཡིག་བསླབ་པའི་རིམ་པ་བཞིན་སྦྱངས་ན་ཡག་པོ་རེད། དང་པོ་ཡི་གེ་བསླབ། དེ་ནས་མིང་བསླབ། རིམ་པ་དང་པོ་འདིའི་སྐབས་སུ་ཡི་གེ་དང་མིང་རྣམས་མ་སྦྱར་བར་བར་སྟོང་བཞག་ནས་བསླབ་ཀི་་རེད། དཔེར་ན། ཨ་མ། འོ་མ། ནུ་མ་རྣམས་བསླབ་ཀི་རེད། རྨང་གཞིའི་གོམ་པ་དང་པོ་འདིའི་སྐབས་སུ་མིང་དང་ཕྲད་མང་པོ་མཉམ་དུ་མ་སྦྱར་བར་བར་སྟོང་བཞག་ནས་བསླབ་ཀི་ཡོད་པ་རེད། དེ་ནས་མིང་དེ་དག་གི་དོན་སེམས་ལ་གོམས་སོང་ན། གཞི་ནས་བརྗོད་པ་བསླབ་ཀི་རེད། ཨ་མའི་ནུ་མའི་ནང་ན་འོ་མ་ཡོད་པ་རེད། ཞེས་བརྗོད་པ་ཐུང་ཐུང་བསླབ་དགོས་པ་རེད། དེ་ལྟར་དང་པོ་ཡི་གེ་བསླབ། དེ་ནས་མིང་མང་པོ་བསླབ། དེ་ནས་བརྗོད་པ་ཐུང་ཐུང་དང་བརྗོད་པ་རིང་པོ། མཐའ་མ་བརྗོད་པ་ཆེས་རིང་པོ་རྣམས་རིམ་པ་བཞིན་སློབ་མའི་ན་ཚོད་དང་བསམ་བློའི་གནས་ཚད་དང་མཚམས་པར་བསྟུན་ནས་མཐོ་རུ་གཏོང་དགོས་པ་རེད། ད་བར་དུ་མོས་བཤད་བསྡད་པའི་བར་སྟོང་འཇོག་སྟངས་འདི་ང་ཚོས་ལོ་རིམ་དང་པོ་དང་གཉིས་པའི་སློབ་མ་ཚོར་ཡི་གེ་དང་མིང་བསླབ་དུས་བེད་སྤྱོད་གཏོང་གི་ཡོད་རེད། བར་སྟོང་དེ་བྱིས་པ་ཚོར་ཡི་གེ་དང་མིང་བསླབ་དུས་མ་གཏོགས་དགོས་མཁོ་ཡོད་པ་མ་རེད། བྱིས་པ་ལོ་དྲུག་བདུན་ཅན་ལ་ཡི་གེ་དང་མིང་བསླབ་སྟངས་ཀྱི་རིམ་པ་འདི་སྤྱི་ཡོངས་དགོས་མཁོ་ཡོད་པ་ཞིག་མ་རེད། མང་པོ་འབྲི་ཁོམ་མེད་ཀྱང་རྗེས་ལ་ཕྲན་བུ་རེ་ཞུ་ཆོག
བར་སྟོང་ བཞག་ན་ ཀློག བདེ་རུ་ འགྲོ་བ་ དེ་ དངོས་ཡོད་ གྱི་ གནས་ཚུལ་ རེད། དེས་ གཅོད་མཚམས་ འཁྲུག་པའི་ དཀའ་ངལ་དང་། གཅོད་མཚམས་ འཁྲུག་པ་ ལས་ བྱུང་བའི་ གོ་ནོར་ དེ་ཚོ་ ཏན་ཏན་ སེལ་ ཐུབ་ཀི་ རེད། དེ་མིན་ སྤྱིར་བཏང་ བོད་ཡིག་ གི་ ཤེས་ཚད་དང་། གོ་བ་ དག་ཆ་ སོགས་ཀྱི་ དཀའ་ངལ་ ཡོད་ཚད་ བར་སྟོང་ བཞག་པ་ དེས་ སེལ་ ཐུབ་ཀི་ མ་རེད། གང་ཡིན་ ཟེར་ན་ དཀའ་ངལ་ དེ་ཚོ་ དང་ གཅོད་མཚམས་ བར་ལ་ འབྲེལ་བ་ ཡོད་ མ་རེད།
འ་ཡོ་ཤེ། ཡང་ཁྱིམ་པ་ལྐུག་པ་ལྐུག་རྐྱང་ཚོས་ཡང་ལྐུག་རྟགས་སྟོན་གྱི་འདུག ཁྱིམ་པ་འདི་ཚོ་ལ་ག་དུས་ཡིན་ན་ཡང་ལྐུག་རྟགས་ཡོད།
ད་ཁྱོད་ཚོས་བསམ་བློ་ཡག་པོ་ཐོངས། ཐོན་མིས་ད་ལྟའི་བོད་ཡིག་འདི་ཉིད་གསར་བཟོ་གནང་སྐབས་་་་་བར་སྟོང་མ་མཛད་པའི་དགོས་པ་དང་རྒྱུ་མཚན་གང་ཡིན། སྐབས་དེ་དུས་ད་ལྟའི་འཐེན་སྐད་འདི་འདྲ་འདོན་མཁན་མེད་སོང་བ་ཡིན་ནམ། ཐོན་མིའི་དུས་ཀྱི་སློབ་མ་དེ་ཚོར་བོད་ཡིག་ལ་བར་སྟོང་མེད་པས་མ་ཤེས་པའི་དཀའ་ངལ་འཕྲད་མྱོང་བའི་ལོ་རྒྱུས་ཡོད་དམ། ཡོད་ན་དེ་དུས་ཐོན་མས་བར་སྟོང་མ་མཛད་པའི་རྒྱུ་མཚན་གང་ཡིན་ནམ། ཕྱོགས་ཀུན་ལ་བསམ་བློ་གཏིང་ཟབ་གཏོང་རོགས། དེ་མིན་ཡིག་ཀློག་མི་ཤེས་མཁན་ཚོའི་ཆེད་དུ་གསར་བཅོས་གནང་དགོས་ཟེར་ན་ཁག་པོ་རེད། གལ་སྲིད་བར་སྟོང་བཞག་པའི་དབང་དུ་བཏང་ཡང་ཕན་དང་མིན་ཕན་བཤད་ཁག་པོ་རེད་ལགས།
སྟག་སྨྱོན་གྱིས་བཤད་པར་བརྒྱ་ཆའི་བརྒྱ་མོས་མཐུན་ཡོད།
བར་སྟོང་དགོས་ན། ཚེག་དོར་དགོས། ཚེག་འདི་བར་སྟོང་ངམ། བཅད་ཤིག་གི་དོད་རེད་སྙམས། དཔེར་ན།
བཀའ བློན དེ གནའ རབས བོད མིའི ཡོན ཏན ཀུན ཚང བའི བོད མི རྒན རྒོན ཞིག རེད འདུག སྔོན མ རྒྱལ བ རིན པོ ཆེ བཀའ བློན སྦུག ལ ཕེབས། སྐུའི གཅེན གཅུང གཉིས དང རྒྱ གར གནས སྡོད བོད མི ཚོས རྒྱལ བ མཆོག ལ བོད པ ཕྱིར ལོག ཕེབས རྒྱུར དུས འགྱང གནང རོགས ཅེས ཞུ སྐུལ ཕུལ།
