༡༩༨༣ ལོའི་ ཟླ་ ༡༢ ཚེས་ ༢༨ དང་ ༢༩ ཉིན་ཐུན་གཉིས་ལ་ཀན་ལྷོ་རྩོམ་རིག་སྒྱུ་རྩལ་ཚོགས་པས་བསྡུས་པའི་སློབ་སྦྱོང་འཛིན་གྲྭའི་སློབ་མ་རྣམས་ལ་འབེལ་གཏམ་བྱས་པ།
༼ཚེ་ཏན་ཞབས་དྲུང་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གི་གསུང་འབུམ། པོད་ ༦ ཤོག་གྲངས་ ༢༡༩ ནས་ ༢༢༤ བར། མི་རིགས་དཔེ་སྐྲུན་ཁང་། ༢༠༠༧༽
ཞར་ལ་བཤད་རྒྱུ་གཅིག་ནི་འདི་ལྟར། དེང་སང་གི་བོན་པོ་འགའ་རེས་བོད་ཡིག་ཐོན་མིས་བཟོས་པ་ཡིན་ཞེས་བཤད་ན་མགོ་བོ་མགལ་མེ་ལྟར་དུ་འཁོར་འགྲོ་ཟེར། བོད་ཡིག་གི་མགོ་ཤམ་བྷ་ལ་འོལ་མོའི་གླིང་གི་ཡི་གེ་སྤུངས་ཆེན་དང་སྤུངས་ཆུང་། ཞང་ཞུང་གི་ཡི་གེ་སྨར་ཆེན་དང་སྨར་ཆུང་ནས་དར་བ་ཡིན་ཟེར། འདི་ལ་དཔྱད་པའི་སྒོ་ཙམ་བཏོད་ན། འདི་ལྟར། རྒྱའི་ཡིག་ཚང་རྙིང་བར་སྲོང་བཙན་མ་བྱོན་གོང་བོད་ལ་ཡི་གེ་མེད་སྟབས་མི་བརྗེད་པའི་མཚན་མར་ཐ་གུ་ལ་མདུད་པ་རྒྱག་པ་དང་། ཤིང་ལེབ་ངོས་གྲངས་ཀའི་རི་མོ་འབྲི་སྲོལ་ཡོད་ཅེས་པ་འདི་ནི་གསུབ་ཏུ་མེད་པའི་ལོ་རྒྱུས་ཁུངས་དག་ཡིན། ངས་སྔོན་ཆད་རྩོམ་ཡིག་ཅིག་ཏུ་བྲིས་ཡོད་པ་ལྟར་གནའ་དང་བོ་བོན་པོ་ཁོ་རང་རྣམས་ཀྱིས་ཆོས་འདོན་སྤྱད་ཀྱི་ཡི་གེ་ཞིག་ཡོད་ཐང་ཡང་དེ་ཁྱབ་གདལ་ཅན་ཞིག་གཏན་མ་ཡིན། ཞེས་པའི་དཔྱད་པ་འདི་བསམ་བློ་ཞིབ་མོ་བཏང་ནས་བཤད་པ་མ་གཏོགས་གང་དྲན་བཤད་པ་མིན། དཔེར་ན་ཞུང་ཧྭ་ཤན་ན་ནུབ་ཕྱོགས་ནས་རུ་ཡོང་པའི་ཟ་ལར་ཚོས་ཨ་རབ་ཡི་གེ་སྟེང་ནས་ཁོ་ཚོའི་ཆོས་འདོན་པ་མ་གཏོགས། ཡི་གེ་དེའི་སྟེང་ནས་ཟིན་བྲིས་འདེབས་པ་དང་ཟོན་གྲངས་རྒྱག་སྤྱད་ལ་བཀོལ་མི་ཐུབ་ཅིང་གོ་མི་ཆོད་པ་དེ་ལྟ་བུ་རེད་སྙམ། ཞེས་མཐུན་དཔེ་ལ་བཞག་ཡོད་པ་འདི་གཟུར་གནས་མཁས་པ་ཚོས་རྐན་སྒྲ་གཏོགས་བཞིན་ཡོད་དོ།།
ད་ལྟའི་བོན་པོའི་བཤད་ཚུལ་ལ་བོད་ཡིག་འདི་ཐོན་མིས་བཟོས་པ་མིན་ཟེར་བ་དེ་ལ་ལུང་དང་རིགས་པ་བརྒྱ་ཕྲག་གིས་གནོད་དེ། ལུང་གིས་གནོད་པ་ནི། ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་བཞེངས་པའི་སྐར་ཆུང་རྒྱལ་སྡེའི་གཙུག་ལག་ཁང་གི་རྡོ་རིང་གི་ཡིག་གཟུགས་དང་། དེའི་སྲས་ཁྲི་རལ་བ་ཅན་རིང་གི་ལྷ་སའི་ཇོ་ཁང་མདུན་གྱི་རྡོ་རིང་གི་ཡིག་གཟུགས་དང་། དེའི་དུས་ཀྱི་བོད་ཡིག་འབྲི་སྟངས་ཅན་ཏུན་ཧོང་ནས་བུད་པ་རྣམས་དང་། བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ་རྒྱ་གར་གྱི་པཎྜི་ཏ་ཀ་མ་ལ་ཤཱི་ལ་དང་། རྒྱ་ནག་གི་ཧྭ་ཤང་མ་ཧཱ་ཡ་ན་གཉིས་ཀྱིས་རྩོད་པ་མཛད་སྐབས། ཀ་མ་ལ་ཤཱི་ལས་མཛད་པའི་ཧཱ་ཤང་གི་དགག་ཡིག་སྒོམ་རིམ་དང་པོ་བར་བ་མཐའ་མ་གསུམ་ནི་དེང་སང་བསྟན་འགྱུར་ནང་དཔར་དུ་བཀོད་ཡོད་ཀྱང་། ཧཱ་ཤང་གིས་ཅི་ཡང་ཡིད་ལ་མི་བྱེད་པ་སྒོམ་དུ་སྒྲུབ་པའི་མདོ་ལུང་བརྒྱད་ཅུ་དྲངས་ཟེར་བའི་གཏམ་རྒྱུད་ཙམ་ལས། མདོ་གང་དང་གང་དྲངས་པ་ལོ་རྒྱུས་སོགས་སུ་གསལ་བོར་བཀོད་མེད། ཉེ་ཆར་ཝང་ཡོ་ཀྱོ་ཧྲིག་དབང་རྒྱལ་གྱིས་ཧྥ་གོའི་རྒྱལ་ས་པཱ་ལིས་ནས་དཔར་ལ་བརྒྱབ་པའི་དཔེ་ཆ་འགའ་ང་ལ་བྱིན་ཡོད། དེའི་གཅིག་ནི་ཧྭ་ཤང་མ་ཧཱ་ཡ་ནའི་མདོ་ལུང་བརྒྱད་ཅུ་བ་དེ་རེད། དེར་བརྩིས་ན་མདོ་ལུང་རེ་བཞི་ཙམ་ཡོད་དོ།། དེའི་མ་ཕྱི་ཏུན་ཧོང་ནས་ཕྱི་གླིང་ལ་ཁྱེར་བའི་གྲས་རེད། དེ་དག་གི་ཡིག་གཟུགས་ཀྱང་ཏུན་ཧོང་གི་བོད་ཡིག་གནའ་བྲིས་ཀྱི་བཟོ་ལྟ་དེ་མ་གཏོགས་སྨར་ཆེན་སྨར་ཆུང་གི་དྲི་ཙམ་ཡང་མི་བྲོ། འདི་བཤད་དོན་ནི་ཁྲི་སྲོང་སོགས་ཀྱི་རིང་ལ་བོན་པོའི་བསྟན་པ་དར་སྒང་ཡིན་སྟབས། བོན་པོའི་སྨར་ཆེན་དང་སྨར་ཆུང་མ་བཀོལ་བར་ཐོན་མིས་གསར་བཟོས་ཀྱི་ཡི་གེ་ཤ་སྟག་བཀོལ་དོན་དེའི་རྒྱུ་མཚན་ཅི་ལ་ཐུག ཁྲི་རལ་དུས་ཀྱི་ལྷ་སའི་ཇོ་ཁང་མདུན་གྱི་རྡོ་རིང་གི་ཡི་གེར་བོན་པོའི་ཡི་གེ་གཅིག་མཐོང་རྒྱུ་མེད་པ་དེའི་རྒྱུ་མཚན་གང་རེད། སྲོང་བཙན་དང་ཁྲི་སྲོང་གིས་བོན་བསྟན་བསྣུབས་སྐབས་བོན་གྱི་ཆོས་རྣམས་མེ་ལ་བསྲེགས་ཤིང་ས་འོག་ཏུ་བསྡུས་ཟེར་བའི་ལོ་རྒྱུས་ཡོད་ཀྱང་བོན་པོའི་ཡི་གེ་འབྲི་སྲོལ་ཐུན་མོང་མ་ཡིན་པ་ཞིག་ཡོད་ན་དེ་མེ་ལ་བསྲེགས་ཤིང་ས་འོག་ཏུ་ཇི་ལྟར་སྡུད། དེ་དུས་བོན་པོ་རྣམས་མདོ་སྨད་དུ་བྲོས་ཡོང་བའི་མི་རྒྱུད་ད་ལྟའི་བར་གང་ཡིན་སར་ཡོད་ཀྱང་བོན་པོའི་ཡི་གེ་ཞེས་པའི་ཡི་གེ་ཟུར་བ་ཞིག་མཐོང་རྒྱུ་མེད་པ་འདི་ཅི་རེད། འདི་དག་ལ་བསམ་བློ་ཞིབ་ཏུ་མི་གཏོང་བར་སྣང་བ་གང་དྲན་གྱིས་མཁས་པ་རྣམས་ཀྱི་སྤྱན་སྔར་ཁུངས་མེད་པའི་འཆལ་གཏམ་བསྒྲགས་པ་ལ་ཡ་མི་ང་བ་འདི་ནི་ཀྱེ་མ་ངོ་མཚར་ཆེ།
རིགས་པའི་གནོད་པ་འབབ་ཚུལ་ནི། མཚོ་སྔོན་སློབ་གསོ་ ༡༩༨༣ ལོའི་དེབ་ལྔ་བར་བཀོད་པའི་སྤུངས་ཆེན་དང་སྤུངས་ཆུང་དེ་ལཉྫ་དང་ཝརྟུ་ལ་གཞི་བྱས་ཁུལ་གྱིས་གསར་བཟོས་བྱས་པའི་བཟོ་ལྟ་ཅན་དང་། སྨར་ཆེན་སྨར་ཆུང་དེ་ཐོན་མིས་བཟོས་པའི་ཡི་གེ་དང་བསྲ་བསྲེས་བྱས་པའི་བཟོ་ལྟ་ཅན་དང་། གང་ལྟར་བརྩེགས་པ་མགོ་ཅན་འདོགས་ཅན་རྣམས་ཇི་ལྟར་འབྲི་ཚུལ་ལ་བློས་མ་ཁྱབ་པ་ནི་ཤིན་ཏུ་མི་མཁས་པ་ཞིག་གིས་བཅོས་པའི་བཟོ་ལྟ་ཡོད་པ་ལྷང་ལ་བུད་འདུག སློབ་དཔོན་ཐོན་མིས་བཟོས་པའི་ཡི་གེ་ལ་ལཉྫ་དང་ཝརྟུའི་འདྲ་གཟུགས་ཡོད་ཚུལ་ངས་སྔོན་ཆད་བྲིས་པའི་གངས་ཅན་གྱི་སྒྲ་རིག་པའི་བསྟན་བཅོས་ཞེས་པའི་འགབ་ན་དཔེ་རིས་ཞིག་བཀོད་ཡོད་པ་དེ་ལྟ་བུ་ཞིག་མ་མཐའ་དགོས་ཏེ། མཁས་བླུན་སུས་ཀྱང་རྣ་བར་འགྲོ་ཞིང་ཁས་ལེན་ཐུབ་པ་དེ་ལྟ་བུ་ཞིག་སྟོན་རྒྱུ་ཡོད་དགོས། དེ་འདྲའི་རིགས་པ་སྤུ་ཙམ་ཡང་སྟོན་རྒྱུ་མེད་པར་གཡག་སྣ་ཁུ་ཚུར་གྱི་ཨུ་ཚུགས་དེས་ཅི་ཞིག་གོ་ཆོད། བོན་ལ་ཡི་གེ་ཟུར་བ་ཞིག་གཞི་མ་གྲུབ་ཅེས་བཤད་པར་རིགས་པ་ཡང་དག་གིས་དཔྱད་པ་བཏང་བ་ལ་དེ་ནི་གྲུབ་མཐའི་ཕྱོགས་ལྷུང་ཡིན་ཞེས་བཤད་པ་དེ་རང་གིས་བསམ་བཞིན་སྡུག་ལག་པས་བླངས་པའི་ཐོད་པ་མ་ཡིན་ནམ། མཚོ་སྔོན་སློབ་གསོར་བཀོད་པའི་ངག་འཁྱལ་དེ་ན་མ་ཕྱིའི་ཡི་གེར་ཡིག་ནོར་ཡོད་པ་ཙམ་ཡང་ངོས་མ་ཟིན་པར་ལོག་པ་ལྔ་དང་ཤ་ཕྱི་ལོག་སོ་སོར་བགྲངས་པའི་ནོར་འཁྲུལ་རགས་པ་རྡོ་ཕ་བོང་འདྲ་བ་ཞིག་གི་མཚང་བསྟན་པ་ཙམ་ཡང་མ་ངེས་བཞིན་དུ་གངས་ཅན་མཁས་པའི་སྤྱན་སྔར་ངོ་མཚར་བའི་དོ་ཤལ་ཇི་ལྟར་འབུལ་བསམས་པ་ཡིན། ངག་འཁྱལ་དེ་དག་དར་སྤེལ་དུ་བཏང་ཚེ་སླད་མར་བོད་མི་རིགས་ཀྱི་རང་གི་ནང་ཕན་ཚུན་མཐུན་སྒྲིལ་ལ་ཧ་ཅང་གནོད་ཚབས་ཆེ་བའི་ཉེན་ཁ་ཡོད་ངེས་པ་མ་རེད་དམ། བོད་ཀྱི་གྲུབ་མཐའི་མིང་འདོགས་ལ་དཔྱད་པ་ཟེར་བ་ངས་བྲིས་པ་དེར། བོན་པོའི་ཆོས་ལུགས་ལ་རྒྱ་ནག་སྐད་ཀྱིས་ཧེ་སྐྱོ་སྟེ་ཆོས་ལུགས་ནག་པོ་ཞེས་འབོད་པ་དང་། སྟོན་པ་ཤཱཀྱ་ཐུབ་པ་ལ་དད་པ་མི་བྱེད་པའི་བོན་པོ་རྣམས་ལ་བོད་ཀྱི་ནང་བ་སངས་རྒྱས་པས་བོན་ནག་ཅེས་ཟེར་བ་འདི་བདག་གིས་སྙིང་ཐག་པ་ནས་མ་སྲོན་པར་མི་རིགས་མཐུན་སྒྲིལ་ལ་གནོད་པའི་མིང་འདོགས་དེ་འདྲ་བྱེད་མི་རུང་ཞེས་སྤོབས་པ་ཆེན་པོས་ཁ་ན་ནའི་བར་དུ་བྲིས་པའི་གཏན་གྱི་རེ་འདུན་པད་མ་དཀར་པོའི་ཆུན་པོ་འདྲ་བ་དེ་ལ་ཁྱེད་རང་ཚོས་མིག་གིས་ལྟ་བ་ཙམ་ཡང་མི་བྱེད། མཛུབ་མོ་ནང་དུ་གུག་ནས་བསམ་བློ་ཙམ་ཡང་མི་གཏོང་བར་ཕ་མེས་རྣམས་ཀྱི་རང་མཚང་རྗེན་པར་བྲུས་པའི་ངོ་ཚ་མཁན་དང་། ཉེ་རིང་ཆགས་སྡང་གི་དྲི་མ་ཅན་ཞེས་ངན་སྨྲས་ཀྱི་ཚིག་འདི་དག་ཁ་ནས་འབྱིན་ཕོད་དམ། ཚིག་ངན་འདི་དག་སུ་གཟས་པ་མི་ཤེས་རྒྱུ་ཅི་ཡོད། ཕ་མེས་རྣམས་ལ་ངས་བལྟས་ན་རང་མཚང་ཞིག་མེད་བསམ་ཡང་ཁྱོད་ཀྱིས་ཕ་མེས་རྣམས་ལ་རང་མཚང་ཞིག་ཡོད་པར་འབད་མེད་ལྷུན་གྲུབ་ཏུ་ཁས་བླངས་པ་འདིས་ཁྱོད་ངོ་ཚ་མི་ཆེའམ།
ཡང་རིགས་པའི་གནོད་བྱེད་གཅིག་ནི། བོན་པོའི་རྒྱུད་དུ་འཁྲུངས་པའི་དམུ་ཟི་གསལ་འབར་དགུང་ལོ་བཅོ་ལྔ་ཅན་ལ། བོད་ཀྱི་མཁས་པ་མི་གསུམ་གྱིས་འདུལ་བའི་ལས་ཆོག་ཀརྨ་ཤ་ཏཾ་གྱི་གླེགས་བབ་གཏད་དུས་ཤར་བཀླག་ཐུབ་པའི་ལོ་རྒྱུས་རིན་ཐང་ཅན་དེ་ལ་དཔགས་ན་ཡང་སྐ་ཅོག་ཞང་གསུམ་གྱིས་བོད་ཡིག་ཏུ་བསྒྱུར་ཞིང་བྲིས་པ་ཡུན་རིང་ལ་ལོན་པའི་ཐོན་མིའི་ཡི་གེ་དེ་མ་གཏོགས་བོན་པོ་རང་ལ་ཡི་གེ་ཟུར་བ་ཞིག་མེད་པའི་ངེས་ཤེས་འབད་མེད་དུ་མི་སྐྱེའམ། བོད་ཀྱི་ཡི་གེ་ནི་སློབ་དཔོན་ཐོན་མིས་གསར་བཟོས་བྱས་པ་ཡིན་པར་ད་ལྟ་འཛམ་གླིང་ན་བོད་ཡིག་བརྟག་དཔྱད་བྱེད་པའི་རྒྱལ་ཁབ་མང་པོའི་ཕྱི་གླིང་གི་མཁས་པ་རྣམས་ཀྱིས་ཀྱང་མགྲིན་གཅིག་ཏུ་ཁས་ལེན་བྱེད་པའི་རྒྱལ་སྤྱིའི་གནས་ཚུལ་འདི་ཙམ་ཡང་རྣ་བས་མ་གོའམ། ཏུན་ཧོང་གི་ཡི་གེ་སྐོར་འདི་སྔོན་ཆད་མ་མཐོང་གོང་མེས་ཨག་ཚོམ་དང་ཁྲི་རལ་སོགས་ཀྱི་སྐུ་རིང་གི་ཡིག་གཟུགས་ག་འདྲ་ཡིན་པ་ང་ཚོས་ཤེས་ཐུབ་ཀི་མེད། ད་བསམ་བློ་བཏང་ཚེ་སྔོན་གྱི་དཔེ་རྙིང་བའི་གྲས་ན་དེ་འདྲའི་ཡིག་ཚུགས་ཅན་མང་པོ་མཐོང་མྱོང་། དཔེར་ན་རོང་བོ་ཤར་བླ་བྲང་གི་ཕྱག་དཔེ་རྙིང་བའི་ཁྲོད་ན་བཀའ་འགྱུར་ནང་གི་རྒྱུད་རྡོ་རྗེ་ཕྲེང་བ་གནའ་བྲིས་ཅན་དངོས་སུ་མཐོང་སྟེ་ད་ལྟ་ཡོད་ཅི་ཆ། ༡༩༥༨ དུས་སུ་དཔེ་རྙིང་ཕལ་ཆེར་མེ་ལྷས་ཁྱུར་མིད་བྱས་ན་ཡང་། ད་དུང་ངས་ཀ་རིང་གི་ཕྱག་དཔེ་འཕྲོ་ལུས་ཐར་ཐོར་བསྒྲིགས་པའི་གྲས་ན། ལྷ་མོ་མེ་ལྕེ་འབར་མའི་རྒྱུད་ཟེར་བ་ཁ་ཚང་ལུས་འདུག དེ་ཏུན་ཧོང་གི་ཡིག་གཟུགས་དང་ཨ་ན་མ་ན་རེད། སྤྱིར་རྒྱུད་འདི་གླང་དར་མས་བསྟན་པ་བསྣུབས་རྗེས་བོད་ཀྱི་ཨ་ཇོ་སྔགས་པ་ཞིག་གིས་བརྩམས་པ་ཡིན་གསུང་རྒྱུན་ཡོད། གང་ལྟར་དཔར་ལ་བརྒྱབ་ནས་ཚང་མས་མཐོང་ཐུབ་པ་ཞིག་བྱ་འདོད་ཡོད། འདི་བཤད་དོན་ཅི་རེད་ཟེར་ན། ཁྲི་སྲོང་གི་རིང་ལ་བོན་པོའི་བསྟན་པ་ཅུང་ཟད་བསྣུབས་ན་ཡང་། བོན་པོས་བཤད་པ་ལྟར་གྱི་སྨར་ཆེན་དང་སྨར་ཆུང་གི་ཡིག་གཟུགས་དེ། ཁྲི་སྲོང་གི་ཚ་བོ་ཁྲི་རལ་བ་ཅན་རིང་གི་བོད་ཡིག་དང་འདྲ་མཚུངས་སྒྲིག་ཐབས་མེད་པ་དེ་ཅི་འདྲའི་རྐྱེན་གྱིས་བྱུང་བ་རེད། དེ་ལ་ལན་ཇི་ལྟར་འདེབས་རྒྱུ་ཡིན། ཞེས་པ་འདི་བཟློག་ཏུ་མེད་པའི་ཐལ་འགྱུར་མ་ཡིན་ནམ།
ཡང་རྒྱུ་མཚན་གཅིག་ནི། ཤམ་བྷ་ལ་ཟེར་བ་དུས་འཁོར་གྱི་གཞུང་ནས་གསལ་བོར་བཤད་པ་མ་གཏོགས་མདོ་རྒྱུད་ཀྱི་གཞུང་གཞན་ནས་གསལ་བོ་ཞིག་གཏན་ནས་བཤད་མེད། ཤཱཀྱ་ཤམ་ཀ་ཟེ་བྷ་བའི་བཤད་སྲོལ་ཡོད་ཀྱང་དེ་སྐབས་འདིར་བཤད་དོན་མེད། ཤམ་བྷ་ལ་ཆགས་སའི་གནས་ནི་ཡོ་རུབ་ཀྱི་གླིང་ཡིན། བོན་པོ་རྣམས་ཀྱིས་ཤམ་བྷ་ལ་ད་ལྟའི་དབྱི་ལང་ཡིན་ཟེར་ཏེ་ར་མགོ་ལུག་སུག་སྦྱར་བའི་གཏམ་རེད། དབྱི་ལང་ལ་སྔོན་ཆད་པར་སིག་ཟེར་ཏེ་བཀའ་འགྱུར་གྱི་འདུལ་བ་ལུང་སྡེ་བཞི་ན་དེའི་མིང་ཡོད་པ་རེད། འདི་སྐོར་ལྕང་སྐྱ་རོལ་བའི་རྡོ་རྗེའི་གསུང་རྩ་ཆེན་ན་བཤད་རྒྱུ་ཡོད་དེ་སྐབས་སུ་མ་བབ་པས་བཤད་རྩིས་མིན། སྨར་ཆེན་དང་སྨར་ཆུང་གི་གསལ་བྱེད་ཀྱི་གྲངས་ཀ་ཐོན་མིས་བཟོས་པའི་གྲངས་ཀ་དང་འདྲ་མཚུངས་ཡིན་པར་མ་ཟད། ཀ་ཁའི་གོ་རིམ་རྣམས་ཀྱང་འདྲ་མཚུངས་ཡིན་པའི་ཡ་མཚན་གྱི་གནས་འདི་ལ་བརྟག་དཔྱད་གཏོང་རྒྱུ་འདི་ཡོད་དེ། སྔོན་གྱི་མཁས་ཆེན་རིམ་བྱོན་གྲས་ནས་ཐོན་མིས་བཟོས་པའི་དབྱངས་གསལ་ལ་ཆ་བཞག་ནས་ཡི་གེ་གསར་བཟོས་མཛད་པ་མང་དུ་ཡོད་དེ། དཔེར་ན་རྔོག་བློ་ལྡན་ཤེས་རབ་ཀྱིས་བཟོས་པའི་བློ་ལྡན་ཡིག་གསར་དང་། འགོས་ལོའི་ཡིག་གསར། ཆག་ལོའི་ཡིག་གསར་སོགས་ནི་དེང་སང་ཡང་མཇལ་རྒྱུ་ཡོད་པ་རེད། སྐུ་འབུམ་ཆེ་ཤོས་སྒར་བ་ན་ཤིང་དཔར་དུ་བརྐོས་པའི་ཡི་གེ་མ་ཕྱི་དང་། ཧོར་ཡུལ་གྱི་ལྕང་ལུང་པནྜི་ཏའི་གསུང་འབུམ་ན་ཡང་དེ་དང་འདྲ་བ་ཞིག་ཡོད་པ་དེ་རེད། དཔེ་དེ་བཞིན་དུ་ད་ལྟའི་བོན་པོའི་ཡི་གེ་འདི་དག་ཀྱང་དེ་ལྟ་དེ་མཚུངས་ཀྱིས་བཟོས་པའི་ཡིག་གསར་གྱི་བཟོ་ལྟ་རེད། ཚན་རིག་གི་དཔྱད་པས་བརྟགས་ན་བོན་གྱི་ཡི་གེ་དེ་དག་དགུང་ལོ་མཐོ་རྒྱུ་མི་འདུག དེའི་ཕྱིར་བོན་པོའི་ཡི་གེ་དེ་དག་ཐོན་མིས་བཟོས་པའི་ཀ་ཁའི་གྲངས་དང་གོ་རིམ་འདྲ་མཚུངས་ཡིན་པ་དེའི་རྒྱུ་མཚན་གསལ་བོ་སྟོན་རན་པར་འདུག ངས་ཀྱང་ན་ཚོད་གཞོན་པའི་སྐབས་སུ་ཡོངས་གྲགས་ཀྱི་བོད་ཡིག་ལ་གཞིར་བྱས་ཤིང་། དབུས་ཟ་༼སྒོ་ལྕགས་༽ཆེན་པོའི་ལྡེ་མིག་གི་རྣམ་པ་ཅན་དབྱངས་ལྡན་ཡིག་གསར་ཞེས་པ་དབྱངས་བཞི་མགོ་འདོགས་སྔགས་ཡིག་བཅས་ལ་བསམ་བློས་ཁྱབ་པར་བྱས་ནས་གསར་བཟོས་བྱས་པ་སྔོན་ཆད་ཤིང་དཔར་དང་ད་ལྟ་མཚོ་སྔོན་ནས་འཕྲུལ་པར་བཀོད་པ་ཝརྟུའི་མ་ཕྱིའི་གཤམ་དུ་ཡོད་པ་ཚང་མས་རིག་ལོས་ཡོད། ཡི་གེ་གསར་བཟོས་དེ་ཐམས་ཅད་ཐོན་མིས་བཟོས་པའི་ཡི་གེ་གཞིར་བཞག་པ་ཤ་སྟག་རེད། དེས་ན་བོན་པོའི་སྨར་ཆེན་དང་སྨར་ཆུང་ཡང་རིགས་པའི་དཔྱད་པ་གྱི་ལི་མ་འདིའི་ཕྱི་རོལ་དུ་མཐོ་གང་ཕར་ཟད་སོར་གང་ཡང་སྤོ་མི་ཐུབ་པ་ནི་ཉི་མ་ཤར་ཤར་རེད། འདི་སྐོར་ལ་ད་དུང་དཔྱད་པ་གཏོང་རྒྱུ་མང་ན་ཡང་རེ་ཞིག་དེ་ཙམ་གྱིས་ཆོག་པར་བྱ།
མཆན། གསུང་བཤད་འདིའི་སྐོར་ ༡༩༨༣ ལོར་ཕྲན་དགོན་པར་སྡོད་སྐབས་ཐོས་བྱུང་ལ། དེ་ནས་མི་ལོ་ ༢༩ ཙམ་གྱི་རྗེས་སུ་ཡང་ད་དུང་རྩོད་པ་བྱེད་བཞིན་འདུག་པས། རྩོད་པ་ལ་རྩོད་པའི་ཚུལ་དུ་ཡི་གེ་འདི་བཤུས་ནས་བཀོད་པ་ལགས། དགེ་རབ་ཀྱིས།
རེད།
སྐད་ཆ་ཤོད་ན་ཚིག་སྐམ་སྟོང་བའི་མི་ཕན། ཁུངས་དང་ལུང་དགོས་པ་རེད། རབ་ཡིན་ན་ཚན་རིག་གི་ཞིབ་འཇུག་འབྲས་བུ་བྱུང་ན་དོན་དག་ལས་སླ་བོར་ཐག་གི་ཆོད་པ་རེད། སྐད་ཆ་སྦོམ་པོ་བཤད་མ་བཤད་མེད།
རབ་གསལ་ལགས་གྱིས་ཨ་ལགས་ཚེ་ཏན་ཚང་གི་ལུང་ཚིག་ཡིག་ཕྲེང་འདི་དག་ནི་གཟུར་བོར་གནས་པའི་དཔང་ཡིག་འཁྲུལ་མེད་ཅིག་དང་། མགོ་བོ་ནང་དུ་བཀུག་བཀུག་མི་བྱེད་ཀ་མེད་རེད།
ཚེ་ཏན་ཞབས་དྲུང་ལགས་ཀྱིས་བོད་ཡིག་འདི་ཐོན་མི་རང་གིས་བཟོས་པ་ཡིན་པ་གཞིར་བཞག་ནས་གཏམ་པའི་གསུངས་བཤད་ཅིག་རེད་འདུག། ཡིན་ནའང་མཁྱེན་དགོས་པ་ཞིག་ནི་ཁོང་གིས་་་བོན་པོའི་ཡི་གེ་་་་ཟེར་ནས་ཡང་ཡང་གླེང་འདུག་པས་བོན་པོ་རྣམས་ཀྱིས་བོན་པོའི་ཡི་གེ་ཟེར་བ་ལོགས་སུ་ཡོད་པ་ཞིག་འདོད་ཀྱི་ཡོད་པ་མི་ཤེས། ཡིན་ནའང་སྔ་རབས་བོན་པོའི་དབང་ཐང་དར་རྒྱས་ཡོད་པའི་སྐབས་སུ་བོན་འབྲེལ་མཁས་དབང་རྣམས་ཀྱིས་སྲོལ་གཏོད་པའི་་་ཞང་ཞུང་གི་ཡི་གེ་་་དང་་་བོད་ཀྱི་ཡི་གེ་་་ཞེས་བྱུང་ཡོད་པའི་ལོ་རྒྱུས་ཤོད་ཀྱི་ཡོད་པ་རེད། བོན་པོའི་ཡི་གེ་ཟེར་གླེང་སྟེ་བོད་ཡིག་ལས་ལོགས་སུ་བཀར་ནས་ནག་ཉེས་ཅན་ཡིན་པའི་བཟོ་འདྲ་པོ་གསུངས་ན་ཡག་པོ་མི་འདུག། བོན་པོ་རྣམས་ཀྱིས་སྔ་རབས་ཀྱི་ཡི་གེ་དང་ཤེས་རིག་ཆོས་ལུགས་གོམས་གཤིས་སོགས་རང་ཡུལ་དུ་ཡོད་རབས་ཤོད་པ་འདི་ཡང་ཞང་བོད་གངས་རིའི་ལྗོངས་ཀྱི་ངོ་སོ་ཞིག་བཟུང་ནས་ཤོད་ཀྱི་ཡོད་པ་རེད་མ་གཏོགས། བོད་དང་་བོད་ཀྱི་ལོ་རྒྱུས་ཁུངས་མེད་གཏོང་རྒྱུའི་ཆེད་དུ་བཤད་བཞག་པ་དེ་འདྲ་རྩ་བ་ནས་མ་ཡིན་པས་དེ་རྩིས་གོ་བ་ལེན་སྟངས་མ་ནོར་བ་གནང་དགོས། །
ངས་ཀློག་གི་ཀློག་གི་མགོ་ནག་འཐོམ་འཐོམ་ཆགས་འགྲོ་གི་འདུག ཞང་ཞུང་ཟེར་བ་དེ་བོད་ཡུལ་ཡིན་པར་བཤད་ཀྱི་ཡོད་པ་རེད་དམ། ཡང་བོད་ཡུལ་གྱི་ཆ་ཤས་ཞིག་ཡིན་པར་ངེས་འཛིན་བྱེད་ཀྱི་ཡོད་པ་རེད། ཡང་ན་བོད་ཡུལ་ལ་མ་གཏོགས་པའི་རྒྱང་ཁེད་ཅིག་ན་ཡོད་པ་རེད། དེ་བཞིན་དུ་བོད་ཡིག་འདི་ཡང་གནའ་སྔོན་པ་བོན་ཡིག་ཡིན་ཟེར་གྱི་ཡོད་པ་རེད་དམ། ཡང་ན་བོད་ཡིག་ལས་ལོགས་སུ་གྱུར་བའི་བོན་ཡིག་ཞིག་ཡོད་པ་རེད། འདི་ནི་མ་ཤེས་ནས་བོན་པོའི་ཕྱོགས་གཏོགས་ཀྱི་མཁས་པ་རྣམས་ལ་དྲིས་པ་ཡིན།