བཀའ ཟུར ཁོང སྐབས དེ དུས ས གནས བོད མིའི དབུ ཁྲིད ལ སོང སྟབས། རྒྱལ བ རིན པོ ཆེ ལ ཞུ སྐུལ ཕུལ འདུག རྗེས མ ཡོངས འཛིན གཉིས ལ གོ བསྡུར ཞུས ནས། རྒྱལ བ རིན པོ ཆེས ལྷའི ལུང བསྟན གསན རྒྱུར ཐག བཅད སྟབས། བཀའ བློན ཁོང བློ ཕམ བྱུང །
ལྷ སྐུ ཕེབས པའི ཞུ བའི ཉིན མ དེར། བཀའ བློན ཁོང ཡང འདུ འཛོམས དེ གར གདན ཞུ བྱས སྟབས། ཁོང དེར ཕེབས། སྔོན ནས གྲ སྒྲིག ཟིན པ ལྟར བཀའ བློན ཁོང འདུ འཛོམས ཀྱི གྲལ མགོར རྒྱལ བའི དང ཉེ ཁྲིས སུ བཞུགས སུ གསོལ སྐབས། ཁོང ནས ལྷ ཕེབས མཁན དེ ལ གཅིག གཟིགས། དེ ནས རྒྱལ བ རིན པོ ཆེའི ཞལ ལ ཡར གཟིགས ནས། སྔོན མ བོད ཀྱི གཏམ དཔེར། “མི འུ ཐུག ལྷ ལ འདྲིས། ལྷ འུ ཐུག སྐྱག བརྫུན ཤོད ཟེར བའི དཔེ ཡོད། ད ལྟ ང ཚོ འདི རང བྱེད བཞིན པ མ ཡིན ནམ”ཞེས བཞུགས གྲལ གྱི ཐོག ནས རྒྱལ བ ལ གསུངས པ རྒྱལ བའི གསུངས ནང འདུག
བར་སྟོང་ བཞག་ན་ ཀློག བདེ་རུ་ འགྲོ་བ་ དེ་ དངོས་ཡོད་ གྱི་ གནས་ཚུལ་ རེད། (ཀྱི)
བར་སྟོང་ བཞག་ན་ ཀློག བདེ་རུ་ འགྲོ་བ་ དེ་ དངོས་ཡོད་ གྱི་ གནས་ཚུལ་ རེད། (ཀྱི)
བར་སྟོང་ བཞག་ན་ ཀློག བདེ་རུ་ འགྲོ་བ་ དེ་ དངོས་ཡོད་ གྱི་ གནས་ཚུལ་ རེད། (ཀྱི)
བར་སྟོང་ བཞག་ན་ ཀློག བདེ་རུ་ འགྲོ་བ་ དེ་ དངོས་ཡོད་ གྱི་ གནས་ཚུལ་ རེད། (ཀྱི)
དངོས་ཡོད་ ་་་་་་་་་དངོས་ཡོད་ ་་་་་ དངོས་ཡོད་་་་་་ དངོས་ཡོད་་་་་་་་་་་དངོས་ཡོད་་
ང་རང་ཉིད་ལ་མཚོན་ན་ད་ལོ་དབྱར་ཁ་ཞིག་ལ་སྟབས་ཡག་ནས་སྐད་ཆ་འདི་འདྲི་དགོས་ས་དང་མ་མཐར་ཡང་བགྲོ་གླེང་འདིའི་ཆ་ཤས་ཀྱི་ནང་དུ་ཞུགས་དགོས་མཁན་གྱི་མི་དེར་བཀའ་འདྲི་ཞུས་པ་ཡིན་་་་་་་
ལན་་ནི་་ ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
གང་ལྟར་་རྣམ་པ་ཚོས་བགྲོ་གླེང་གནང་བ་དེར་དགའ་བསུ་ཡོད།
བགྲོ་གླེང་ལས་ལྷག་ཅིག་མེད་པ་དེ་ངའི་ཡིད་ཆེས་ཡིན། བགྲོ་གླེང་། བགྲོ་གླེང་། བགྲོ་གླེང་་་་་་་་་་་་་་ བགྲོ་གླེང་ཅི་ཙམ་མང་ན་དེ་ཙམ་གྱིས་གསལ་བོ་དང་གུ་ཡངས་པོ་ཆགས་གི་རེད། མཁྲེགས་འཛིན་དང་གཡམ་རྒྱུགས་ཀྱི་རིགས་དེ་མཆིལ་མ་བཞིན་དུ་དོར་་་་་་་་་་
རྣམ་པ་ཚོར་ཐུགས་རྗེ་ཆེ་ཞུ།
ལུང་རིགས་ཀྱིས།
ང་རང་ཉིད་ལ་མཚོན་ན་གནའ་ནས་ད་བར་གྱི་འབྲི་སྟངས་དང་ཀློག་སྟངས་འདིར་འགྱུར་བ་ཆེན་པོ་ཞིག་ཡོང་གི་རེད་བསམ་གི་མེད། ཡིན་ཡང་། བསམ་ཚུལ་འདི་ཚོ་ཁྲིམས་ཐོག་ནས་བཅོས་པ་ཡིན་ན་བརྩི་བཀུར་བྱ་རྒྱུ་དེ་ཡང་གལ་ཆེན་པོ་་་་་ཆེན་པོ་་་་ཞིག་མིན་འགྲོ་བསམ་ནས་སྐྲག་བསྡད་ཡོད།
བར་སྟོང་བཞག་ན་ཡག་མིན་དང་དགེ་མཚན་ཡོད་མེད་མི་ཤེས་ན་ཡང་། ད་ཐེངས་བོད་ཡིག་གི་སྐོར་ལ་བགྲོ་གླེང་གནང་བ་དེ་ནི་བོད་ཡིག་ལ་དོ་སྣང་བྱས་པའི་ལས་འགུལ་ཞིག་ཡིན་པར་མཐོང་གི་འདུག་པས་ལབ་ཙེ་དཔེ་མཛོད་དང་། དེ་བཞིན་དུ་བགྲོ་གླེང་གནང་མཁན་ཚང་མ་ལ་ཐུགས་རྗེ་ཆེ་ཟེར་གི་ཡོད།
ད་བར་སྟོང་མང་བོ་ཞོགས། བོད་མི་རིགས་དང་དེའི་རིག་གཞུང་བར་ལ་བར་སྟོང་ཞིག བོད་དང་བོད་རྒྱལ་ཁབ་ཀྱི་བར་ལ་བར་སྟོང་ཞིག གཞིས་བྱེས་གཉིས་ཀྱི་བར་ལ་བར་སྟོང་ཞིག ཁྱོད་དང་ངའི་བར་ན་བར་སྟོང་ཞིག ང་ཚོ་བར་སྲིད་ཞིག་ན་བར་སྟོང་ལས་ཐར་པའི་དུས་དེ་ནམ་ཞིག་ཡིན་ནམ། ལོ་ངོ་སྟོང་ཕྲག་ལྷག་གི་རིང་བོད་ཡིག་འདི་བེད་སྤྱད་ནས་མཐའ་ད་ལ་ཐུག་པ་རེད། དང་བོའི་སློབ་དཔོན་གྱིས་བར་སྟོང་མ་བཞག་པར་བར་ཚེག་བཞག་སྟེ་ཡིག་འབྲུ་རེ་རེ་ལ་མི་འཁྲུགས་པའི་ཁང་བུ་རེ་རེ་བཟོས་པ་རེད། ཁང་བུ་རེའི་ནང་ན་ཡིག་གེ་རེ་ཡོད་པ་རེད། ཀློག་སྐབས་ཡིག་ཁང་ནང་གི་ཡི་གེ་དེར་རིག་པ་བསྒྲིམས་ནས་བཀླགས་ན། ཀློག་མ་བདེ་བ་དང་། ནོར་འཁྲུལ་ཤོར་དོགས་ཆེན་པོ་ཡོད་པ་མ་རེད། དེ་ལས་ཚིག་ཕྲེང་རིང་བོ་ཤད་ཀྱིས་ཐུང་གཅོད་མ་བྱས་པའི་རིགས། ཀློག་སྐབས་དཀའ་ངལ་དན་དན་འཕྲད་གི་རེད། ཚིག་གི་ངལ་གསོ་མཚམས་མ་ཤེས་པ། མིང་ཚིག་གོང་འོག་གི་བསྒྲིལ་མཚམས་ནོར་བ། ཚིག་དོན་བར་གྱི་གོ་བ་འཁྲུགས་འགྲོ་བའི་དཀའ་ངལ་སོགས་ཡོང་གི་རེད། འདི་འདྲའི་རིགས་ལ་བགྲོ་གླེང་བྱེད་དགོས་པར་འདོད། ཚེག་ཆེ་ཆུང་དང་། བར་སྟོང་འཇོག་དགོས་མིན་གང་ལྟར་ཡང་། འདི་དོན་དག་ཆུང་ཆུང་ཞིག་གཏན་ནས་མ་རེད། འདི་མི་རིགས་ཤིག་གི་རིག་གཞུང་གི་སྲོག་རྩར་གཤགས་བཅོས་གཏོང་གི་ཡོད་པ་རེད། ཕྱི་གླིང་གི་འགྲོས་རབ་རུབ་ཙམ་རེ་ཤེས་པ་དང་། བོད་ཡིག་གི་སྦྱོར་ཀློག་ཕྲན་བུ་ཤེས་པ་ཙམ་གྱིས་གང་དྲན་དུ་གཤགས་བཅོས་བྱས་ན་སྐྱོན་མང་བོ་ཞིག་རིམ་པས་འབྱུང་གི་རེད། འདི་སྐོར་བོད་ཕྱི་ནང་གཉིས་ན་བཞུགས་པའི་སློབ་གསོའི་མ་རྐང་ཡག་པོ་ཡོད་པ། བརྡ་སྤྲོད་རིོག་གཞུང་འཆད་འཁྲིད་ཐད་ཆ་རྒྱུས་བཟང་བ། ལྷག་པར་བརྡ་སྤྲོད་རིག་པའི་ཆེད་ལས་མཁས་པ་དག་འཛོམས་ནས་ཞིབ་བསྡུར་ཐག་གཅོད་གནང་དགོས་པ་ཞིག་རེད། ངས་བལྟས་ན། དཀའ་ངལ་འདི་བོད་ཡིག་བཀོལ་སྤྱོད་བྱ་སའི་ཁོར་ཡུག་གི་དཀའ་ངལ་ཞིག་ལས། བོད་ཡིག་རང་ངོས་ཀྱི་དཀའ་ངལ་ཞིག་མ་རེད། ཁྱེད་ཚོས་བསམ་བློ་ཞིག་ཐོངས། གལ་སྲིད་དེ་རིང་བོད་ཡིག་ལ་བརྟེན་ནས་རང་ཉིད་ཀྱི་འཚོ་ཐབས་ལ་ཕན་ཐོགས་ཡོད་པ། དངུལ་འབེལ་བོ་ཞིག་བཟོ་ཐུབ་པ་ལྟ་བུ་བྱུང་ན། བོད་ཡིག་ཁག་པོ་ཡོད་མེད་དང་། བོད་ཡིག་སྦྱོང་བདེ་བོ་ཡོད་མེད་ཀྱི་དཀའ་ངལ་འདི་ཚོ་རང་ཡལ་ལ་འགྲོ་གི་རེད། ད་བོད་ཡིག་སྲུང་སྐྱོབ་ཀྱི་ཐབས་ཤེས་ཡག་ཤོས་དེ་གང་ཞིག་རེད། རབ། བོད་ཡིག་ལ་བརྟེན་ནས་རང་ཉིད་ཀྱི་འཚོ་བའི་དགོས་མཁོ་བསྐོང་ཐུབ་པའི་ཐབས་ལམ། འབྲིང་། ཀློག་སྤྲོ་བའི་རྩོམ་རིག་གི་མངར་ཟས་སྣ་ཚོགས་བསྐྲུན་པ། དཔེ་མཚོན། ལོ་རབས་བརྒྱ་ཅུ་བའི་ནང་། གླིང་གེ་སར་གྱི་སྒྲུང་ལ་བརྟེན་ནས་བོད་ཞིང་འབྲོག་ཁུལ་གྱི་རང་རིགས་མང་བོ་ཞིག་ཡིག་རྨོངས་ལས་གྲོལ་ཐུབ་པ་བྱུང་ཡོད། ཐ་མ། རང་གི་རིག་གཞུང་གི་རིན་ཐང་དང་། མི་རིགས་ཀྱི་ལར་ཞེན་ཁོ་ནས་བོད་ཡིག་བཀོལ་སྤྱོད་རྒྱུན་འཛིན་བྱེད་དགོས་པ། དེ་བཞིན་བོད་སློབ་ཁག་གི་སློབ་དེབ་ཀྱི་བརྒྱུད་རིམ་སླ་ལམ་ཞིག་ནས། གཞུང་དོན་དངོས་ལ་སྟབས་བདེའི་འཇུག་ཐབས། དཔེར་ན། ཕྱི་གླིང་བའི་རིག་གཞུང་གི་ནང་། children’s book, YA book, adult book ལྟ་བུའི་ཐབས་ལམ་བརྒྱུད་དགོས་པ་སོགས་བསམ་འཆར་མང་བོ་ཞིག་བཤད་རྒྱུ་འདུག་ཀྱང་། ད་མི་བཤད་སེམས་སྐྱོ་བའི་རྒྱུ་རེད། ཁོམ་ལོངས་ར་མེད་ཀི????????
དྲ་གྲོགས་རྣམ་པ་ལགས།
བོད་ཡིག་ལ་བར་སྟོང་འཇོག་དགོས་པའི་ལས་གཞི་འདིའི་འགོ་བརྩམས་མཁན་དང་དེ་ལ་རྒྱབ་སྐྱོར་བྱེད་མཁན་ཚང་མ་དཀའ་ངལ་གཅིག་གི་གནད་དོན་ལ་ཤུགས་ཆེར་བསམ་ནས་ཚོར་བའི་དབང་དུ་སོང་ཡོད་པ་འདྲ།
བར་སྟོང་འཇོག་ཤེས་ན་ཀློག་དུས་གཅོད་མཚམས་མི་ཤེས་པའི་དཀའ་ངལ་སེལ་སྲིད་ཀྱང།
ངས་བསམ་ན་ཀློག་དུས་གཅོད་མཚམས་མི་ཤེས་མཁན་དག་གིས་འབྲི་དུས་བར་སྟོང་ཡང་འཇོག་ཤེས་རྒྱུ་མ་རེད་སྙམ།
ཚེག་བར་རེ་རེ་བཞིན་བར་སྟོང་བཞག་ན་བར་སྟོང་དེ་ཚེག་དང་ནུས་པ་གཅིག་པར་གྱུར་བས་དགོས་པ་མེད་པ་དང་གཅོད་མཚམས་མི་ཤེས་པའི་དཀའ་ངལ་ཡང་སེལ་མི་ནུས།
དེ་མིན་ཚིག་གི་གཅོད་མཚམས་ལྟར་བར་སྟོང་འཇོག་དགོས་ན་ཀློག་དུས་གཅོད་མཚམས་མི་ཤེས་མཁན་ཞིག་གིས་འབྲི་དུས་བར་སྟོང་འཇོག་ཤེས་རྒྱུ་མ་རེད་སྙམ།
ད་ཅིག་བྱས་བྱས་ནས་སྤྱིར་བོད་ཡིག་འབྲི་ཀློག་བྱེད་མཁན་ཉུང་བའི་སྒང་ལ་འབྲི་མཁན་དེ་བས་ཀྱང་ཉུང་བ་ཞིག་བཟོ་འདོད་མེད་ན་དེ་ཕན་པ་མེད་ཀི་དེ་བས་བོད་ཡིག་སྦྱངས་རོགས།
བོད་འདིར་ཚིག་གཅིག་གཅོད་མཚམས་མི་འདྲ་བའི་དབང་གིས་དོན་གཉིས་སྟོན་པ་སོགས་ཡོད་པས་བར་སྟོན་དགོས་པར་འདོད་མཁན་དག་གིས་དེ་དག་ལ་ཐག་གཅོད་ག་འདྲ་བྱེད་རྒྱུ་ཡིན།
ཁ་ཕྱོགས་མེད་ཁྱེད་བདེན་གི་ཡ་ ད་ལྟ་ཚད་ལྡན་ཡོད་བཞིན་པའི་བོད་ཡིག་འདི་བར་སྟོང་བཞག་ནས་ཁ་ཐོར་དགུ་ཐོར་འགྲོ་མི་དགོས་པ་དང་ བྲི་ཀློག་གཉིས་ཀ་ཡག་པོ་ཤེས་འདོད་ན་ཡག་ཤོས་དེ་བོད་ཡིག་ལ་དོ་སྣང་མང་ཙམ་དང་ འབད་བརྩོན་ཆེ་ཙམ་ངང་ནས་བྲི་ཀློག་གི་སྦྱང་བརྩོན་བྱེད་དགོས་པ་དེ་རེད་། བསྟན་འཛིན་བདེ་སྐྱིད་ཟེར་བ་དེས་དེ་རིང་ཆི་བཤད་གི་བགྲོད་གླེང་ནང་མཉམ་བཞུགས་འདོད་རུང་ དུས་ཚོད་ནོར་ནས་མཐོང་མ་སོང་།
ཁ་ཕྱོགས་མེད་པ་དང་དྲ་གྲོགས་མང་པོའི་གསུངས་བ་བདེན་དུ་འཁུམས། བོད་ཡིག་ལ་ཡི་གེ་ཕན་ཚུན་མི་འཁྲུལ་བའི་སླད་དུ་ཚག་ཡོད་ལ། གཅོད་མཚམས་ཕན་ཚུན་མི་འཁྲུལ་བའི་ཆེད་དུ་ཤད་ཡོད་པས་དེ་ལས་ལྷག་པ་དགོས་དོན་དཀའ།
དང་པོ་ང་རོ་རྣམས་སྦྱངས།།
སྔོན་འཇུག་མིང་གཞི་རྗེས་འཇུག་གསུམ།།
ཀློག་གི་ཆེད་དུ་བསླབ་པ་ཡིན།།
ཞེས་དང་།
མིང་ཚིག་སྦྱོར་བ་མ་ཤེས་ན།།
དོན་ལ་སྦྱོར་བ་ག་ལ་ཤེས།། ཞེས་བ་སོགས་དོན་ལ་གནས་བ་སེམས།
ནོར་བཅོས། དང་པོ་ང་རོ་རྣམས་ལ་སྦྱངས།།
བར་སྟོང་བཞག་ན་ཉུང་མཐར་བར་སྟོང་གིས་གཏོར་བཞག་པའི་མིང་གཅིག་གི་ཆ་ཤས་རྣམས་ངོ་མ་འཕྲོད་པའི་དཀའ་ངལ་འཕྲད་ཀི་རེད། ཡང་བོད་ཡིག་མ་ཤེས་པའི་དཀའ་ངལ་ལ་མགྱོགས་ལམ་ཡོད་པ་མ་རེད། ཤེས་ཤེས་བར་དུ་སློབ་དགོས་པ་རེད། དཔེར་ན་། ཕོ་བྲང་པོ་ཏྰ་ལ་ཀློག་མ་ཤེས་པར། པོ་དྲང་པོ་ལྟ་ལ། ཟེར་ནས་ཀློག་གི་འདུག