བོད་སྔ་ཕྱིའི་མཁས་པ་མང་པོའི་སུམ་རྟགས་ཀྱི་འགྲེལ་བ་དང་བོད་ཡིག་གང་ལ་དཔེ་མཛད་པའི་གསུང་ཚུལ་མི་མཐུན་པ་མང་དུ་མཆིས་ན་ཡང་། མཁས་དབང་དགེ་ཆོས་ཀྱིས། གུཔྟའི་ཡི་གེར་དཔེར་མཛད་ཚུལ་བཤད་ཅིང་། བོད་རང་གིས་བཤད་པ་གཅིག་བུ་ལ་ཡིད་མི་རྟོན་པར་དཔེར་ན་ན་ལན་ཊའི་ལོ་རྒྱུས་བཤད་དགོས་ན་ཐང་ཟམ་ལམ་ཡིག་དེ་ཁུངས་བཙན་ཤོས་ཆགས་ཡོད་པ་དེང་སང་ལོ་རྒྱུས་སྨྲ་བ་ཚོས་ ཁས་ལེན་པ་ལྟར་རེད། འདས་ཟིན་པའི་ལོ་རྒྱུས་རྣམས་ལོ་ཚིགས་དང་གུང་བསྒྲིགས་ནས་རྟོགས་དགོས་པ་མཁས་པ་དག་གིས་ནན་ཏན་མཛད་པ་ལྟར། སྤྱིར་ན་ལོ་ཚིགས་ཀྱི་དུས་མགོ་སྟོན་པ་ཤཱཀྱ་ཐུབ་པ་འདས་ལོ་ནས་ཚུགས་པ་ཡིན་མིན་དཔྱད་དགོས་པ་མང་ཡང་གཙོ་བོ་ཕུག་ལུགས་དང་གནས་བརྟན་སྡེ་བའི་ལུགས་གཉིས་བོད་ལ་གྲགས་ཆེ་བ་དང་། དེ་གཉིས་ཀྱི་བར་ལ་ཡང་ཁྱད་པར་ཡོད་པས་ཏག་ཏག་ཅིག་ངོས་འཛིན་དཀའ་བར་གནས། སྤྱི་ལོ་༦༢༩་ལོར་སྲོང་བཙན་ཁྲི་ལ་འཁོད། སྤྱི་ལོ་༦༣༣་ལོར་ཐོན་མི་རྒྱ་གར་དུ་ཕེབས་པར་བཤད་པ་དེ་ཡང་རྒྱའི་ལོ་རྒྱུས་ལ་ཁུངས་གཏུགས་པ་མིན་ནམ་སྙམ། །ཨ་ལགས་ཚེ་རྟན་ཚང་གིས། ཐོན་མི་རྒྱ་གར་དུ་ཕེབས་པའི་དུས་དེ་ཙ་ན། ལཉྫ་ན་ལྷའི་ཡི་གེ། ཝརྟུ་ལ་ཀླུའི་ཡི་གེ། ནཱ་ག་ར་མིའི་ཡི་གེ་ཞེས་གྲགས་པ་རྣམས་ཡོད་པ་ལས་ལཉྫ་ལ་དཔེར་བྱས་ནས་དབུ་ཅན་དང་། ཝརྟུ་ལ་དཔེར་བྱས་ནས་དབུ་མེད་དང་། ནཱ་ག་ར་དཔེར་བྱས་ནས་ལན་ཝར་གྱི་འབྲི་ཚེགས་ལས་སྟབས་བདེར་བྱས། ཞེས་པ་འདི་ནི་སྤྱིར་བཏང་མཁས་པ་ལ་ཡོངས་སུ་གྲགས་པའི་གཏམ་མོ།།ནཱ་ག་ར་ཞེས་པ་དེང་སང་རྒྱ་གར་གྱི་ཧུན་དུའི་ཡི་གེ་འདི་ཡིན་པར་མཁས་དབང་གར་ཞ་དངོས་གྲུབ་ཁོང་གིས་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་གྱི་གསུང་རྒྱུན་ཞིག་འདུག་ཅེས་གསུངས་མྱོང་། དེ་ཡང་རྒྱུ་མཚན་མེད་པ་མ་ཡིན་ཏེ། ནཱ་ག་ར་དཔེར་བྱས་ནས་ལཉྫ་དང་ཝརྟུ་ཡི་གེ་གཉིས་ཀྱི་འབྲི་ཚེགས་སྟབས་བདེར་བྱས་པ་ཡིན་པས་སོ། །དེ་བཞིན་དུ་ཤཱི་ལ་བྷ་དྲའི་ཆོས་འབྱུང་དང་བུ་སྟོན་ཆོས་འབྱུང་། ཐུའུ་བཀྭན་ཆོས་ཀྱི་ཉི་མ་སོགས་ཀྱིས་ནཱ་ག་རའི་ཡི་གེར་དཔེར་བྱས་ནས་གཟབ་མར་བསྒྱུར་ཚུལ་གསུངས་པ་དག་རྒྱུ་མཚན་ཡང་དག་ལྡན།
པདྨ་བཀའ་ཐང་ལས། གཤེན་རན་མི་བོ་ཆེས་བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་སྟག་གཟིག་སྐད་ཀྱིས་གསུངས་ཤིང་། དེ་ཞང་ཡིག་ཏུ་བསྒྱུར། ཞང་ཡིག་ལས་བོད་ཡིག་ཏུ་བསྒྱུར། ཞེས་སྟོན་པ་གཤེན་རབ་སྟག་གཟིག་གི་ཡིན་པ་ཤེས། གལ་ཏེ་ཞང་ཞུང་ངམ་བོད་ཡུལ་ནས་འཁྲུངས་པ་ཡིན་ན་སྟག་གཟིག་གི་སྐད་ཀྱིས་གསུངས་དོན་ཅི། བོན་ཟེར་བའི་ཚིག་དེ་པར་སིག་གི་སྐད་ཡིན་པར་འདོད་མཁན་ཡང་ཡོད་པ་དང་། ཨ་རུ་སུའི་མཁས་དབང་
༼ Litvinski ༽ཡི་༼གནའི་རི་སྤོ་བའི་མི་རིགསར༽ནང་“སྟོན་པ་གཤེན་རབ་ནི་གནའི་སྟག་གཟིག་རིག་གནས་ཀྱི་སྲོལ་གཏོད་པ་ཡིན།”ཞེས་དང་། ལེགས་བཤད་རིན་པོ་ཆེའི་གཏེར་ལས། འོན་ཀྱང་སུམ་འགྱུར་ཁོ་ནར་མ་ངེས་ཏེ་ཁྲི་བདུན་གྱི་རིང་ལ་སྟག་གཟིག་ནས་བོད་དུ་འགྱུར་བའང་ཡོད་དེ། ཞེས་གསུངས་ཤིང་། ལེགས་བཤད་མཛོད་དུ། ཁྲི་ལྡེ་གཙུག་བརྟན་ཡན་ཆད་དུ་རྒྱལ་སྲིད་གཡུང་དྲུང་བོན་གྱིས་བསྐྱངས། ཞེས་པ་སོགས་ལ་བསམ་ན་ཐོན་མིའི་སྔོན་དུ་བོད་ལ་གཟུགས་མཚོན་ཡི་གེ་ཡོད་ཀྱང་ཀ་ཁ་ག་ང་སོགས་སྒྲ་མཚོན་གྱི་ཡི་གེ་འདི་དག་ཡོད་པའི་ངེས་པ་མི་འདུག །གལ་ཏེ་དེ་ལྟར་ཡིན་ན་སློབ་དཔོན་ཐོན་མི་རང་གིས་མགུར་དུ་བཞེས་པ། རྒྱ་ཡིག་ལྔ་བཅུ་ཐམ་པ་དེ། །བོད་ཡིག་སུམ་ཅུར་གཏན་ལ་ཕབ།།ཞེས་པ་ལྟར་རྒྱ་གར་ཡི་གེ་དཔེར་བྱས་ནས་བོད་ཡིག་གསར་བཟོས་མཛད་པ་ཇི་ལྟར་འགྲེལ། སྤྱིར་ཞང་ཞུང་གི་ཡི་གེ་ནི་གདོད་མའི་གཟུགས་མཚོན་ཡི་གེ་ཞིག་སྟེ་བོན་པོ་རྣམས་ཀྱིས་ཆོས་འདོན་བྱེད་ལས་སྲིད་ཕྱོགས་ལ་སྤྱོད་དཀའ་བའི་ཡིག་རྒན་ཞིག་ཡིན་བཤད་མཁན་ཡང་ཡོད་པ་རེད། པདྨ་བཀའ་ཐང་ལས། རྒྱ་གར་ཆོས་རྣམས་བོད་ལ་བསྒྱུར་བའི་ཚེ།།རྒྱ་གར་ཡི་གེ་བོད་དུ་བསྒྱུར་མ་བཏུབ།།ཅེས་པའང་ཞང་ཡིག་ཏུ་བསྒྱུར་མ་ཐུབ་པར་བསྟན། སྲོང་བཙན་གྱིས་སངས་རྒྱས་ཆོས་ལུགས་བོད་ལ་སྤེལ་ཆེད་ཐོན་མི་རྒྱ་གར་ལ་མངགས་ཏེ་བོད་ཡིག་འབྲི་ཚུལ་གསར་གཏོད་མཛད་ལ། རྒྱ་གར་གྱི་སྒྲ་གཞུང་ལ་དཔེ་བལྟས་ནས་བོད་སྐད་དང་མཐུན་པའི་སུམ་རྟགས་སོགས་མཛད་པ་རེད། དེས་ན་ཐོན་མིའི་སྔོན་དུ་བྱུང་བའི་ཡི་གེ་ནི་ཞང་ཞུང་གི་ཡི་གེ་དེ་གདོད་མའི་ཡིག་རྒན་དེ་ཡིན་པ་དང་དེ་ནི་སྟོན་པ་གཤེན་རབ་ཀྱིས་མཛད་པར་ལོ་རྒྱུས་སྨྲ་བ་ཚོས་མཐུན་པར་བཤད། །འདི་དག་ཕྱི་གླིང་བའི་བློ་གཟུ་བོར་གནས་པ་དག་གིས་བྲིས་པ་དང་མཐུན་ཞིང་། རང་རེའི་བོན་དག་གིས་ཐམས་ཅད་བོན་ལ་གཏུགས་དགོས་ཚུལ་བཤད་པ་ཁས་ལེན་དཀའ་བ་ཞིག་རེད།
ཏུན་ཧོང་ལས། “བོད་ལ་སྔ་ན་ཡི་གེ་མྱེད་པ་ཡང་། བཙན་པོ་འདིའི་ཚེ་བྱུང་ནས„ ཞེས་དང་་། ཐང་ཡིག་གསར་རྙིང་ལས། “ཡི་གེ་མེད་ཅིང་། ཐག་པ་ལ་འདྲུད་པ་དང་། ཤིང་ལ་རྟགས་སུ་བཏབ་ཏེ་རྩིས་བྱེད„ ཅེས་པ་སོགས་ལ་བལྟས་ན་སྤུར་རྒྱལ་བར་ཡི་གེ་མེད་པ་ཤེས། འདིས་སྐབས་ཀྱི་བོད་ཟེར་བ་ནི་ཡུལ་ཡར་ལུང་བོད་ཀ་གཡག་དྲུག་གི་ཚོ་རྒྱུད་ལ་གོ་དགོས། ཞང་ཞུང་དུ་ཡི་གེ་མེད་པར་བརྗོད་པ་ག་ལ་ཡིན། ཡོངས་གྲགས་ལྟར་ན་ཞང་ཞུང་གི་ཡི་གེ་ནི་གདོད་མའི་གཟུགས་མཚོན་ཡི་གེ་ཡིན་པར་གནའ་རྫས་རིག་པ་བ་དང་བརྡ་སྤྲོད་མཁས་ཅན་རྣམས་ཀྱིས་གསུངས་པ་དེ་རང་རེད། ང་ཚོའི་བོན་པོ་དག་གིས་ཞིབ་འཇུག་བྱེད་སྟངས་བོན་གཞུང་གཅིག་བུའི་སྟེང་ནས་མ་ ཡིན་པར་གཞན་དང་བསྡུར་བ་གལ་ཆེན་པོ་མཐོང་གི་འདུག །དེ་མིན་ཞང་ཞུང་གི་ཡི་གེ་དེ་བོད་ཡིག་མ་རེད་ཅེས་ལབ་མི་ཕོད། ཡིན་ཡང་བོད་སྐད་དང་མཚུངས་པའི་སྒྲ་མཚོན་ཡི་གེ་ཀ་ཁ་ག་ང་སོགས་གསལ་བྱེད་ཀྱི་ཡི་གེ་འདི་དག་གཏན་ནས་མ་རེད། ཐོན་མིའི་ལོ་རྒྱུས་ཀྱི་དཔང་རྟགས་ཡོད་ན་མེད་ན་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐབས་ཀྱི་ཡིག་ཆ་ཁག་ལ་ལྟ་དགོས་བ་རེད། རབ་ཡིན་ན་རང་ལྟ་མཆོག་འཛིན་དོར་ནས་སྐབས་དེ་མཚུངས་ཀྱི་སྒྲ་སྦྱོར་བམ་གཉིས་དང་མ་ནི་བཀའ་འབུམ། པདྨ་བཀའ་ཐང་སོགས་ལ་གཟིགས་ནས་ཞིབ་བསྡུར་ཞིག་བྱེད་ན་སྔོན་གྱི་བརྡ་རྙིང་རྣམས་སྐད་གསར་བཅད་མཛད་སྟངས་དང་ཐོན་མིས་བརྡ་སྤྲོད་ཀྱི་གཞུང་ཇི་ལྟར་མཛད་ཚུལ་དཔང་རྟགས་གསལ་བོར་རྙེད་ངེས་རེད་འདུག །དེ་མིན་ཡོད་པ་བཞག་ནས་མེད་པ་འཚོལ་བ་དང་འདྲ་བས་ནམ་ཡང་རྙེད་སྲིད་ཀྱི་མ་རེད།
འཛམ་གླིང་གི་ཡིག་གཟུགས་སྣ་ཚོགས་འཕེལ་རིམ་གྱི་བབས་ལ་དཔྱད་ནའང་སྲོང་བཙན་ཡར་སྔོན་གྱི་ཡིག་རྒན་དེ་རི་མོའི་གཟུགས་མཚོན་ཡི་གེ་དེ་ཡི་གེར་འགྱུར་བའི་ཡི་གེ་ཡིན་པར་འདོད་པའི་དབང་དུ་བཏང་རུང་། དེ་ནི་ལོ་ལྔ་སྟོང་གི་ཡན་ལ་དེད་ཡོད་པས་བོད་ཡིག་དང་མཚུངས་པའི་སྒྲ་མཚོན་ཡི་གེ་སྔོན་ཐོན་ཅན་ཞིག་ཡིན་མི་སྲིད། སྲོང་བཙན་སྒམ་པོ་དང་ཁྲི་སྲོང་ལྡེའི་བཙན་རིང་བོན་སྤྱུགས་པ་རྣམས་ཀྱིས་ཞང་ཡིག་མཁྱེན་པ་དང་ཞང་ཡིག་ཏུ་བསྒྱུར་ཡོད་པའི་གཤེན་ཆོས་མང་པོ་འཇང་ཡུལ་དུ་གདན་དྲངས་ཏེ་མི་བོ་ཆེའི་བསྟན་པ་སྤེལ། སྟོད་མངའ་རིས་སོགས་ཀྱི་བྲག་ངོས་དང་། རྡོ་སྟེང་། ས་འོག་ནས་རྙེད་སོན་བྱུང་བའི་གདོད་མའི་གཟུགས་མཚོན་ཡི་གེ་དེ་ཚོའི་གྲས་སུ། འབྲོང་དང་། ར་མ། བོང་བུ། རི། ལུག །རྭ་ཅོ། སྟག །སེང་གེ །སྤྲེའུ། རྟ། གཟིག །ཤྭ་ར་སོགས་དང་། བོན་པོའི་ལྷ། བྱ་རྒྱལ་ཁྱུང་ཆེན། གཤེན་རབ་མི་བོ་སོགས་དང་། དཀྲུག་ཇ་དཀྲུག་བྱེད་དང་། ཇ་དམ། ཅ་ནེ་སོགས་ཀྱི་གཟུགས་འདྲ་བ་ཡོད་པར་བཤད་འདུག །འཇང་སྐད་དང་འཇང་ཡིག་ནང་གཉེན་ཉེ་རྣམས་ཀྱི་འབོད་སྲོལ་བོད་དང་མཐུན་པ་ཡོད་ཟེར།
བོད་ཡིག་ཐོན་མིས་མ་བཟོས་བཤད་ན་མགོ་བོ་མགལ་མེ་ལྟར་འཁོར་བ་ཚོར་སྤྲིངས་པ།
དགེ་རབ་ཞེས་པ་འདི་དགེ་འདུན་རབ་གསལ་ཡིན་ནམ།
དགེ་འདུན་རབ་གསལ་ལགས།
ཁྱེད་ཀྱིས་ཚེ་བརྟན་ཞབས་དྲུང་གིས་གསུངས་པ་རེད་ཟེར་བ་ཞིག་འདིར་ན་འཁྱེར་ཏེ་གནམ་འཕྱར་ས་འཕྱར་བྱེད་པ་ནི། ངོ་མ་མི་རིགས་ཀྱི་མཐུན་སྒྲིལ་ལ་ཕན་པའི་བྱ་བ་ཞིག་ཡིན་ནམ།
༡༽ ༼བོན་པོའི་ཡི་གེ་༽ཚིག་འདི་འདྲ་བོན་པོ་སུ་ཞིག་གིས་བཤད་ཀྱི་འདུག་གམ། བོན་པོའི་དཔེ་ཆ་གང་གི་ནང་དུ་འདུག་གམ། བོན་པོ་རྣམས་ཀྱིས་བོད་ཡིག་དང་ཞང་ཞུང་གི་ཡི་གེ་ཞེས་བཤད་པ་མ་གཏོགས་བོན་ཡིག་ཅེས་པ་ཞིག་ག་ནས་གསལ་འདུག་གམ། གལ་ཏེ་མེད་ན་ཁྱེད་ལ་ལྷ་འདྲེ་ཡིས་ལུང་དུ་བསྟན་པ་གཏན་གཏན་རེད།
༢༽ཁྱེད་ཚོའི་ཚད་མར་འཛིན་ས་ཏུན་ཧོང་ཡིག་རྙིང་གི་ནང་དུ་བོད་ཀྱི་རྒྱལ་རབས་བཤད་པའི་སྐབས་སུ།
འདི་ལྟར་གསལ་འདུག་ཡག་པོ་བྱེད་དེ་གསན་ཨང། ལིག་མི་རྐྱ་ལ་ཤུད་ཀི་ཟ་སྩལ་ཐིང་ཤགས་གནང་སྟེ། བཙན་མོ་ཡང་ལིག་མི་རྐྱ་ཡི་སོ་ནམ་དང། བུ་སྲིད་མྱི་མཛད་ཅིང་ལོགས་ཤིག་ན་བཞུགས་པར། འདིར་དྲལ་སྙན་གྱི་བུ་གདའ་སྟེ། བཙན་མོ་དེ་ལྟར་ལོག་པ་བགྱིས་སམ། ཆབ་སྲིད་ཀྱི་དཀྲུགས་མར་འགྱུར་བས་དེ་ལྟ་བུ་མི་བགྱིད་པར། ལིག་མི་རྐྱ་ཡི་སོ་ནམ་དང་བུ་སྲིད་ཟུང་ཞིག་ཅེས། སྦུག་གྱིམ་བཙན་རྨང་བཀའ་སྩལ་ཏེ། མཁར་ཁྱུང་ལུང་དུ་མཆིས་ན། བཙན་མོ་མྱི་བཞུགས་ཏེ། ཆབ་ཉ་ལ་རོལ་ཞིང། མཚོ་མ་པང་དུ་གཤེགས་ནས། རྨང་ཆུང་པང་དུ་མཆིས་ཏེ། ཞེས་པ་ནས། རིམ་བཞིན་་་་་་ཉ་མོ་ནི་མཐོང་རྒོལ་ཞིག མཐོང་རྒོལ་ནི་མཐོང་ལ་རྒོལ། མཆིལ་པའི་ནི་སྣང་ཐོགས་ཤིག སྣང་ཐོགས་ནི་སྣང་ལ་ཐོགས། རིང་གི་ནི་གོད་ལན་དང། སྐྱིའི་ནི་པུར་ཐབས་སུ། ཟ་དུར་ནི་བཏབ་ཀྱང་རུང། ཞེས་མགུར་བླངས་པའི་རྗེས་ལ། རྨང་ཆུང་མཆིད་ཕྱག་བགྱིས་པ་ལས། བཙན་པོ་དྲལ་ལ། བཀའ་ལན་ཡི་གེར་བཀོད་གསོལ་བ་ནི་ཅང་མ་མཆིས་སོ། ཞེས་ཅི་ཞིག་གསལ་མི་འདུག་གམ། ཡི་གེར་གསོལ་བ་ཞེས་པ་དེ་དེ་དུས་ཡི་གེ་ཡོད་པའི་སྐད་ཆ་ཞིག་རེད་མ་གཏོགས་དེ་མིན་་་མེད་ན་རི་བོང་གི་རྭ་ཞིག་གསོལ་བ་ནི་ཅང་མ་མཆིས་སོ། ཞེས་པ་དང་དོན་མི་མཚུངས་སམ། ཚེ་བརྟན་ཞབས་དྲུང་གིས་གསུངས་པའི་ཕྱིར་གྱིས་གཏན་ཚིགས་བཀོད་ན། དེ་ལྟར་ན་བོད་ལ་ཐོན་མི་ཡི་གོང་དུ་བོད་ཡིག་ཡོད་པར་ཐལ་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་གསུངས་པའི་ཕྱིར། ཁྱབ་པ་ཀུན་ནས་འགྲིག དེ་ཡང་དུང་མཁར་གྱི་ཚིག་མཛོད་ལས།
ད་དུང་ཆོས་རྒྱལ་སྲོང་བཙན་སྒམ་པོས་སེམས་ཤུགས་མ་ཆག་པར་རང་ཉིད་ཀྱི་བློན་པོ་གཉལ་བ་ཐོན་མི་སྣང་གྲགས་ཟེར་བའི་བུ་ཨ་ནུ་ལ་གསེར་ཕོན་ཆེན་པོ་བསྐུར་ནས།་རྒྱ་གར་དུ་ཡི་གེ་དང་རིག་གནས་ལ་སློབ་སྦྱོང་བྱེད་པར་བཏང། ཞེས་པ་ནས། རྒྱ་གར་གྱི་ཡི་གེ་རིགས་མི་འདྲ་བ་བཅུ་ལྷག་ཙམ་སྦྱངས་ཤིང་ཡི་གེ་སོ་སོའི་སྒྲ་རིག་པ་ཡང་མཐར་ཕྱིན་པ་སློབ་སྦྱོང་བྱས་ནས་བོད་དུ་ལོག་རྗེས་སྐབས་དེ་ཡི་བོད་ཀྱི་སྐད་ལ་ཞིབ་འཇུག་བྱས་ཐོག
༼སྔར་བོད་ཡིག་རྙིང་པ་དེར་ཆ་མ་ཚང་བའི་རིགས་གསར་དུ་བསྣན།༽་འདི་ཡིས་ཅི་ཞིག་བསྟན་མི་འདུག་གམ།
མིག་ཅན་ཞིག་ཡོད་ན་མཐོང་ཟེར་ས་མེད་པ་དང།་རྣ་ཅན་ཞིག་ཡིན་ན་མ་ཐོས་ཟེར་ས་མི་འདུག འདི་ཁྱེད་རང་ཚོའི་ཆོས་ལུགས་མི་སྣ་མཁས་པ་ཞིག་རེད། ཁོང་གིས་སྐུ་ཚེ་ཡི་སྟོད་ལ་བོན་ལ་སྡང་ཟུག་དང་བོན་གྱི་རིག་གནས་ལ་ཐུགས་དགྱེས་ཚོར་ཆེན་པོ་མི་བྱེད་མཁན་ཅིག་དང། རྗེས་སུ་ས་འོག་གི་གནའ་རྫས་ལས་སོགས་རྒྱུ་མཚན་མང་པོ་ཞིག་གི་བརྒྱུད་ནས་སྔར་གྱི་རང་གིས་ཁས་བླངས་འདོད་པ་དེ་ལ་བསྒྱུར་བཅོས་ཆེན་པོ་བྱས་ཡོད།
བོན་པོ་ཚོས་བོད་ལ་སྲིད་པ་ཆགས་པ་ནས་རིག་གནས་དང་སྐད་ཡིག་ཕུན་སུམ་ཚོགས་པོ་ཡོད་པར་བསྒྲོགས་པ་ལས་དེ་དག་ཐམས་ཅད་བོན་གྱི་ཡིན་པ་དང། བོན་ལ་དབང་གི་ཡོད་པར་བཤད་ཀྱི་མེད། ངོ་ཐོག་བྱེད་ན་བོད་མི་རིགས་ཤིག་དང་བོད་ལ་ཤ་ཚ་ཡོད་མཁན་ཞིག་ཡིན་ན་བོད་ཀྱི་ཆབ་དཔལ་སྲིད་གསུམ་སྟེ་བོད་ཀྱི་སྐད་ཡིག་གིས་མཚོན་པའི་རིག་གཞུང་ལོ་རྒྱུས་ཇི་ཙམ་གྱིས་ཕུག་ཐག་རིང་པོར་ཡོད་པར་དགའ་བསུའི་ཐལ་སྒྲ་སྒྲོགས་དགོས་པ་ལས་དེ་ལ་ཐན་དུ་བལྟ་བར་གང་གིས་འོས། དེ་ལ་ཐན་དུ་བལྟ་བ་ནི་ཆོས་ལུགས་ཀྱི་ཆགས་སྡང་གིས་བཟི་བའི་དན་རྟགས་ཤིག་ཡིན་པ་ལས་མི་རིགས་ལ་དགའ་ཞེན་དང་ཤ་ཚ་ཡོད་པའི་རྟགས་ཤིག་མ་ཡིན།
གཞན་ཡང་མཁས་དབང་ནམ་མཁའི་ནོར་བུས་ཀྱང་ཐོན་མིས་བོད་ཡིག་མ་བཟོས་པའི་སྒྲུབ་བྱེད་ཀྱང་བསྐལ་པ་སྔོན་མར་འཛམ་གླིང་ཀུན་ཏུ་བསྒྲགས་ཚར་བ་རེད།
ཀླད་པ་ལྗང་ནག་འདི་རིགས་ཀྱིས་ད་དུང་ཡང་ཚན་རིག་གི་ལམ་ནས་བརྟག་དཔྱད་བྱེད་འབྲས་ལ་བརྩིགས་མཐོང་མི་བྱེད་པ་ནི་ངོ་མ་ཡ་མཚན་སྐྱེ་གཞི་ཞིག་རེད། དེ་སོ་སོའི་ལྟ་བའི་རྒྱུད་འཛིན་ཡིན་བསམ་གི་ཡོད་འགྲོ།
དེ་མ་རེད། དེ་དུས་རབས་ཉེར་གཅིག་གི་ནང་དུ་སྐྱེས་ཤིང་དུས་རབས་ཉེར་གཅིག་གི་རྗེས་ལུས་པ་ཤིག་རེད།
རྒྱུ་མཚན་འདི་དག་ལ་བརྟེན་ནས་༸གོང་ས་མཆོག་གིས་དགེ་འདུན་པ་ཚོས་ཚན་རིག་སྦྱོང་དགོས་ཀྱི་འདུག་གསུང་གི་ཡོད་པ་རེད།
རང་གཞན་ཚང་མས་ཕྱོགས་གཅིག་ཏུ་མ་ལྷུང་ནས་སྐད་ཆ་ཤོད་དགོས་ཀྱི་ཡོད་རེད།
རང་གཞན་ཚང་མས་ཕན་ཚུན་གཉིས་ཀའི་ལོ་རྒྱུས་དང་ཆོས་འབྱུང་རྣམ་ཐར་སོགས་ལ་བལྟ་དགོས་པ་རེད།
གཞན་ལ་བལྟ་དགོས་རེད་ཅེས་བཤད་རང་གིས་གཞན་དཔེ་རེ་གཉིས་ཙམ་ལས་མ་གཏོགས་བལྟ་མི་ཐུབ་པ་འདི་གཡག་ཞར་གྱིས་རྩ་བཟའ་ཚུལ་རེད།
ཞང་ཞུང་ལས་བླང་བའི་ཡི་གེ་དེ་བོན་པོ་ཁྱེད་རང་ཚོའི་བེད་སྤྱོད་གནང་།
ང་ཚོ་ནང་པ་སངས་རྒྱས་པ་ནི་ཐུ་མི་བཀའ་དྲིན་ཅན་གྱི་བཟོ་གནང་བའི་བོད་ཡིག་འདི་བེད་སྤྱོད་བྱེད་གི་ཡིན།
༧ དགེ་རབ་ཀྱིས་དྲངས་པའི་མཁས་པ་ཚེ་ཏན་ཞབས་དྲུང་གི་གསུང་ཚུལ་དེ་ནི་དྲང་དོན་ཐབས་མཁས་ཀྱི་བཞེད་ཚུལ་ཙམ་ལས་ཁོང་གི་དགོངས་པ་མཐར་ཐུག་མ་ཡིན་པ་ཁོང་རང་གིས་སྲོང་བཙན་གོང་དུ་བོད་ལ་ཡི་གེ་ཡོད་པར་གསལ་བཤད་གནང་བ་འདི་ལྟར། བོན་རྒྱ་རིན་པོ་ཆེས་མཛད་པའི་དྲིས་ལན་ལྷག་བསམ་གཡས་འཁྱིལ་ལས། །མཚོ་སྔོན་ཕྱོགས་ཀྱི་མཁས་པ་ཚེ་ཏན་པས། སྲོང་བཙན་ཡན་ན་བོན་བསྟན་ཡོད་པའི་སྐབས་ཀྱི་ཡི་གེ་དེ་ཨ་ལ་པོའི(Arabia)ཡི་གེ་བཞིན་སྲིད་ཕྱོགས་སུ་བཀོལ་མི་རུང་བ་ཞིག་ཡིན་ནམ་སྙམ་ཞེས་བཤད་པ་ཞིག་མཐོང་མྱོང་སྟེ། མཁས་པའི་གསུངས་ལ་དངོས་ཤུགས་གང་རུང་ལས་གོ་རྒྱུ་ཡོད་སྟབས་སྲོང་བཙན་སྔོན་ལ་བོན་བསྟན་ཡོད་པ་དངོས་སུ་བསྟན། ཡི་གེ་ཡོད་པ་ཤུགས་ཀྱིས་གསུངས་ཤིང་རྩོམ་པའི་ཉམས་ཀྱིས་རང་སྡེ་བན་དེ་རྣམས་ལའང་ངོ་འཛིན་ཅུང་ཟད་སྨོས་པ་རེད་དེ། རྫུན་སྨྲ་མ་འདོད་པ་ནི་མཁས་པའི་རྟགས་སོ། །ཁོང་གིས་ཀྱང་ལོ་རྒྱུས་བདེན་དོན་དུ་གཟིགས་ནས་ཡི་གེ་མེད་ཟེར་མ་ནུས། བན་དེའི་རང་ལུགས་ལ་འགལ་བས་ཡོད་ཟེར་མ་ཕོད་པའི་དབང་གིས་མ་གཏོགས། ཨ་ལ་པོའི་ཡི་གེར་མི་འདྲ་ཚུལ་ལོས་མཁྱེན། ཞེས་གསུངས་པ་ལ་གཞིགས་ན་མཁས་པ་ཚེ་ཏན་ཚང་གིས་ཀྱང་སྲོང་བཙན་གོང་དུ་བོད་ལ་ཡི་གེ་ཞིག་ཡོད་པ་གསལ་བཤད་གནང་མི་འདུག་གམ། དེར་མ་ཟད་ཐོན་མིའི་གོང་དུ་བོད་ལ་ཡི་གེ་མེད་པར་འདོད་ན་བན་བོན་གཉིས་ཀའི་ལུང་རིགས་བརྒྱ་ཕྲག་གིས་གནོད་པ་ཡོད་དོ། དཔེ་མཚོན་ཙམ་ཞིག་འདིར་སྨོས་ན། བོད་རྒྱལ་སྤུ་དེ་གུང་རྒྱལ་གྱི་དུས་སུ་ཁམས་བརྒྱད་ལས་སོགས་བོན་པོའི་ཆོས་མང་པོ་ཞང་ཞུང་ནས་བོད་དུ་བསྒྱུར་བ་དང་སྲོང་བཙན་དགོང་ལོ་ཆུང་ངུའི་སྐབས་རིག་པའི་གནས་ལྔ་ལ་མཁས་ཚུལ་རྒྱལ་རབས་གསལ་མེ་ལས་བཤད་ལ། ཡིག་རྨོངས་ཅན་གྱིས་རིག་གནས་ལ་མི་མཁས་པ་དང་རིག་གནས་ལ་མཁས་ན་ཡི་གེ་ལ་བརྟེན་དགོས་པ་དོན་གྱིས་གྲུབ། ཁམས་བརྒྱད་བོད་སྐད་དུ་བསྒྱུར་ན་ཡི་གེའི་ལམ་ནས་འགྲོ་དགོས་པ་མ་བརྟགས་ཀྱང་ཤེས་ནུས་སོ། སྲོང་བཙན་རང་ལོ་བཅུ་བཞི་ལ་རྒྱ་གཟའ་དང་བལ་གཟའ་བློང་སྐབས་བཀའ་ཤོག་གི་སྒྲོམ་བུ་བསྐུར་བའི་ལོ་རྒྱུས་ཡོད་ལ། གལ་སྲིད་སྲོང་བཙན་ཡིག་རྨོངས་ཅན་ཡིན་ན་བཀའ་ཤོག་བྲིས་པར་བཤད་པ་ཅིའི་ཕྱིར་མི་འགལ། དེ་རྒྱ་ཡིག་དང་བལ་ཡིག་ལ་བྲིས་པར་བཤད་དོ། ཞེ་ན། དེ་ནི་བློ་རྣལ་དུ་བབས་པའི་སྐད་ཆ་ཞིག་མིན་ཏེ་དེའི་སྔོན་སྲོང་བཙན་གྱིས་རྒྱ་བལ་ཡི་གེ་སྦྱོང་པའི་ལོ་རྒྱུས་མེད་དོ། སྤྲུལ་པའི་སྐུ་མཆོག་ལ་སོགས་པ་སྨྲ་ན་བོད་ཡིག་མི་ཤེས་པའི་རྒྱུ་མཚན་མེད་པ་དང་། རྗེས་སུ་ཐོན་མིར་དགེ་རྒན་བརྟེན་ནས་ལོ་གསུམ་བཞིར་ཡི་གེ་སྦྱངས་པར་བཤད་པ་འགལ་བའི་ཁུག་ཆེན་མ་ཡིན་ནམ། དམ་པའི་ཆོས་ཐོག་མར་བོད་ལ་བྱུང་ཚུལ་བཤད་པའི་སྐབས་སུ་རིན་པོ་ཆེའི་ཟ་མ་ཏོག་གི་ནང་དུ་གསེར་གྱི་གླེགས་བམ་མུ་ཏྲའི་ཕྱག་རྒྱ་དང་བཅས་པ་གནམ་ནས་བབས་དུས་རྒྱལ་པོས་གཟིགས་པས་གླེག་བམ་དེ་བོན་དང་ཆོས་གང་ཡིན་ངོ་མ་ཤེས་ཀྱང་ངོ་མཚར་ཆེ་བར་མནོ་ཚུལ་ཆོས་འབྱུང་མེ་ཏོག་སྙིང་པོ་ལས་བཤད་ལ། གལ་སྲིད་སྐབས་དེར་བོད་ལ་ཡི་གེ་མེད་ན་རྒྱལ་པོས་གླེག་བམ་དེ་ལ་བོན་དང་ཆོས་གང་ཡིན་གྱི་དཔྱད་པ་མི་ཞུགས་པར་གླུན་པོ་ཡིན་ཡང་རྟོགས་ནུས། ཆོས་འབྱུང་འདིའི་ནང་དུ། བོད་ཀྱི་ཡི་གེ་ཡང་ཁྲིམ་སོ་བུད་བཙན་པོའི་རིང་ལ་བྱུང་བར་འདོད་པ་ཡང་ཡོད་དོ། ཞེས་བཤད་པས་གནའ་སྔ་མོ་ནས་བོད་ཡིག་ཐོན་མིས་གསར་བཟོ་བྱས་ཚུལ་ལ་དགག་པ་བྱེད་མཁན་ཡང་ཡོད་པར་བཤད་པ་མ་ཟད་ཆོས་འབྱུང་འདིའི་རྩོམ་པ་པོས་ཀྱང་བོད་ཡིག་ཐོན་མིའི་གོང་དུ་ཡོད་པར་ཡི་རངས་བ་ཤུགས་ལ་བསྟན་ཏོ། སྲོང་བཙན་གོང་དུ་བོད་པས་ཡི་གེའི་བརྒྱུད་ནས་ཕན་ཚུན་བརྡ་སྤྲོད་ཚུལ་ཏོན་ཧུང་ཡིག་རྙིང་གིས་ཀྱང་གསལ་བཤད་བྱས་ཏེ། གནམ་རི་སྲོང་བཙན་གྱི་སྐབས་སུ་སུག་ལས་བགྱིས་ཚུལ་བཤད་པ་དང་སུག་ལས་བགྱིས་ཞེས་པ་དེ་ཡི་གེ་བྲིས་ཞེས་པ་ལ་གོ་དགོས་པ་མ་ཡིན་ནམ། ཐོན་མི་མི་ཆུང་སམ་བྷོ་ཊས་ཡི་གེ་བསྒྱུར་ཞེས་བེ་རོའི་རྒྱུད་འབུམ་ལས་བཤད་ལ་ཐོན་མིས་བོད་ཡིག་གསར་བཟོ་བྱེད་མི་དགོས་པར་དེའི་སྔོན་སྒྱུར་གཞིའི་ཡི་གེ་ཞིག་ཡོད་པ་ལ་ཐོན་མིས་འབྲི་སྟབས་བདེ་རུ་བཏང་བ་དང་ཅུང་ཙམ་བཟོ་བཅོས་རྒྱག་པ་ལུང་དེའི་དོན་ཡིན་པ་ལས་དེའི་སྔོན་ཡིག་གཞི་མེད་ན་བསྒྱུར་ཞེས་པའི་དོན་རང་བརླག་ཏུ་འགྲོ་བ་ལས་གོ་དོན་ཅི་ཡང་མེད་པར་བློ་མུན་ནག་གིས་གཏུམ་བསྡད་ན་མ་གཏོགས་རྟོགས་སླ། གལ་སྲིད་སྔོན་དུ་ཡི་གེ་མེད་ནས་བོད་ཡིག་འདི་ཐོན་མིས་གསར་དུ་བྱས་ཡོད་ན་ཡི་གེ་ཇི་ལྟར་བཟོས་ཚུལ་ཐོན་མི་རང་གིས་ལོ་རྒྱུས་ཞིབ་ཕྲ་ཡིག་ཐོག་ཏུ་བྲི་དགོས་ངེས་ཡིན་ཡང་དེ་སྟོན་རྒྱུ་མེད་པ་མ་ཟད། ཐོན་མི་དེ་འདྲ་བྱས་རྗེས་ཅན་གྱི་བློན་པོ་ཞིག་ཡིན་ན་རྒྱལ་པོས་གཟེངས་བསྟོད་ཀྱི་བྱ་དགའ་གསལ་བའི་མེ་ལོང་རྡོ་རིང་ཞིག་ཡོད་ངེས་ཀྱང་དེ་སྟོན་རྒྱུ་མེད།་སྐབས་དེའི་དུས་བྱ་བཞག་རག་ཙམ་གསལ་བའི་ཏོན་ཧུང་ཡིག་རྙིང་ལས་ཐོན་མི་ཟེར་བའི་མིང་ཙམ་ཡང་མཐོང་རྒྱུ་སོགས་བལྟས་ན་རྣམ་དཔྱོད་དང་ལྡན་པ་དག་གིས་བོད་ཡིག་ཐོན་མིས་གསར་དུ་བྱས་ཟེར་བ་དེ་ལ་ཐེ་ཚོམ་མི་ཟ་ཀ་མེད་རེད། ཐོན་མིའི་གོང་དུ་བོད་ཡིག་ཡོད་པའི་བསམ་ཚུལ་འདི་ནི་བོན་པོ་གཅིག་པུས་རང་ལྟ་འཁྲེག་བཟུང་བྱས་པ་མ་ཡིན་པར་འཛམ་གླིང་ཞི་བདེའི་དད་དཔོན་ཆེན་པོ་༧གོང་ས་སྐྱབས་མགོན་རིན་པོ་ཆེ་གཙོས་པའི་བན་དྷེའི་མཁས་དབང་དུ་མས་གསལ་བཤད་གནང་དང་གནང་བཞིན་པ་ཡིན་པས་ཉི་མ་རི་ལུང་གང་པར་ཤར་དུས་དྲག་ཕུག་ཁ་བྱང་བལྟས་མ་གཏོགས་གསལ་ཝལ་ལེ་འགྲོ་བ་དངོས་པོའི་རང་གཤིས་ཡིན། འདིར་དགེ་རབ་ཀྱིས་མཁས་པ་ཚེ་ཏན་ལགས་ཀྱིས་དགོངས་པ་ཡིན་ཁུལ་བྱས་ནས་ལུང་དུམ་ཞིག་དྲངས་ཀྱང་ཁོང་གི་དགོངས་པ་མ་ཡིན་པར་གོང་དུ་ཨ་ལགས་བོན་རྒྱས་ཚེ་ཏན་རིན་པོ་ཆེས་སྲོང་བཙན་གོང་དུ་བོད་ལ་ཡི་གེ་ཞིག་ཡོད་པར་བཞེད་ཚུལ་གསུང་པས་གསལ་ལ་ད་དགེ་རབ་ཁྱེད་རང་གིས་བོད་ཡིག་ཐོན་མིས་གསར་བཟོ་བྱས་པའི་ཚུལ་ལུང་དང་རིགས་པ་འདྲ་ཡོད་ན་འདིར་བྲིས་ཤོག་ལ་མེད་ན་ལྐུགས་ཐབས་སུ་གནས་ན་ལེགས་པས་ཐུགས་འཇག་མཚལ།
བོད་ཡིག་གི་གོང་དུ་བོན་ཡིག་ཟེར་བ་ཞིག་ཡོད་པའི་དབང་དུ་བཏང་ན་ཡང་བེད་སྤྱོད་མེད་ཚར་བ་རེད།
མི་ཤི་ཚར་དུས་མིང་རྐྱང་ཞིག་གིས་ཕན་ཐོག་མེད་པ་ནང་བཞིན་མ་རེད་དམ། གལ་ཏེ་བོན་པོ་རང་ལ་འདི་འདྲའི་རྩ་ཆེན་གྱི་ཡི་གེ་ཞིག་ཡོད་ན་ནང་ཆོས་རྐུ་མ་བྱེད་དུས་བེད་སྤྱོད་མི་བྱེད་པར་བོད་ཡིག་བེད་སྤྱོད་བྱས་ནས་ནང་ཆོས་རྐུ་མ་བྱེད་པ་ངོ་མི་ཚ་འམ།
གཞན་ཡང་རྒྱ་མི་རིགས་ཀྱིས་བོན་པོ་ལ་ཆོས་ལུགས་ནག་པོ་ཟེར་བ་དང་བོད་མི་རིགས་ཀྱིས་བོན་ནག་ཟེར་བ་འདི་དོན་ལ་གནས་པར་སེམས།
བོད་ཡིག་ཡིན་ན་བོན་ཡིག་ཡིན་པས་ཁྱབ།
དམ་བཅའ་བ་དེ་རྫ་ཕྲུག་ཡིན་དཱ། རིག་ལམ་པ་ལ་སྟོད་བུ་ཡིན།
ད་བུམ་པ་གཡག་མགོ་ཡིན་ཟེར་ནས་བསྡོད།
རྙིང་མ་བ་ལ་དམར་པོའི་ཆོས་ལུགས་ཞེས་རྒྱ་ཡིས་བཏགས་པ་དེ་ལ་དགོས་པ་འདུག
ས་སྐྱ་བ་ལ་ཁྲ་བོའི་ཆོས་ལུགས་ཞེས་བཏགས་འདུག་དེ་ལའང་དགོས་པ་ཡོད་དྲོ།
དགེ་ལུགས་ལ་སེར་པོའི་ཆོས་ལུགས་ཞེས་བཏགས་འདུག་དེ་ལའང་དགོས་པ་ཡོད་དྲོ།
བཀའ་རྒྱུད་པ་ལ་དཀར་པོའི་ཆོས་ལུགས་ཞེས་བཏགས་འདུག་དེ་ལའང་དགོས་པ་ཡོད་དྲོ།
དེ་དག་ཕྱོགས་སྡོམ་ལ་བོད་ཀྱི་བླ་མའི་ཆོས་ལུགས་ཞེས་བཏགས་འདུག་དེ་ལའང་དགོས་པ་ཡོད་མདོག་རེད།
ཡིན་ན་ཡིན་མཉམ་དང་མིན་ན་མིན་མཉམ་ཡིན་པས་ཁྱབ། རྫ་ཕྲུག་ཁྱོད་ལ་རྟགས་བསལ་གཏོང་རྒྱུ་ཡོད་ན་གཏོང་ཤོག
དེ་མེད་ན་འཁོར་གསུམ་དང་ཚ་ཡིས་ལྕགས་ཚན་རྒྱབ་རྒྱུ་ཡིན།
རྫ་ཕྲུག་འདི་ཡིས། གནས་ཚང་གཡར་བས་མ་ཚད། གནས་མོ་རྐུ་མ་བྱེད་ཚུལ་འདི་ཧམ་པ་ཆེ་ཐག་ཆོད་རེད་འདུག
ཁྱོད་རང་རྒྱ་གར་ནས་བོད་དུ་སླེབས། ད་དུང་བོད་ཀྱི་ཡིན་ཚད་ཁྱོད་ཀྱི་ཡིན་ཟེར་གྱི་འདུག་གཱ
གཏམ་དཔེ་མགོ་ལ་གཡོགས་ཡོད་དོ།
བོན་པོ་ལ་ཆོས་ལུགས་ནག་པོ་ཟེར་གི་མེད་པར་ཤོག
རྙིང་མ་ལ་དམར་པོའི་ཆོས་ལུགས་ཟེར་གི་མེད་པར་ཤོག
ཧ་ཧ་ཧཧ་ཧ་། ཤ་ཚ་པོ་ཞིག་བྲིས་འདུག་ག
ཚེ་བརྟན་ཞབས་དྲུང་ཚང་ལའང་རྒྱུ་མཚན་གསལ་པོ་གང་ཡང་ཡོད་མ་སིག སྔོན་གྱིི་བླ་རྒན་དེ་ཚོས་བཤད་པ་ལད་ཟློས་ཙམ་རང་རེད།
༧ རྫ་ཕྲུག་ལགས་ཉོན་ཨཱ། ངས་གཅིག་བཤད། ཁྱེད་རང་གིས་བོན་པོས་བན་དྷེ་ལས་མང་པོ་རྐུས་རབས་བཤད་འདུག་པས་དེ་ནི་རི་བོང་གིས་ཁོ་རང་གི་ཁར་ཁོ་རང་གི་ལག་པས་སྐུངས་ནས་སྟག་ཁྱོད་རང་གི་ཁ་ཤོ་བསྡད་འདུག་གཱ་ཟེར་བ་འདྲ་བོ་རེད། གང་ཡིན་ཟེར་ན་ཁྱེད་བན་དྷེ་ཚང་ལ་རྫོགས་ཆེན་དང་། སྔགས་བླ་མེད། དུས་འཁོར་ཟེར་བ་སོགས་དཔེ་མང་པོ་ཞིག་འདུག དེ་ཐམས་ཅད་རྒྱ་གར་ནས་བོད་ལ་བསྒྱུར་རབས་བཤད་ཀྱིན་འདུག དོན་ངོ་མ་ང་ཚོ་རྒྱ་གར་ལ་དངོས་སུ་སླེབ་དུས་དེ་ཚོ་ཉམས་ལེན་བྱེད་མཁན་རྒྱ་གར་བ་མི་སྐེ་སྐེ་གཅིག་མཐོང་ཡག་མེད་པ་མ་ཟད་དེའི་མིང་གོ་མྱོང་མཁན་རྒྱ་གར་བ་མི་འདུག་ཟེར་ན་ཧ་ལམ་བདེན་པའི་གཏམ་དུ་སྣང་། དེས་ན་དེ་དག་གི་ཁུངས་རྒྱ་གར་མ་ཡིན་པར་མངོན་སུམ་ཚད་མས་གྲུབ། དེར་མ་ཟད་རྒྱ་ནག་དང་ཇར་པིན། འབར་མ། ཤི་རི་ལང་ཀ་སོགས་རྒྱལ་ཁབ་གཞན་སུ་གཅིག་ནང་ལ་དེ་དག་ཉམས་ལེན་བྱེད་མཁན་མི་སུ་གཅིག་མི་འདུག་པ་མ་ཟད་ཁོང་ཚོའི་བཤད་སྲོལ་ལ་དེ་དག་བཅོམ་ལྡན་འདས་ཀྱི་བཀའ་མ་རེད་ཟེར་གྱིན་འདུག རྫ་ཕྲུག་ཁྱོད་ཀྱིས་དེ་ཚོ་ག་བ་ནས་ཁྱེར་ཡོང་ཡིན་ལབ་ཀྱི་ཡིན། དེ་ཚོའི་ཁུངས་རྒྱུ་མཚན་དང་ལྡན་པ་ཞིག་ཡོད་ན་འདིར་བྲིས་ཤོག་མེད་ན་མི་ལ་རྐུ་གཡོག་མ་འགེལ་ན་ལེགས། རྫ་ཕྲུག་ལགས་གོ་སོང་ངམ།
ཡང་ཁྱེད་ཀྱིས། “བོད་ཡིག་གི་གོང་དུ་བོན་ཡིག་ཟེར་བ་ཞིག་ཡོད་པའི་དབང་དུ་བཏང་ན་ཡང་བེད་སྤྱོད་མེད་ཚར་བ་རེད། མི་ཤི་ཚར་དུས་མིང་རྐྱང་ཞིག་གིས་ཕན་ཐོག་མེད་པ་ནང་བཞིན་མ་རེད་དམ།” ཟེར། བཤད་སྟངས་དེ་བློ་རྣལ་དུ་མ་བབ་པའི་གཏམ་དུ་སྣང་སྟེ་བོད་ཡིག་གི་གོང་དུ་ཆོས་ཡིག་ཡོད་ན་ཆོས་ཡིག་བེད་སྤྱོད་མེད་པར་ཁས་ལེན་དུ་སོང་། དེ་ལྟར་ན་ཐོན་མིའི་གོང་གི་ཆོས་ཡིག་དེ་ཚོ་བེད་སྤྱོད་མེད་པར་ཐལ། དེའི་གོང་བོད་ཡིག་མེད་པའི་ཕྱིར། རྟགས་ཁས། ཡང་མི་ཤི་ཚར་དུས་ཕན་ཐོག་མེད་ན་སྔར་གྱི་རྒྱ་གར་མཁས་པ་དེ་ཚོ་ཕན་ཐོག་གང་ཡང་མེད་པར་ཐལ། ཁོང་རྣམས་གཤེགས་ཚར་བའི་ཕྱིར། ཁྱབ་པ་ཁས། རྫ་ཕྲུག་ལགས། འདི་ལ་ལན་ཡོད་དམ།?