འདི་ནི་ཀློག་མཁན་རང་གིས་ཕོ་བྲང་པོ་ཏྰ་ལ་དང་བོད་ཡིག་གཉིས་ཀ་ཤེས་ཀི་མེད་པའི་རྟགས་རེད་མ་གཏོགས། གཅོད་མཚམས་དང་འབྲེལ་བ་ཡོད་མ་རེད། ཕོ་བྲང་པོ་ཏྰ་ལ་དང་བོད་ཡིག་གཙང་མ་ཤེས་མཁན་ཞིག་ལ་ཕོ་བྲང་པོ་ཏྰ་ལ་ཞེས་སྦྱར་ནས་བྲིས་སམ། ཡང་ན་ ཕོ་ བྲང་ པོ་ ཏྰ་ ལ་ ཞེས་གཏོར་ནས་བྲིས་ན་ལས་སླ་བོ་ཧ་གོ་གི་རེད། ཡིན་ནའང་བོད་ཡིག་ཤེས་མཁན་ཞིག་ལ་མཚོན་ན་གཏོར་ནས་བྲིས་ན་ནམ་རྒྱུན་མིག་ལ་མ་གོམས་པ་དང་། དགོས་མེད་ཀྱི་བར་སྟོང་འཕར་མ་ཞིག་བཞག་ཡོང་དུས་སུན་སྣང་ཡོང་གི་རེད། བློ་ཕམ་གི་རེད། གཞན་དེས་ ཕོ་ བྲང་ པོ་ ཏྰ་ ལ་ ཞེས་གཏོར་ནས་བྲིས་ན། པོ་ དྲང་ པོ་ ལྟ་ ལ། ཞེས་གཏོར་བའི་སྒང་ལ་ནོར་བ་ཞིག་ཀློག་གི་རེད། ཡང་ཕོ་བྲང་པོ་ཏྰ་ལ་ཞེས་སྦྱར་ནས་བྲིས་ན་ཡང་། པོ་དྲང་པོ་ལྟ་ལ་ཞེས་སྦྱར་བ་ནོར་ནས་ཀློག་གི་འདུག མཇུག་དོན་མ་ཤེས་པའི་དཀའ་ངལ་དེ་ཤེས་ཤེས་བར་དུ་རྫོགས་རྒྱུ་ཡོད་པ་མ་རེད། དེ་རིང་དེ་ཙམ་ཞུ།
ཕོ་བྲང་པོ་ཏྰ་ལ་ཞེས་པའི་ཚབ་ལ་སྤོ་དྲང་པོ་ལྟ་ལ་ཞེས་པ་འདི་ཕོ་བྲང་པོ་ཏྰ་ལ་དང་སྤོ་ཏོ་ཞིག་ཕན་ཚུན་ནོར་བ་ལས། གཅོད་མཚམས་ལ་འབྲེལ་བ་ཡོད་མ་རེད།
ཁང་སར་རྡོ་རྗེ་ཁྱེད་ཀྱིས་སྐད་ཆ་བཤད་སྟངས་དེ་མཐོང་དུས་ང་རྟག་པར་གད་མོ་ཤོར་ཡོང་གི་འདུག་མོད། ཡིན་ཡང་ཁྱེད་དང་ལབ་རིང་འཐེན་རྒྱུའི་འདོད་པ་དང་ཆུ་ཚོད་མི་འདུག ཁྱེད་ཀྱིས༼ བར་སྟོང་ བཞག་ན་ ཀློག བདེ་རུ་ འགྲོ་བ་ དེ་ དངོས་ཡོད་ གྱི་ གནས་ཚུལ་ རེད། དེས་ གཅོད་མཚམས་ འཁྲུག་པའི་ དཀའ་ངལ་དང་། གཅོད་མཚམས་ འཁྲུག་པ་ ལས་ བྱུང་བའི་ གོ་ནོར་ དེ་ཚོ་ ཏན་ཏན་ སེལ་ ཐུབ་ཀི་ རེད། ༽ ཞེས་བཤད་པ་མཐོང་དུས་ཡང་གད་མོ་ཤོར་སོང་། གཅོད་མཚམས་འཁྲུག་པའི་དཀའ་ངལ་འཕྲད་མཁན་ཞིག་ཡིན་ན་བར་སྟོང་འཇོག་སྟངས་མི་ཤེས་པའི་དཀའ་ངལ་ཡང་གཅིག་པ་འཕྲད་ཀི་རེད། ཀློག་དུས་ཚིག་མཚམས་གཅོད་མི་མཁན་མཁན་ཞིག་གིས་བར་སྟོང་འཇོག་སྟངས་ཡང་གཅིག་པ་ཤེས་ཀི་མ་རེད། ཡང་ན་གཅོད་མཚམས་ལ་བྱང་བ་ཞིག་གིས་བར་སྟོང་ཡང་མཁྲེགས་མཁྲེགས་འཇོག་གི་རེད། གཅོད་མཚམས་ལ་བྱང་བ་ཞིག་གིས་མ་གཏོགས་བར་སྟོང་ཡང་འཇོག་ཤེས་ཀི་མ་རེད། གཅོད་མཚམས་མི་ཤེས་མཁན་ཞིག་གིས་བར་སྟོང་མ་ནོར་བར་མཁྲེགས་མཁྲེག་འཇོག་ཐུབ་ཀི་རེད་ལབ་ན་ང་གད་མོ་ཤོར་གི་མ་རེད་ཝེ། བར་སྟོང་མ་ནོར་བ་འཇོག་པ་ལ་མ་མཐའ་ཡང་བོད་ཡིག་ལ་བྱང་མ་ང་འདྲ་བོ་ཞིག་གིས་མ་གཏོགས་འཇོག་ཐུབ་ཀི་མ་རེད། ང་འདྲ་བོ་བོད་ཡིག་ལ་མཁས་པ་ཞིག་གིས་ཡི་གེ་དང་མིང་སློབ་མཁན་འཛིན་གྲྭ་དང་པོའི་སློབ་མ་ནང་བཞིན་བར་སྟོང་འཇོག་རྒྱུར་སུན་གི་མ་རེད་ཝེ།
ཕོ་བྲང་པོ་ཏ་ལ། སྤོ་ དྲང་པོ་ ལྟ་ ལ། འདི་ལ་བསམ་བློ་མང་ཙམ་ཐོངས་ལོ།