བོད་ཡིག་གནས་དང་མི་གནས་ཆ་མི་ཆོད་པའི་དུས་འདིར། བོད་ཡིག་སུས་བཟོས་མིན་བརྩོད་པ་ནི་དོན་མེད་རེད། མ་གཞི་ནས་འདིར་དྲ་རྒྱའི་ནང་ལ་བརྩོད་པ་བྱས་ནས་ཐག་ཆོད་རྒྱུ་གང་ཡང་མེད་པ་ཤེས་བཞིན་དུ། གཅིག་གིས་གཅིག་ལ་ཚིག་ངན་འཕེན་རེས་བྱེད་པ་ནི་ནང་མི་མཐུན་པའི་རྒྱུ་ཙམ་ལས་ཅི་ཡང་མ་མཐོང་། བོད་ཡིག་སུས་བཟོས་ན་བཟོས་བོད་པས་བཟོས་ཡོད་པ་ནི་ཐག་ཆོད་རེད། དེ་ལ་བརྩོད་དགོས་དོན་མི་འདུག་སྙམས། ད་ལྟའི་དུས་སུ་བོད་ཡིག་སུས་བཟོས་མིན་བརྩོད་པ་ལས་བོད་ཡིག་དར་སྤེལ་དང་ཡར་རྒྱས་རེ་གཏོང་ཨེ་ཐུབ་བལྟ་རྒྱུ་ནི་ཁ་རྩ་དགོས་བཏུགས་ཆགས་མི་འདུག་གམ་ས་འབུ་མགོ་ནག་ཚོ།
ཨ་ཧོ་ཧོ། བན་བོན་བར་གྱི་ཆགས་སྡང་དེ་ཡི་གེ་ཡོད་མེད་ཀྱི་རྣམ་པར་བསྒྱུར་ནས་བོད་མི་ནང་འཛིང་བྱས་སོང་།
རྒྱ་ནག་གཞུང་གིས་བསམ་ཡོད་པའང་འདི་མིན་ན་གང་རེད།
ད་ཚང་མས་ཡག་པོ་ལྟོས་དང་། བོད་ནང་ན་རྒྱ་ནག་གཞུང་གིས་བོན་གྱི་བླ་མ་ལ་ལ་བསླུས་ནས་བོད་མི་ནང་ཁུལ་ཁ་བྲལ་གྱི་གཡོ་ཇུས་བཤམས་འགོ་ཟིན་འདུག་པ་གོ་མ་བྱུང་ངས། རྒྱ་ནག་གཞུང་གིས་བོད་ཁ་བྲལ་གཏོང་ཐུབ་པའི་གོ་སྐབས་སུས་སྤྲོད་ཀྱི་འདུག་གམ།
བོད་འདི་ཇི་འདྲའི་ལས་ངན་རེད། ག་དུ་ཡིན་ཡང་ནང་འཁྲུག་བྱེད་པ་ལས་ཅིའང་མི་འཇོན་གི ཨུ་ཧུ་ཧུ།
གངས་སེང་ཟེར་བ་ཁྱོད་ཉོན་ཅིག ཁྱོད་ཀྱིས་རྫོགས་ཆེན་རྒྱ་གར་ནང་ཉམས་སུ་ལེན་མཁན་ཡོད་མེད་སུས་སུ་ལ་དྲི་བ་རེད་ཟེར་གྱི་ཡོད། རྫོགས་ཆེན་གྱི་རྣལ་འབྱོར་པ་ལ་ཟེར་གྱི་ཡོད་ན་ཆོས་འབྱུང་ནང་བལྟོས་དང་རྒྱ་གར་གྱི་མཁས་གྲུབ་རྫོགས་ཆེན་པ་མང་ཐག་ཆོད་ཡོད་རེད། བླུན་པོ་སྐྱག་སྐུགས་དེ་འདྲ་ལ་དྲིས་ཡོད་ན་དེ་ཚོས་རྫོགས་ཆེན་གོ་མ་མྱོང་བ་དང་མ་ཤེས་པ་བདེན་པ་རེད། དེ་བཞིན་ང་ཚོས་ད་ལྟ་འབྲི་བཞིན་པའི་བོད་ཡིག་དེ་ནི་སློབ་དཔོན་ཐུན་མིས་བཟོས་པ་འཛམ་གླིང་རིག་གནས་ཞིབ་འཇུག་པ་ཚང་མས་བཤད་ཀྱི་ཡོད་རེད། དེ་མ་ཡིན་པའི་བོད་ཡིག་ཞིག་ཡོད་ན་ཁྱོད་བོན་པོ་ཚང་གིས་ཞང་ཞུང་ལས་བཤུས་པ་དེ་གྱིས་ཤིག
བོད་ལ་ཞེན་ཁྱོད་རང་དང་པོར་ངས་ལབ་པ་དེ་ལ་ཡག་པོར་བལྟ་ལོ། ད་ལྟ་ཁྱེད་རང་གིས་ངས་ག་རེ་ལབ་ཀྱིན་འདུག་གོ་མི་འདུག ཧོལ་རྒྱུག་མ་བྱེད་ལོ།
བོད་ལ་ཞེན།
བོད་ལ་ལ་རྒྱ་དང་ཞེན་ཁོག་ཡོད་ན་༸་རྒྱལ་བ་རིན་པོ་ཆེར་ཡིད་ཆེས་བླ་མེད་བསྐུར་མཁན་ཞིག་དགོས་པ་མིན་ནམ།
༸་རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆེས་དང་བསྐུར་གྱི་ཡོད་མེད་ཁོང་གིས་གང་གསུངས་པ་དེར་ཡིད་ཆེས་བྱེད་དགོས་པ་མིན་ནམ། ཁོང་གིས་བོད་ཡིག་ཐོན་མིས་མ་བཟོས་ཤིང་དེ་ལེགས་བཅོས་བྱས་ཡོད་པ་རེད་ཅེས་ཉེ་འཆར་རང་བྷེལ་འཇམ་དུ་མང་ཚོགས་ལ་བཀའ་སློབ་ད་ལྟ་དྲི་མ་ཡང་མ་ཡལ་བར་བསྡད་ཡོད་པ་མ་རེད་དམ། བོད་ཡིག་རྒྱ་གར་ལས་དཔེ་མ་བླང་ཤིང་བོད་རང་ས་ནས་བྱུང་བ་འཛམ་གླིང་མཁས་མང་གིས་བཞེད་བཞིན་དུ་ལྐུགས་པའི་ཨུ་ཚུགས་མ་གནང་ཞིག
༼སད་ན་ལེགས་ཀྱིས། བོད་ནང་ན་རྒྱ་ནག་གཞུང་གིས་བོན་གྱི་བླ་མ་ལ་ལ་བསླུས་ནས་བོད་མི་ནང་ཁུལ་ཁ་བྲལ་གྱི་གཡོ་ཇུས་བཤམས་འགོ་ཟིན་འདུག་པ་གོ་མ་བྱུང་ངས།༽
དང་པོ་བོད་མི་རིགས་ནང་ཁུལ་མཐུན་ལམ་ཡོད་དགོས་རབས་ཅིག་བཤད་རྗེས་སུ་བོན་པོར་དམའ་འབེབས་སྟངས་འདི་གཏམ་སྔ་ཕྱི་ནང་འགལ་མིན་ནམ། དེ་འདྲའི་བོན་པོའི་བླ་མ་དེ་མིང་གང་ཡིན་ནམ། བཤད་རྒྱུ་མེད་ན་འུག་པའི་རྫུན་གཏམ་ཡིན་པས་ཁྱབ། རྒྱ་དགའ་ནི་བན་དེ་བ་མ་ཡིན་ནམ། ད་ལྟ་རང་སྐྱོངས་ལྗོངས་ཀྱི་བོད་པ་དཔོན་རིགས་ཕལ་ཆེ་བ་བན་དེ་བ་མ་ཡིན་ནམ། རྒྱ་ཡིས་བསྒྲགས་པའི་བོད་ཀྱི་ཆོས་ལུགས་ཀྱི་མགོ་ཁྲིད་ཟེར་བ་ཆོས་དོན་ཅུས་ཀྱི་མགོ་ཁྲིད་ཟེར་བ་དེ་ཚོ་ཚང་མ་བན་དེ་བ་མིན་ནམ། ཁྱེད་ཚོས་མགོ་གཉིས་འཁྲབ་སྟངས་དེ་ཡག་པོ་རྩ་བ་ནས་མ་རེད། དམུ་དགེ་དང་ཚེ་བརྟན་ཞབས་དྲུང་དུང་མཁར་ཟེར་བ་དེ་ཚོ་ཚང་མ་རྒྱ་དགའི་བན་དེ་བ་མིན་ནམ། ཁྱེད་ཚོས་ཁྱེད་ཚོ་རང་ལ་ཁ་ནང་དུ་འཁོར་ནས་སྐད་ཆ་ཤོད།
བན་བོན་སུ་ཡིན་ཡང་བོད་པ་རེད། བོད་ལ་མཁོ་བ་དེ་གཅིག་སྒྲིལ་དང་མཐུན་ལམ་ཡིན། བོད་མི་རིགས་ཀྱི་བླ་ཚེ་སྲོག་གསུམ་བོད་ཡིག་ཡིན་པའི་སུས་གསར་གཏོད་བྱས་མིན་ཁ་རྩོད་མ་བྱས་ན་བཟང་། སོ་སོའི་སྟོན་པའི་ལུགས་སུ་གོ་བ་བླང་སྟེ་ཁ་བཙུམ་ན་སྲོག་རླུང་གི་གཞི་འབྱུང་བའི་རྒྱུ་རྐྱེན་ཟད་དོ། །
དེ་རིང་ཁར་སང་བོད་བརྒྱུད་ནང་བསྟན་ལ་བསྲེ་སླད་དང་དཀྲུགས་ཤིང་། མི་རིགས་དང་རིགས་གཞུང་ལ་ནག་ནོག་བྱེད་མཁན་གྱི་གཏེ་བོ་དངོས་ཏེ་སུ་རེད་ཟེར་ན་དོལ་རྒྱལ་ཚོགས་པ་དང་བོན་ནག་ཚོགས་པ་གཉིས་རེད། གདོན་གཟུགས་བོན་གྱིས་བསྟན་པ་བསྣུབ་ཟེར་བའི་ལུང་བསྟན་འདི་ངས་བལྟས་ན་གདོན་གཟུགས་བོན་གྱི་ཚོགས་པ་འདིས་མ་འོངས་པར་ནང་བ་སངས་རྒྱས་པའི་བསྟན་པ་རིན་པོ་ཆེར་རྨ་འབྱིན་པ་དང་བསྲེ་སླད་བྱེད་པའི་ལུངས་བསྟན་ཡིན་པ་ཐག་གི་ཆོད། དྲ་གྲོགས་ཚོས་ཅིག་དཔྱོད་དང་། སྤྱིར་བོན་ནག་འདི་ཚོ་ར་མ་མགོ་ཐོག་ཏུ་བཞག་ན། རུལ་མ་གདོང་དུ་བཏང་ཟེར་བའི་དཔེ་འདི་དངོས་ནས་རེད་འདུག
རྫ་ཕྲུག་རྫ་ལས་རྩུབ་པའི་སྐད་ཆ་ཞིག་མ་གཏོགས་བཤད་ཤེས་ཀྱི་མ་རེད། རྩོད་གཞི་དང་པོ་ཁྱོད་ཀྱིས་བཟོས་ཡིན་པ། ད་གོང་དུ་དྲི་བ་དྲིས་པ་དེ་ཚོར་ལན་མེད་དུས་བོན་ནག་དང་བོན་ནག་ཅེས་ནས་བསྡོད། དེ་འགྲིག་འདུག་ལན་མེད་ན་འུག་པའི་རྫུན་དྲུག་ཟེར་བ་རེད་ཅེས་བཤད་ཡོད་པས་དེ་རང་གིས་ངོས་ལེན་བྱས་པར་བརྩི་རྒྱུ་ཡིན།
རང་ཕྱོགས་ལ་གཅིག་བྱུང་དུས་ལམ་སེང་དོལ་རྒྱལ་ཚོགས་པ་དང་རྒྱ་མིའི་སོ་པ་རེད་ཅེས་བཤད། སྐད་ཆ་དེ་རིགས་ནི་ད་དུང་བཅིངས་བཀྲོལ་མ་བཏང་བའི་སྐད་ཆ་རེད། ་་་་ལྷོ་བར་ཨར་ཆོས་་་་་ཟེར་བའི་ལུང་བསྟན་དེ་ཡང་འདྲེན་དགོས་པ་འདྲ། ཁྱོད་ལ་བོན་པོར་སྨོད་པའི་བན་ཕྱོགས་ཀྱི་ལུང་བརྫུས་བརྒྱ་ཕྲག་འདྲེན་རྒྱུ་ཡོད་ན་ང་ལའང་བན་དེར་སྨོད་པའི་བོན་གྱི་ལུང་སྟོང་ཕྲག་འདྲེན་རྒྱུ་ཡོད། དེ་དང་པོ་རང་ནས་བསམ་བློ་ཐོང།
ཨ་རུ་ར་ནས་སྐད་ཆ་ཡག་པོ་བཤད་སོང། དེ་ལ་ངས་ཐུགས་རྗེ་ཆེ་ཞུ་འདོད་བྱུང།
བོད་ཀྱི་བན་དེ་བ་མི་ཉུང་བ་ཞིག་གི་བསམ་ངོར། བོན་པོ་ཟེར་དུས་མགོ་ལ་རྭ་ཅོ་ཡོད་མཁན་ཞིག་དང་དེ་རིགས་མིར་བརྩི་རྒྱུར་ཕར་བཞག་རྟག་ཏུ་ངན་སྨྲས་རྐྱང་བཤད་ཀྱིན་འདུག བསམ་བློ་གཏོང་དང་གཟུ་བོའི་བློས། ཁ་བརྡའི་དྲ་རྒྱར་བོན་དང་འབྲེལ་བའི་གནས་ཚུལ་ཞིག་ཐོན་དུས། ཕ་ས་བརླག་མཁན་གྱི་རྒྱ་གུང་ཕྲན་ལས་ཀྱང་ངན་པར་བརྩིས་ཏེ་ངན་སྨོད་ཅི་ཞིག་བྱེད་ཀྱི་མི་འདུག་གམ། དེ་མི་རིགས་འཆམ་མཐུན་དང་བོད་ཀྱི་རྩ་དོན་ལ་སྨན་པའི་ལས་འགུལ་ཞིག་ཡིན་ནམ། ཅི་ཡིས་ཕྱིར་མཆན་མང་པོ་དེ་འདྲ་ཡོང་དགོས་པའི་གནད་དོན་དུ་གྱུར་པ་རེད། སྔར་གྱིས་ཐུབ་ཚོད་བཏང་བ་ཇི་བཞིན་ད་ལྟ་དུས་རབས་ཉེར་གཅིག་གི་སྐབས་འདིར་དེ་འདྲ་ནམ་ཡང་བྱེད་མི་ཐུབ། བསམ་བློ་དེ་རིགས་རྨི་ལམ་གྱི་ནང་གི་རྨི་ལམ་ཡིན་པར་ཤེས་དགོས།
ཆབ་སྲིད་གནད་དོན་གྱི་ཐད་ནས་ཀྱང། བསམ་བློ་གཏོང་དགོས། བོན་པོ་མི་རིགས་གྲངས་ཉུང་རེད་དྲན་མི་ཉན། རྒྱ་ནག་གི་ལས་ཁུང་ལ་དྲིས་དང། བོད་ལ་བོན་པོའི་མི་འབོར་ཇི་ཙམ་ཞིག་ཡོད་མེད། ཁྱོད་ལ་ལན་ཞིག་སྟེར་ངེས་རེད།
ཁྱེད་ཚོས་ཇི་ལྟར་བོན་ལ་སྨད་པ་ཙམ་གྱིས་དེ་རྩིས་ཀྱི་བོན་པོ་བ་རྣམས་ནི་སེམས་ཤུགས་དང་སྤོབས་པ་ཆེ་རུ་འགྲོ་རྒྱུ་ཉག་གཅིག་རེད། དེ་སྔོན་ཚུད་ནས་ཤེས་དགོས་པའི་གནད་དོན་ཞིག་རེད་དྲན།
བོན་ཆོས་སུ་ལ་ཡིན་ཡང་སྐྱོན་ཡོན་གཉིས་ཀ་ཡོད་རྒྱུ་རེད། དེས་ན་ཁྱོད་སྡུག་པོ་རེད་ང་བཟང་པོ་ཡིན་ཞེས་སུས་བཤད་ཀྱང་ལྐུགས་པའི་སྐད་ཆ་ལས་ཅི་ཡང་མ་རེད། དེ་ལས་ད་མཚམས་འཇོག་གྱིས་གྲོགས་པོ་ཚོ། གལ་སྲིད་བན་བོན་བརྩོད་དགོས་ན་ཡང་ད་ལྟ་ནི་བརྩོད་པའི་དུས་རྩ་བ་ནས་མ་རེད། དྲ་རྒྱའི་སྟེང་ལ་བོན་ཆོས་གཉིས་ཡི་གེ་སུས་བཟོས་མིན་ཐད་བརྩོད་པ་མང་པོ་བྱུང་སོང་། འདི་འདྲ་བྱས་ན་ནང་ཁུལ་མཐུན་སྒྲིལ་གཏོར་བྱེད་ལས་ཕན་ཐོག་ཅི་ཡང་མི་འདུག འདིར་ཡོང་མཁན་ཕལ་ཆེ་བ་བསམ་ཤེས་ཅན་ཡིན་རྒྱུ་རེད། ད་ནི་དགྲ་དགའ་གཉེན་སྡུག་གི་བྱ་བ་འདི་མཚམས་འཇོག་རོགས།
བན་བོན་རྩོད་པ་དེ་བདེན་རྫུན་རྩོད་པ་ཞིག་རེད། དུས་རབས་ཉེར་གཅིག་པ་འདིར་ངོ་ཚ་མེད་པ་ཚོས་ངན་ཇུས་རྩ་དཀྲུགས་བྱེད་བཞིན་འདུག ། རྫ་ཕྲུག་གིས་གསུངས་པ་ཤིན་ཏུ་བདེན། བོན་ནག་ཁུངས་མེད་ལུང་མེད་གསར་བཟོ་སྐྱག་རྫུན་ཁོ་ན་བཤད་ན་རང་སྟོད་གཞན་སྨད་དེ་བོན་པོ་ཚོས་གཤིས་ཀ་འདྲ་ཞིག་རེད་འདུག ལ་སྟོད་ཟེར་བ་ལ་ལྟོས་དང་ནམ་རྒྱུན་དཀྲུགས་ཤིང་ཁོ་ན་བྱས་ནས་དྲ་འཁྱམས་ཤིག་འདུག ད་དུང་མཁས་དབང་ཆེན་པོ་ཚེ་བརྟན་ཞབས་དྲུང་དང་མུ་དགེ་སོགས་རྒྱ་བན་ཟེར་བ་ཕྲག་དོགས་གདོན་བོན་གྱིས་རང་རྒྱུད་བརླགས། གཏི་མུག་ལོག་རྟོག་གི་ཟིན་པ་རེད། མཁྲིས་ནད་ཅན་ལ་དུང་ཟེར་པོ་ལས་དཀར་པོ་ནམ་ཡང་མཐོང་བ་མེད་བ། བོན་ངན་གདོན་གཟུགས་དེ་ཚོས་ཡང་༧གོང་ས་མཆོག་གི་འཁྲུངས་སྐར་དང་བསྟུན་ནས་ཆིག་སྒྲིལ་གཏོར་གཤིག་འཁན་དོལ་འདྲེ་འདི་རིགས་ལ་ཁྱད་པར་ཅི་མི་འདུག