འ་ཙི། ད་ཁྱོད་ཚོ་ལ་ཡང་ར་འཕྲོད་མི་འདུག དེ་དུས་རྡ་སར་ཅིག་གིས་༼ཕོ་བྲང་ཆེན་པོ་པོ་ཏྰ་ལ༽ཟེར་བའི་ཚིག་སྒྲུབ་འདི་གཅོད་མཚམས་མ་ཤེས་པའི་དབང་གིས། ཕོ་བྲང་ཆེན པོ་པོ་ ཏྰ་ལ། ཅེས་གློག་པ་རེད་ཟེར། འདི་ལྟ་བུ་ལ་ངོ་ནས་བསྟན་འཛིན་བདེ་སྐྱིད་ནས་བཤད་པ་ལྟར། ཕོ་བྲང་ ཆེན་པོ པོ་ཏྰ་ལ་ཟེར་ནས་བཅད་ན་ཀློག་བདེ་བར་མཐོང་མོད། འོན་ཀྱང་དེ་ལས་ཀློག་སྟངས་འདིའི་རིགས་མ་ཤེས་པ་ནི་བོད་ཡིག་ཆུ་ཚད་ཤིན་ཏུ་ནས་སྐྱོ་བར་སྟོན་གྱི་ཡོད་པས། སློབ་སྦྱོང་གི་ལམ་ནས་ཡར་རྒྱས་གཏོང་དགོས་པ་རེད་བསམ། མདོར་ན་རང་ཉིད་ཀྱི་སྐྱོན་ཆ་དེ་ཡི་གེ་སྐྱོན་ཆར་མཐོང་པ་རེད།
དྲིན་ཆེན་ཚོ་། ད་དུས་ཚོད་འཕྲོ་བརླག་ཏུ་མ་གཏོང་རོགས་། བོད་ཡིག་ཚེག་བར་ལ་བར་སྟོང་ཡོད་མེད་ཀྱི་བགྲོ་གླེང་འདི་བརྗོད་གཞི་གཞན་ཞིག་གི་ཐོག་ལ་བགྲོ་གླེང་གནང་ན་ཡོད་ན་ཕན་ཐོགས་ངེས་ཅན་ཡོད་བསམ།
1. བོད་སྐད་ སློབ་ཕྲུག་ འཛིན་གྲྭ དང་པོ་ ནས་ ལྔ་པ་ བར་ བར་སྟོང་ བཞག་ནས་ སློབས་ དགོས་པ་ དང་།
2. བཙན་བྱོལ་བོད་གཞུང་གི བོད་སྐད་སློབ་ཕྲུག་ནང་ནས། འཛིན་དྲུག་པ་ནས། དགུ་པའི་བར་ལ། རྗོད་པ་ཐུང་ཐུང་བཟོས་ནས། འབྲི་ཀློག་གཉིས་ཀ་བསླབས་ཚར་བ་དང་།
3. མཐར་འཛིན་གྲྭ་དགུ་པ་ཐོན་ནས་བཟུང་བོད་ཡིག་ལ་བར་སྟོང་དང་རྗོད་པ་ཐུང་ཐུང་ལ་ལྟོས་མི་དགོས་པ་ཆགས་འཚམས་ནས་བཟུང་སྔར་རྒྱུན་ལྟར་བྲིས་ན་བར་སྟོང་བཞག་པ་དང་རྗོད་ཐུང་བྲིས་པའི་དགོས་པ་ཡང་གྲུབ་ལ་སྔར་སྲོལ་མ་ཉམས་པའི་ཁྱད་ཆོས་ཀྱང་འདུག་སྙམ།
དོན་དག་དེར་ངས་སྔོན་མ་ནས་གཞི་རིམ་འཛིན་གྲྭ་་དང་པོ་དང་་གསུམ་པའི་དགེ་རྒན་སྐོར་ཅིག་གི་ལས་ཀ་རེད་ཟེར་བཤད་ཡོད།
དགེ་རྒན་སོ་སོའི་རྩལ་དང་སློབ་ཁྲིད་ཐབས་ལམ་ལ་རག་ལས་གི་རེད།
སྔོན་འགྲོ་འཛིན་གྲྭའི་བསླབ་གཞིར་དབྱངས་དང་གསལ་བྱེད།
འཛིན་རིམ་དང་པོར་མགོ་འདོགས་སོགས།
འཛིན་རིམ་གཉིས་པར་མིང་དང་ཚིག
འཛིན་རིམ་གསུམ་པར་བརྗོད་པ་དང་དག་ཆ།
འཛིན་རིམ་གསུམ་པར་ཚིག་གྲུབ་ཐུང་ཐུང་།
འཛིན་རིམ་བཞི་པར་བྱིས་སྒྲུང་ཐུང་ངུ་།
འཛིན་རིམ་ལྔ་པར་རྩོམ་ཡིག
དེ་ལྟར་རིམ་བཞིན་ཡོང་ན་བོད་ཡིག་ལ་བར་སྟོང་འཇོག་དགོས་དོན་ཞིག་ཡེ་ནས་མེད།
བར་སྟོང་དགོས་ཟེར་བ་ཤེས་ཡོན་གསར་བ་ཞིག་ཡིན་ཁུལ་གྱིས་ངོམ་སྒྲོག་བྱེད་མཁན་ཚོ་ནོར་རེད། བར་སྟོང་འཇོག་སྟེང་འདི་མི་སྤྱི་ཚོགས་དང་སྐད་ཡིག་འཕེལ་རིམ་ཁྲོད་ཐོག་མར་བྱུང་ནས་ཕྱིས་སུ་དགོས་མཁོ་མེད་པ་ཆགས་ཟིན་པ་ཞིག་རེད། དེ་ཡང་ལོ་སྟོང་ཕྲག་མང་པོའི་སྔོན་ལ་མི་སྤྱི་ཚོགས་འདི་དུད་འགྲོ་གཞན་པ་ལས་ཕན་ཚུན་བརྡ་སྤྲོད་ཀྱི་ཐབས་རྩལ་མཐོ་བོ་བྱུང་བ་རེད་འདོད། ཡིན་ནའང་སྐབས་དེར་སྐད་ཚ་ཉག་ཅིག་ལ་བརྟེན་ནས་ཕན་ཚུན་བརྡ་འཕྲོད་ཀི་ཡོད་པ་མ་རེད། སྐབས་དེར་ཕན་ཚུན་བརྡ་སྤྲོད་སྐབས་ཁ་དང་ལག་པ་སོགས་འགུལ་ནས་བརྡ་སྤྲོད་པའི་ཞོར་ལ་ཚིག་ཐར་རེ་ཐོར་རེ་ཡང་བཤད་ཤེས་པ་རེད། དེ་