ཀརྨ་ཟེར་བ་འདི་ལ་ལྟོས་དང་ཁོ་རང་ཆོས་རྒྱུད་རྙིང་མ་ཞིག་ཡིན་བཞིན་དུ་བཀའ་རྒྱུད་པའི་མིང་ཞིག་ཁུར་ནས་རྟག་ཏུ་ཁོས་ཀརྨ་པ་ལས་སོགས་ལ་དཀྲུགས་ཤིང་རྒྱབ་རྐྱང་རེད། མ་ཟད་ཁོས་ག་དུས་བཤད་ནའང་ངན་པ་ཞིག་ལས་བཤད་རྒྱུ་མེད། ཁོ་བཀའ་རྒྱུད་པའི་ཆོས་རྒྱུད་འཛིན་པ་ཞིག་མ་ཡིན་ཞིང་རྙིང་མའི་ཆོས་རྒྱུད་འཛིན་མཁན་ཞིག་ཡིན་པར་ངས་གསལ་གསལ་ཐིང་ཐིང་ཤེས་ཡོད། ༸གོང་ས་མཆོག་གི་སྐུ་ཡི་འཁྲུངས་སྐར་ལ་འདི་ན་ངན་བརྗོད་བྱེད་མི་ཡོང་ལ་འགན་ཁྲི་ཡོད་པ་ལས། བོན་པོར་ཅིས་ཕྱིར་སྐྱོན་འགེལ་དགོས།
མ་གཞི་ནས་དོལ་རྒྱལ་ཚོགས་པའི་ཚོགས་མི་དེ་ཚོའང་བན་དེ་བ་མ་རེད་དམ། ཐེ་ཝན་ཕོགས་ཟས་ནས་བོད་གཞུང་ལ་རྙོག་ཁྲ་ལུང་པ་གང་བཟོ་མཁན་དེ་ཡང་བན་དེ་བ་མ་རེད་དམ། ཆུ་བཞི་སྒང་དྲུག་རྙོག་ཁྲ་བཟོ་མཁན་ཡང་བན་དེ་བ་མ་རེད་དམ། མི་བྱེད་དགུ་བྱེད་རང་གིས་བྱས་བྱས་ཉེས་ཐམས་ཅད་བོན་པོའི་མགོ་ལ་གཡོགས་རྒྱུ་ཡིན་ནམ།
འདི་ན་བོན་པོར་སྨད་ར་བྱེད་མཁན་གྱི་ཆོས་རྒྱུད་གང་གི་ཁོང་གཏོགས་ཡིན་མིན་གྱི་ངེས་ཤེས་རྙེད་བྱུང། ཁག་མེད་རང་གནོང་རི་བོ་ཙམ་དེ་ཡི་འོག་ནས་ལང་ཐུབ་ཀྱི་ཡོད་པ་མ་རེད། གལ་སྲིད་བོན་པོ་ཡར་ལངས་པ་ཡིན་ན་དེ་ཡིས་འབྱུང་འབྲས་སུ་རྫུན་རྐུབ་ཐམས་ཅད་རྡོལ་ཡོང་བསམ་གྱི་ཡོད་པ་རེད། སྔ་ཕྱི་མེད་པར་རྡོལ་རྒྱུ་རེད།
སྲིད་པའི་དཔེ་ལའང། རྫུན་ཕུགས་མེད་ཀྱི་ཕུགས་ཏེ། བྲག་ཕུག་སྐམ་པོས་རྟིབ། ཅེས་བཤད་པ་རེད།
བོད་ཀྱི་ཡིག་གེ་ཐོག་མ་སུས་བཟོས་མིན་གྱི་བོན་ཆོས་བར་གྱིས་རྩོད་པ་ནི་དོན་མེད་རེད། བོད་ཀྱི་ཡིག་གེ་དེ་གལ་ཆེ་ལ་མཐོང་ན་དེ་རྒྱུན་འཛིན་རྒྱུ་དང་དར་སྤེལ་གཏོང་རྒྱུར་འབད་དགོས་པ་དང་། ད་ཡོད་བོད་ཡིག་འདིས་མི་རིགས་འདིར་དགོས་མཁོ་སྐོང་ཐུབ་ཀྱི་འདུག་དང་མི་འདུག། མི་འདུག་ན་དེར་ཡར་རྒྱས་གཏོང་ཚུལ་གང་ཞིག་ཡོད། དུས་རབ་དང་འཚམ་པའི་སྐད་ཡིག་ཞིག་ལ་ཇི་ལྟར་འབོད་དགོས་པ་ལས། མི་ལོ་སྟོང་ཚོ་ལས་འདས་ཟིན་པའི་གསལ་ལ་མ་གསལ་བའི་ལོ་རྒྱུན་ཞིག་ལ་བདེན་རྫུན་དབྱེ་ཐག་སུས་བའི་ཆོད། གལ་སྲིད་དེ་ལྟར་ཆོད་ན་ཡང་དགོས་པ་གང་ཡང་མེད་པ་མ་ཟད། ཕྱོགས་རིས་དང་ཆགས་སྡང་གི་གཞི་མར་མི་གྱུར་བའི་ངེས་པར་མེད། མ་གཞི་ནི་བོད་ཡིག་ཐོག་མ་བཟོ་མཁན་མི་བོ་དེ་བོན་བན་གང་ཞིག་གི་ཆོས་ལུགས་པ་ཡིན་པ་ཙམ་གྱིས་དེ་བོན་པའི་བཟོས་དང་། ཡང་ན་བན་སྡེའི་བཟོས་པའི་གནད་ལུགས་ཞིག་གང་ན་ཡོད། སྐད་ཡིག་དེ་ཆོས་ལུགས་ཀྱི་ངོ་བོ་མཚོན་པས་རྒྱུ་མཚན་ཅི་ཞིག་ཡོད། དེ་ལྟར་མེད་ན་རྩོད་པ་འདི་ཡོང་དོན་མེད་པས་དོན་མེད་དྲང་ཕྱོགས་ཀྱི་ཁ་འཛིན་རང་རེད་དོ།
གཅིག༽འཛམ་གླིང་ཆོས་ལུགས་ཀྱི་ཁྲོད་དུ་ཆེས་བསྟོད་སྔགས་དང་གདེང་འཇོག་ཐོབ་པ་རྒྱལ་བ་ཤཀྱཱ་ཐུབ་པའི་བསྟན་པ་རིན་པོ་ཆེ་འདི་ཡིན་པ་མིག་གསལ་པོ་ཡོད་པ་དང་དབང་པོ་ལ་སྐྱོན་ཤོར་མེད་ན་ཤེས་རྒྱུ་རེད། ཁྱད་པར་དུ་རང་རེ་བོད་བརྒྱུད་ཀྱི་ནང་ཆོས་ལ་ཆེས་རྩི་མཐོང་དང་ཉམས་ལེན་བྱེད་མཁན་ཉིན་རེ་ལས་ཉིན་རེ་མང་དུ་འགྲོ་བཞིན་ཡོད་པ་དེ་བས་ཀྱང་ཤེས་རྒྱུ་རེད། ཡིན་ན་ཡང་བོན་ནག་ཚོས་བཤད་པ་ཡིན་ན། རྒྱ་གར་ནས་ཆོས་ལུགས་གཞན་ཞིག་ནང་འདྲེན་བྱས་ནས་རང་ལ་ཡོད་པའི་རིན་ཐང་ཅན་གྱི་བོན་ཆོས་མེད་པར་བཟོས་སོང་ཟེར་ནས་མཁན་སློབ་ཆོས་གསུམ་གཙོའི་མི་ལོ་སྟོང་ནས་ད་བར་དུ་བྱོན་པའི་སྐྱེས་ཆེན་དམ་པ་རྣམས་ལ་རྒྱུན་དུ་ངན་སྨོད་དང་སྐྱོན་བརྗོད་ཁོ་ན་བྱེད་ཀྱིན་ཡོད། འདི་ལྟར་བྱེད་དགོས་དོན་ཅི?ལན་ཤོག གཉིས༽ རྒྱ་ནག་དམར་ཕྱོགས་ཚོགས་པས་བོད་གངས་ཅན་གྱི་ཆོས་དང་རིགས་གཞུང་ལ་གཏོར་རླག་ཚབ་ཆེན་བཟོས་ཡོད་པ་ཀུན་ཤེས་རེད། བསྟན་པ་སླར་གསོ་བའི་སྐབས་སུ་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ཆེས་བཀའ་དྲིན་ཅན་གྱི་སྐྱེས་བུ་དམ་པ་མཁས་དབང་ཚེ་བསྟན་ཞབས་དྲུང་དང་དམུ་དགེའི་བསམ་བསྟན་སོགས་གངས་ཅན་ལྗོངས་ཀྱི་སྐྱེས་ཆེན་རྣམས་ལ་རྒྱ་དགའ་མ་རེད་ཟེར་ནས་མཚན་སྨད་ཞུ་མཁན་ཡང་བོན་ནག་ཚོ་རེད། འདི་ལྟར་བྱེད་དགོས་དོན་ཅི?ལན་ཤོག གསུམ༽ ༧སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གིས་ཆོས་ལུགས་ཆ་མཐུན་དང་མི་རིགས་མཐུན་སྒྲིལ་ལ་དགོངས་ནས་བོན་པོ་ཚོ་ཆོས་ལུགས་ནང་དུ་མཉམ་ཞུགས་ཆོག་པའི་གོ་སྐབས་བཟང་པོ་སྤྲད་པ་རེད། ཡིན་ན་ཡང་བོན་ནག་ཚོའི་བཀའ་དྲིན་ལོག་འཇལ་བྱས་ནས། ག་དུས་ཡིན་ན་བོན་པོའི་ཚོགས་པ་དང་མི་སྒེར་བ་གཅིག་གིས་ཀྱང་༧གོང་ས་མཆོག་ལ་བསྟོད་སྔགས་བྱེད་པ་དང་། སྐུ་པར་སྒྲོན་པ་སོགས་གང་ཡང་མེད་པར་མ་ཟད་དངོས་སམ་རྒྱུད་ནས་ཁོང་ལ་མཚན་སྨད་ཞུ་མཁན་གང་མང་མང་ཞིག་ཡོད། འདི་ལྟར་བྱེད་དགོས་དོན་ཅི?ལན་ཤོག བཞི༽ བོན་དགོན་ཁ་ཤས་ཀྱིས་ཤཀྱཱ་ཐུབ་པ་དང་པད་འབྱུང་སོགས་ཀྱི་ཐོག་ཏུ་བོན་ལྷ་བཞེངས་སྟེ་མགོན་ཁང་ནང་དུ་བཞག་ནས་རྒྱུན་དུ་ནང་ཆོས་ལ་མཐུ་གཏད་བྱེད་ཀྱིན་ཡོད། འདི་ལྟར་བྱེད་དགོས་དོན་ཅི?ལན་ཤོག ད་དུང་ཉི་མ་གཅིག་ལ་བོན་པོ་ཚང་མཐའ་ཞིག་གསལ་རྒྱུ་ཡོད་པའི་ཁ་ཤོམ་བྱེད་སྟངས་ལ་བལྟས་ན་མཐུན་སྒྲིལ་དང་ཕན་ཚུན་རྩི་བཀུར་བྱེད་དགོས་རབས་བཤད་པ་ངན་གཡོའི་གཏམ་ཁོ་ན་མ་གཏོགས་མེད་པ་ཤེས་དགོས།
ཡང་རྒྱག་རེས་རྒྱག་གི་འདུག བོད་ལ་རྒྱལ་ཁབ་ཞིག་ཡོད་པའི་དབང་དུ་བཏང་ན་བན་བོན་གྱི་རྩོད་པ་རྩོད་མཁན་ཚང་མ། རྒྱལ་ཁབ་ཀྱིས་བདག་པོ་རྒྱབ་ནས་བཙོན་ཁང་ཆེན་པོ་ཞིག་གི་ནང་དུ་མཉམ་དུ་བཅུགས། ཁོང་ཚོ་ལ་ག་ཚོད་རྩད་ན་རྩོད་བཅུག ཁ་ཤས་ཐང་ཆད་ནས་མི་རྩོད་ན་པོ་ལེ་སི་ཡོང་ནས་རྒྱུགས་པ་བཞུས་ནས་རྩོད་བཅུག མགོ་ན་ན་བར་དུ་རྩོད་བཅུགས་ན། གང་འཚམ་ཞིག་ནས་ཐང་ཆད་ནས་ང་ཚོ་ལ་རྩོད་རྒྱུ་རྩ་ནས་མི་འདུག དེ་ལས་བཙོན་ཁང་ཕྱི་རོལ་དུ་འགྲོ་གི་ཡིན་ཟེར་དུས། ཕྱི་ལ་བཏང་ནས་བན་དེ་རྣམས་ལ་བོན་མོ་ལ་འཛགས་བཅུག བོན་པོ་རྣམས་ལ་བན་མོ་ལ་འཛགས་བཅུགས་ནས། བན་མོ་བོན་མོ་གཉིས་ཀའི་སྟུ་ལ་ཁྱད་པར་ཡོད་མེད་བཤད་བཅུགས་དགོས། དེ་མིན་ན་ཆ་ཚང་བ་དམག་ལ་རྫོང་དགོས། བན་བོན་རྩོད་མཁན་ཚང་མ་དམག་འཁྲུག་རྒྱག་གི་གཏོང་དགོས།
ངས་བསམ་ན་ལས་སླ་ཤོས་ཀྱི་རྩོད་པ་འདི་ཐག་གཅོད་བྱེད་ཐུབ་པའི་ཐབས་ལམ་གཅིག་འདུག དེ་ནི་ཐོན་མི་སམ་བྷོ་ཊ་བོན་པོ་བཟོ་རྒྱུ་དེ་རེད། ཁོང་བོན་པོ་བཟོས་ཚར་ན་རྩོད་པ་འདི་ཞི་ཚར་བ་རེད་བསམ། ཁྱོད་ཚོས་བལྟས་ན་དེ་འདྲ་འེ་རེད། སང་ཉིན་ངས་ཐོན་མི་སམ་བྷོ་ཊ་ལ་ཁ་པར་གཅིག་གཏོང་། ཁྱོད་བོན་པོ་བཟོས་ན་འགྲིག་གི་རེད་དམ། དེ་མ་བཟོས་ན་འདི་ན་རྩོད་པ་ཆུང་ཆུང་ཞིག་བརྩད་ནས། མི་ཚང་མས་དུས་ཚོད་ཆུ་ཟོས་སུ་གཏོང་གི་འདུག་ཟེར་ནས་ལབ་ཀྱི་ཡིན། འོན་ཀྱང་ཁོང་གིས་ངའི་ཁ་ཉན་མི་ཉན་མི་ཤེས་ཡ།
དེང་སང་དགེ་འདུན་པ་ཟེར་དུས་མི་མང་པོ་ཞིག་ཞེ་མེར་བའི་ཚད་ལ་སླེབས་འདུག འདི་ཡང་ཆོས་པ་ཚོས་དོན་དག་མེད་སར་ནང་ཁུལ་བརྩོད་རྙོག་ཀྱང་ཀྱང་བསླང་བའི་དབང་གིས་རེད། དཔེར་མཚོན་ཞིག་ཞུས་ན་སྤྱི་འཐུས་ལྷན་ཚོགས་ནང་ཁུལ་བརྩོད་རྙོགས་བྱུང་སྐབས་ཆོས་རྒྱུད་སྤྱི་འཐུས་ཚོའི་བྱེད་བབ་ཀྱིས་མི་མང་པོ་བློ་ཕམ་སྟེ་ཆོས་རྒྱུད་སྤྱི་འཐུས་མི་དགོས་པའི་སྐད་ཆ་དེ་བྱུང་བ་རེད། ད་ནི་ཆོས་ལུགས་པ་ཚོས་ཚོད་བཟུང་ནས་ནང་སྐྲུག་མ་བྱས་ན་བཟང་། འདི་འདྲ་བྱས་ན་མི་མང་གི་ཡིད་ཆེས་དེ་བས་ཀྱང་བརླག་ངེས་རེད། དེས་ན་རང་ཉིད་གསང་མིང་འོག་ལ་ཡིབ་ནས་རང་ཉིད་གང་ལ་བརྟེན་སའི་ཆོས་དང་བོན་ལ་ནག་ཐིག་མ་ཕབས་ན་ཡག་གི་རེད།
ལུང་རྟོགས་ལགས་ཀྱིས་གསུངས་པ་ཕལ་ཆེ་བ་དེ་ག་རང་རེད། ཡིན་ནའང་དེ་ཙམ་གྱིས་དགེ་འདུན་ཕོ་མོ་ལ་ཅུང་ཡིད་ཆེས་བརླག་འགྲོ་བ་ཞིག་མིན། གཙོ་བོ་ནི། གྲྭ་རྫུན་དང་ཨ་རྫུན་མང་པོ་ཞིག་གིས་ཁྱིམ་པ་སུན་འབྱིན་གྱི་ལས་ཚབ་ཆེན་
གསོག་བཞིན་དུ་རང་གི་གནས་སྐབས་ཀྱི་ཁེ་ཕན་ནམ་ཡང་ན། ཕ་མ་སྤུན་མཆེད་སོགས་ཀྱི་ངོ་སྲུང་ཁུལ་དུ་མུ་མཐུད་དེ་གྲྭ་ཆས་གྱོན་ནས་ལུས་ངག་གིས་བྱ་
སྤྱོད་ཁྱིམ་པ་རབ་ཅིག་ལས་ལོས་ཙམ་དང་དུ་བླངས་ནས་མགོ་རུལ་བ་སྣ་བས་མ་འཚོར་
བའི་རྐྱེན་གྱིས་ཡིན་པ་དང་། དེ་དག་འགོག་མཁན་གྱི་སྒྲིག་འཛུགས་ཞིག་མེད་པས་ལན་པ་ཡིན་སྙམ།
གཞོན་ནུ་ཟླ་མེད་ཁག་མིན་འདུག། ད་རེས་ངོ་མ་ཁག་མིན་འདུག། བོད་པ་ཚོ་ག་དུས་ཡིན་ནའང་གཅིག་འོག་གཅིག་ལ་མ་འདུས་པའི་ན་ཚ་ཞིག་ཡོད། ད་གཞོན་ནུ་ཟླ་མེད་ལ་ཐབས་ཤེས་གསར་པ་ཞིག་སྤྲོད་ཆོག
བོད་ཡིག་དེ་རྒྱ་གར་གྱི་ཡི་གེར་དཔེ་བལྟས་ནས་བཟོས་པ་དང་། དེ་རྒྱ་ནག་གོང་མའི་བཀའ་དྲིན་འོག་ལ་བོད་ལ་དར་བ་རེད་ཟེར་ན། ཆོས་པ་ཚོས་ཁས་ལེན་བྱེད་ཀྱི་རེད། བོད་པའི་རེད་ཟེར་ན་རྩ་བ་ནས་ཁས་ལེན་བྱེད་ཀྱི་མ་རེད།
ངས་དཔེ་ཞིག་སྤྲོད་དགོས། བོད་པའི་སྐད་གྲགས་ཡོད་པའི་ཨེམ་ཆི་ཁྲོ་རུ་ཚེ་རྣམ་གྱིས་གསུངས་འདུག། བོད་སྨན་འདི་སྤྱིར་རྒྱ་གར་གྱི་གཞུང་ལ་ལྟོས་ཡོད་རུང་། ཉམས་ལེན་དང་སྨན་སྦྱོར་ཚང་མ་བོད་པ་རང་གི་ཉམས་མྱོང་དང་རིག་སྟོབས་ལ་བརྟེན་ནས་གསར་གཏོད་བྱས་པ་རེད། དེ་བོད་པའི་རེད་ཟེར་ན་བོད་པས་ངོ་རྒོལ་བྱས་ནས་ཁས་ལེན་བྱེད་ཀྱི་མིན་འདུག། རྒྱ་གར་བཀའ་འགྱུར་བསྟན་འགྱུར་ག་གེ་མོ་ཞིག་གི་གཞུང་ནས་ཡོང་བ་རེད་ཟེར་ན་ཤིན་དུ་དགའ་པོ་བྱེད་ཀྱི་འདུག། དེ་ངུ་ཤོར་དགོས་པ་མ་རེད་དམ་གསུངས།