ནས་ཡར་རྒྱས་སོང་སྟེ་རིམ་བཞིན་ཁ་ལག་གི་བརྡ་མང་པོ་མི་དགོས་པར་ངག་གི་སྨྲ་བ་ཁོ་ནར་བརྟེན་ནས་མི་དང་མིའི་བར་ལ་བསམ་ཚུལ་བརྡ་འཕྲོད་པ་བྱུང་བ་རེད། ཡིན་ནའང་མིང་དང་ཕྲད་སོགས་སྦྱོར་ཀློག་ལ་གོ་རིམ་དང་འགྲོ་སྟངས་གང་ཡང་ཡོད་པ་མ་རེད། དེ་ནས་རྒྱུན་མཁོའི་དངོས་སོ་སོའི་བཟོ་ལྟ་སྟོན་པ་དང་དེ་དབྱིབས་རི་མོ་བྲིས་ཏེ་མིག་བསྟན་ནས་བརྡ་སྤྲད་ སྐབས་དེར་མིང་རྣམས་གྲལ་འགྲིག་པོ་མེད་པར་ཐོར་རེ་ཐོར་རེ་བེད་སྤྱོད་གཏོང་གི་རེད། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ད་བཤད་སྙིང་བྲོ་མ་སོང་་་་་་་་་་་་་་དུས་ཚོད་འཕྲོ་བརླག་རེད
རྡོག་རྡོག ད་སླར་ཡང་སྐད་ཡིག་ཐོག་མར་དར་སྐབས་ཚིག་ཐར་རེ་ཐོར་རེ་བེད་སྤྱོད་གཏོང་སྐབས་ཀྱི་སྤྱི་ཚོགས་དེར་ལོག་འདོད་མི་འདུག
ངས་དྲ་གྲོགས་དག་ལ་ཞུ་གསོལ། དེང་དུས་བོད་ནང་དུ་ཚ་བ་སྔར་བྱུང་མྱོང་མེད་པ་ཞིག་སླེབས་ཡོད་པས་སྐད་ཆ་འདུག་པས གྲོགས་པོ་དག་གིས་དེས་བསྐོར་ལ་སྐད་ཆ་འདྲ་བཤད་ན་འགྲིག་ས་རེད།
བོད་ཡིག་ལ་བར་སྟོང་དགོས་ཟེར་མཁན་ཚོ་ཉོན་ཅིག
ངས་བལྟས་ན་སྐད་ཆ་དེ་ཚོ་མ་བཤད་རང་བཤད་ཐུག་པ་དེ་
ཕྱི་རྒྱལ་གྱི་སྐད་ཡིག་གི་ཤུགས་རྐྱེན་དང་གཅིག
ཕྱི་རྒྱལ་བ་བོད་སྐད་དང་བོད་ཡིག་སྦྱོང་མཁན་གྱི་བསམ་ཚུལ་དང་གཉིས།
བོད་པ་ཡིན་ན་ཡང་བོད་ཡིག་དང་འབྲེལ་འདྲིས་དེ་ཙམ་མེད་པའི་རིགས་དང་གསུམ།
བོད་ཡིག་གི་དཔེ་དེབ་ཆ་ཚང་བ་ལྔ་དྲུག་ཙམ་ལས་བཀླགས་མྱོང་མེད་པའི་རིགས་དང་བཞི།
བོད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་ཁོར་ཡུག་དེ་ཙམ་མེད་པར་གནས་པའི་རིགས་དང་ལྔ།
བཅས་གོང་འཁོད་དོན་ཚན་ཁག་གི་ནང་ཆ་ཚང་འདུས་ཡོད་མེད་ཇི་ལྟར་ཡང་དོན་ཚན་དེ་དག་གི་ཁོངས་སུ་གཏོགས་པའི་རིགས་ཀྱི་དཀའ་ངལ་རྣམས་སེལ་ཐབས་གཙོ་བོར་སྐད་ཆ་འདི་འདྲ་ཞིག་སླེབས་པ་རེད།
དྲ་ངོས་ནས་རྩོམ་ཡིག་དང་བསམ་ཚུལ་གསུང་མཁན་གྱི་ནང་བར་སྟོང་དགོས་ཟེར་གསུང་སྟངས་ལ་ཡང་འགའ་ཞིག་རང་ཉིད་ལ་བོད་ཡིག་གི་གཅོད་མཚམས་དཀའ་ངལ་གཅིག་ཀྱང་མེད་ཀྱང་གཞན་གྱི་ཟེར་སྒྲོས་ལ་བདེན་བདེན་ལྟར་མཐོང་སྟེ། གཡམ་རྒྱུགས་གནང་མཁན་དང་། ཡང་རེ་འགའ་ནི་གསར་གཏོད་ལ་དགའ་དྲགས་ཏེ་དེ་འདྲ་ཡང་ཡག་པོ་ཡོང་ས་རེད་བསམ་པ་དང་། ཡང་ལ་ལ་ནི་དབྱིན་ཇིའི་སྐད་ཡིག་ལྟ་བུར་ལད་ཟློས་བྱས་ན་ལེགས་པར་མཐོང་མཁན་གྱི་རིགས་དང་། ཡང་ཁ་ཤས་ནི་དངོས་གནས་བློ་གཟུ་བོར་གནས་པའི་ཐོག་ནས་གཞོན་སྐྱེས་ལས་དང་པོ་བ་ཚོར་དགོངས་པ་བཞེས་དྲགས་ཏེ་སེམས་ཚོར་དྲག་ཏུ་འཕྱུར་མཁན་གྱི་རིགས་སོགས་གང་མང་ཞིག་མཆིས་ཀྱང་། ད་ལྟའི་ཆར་ལས་ཀ་འདི་རྩ་བ་ནས་ཡོང་མི་སྲིད་ལ། གནང་ཡང་ཐུབ་ཐབས་མེད་པ་ཞིག་རེད། ཅི་སྟེ་བོད་མི་རིགས་ལ་ནམ་ཞིག་དེ་འདྲའི་དགོས་གལ་ཤར་ཚེ།
བོད་གཞིས་བྱེས་ལྷན་འཛོམས་བྱུང་རྗེས་ཁྲིམས་ཐོག་ནས་གཏན་ལ་ཕབ་དགོས་པ་ལས་གང་བྱུང་བྱུང་དང་གང་དྲན་དྲན་དུ་བཟོ་བཅོས་གནང་ན་དེ་ནི་མི་རིགས་འདིའི་རིག་གཞུང་ལ་རྩེད་ཆས་ལྟ་བུར་བརྩིས་ཏེ་ཁྱད་གསོད་བྱས་པ་ལྟ་བུར་འགྲོ་བ་ལས་བོད་མི་རིགས་ཀྱི་རིག་གཞུང་ལ་སྙིགས་དོར་བཅུད་ལེན་གནང་བ་རེད་ཅེས་ཞུ་ཐབས་བྲལ་ལ། ལོ་རྒྱུས་ཀྱི་ནང་ནས་ཀྱང་ནག་ཉེས་ཕོག་རྒྱུ་ཉག་ཅིག་རེད།
ད་དུང་འགའ་ཤས་ཀྱིས་བོད་ཀྱི་ཡི་གེ་འདི་ཡང་དབྱིན་ཡིག་ལྟར་ཆ་ཚང་བསྒྱུར་དགོས་གསུང་མཁན་ཡང་ཡོད།
དཔེར་ན། སྤྱི་ཚོགས་མེ་ལོང་ཞེས་པར་Chitsok Melongལྟ་བུའི་བོད་ཡིག་སྒྲ་གདངས་ཆ་ཚང་དབྱིན་ཡིག་ཐོག་ཐོན་གྱི་ཡོད་པ་བཞིན། ཡིག་གཟུགས་ཀྱང་འདི་བཞིན་དབྱིན་ཡིག་ཐོག་བསྒྱུར་དགོས་འདུག་གསུང་མཁན་ཡོད་པ་རེད། གོང་གི་དཔེ་མཚོན་ལྟ་བུ་ང་ཚོས་བསྒྱུར་དགོས་པའི་དཀའ་ལས་རྒྱག་དགོས་དོན་མི་འདུག བཀའ་བསྟན་འགྱུར་ཡོད་ཚད་ཕྱི་རྒྱལ་ཚོས་དབྱིན་ཡིག་ཐོག་སྒྲ་གཟུགས་བཟོས་ཟིན་འདུག་ལ། བཀའ་བསྟན་འགྱུར་རྣམས་བོད་ཡིག་སྒྲ་གདངས་ཡིན་ཞིང་ཡིག་གཟུགས་དབྱིན་ཡིག་ཡིན་པ་དེ་ཚུར་བོད་ཡིག་ལ་བསྒྱུར་དགོས་ན། མཐེབ་གནོན་ཐེངས་གཉིས་གསུམ་ནང་ལ་བསྒྱུར་ཐུབ་ཀྱི་འདུག འོན་ཀྱང་ང་ཚོའི་བོད་ཀྱི་ཡི་གེའི་གཟུགས་རིས་འདི་ད་དུང་བོད་མི་རིགས་ཇི་སྲིད་ནམ་གནས་ཀྱི་བར་དུ་གནས་དགོས་ངེས་རེད། གནས་ཀྱང་ཐུབ་ངེས་རེད། གནས་ཚུལ་འདི་ཡང་ཞོར་འཕྲོས་ཡིན།།
བསེ་རུས་ཁྲིམས་ཀྱི་སྐད་ཆ་ཁུར་ཡོང་དུས་ཚང་མས་གཟབ་གཟབ་བྱེད་དགོས་འདུག
འདིས་བོད་ཀྱི་སྐད་ཡིག་དེ་ཡང་ཁྲིམས་ཁང་ལ་སྐྱེལ་རྩིས་བྱེད་ཀྱི་འདུག
དངོས་གནས་བོད་ཡིག་ལ་ཚེག་མེད་པར་འགྱུར་ན།
སྔར་གྱི་བཀའ་འགྱུར་བསྟན་འགྱུར་དང་གསུང་འབུམ་དང་དེ་ཚོ་ཕྱི་རབས་གཞོན་སྐྱེས་ཚོས་ཀློག་རྒྱུར་དཀའ་ངལ་འཕྲད་ཀི་རེད། དེ་དཀའ་ངལ་འཕྲད་ན་དེ་ཚོ་ཚང་མ་གསར་དུ་ཤིང་པར་དུ་ཚེག་མེད་པའི་ཐོག་བར་སྟོང་བཞག་ནས་བརྐོ་དགོས་པ་རེད།
ཡང་བོད་པ་ཚོ་སྦྱིན་བདག་འཚོལ་བར་འགྲོ་དགོས་ཐུག་ས་རེད། གསུང་རབ་པར་སྐྲུན་ཁང་མང་པོ་ཞིག་སྒོ་འབྱེད་བྱེད་དགོས་པ་ཐུག་ས་མ་རེད་དམ།།
བསེ་རུ། འདྲ་མི་འདྲ་བཤད་ནས་གང་ཡོང་ད་ཉལ་བར་འགྲོ་གི་ཡིན། ཕན་ཐོགས་པའི་སྐད་ཆ་འདྲ་ཡོད་ན་དྲ་གྲོགས་ཚོས་གསུང་རོགས་མཛོད།
ག྄ླེང་བར྄ྗོད་འདི་ཡི་ངོས་སུ་ལ་ར྄ྩེ་ཞེས་བ྄ྲིས་པ་འདི་ལ་ངོས་ལེན་ར྄ྩ་བ་ནས་མེད།
བོད་ཀ྄ྱི་བར྄ྡ་ར྄ྙིང་པ་དེ་ཚོར་གཏོར་བཤིག་བདཏང་པ་ཞིག་རེད་འདུག
གོ་ར྄ྒ྄ྱུ་གཏིང་ཟབ་མེད་པའི་ས྄ྐད་ཆ་རེདའ
ལ་ཡི་འགོ་རི་ཡི་འགོ་ལས་སོགས་ལས་ལ་ཡི་ར྄ྩེ་མོ་དེ་འད྄ྲ་ལ་་གོ་ར྄ྒ྄ྱུ་མི་འདུག
དཔེར་ན། ཨ་མདོ་བས་དར་བ་ལ་འོམ་ས྄ྐ྄ྱུར་མོ་ཞེས་མིང་བཏགས་པ་དང་གཅིག་མཚུངས་རེད