ད་བན་དེས་བོན་པོར་ཕྱག་ཚོལ།
བོན་པོས་བན་དེར་ཕྱག་ཚོལ།
གཉིས་ཀས་མཉམ་དུ་བོད་ཡིག་ལ་ཕྱག་ཚོལ།
དེ་བྱས་ན་གཞི་ནས་རྩོད་པ་ཁྱི་སྐྱག་འདྲ་བ་འདི་མཇུག་རྫོགས་ཀི་རེད།
ཀ་ཁ་ག་ང་བོད་མིའི་སྤྱི་སྐད་ཡིན།།
བོད་ཡིག་གསར་གཏོད་ཅེས་པའི་ཆོ་ལོ་ཡང་།།
འདི་ལ་ཐོབ་ཅིང་ཞང་ཡིག་སོགས་ལ་མེད།།
རྒྱ་ཡིག་སོགས་ལ་ཕྲད་དང་རྣམ་དབྱེ་དང་།།
རྟགས་དང་སྒྲ་མཚུངས་འདྲེན་ཚུལ་ལོགས་ཀ་མེད།།
དཔེར་ན་མི་ཞེས་བརྗོད་པའི་ཡི་གེ་དེའི།།
རྐང་གཉིས་མི་ཡི་གཟུགས་རིས་ཡི་གེར་ཕབ།།
དེ་བཞིན་རྒྱལ་ཁབ་ཅེས་པ་སྒམ་ཆུང་ནང་།།
རྒྱལ་འབངས་མཚོན་པའི་ཐིག་རིས་ཕབ་པ་ལས།།
ཡི་གེར་གྱུར་བ་སྔོན་རྗེས་མ་གཏོགས་པའི།།
གཟུགས་མཚོན་ཡི་གེ་ཡིན་པར་བསྙོན་དུ་མེད།།
འཛམ་བུའི་གླིང་གི་ཡིག་རིགས་ཕལ་ཆེ་བའི་
འབྱུང་ཁུངས་རྒྱ་གར་ཡིན་པ་དེ་ཡང་བདེན།།
སྒྲ་མཚོན་གཙོ་བོར་བྱས་པའང་དཔེར་བཞག་ན།།
ཡི་གེའི་སྐྱེ་གནས་བརྒྱད་ཀྱི་རང་ཤུགས་ལས།།
ཕྲད་དང་རྣམ་དབྱེ་སོགས་ལ་རྐྱེན་བྱིན་པའི།།
སྒྲ་ཡི་འདོན་ཚུལ་ཁྱད་པར་ཤིན་ཏུ་གཅེས།།
ད་ལྟའི་དབྱངས་གསལ་སོ་བཞིའི་རྐྱེན་བྱས་ནས།།
ཕྲད་དང་རྣམ་དབྱེ་འཇུག་ཚུལ་རྨད་བྱུང་འདི།།
ཐོན་མིའི་སྔོན་ལ་མེད་པ་ཐག་གིས་ཆོད།།
གང་ལ་དཔེར་འཇོག་མཛད་གཞི་ཞང་ཡིག་དང་།།
ནཱ་ག་ར་དང་གུཔྟའི་ཡི་གེ་རྣམས།།
བོད་ཀྱི་མཁས་པ་རྣམས་ཀྱིས་བཞེད་པ་ཡིན།།
བོད་ཡིག་མཛད་པོ་སུ་ཡིན་མིན་ཤེས་པར་གལ་ཆེ་ཡང་་་་དེང་གི་དུས་སུ་བོད་ཡིག་གི་ཚེ་སྲོག་སྐྱོར་རྒྱུའི་ཕྱོགས་སུ་འབད་བརྩོན་གནང་ན་དེ་བས་གལ་ཆེན་རེད་འདོད།
ང་ཚོ་བོད་པ་དཀའ་སྡུག་གི་སྐབས་སུ། རྟ་རྒྱུགས་ས་དོང་རྐོ་བའི་དཔེ་བཞིན། ཆོལ་ཁ་ཆོས་ལུགས་ཕྱོགས་རིས། ལ་སྟོད་ལ་སྨད། བུ་དང་བུ་མོ་མིང་ཁུར་ནས་ག་རེ་བྱེད་ཀི་འདུག་གྰ ཁྱད་པར་ཡིག་གཟུགས་གསར་བཟོ་འདི་ཚོ་བོད་ཀྱི་སྐད་ཡིག་གི་སྲོག་རྩ་གཅོད་པ་རེད། མེ་བསྲེག་གཏོང་ནས་རིགས་རྒྱུན་བཅད། ཡིག་རྫུན་བཟོས་ནས་ཡིག་སྐྱོན་གཏོང་བས་སྐད་རིགས་རྩ་གཏོར་རེད། རྒྱ་དམར་ལ་རོགས་པ་བྱེད་ཀི་ཡོད་པ་རེད། ཕ་མེས་ལ་ཡིད་ཆེས་མེད་པར་རང་བཟོ་བྱས་ན་ཕན་པ་ལས་གནོད་པ་མང་བར་སེམས། རྒྱ་རིགས་ལ་ཡིག་རྙིང་དེ་ཀློག་དཀའ་བས་ཡིག་གསར་རུ་བསྒྱུར་བ་ཁག་མི་འདུག ང་ཚོ་ཐོན་མི་བཀའ་དྲིན་ཅན་གྱི་ཡི་གེ་འདི་ཡོད་བཞིན་དུ་ འདྲེ་ཡིག་འདྲ་བོ་དག་ཀློག་མི་བདེ་བ་རྣམས་གསར་བཟོ་བྱས་ན་ཆོ་ག་རེ་འདུག རྒྱལ་བ་རིན་པོ་ཆེས་གསུངས་འདུག་ཟེར། རྒྱལ་བ་རིན་པོ་ཆེ་འཛམ་གླིང་མི་དམངས་དུང་ཕྱུར་བདུན་ཅུའི་སྐུ་ཚབ་རེད། ཧ་གོ་སོང་ངམ། ཡེ་ཤུ་དང་།ཁ་ཆེ། ཇོ། ཏོ། བོན་སོགས་ཀྱང་རིས་མེད་དུ་བཞག་འདུག་ག འགྲོ་བ་མི་ཡིན་པའི་ཆ་ནས་བཤད་པ་རེད། རྒྱ་དམར་ལས་བོད་རང་གི་སྲོག་རྩ་གཅོད་པ་བོན་ལྷག་བྱུང་མ་མྱོང་བ་རེད།
བོན་པོ་ཚང་ལ་བཤད་ཚོད་ཡོད་ན་ས་དགེ་བཀའ་རྙིང་དང་ཁྱད་པར་དགེ་ལུགས་ཚང་གིས་ནང་པ་མ་ཡིན་པའི་དཔེ་འཇོག་ས་བོན་པོ་རེད། དེང་སང་བནྡེ་ཡོངས་དང་མི་མང་བཅས་ནས་བོན་ལབ་དུས་སངས་རྒྱས་བསྟན་པའི་དགྲ་བོ་དངས་མར་འཛིན་བཞིན་པ་འདི་མཁར་ནག་པས་བཟོས་པ་རེད། ཁ་སང་ཉིན་འགའི་སྔོན་དུ་སྨན་རི་ཁྲི་འཛིན་ཟེར་བ་་བོན་པོའི་བླ་མ་ཆེ་ཤོས་དེས་ཟེར་སོང་། འཇམ་ཏིང་ཏིང་ང་ཚོས་སོ་སོ་བོན་པོ་ལམ་ལ་འགྲོ་བསྡད་ན་དེས་ཆོག་གི་རེད། ་བཤད་ཀི་་བཤད་ཀི་་བོན་པོ་ནག་པོ་ཆགས་ཉེན་ཡོད་ཟེར་ཀི་འདུག་སོང་། དེས་ན་་་་ལ་སྐྱག་ཁྱོད་ཁྱི་ཁ་ཚུམས་
སྔོན་ལས་ངན་པ་བསགས་པའི་སྟོབས་ལས་བྱུང་བའི་རྫ་ཕྲུག་ཁྱོད་ལ་ལན་ཅིག་མ་བྲིས་རང་བྲིས་བྱུང་སོང་བས། སྔོན་དུ་འདིར་བློ་གཟུ་བོར་གནས་ཤིང་མི་རིགས་མཐུན་བསྒྲིལ་དང་མཆམ་མཐུན་སོགས་ཀྱི་སྐོར་ལ་དགོངས་འཆར་ཟབ་མོ་གནང་བར་ངས་ཐུགས་རྗེ་ཆེ་ཞུ་བ་དང་དགོངས་ཚོམས་མེད་པར་ཞུ་གི་ཡོད།
༡༼མཁན་སློབ་ཆོས་གསུམ་གཙོའི་མི་ལོ་སྟོང་ནས་ད་བར་དུ་བྱོན་པའི་སྐྱེས་ཆེན་དམ་པ་རྣམས་ལ་རྒྱུན་དུ་ངན་སྨོད་དང་སྐྱོན་བརྗོད་ཁོ་ན་བྱེད་ཀྱིན་ཡོད། འདི་ལྟར་བྱེད་དགོས་དོན་ཅི?ལན་ཤོག གཉིས༽
གངས་ཅན་གྱི་ལྗོངས་འདིར་རང་གི་ཕ་མེས་ཡབ་མྱེས་ཀྱི་ས་སྐྱེས་རྡོ་སྐྱེས་ཀྱི་ཆོས་དང་རིག་གཞུང་གཞུང་རྩ་མེད་བཟོ་རྒྱུའི་འཆར་གཞི་འདིང་མཁན་དེ་སུ་རེད་དམ། དེ་འདྲ་བཟོ་མཁན་དེ་ལ་སྤྲོ་སྣང་ནམ་ཡང་མེད།
༢༼་ཚེ་བསྟན་ཞབས་དྲུང་དང་དམུ་དགེའི་བསམ་བསྟན་སོགས་གངས་ཅན་ལྗོངས་ཀྱི་སྐྱེས་ཆེན་རྣམས་ལ་རྒྱ་དགའ་མ་རེད་ཟེར་ནས་མཚན་སྨད་ཞུ་མཁན་ཡང་བོན་ནག་ཚོ་རེད། འདི་ལྟར་བྱེད་དགོས་དོན་ཅི?ལན་ཤོག གསུམ༽
ཚེ་བརྟན་ཞབས་དྲུང་དང་དམུ་དགེ་བསམ་གཏན་གཉིས་དུས་རབས་ཉི་ཤུའི་ནང་དུ་བོད་བཙན་བཟུང་བྱས་པའི་རྗེས་སུ་བོན་ལ་ངན་སྨྲ་དང་སྐྱོན་བརྗོད་བྱེད་མཁན་ཞིག་ཡིན་པས་དེ་ལ་ནམ་ཡང་དགའ་སྣང་མེད།
༣༼ ག་དུས་ཡིན་ན་བོན་པོའི་ཚོགས་པ་དང་མི་སྒེར་བ་གཅིག་གིས་ཀྱང་༧གོང་ས་མཆོག་ལ་བསྟོད་སྔགས་བྱེད་པ་དང་། སྐུ་པར་སྒྲོན་པ་སོགས་གང་ཡང་མེད་པར་མ་ཟད་དངོས་སམ་རྒྱུད་ནས་ཁོང་ལ་མཚན་སྨད་ཞུ་མཁན་གང་མང་མང་ཞིག་ཡོད། འདི་ལྟར་བྱེད་དགོས་དོན་ཅི?ལན་ཤོག བཞི༽
བོན་པོའི་ཚོགས་པ་དང་མི་སྒེར་ལས་སོགས་བོད་པ་བོན་པོ་ཡིན་མཁན་ཞིག་གིས་ལས་ཁུང་དང་འདུལ་ཁང་སྒེར་གྱི་ཁང་པའི་མཆོད་ཤོམས་ནང་དུ་༸གོང་ས་མཆོག་གི་སྐུ་པར་མེད་ས་ཞིག་གསལ་པོ་བྱེད་དེ་ཤོད་དང་ཁྱོད་ལ་བདེན་པའི་བསྟོད་བསྔགས་འཐེན་རྒྱུ་ཡིན། དེ་མིན་ང་ཡིས་བགྲོད་པའི་བོན་པོ་དེ་དག་གི་ནང་དུ་༸གོང་ས་མཆོག་གི་སྐུ་པར་མེད་ས་གཅིག་ཀྱང་མ་མཐོང། ཡིད་མ་ཆེས་ན་བོན་གཞིས་སུ་སོང་དང་རྫུན་རྐུབ་དེ་རྡོལ་ཡོང།
༤༼བོན་དགོན་ཁ་ཤས་ཀྱིས་ཤཀྱཱ་ཐུབ་པ་དང་པད་འབྱུང་སོགས་ཀྱི་ཐོག་ཏུ་བོན་ལྷ་བཞེངས་སྟེ་མགོན་ཁང་ནང་དུ་བཞག་ནས་རྒྱུན་དུ་ནང་ཆོས་ལ་མཐུ་གཏད་བྱེད་ཀྱིན་ཡོད། འདི་ལྟར་བྱེད་དགོས་དོན་ཅི?ལན་ཤོག ༽དེ་འདྲའི་བོན་དགོན་དེ་ངོས་འཛིན་གྱིས་དང་ཨ་མ་ཚ་ནའང་ཚ་གོ་ཆོད་པའི་མི་ཕྲུག་ཅིག་ཡིན། དེ་མིན་མགོ་སྐོར་དང་རྫུན་གཏམ་ནམ་མཁར་མི་ཤོང་བའི་བཤད་སྟངས་འདི་ལ་ཁ་ནང་དུ་འཁོར་ནས་སོམས་ཤིག ཁྱོད་ནང་པ་བ་ཞིག་འཚེ་བ་མེད་པ་དང་ཞི་བདེ་ལས་སོགས་ཆོས་ལུགས་དང་མི་རིགས་གཞན་ལ་མེད་པའི་འུར་སྒྲ་ལུང་པ་བཀང་ཏེ་འུར་ཤོབ་བྱེད་སྟངས་འདི་ཡི་རྫུན་རྐུབ་བརྡོལ་པ་ཡིན།
གོང་དུ་དྲི་བ་བཀོད་པ་དེ་ཚོར་ལན་ཁྱེར་ཤོག དྲིས་ལན་ལ་ལན་མེད་པར་གཡོ་སྒྱུ་ཁྲམ་གསུམ་གྱི་གཞན་མགོ་སྐོར་ཚུལ་འདི་ཁྱི་ཕྲུག་ལས་ཀྱང་ཐབས་སྐྱོ་བ་ཡིན་པར་ཤེས་པར་གྱིས།
དྲིས་ལན་ལ་ལན་མེད་ན། སྲིད་པའི་དཔེ་ལའང། གླེན་པའི་ཨུ་ཚུགས་བྲག་ལ་མི་འགྲོ། འགྲོ་ཟེར་ན་གླེན་པའི་གོང་དུ་ཧམ་ཤར་ཆེ་བ་ཞིག་དགོས་ཟེར་བ་ལྟ་བུ་རེད།
ངས་ཁྱོད་ཀྱིས་དྲི་བ་ཁག་ལ་རེ་རེ་བཞིན་དུ་ལན་བྲིས་ཡོད།
ཀརྨ་ཡེ་ཤེས་ཟེར་མཁན་འདི་བཀའ་རྒྱུད་པ་མ་རེད། ཁོ་སྔོན་མ་དཔལ་དགྱེས་པ་རྡོ་རྗེ་ཟེར་བ་དེ་རེད།
ངས་གསལ་པོ་བྱེད་དེ་ཤེས་སོང། ཁོས་རྟག་ཏུ་བོན་པོར་ངན་སྨྲས་བཤད་ཀྱི་རེད།
ཁྱོད་ཀྱི་སྐད་ཆ་ལ་ལན་འདེབ་རན་མི་འདུག ཁག་མེད་རྫོགས་ཆེན་དང་གསང་སྔགས་ལས་སོགས་མང་པོ་ཞིག་བོན་པོ་ནས་རྐུས་ཚང་དེ་རྫུན་རྐུབ་བརྡོལ་ཡོང་བསམ་ཡོད་རེད།
དམར་པོའི་ཆོས་ལུགས་ནི་དམར་པོའི་བསམ་བློ་རང་རེད།
བོད་པ་དུས་ཙོད་གཉེན་འཕྲང་གི་སྐབས་འདིར་མཐུན་བསྒྲིལ་དང་མཐམ་མཐུན་དགོས་ཀྱི་ཡོད་ན་བོན་ནག་དང་བོན་ནག་ཟེར་ན་མཐུན་བསྒྲིལ་དང་མཆམ་མཐུན་ཡོང་གི་རེད་དམ།
རྡུན་རྐུབ་རིམ་བཞིན་ཐོན་གྱི་རེད། ད་ལྟ་ནི་བོན་ཟེར་བའི་ཆོས་ལུགས་འདི་རྒྱལ་ཁབ་ཕྱི་ནང་གང་གི་ནང་དུའང་མི་ཚོས་དོ་སྣང་དང་ཉམས་ལེན་བྱེད་མཁན་མང་དུ་མང་དུ་འགྲོ་གི་ཡོད། ལྷག་པར་དུ་ཕྱི་རྒྱལ་ཁག་ཏུ་རྙིང་མ་ལས་སོགས་ཀྱི་ཆོས་རྒྱུད་ལ་བཞུགས་རྗེས་ཕྱིས་སུ་ཁོང་ཚོ་བོན་པོའི་ཆོས་ཉམས་ལེན་བྱེད་ཀྱི་འདུག དེ་རྒྱུ་མཚན་ཅི་ཡིན་མ་ཤེས། རྫུན་རྐུབ་དེ་ཚོ་རིམ་གྱིས་བརྡོལ་འགྲོ་གི་མེད་དྲོ་བསམ།
དེ་རིང་ཡེ་གཤེན་ལ་སྟོད་ཚང་དཔའ་བོ་ཁེར་རྒྱུགས་རེད་འདུག་སྨོ། དཔའ་མོ་སྨན་མོ་སོགས་དཔའ་རོགས་སྟག་འདྲ་གཟིག་འདྲ་ཚོ་སོ་ཚིས་ལ་མགོ་ཡོམ་ནས་ཡོད་འདྲ། ཧ་ཧ་ཧ་ཧ
ཐོན་མིས་ཡི་གེ་གསར་བཏོད་མཛད། ཐོན་མི་ཡི་གེའི་བྱེད་པོ་རེད། ཅེས་ཡིན་ཤག་ཤག་མགྲིན་པ་གཟིངས་སུ་བསྟོད་ནས་ཇི་ལྟར་དྲིལ་བསྒྲགས་བྱས་ཀྱང་། མིག་སྔར་འཛམ་གླིང་དཔྱོད་ལྡན་པ་རྣམས་ཀྱི་མདུན་སར་དཔྱད་ཞིབ་དང་མཐོང་རྒྱ་མེད་པའི་རྨོངས་ཅན་ལྐུགས་པའི་རང་རྟགས་དེ་ཉིད་ཕྱི་ལ་དྲིལ་བསྒྲགས་བྱེད་པ་ཞིག་ཏུ་མཐོང་བཞིན་ཡོད།
ཆུ་འགོ་ནས་སྙོགས་ན་མཇུག་ཀྱང་སྙོགས་པ་ངང་གིས་འབྱུང་བ་བཞིན། དང་ཐོག་ཐོན་མིས་ཡི་གེ་མཛད་རབས་བཤད་ཚུལ་དེ་ཡང་རྒྱ་གར་ལ་་་ཅ་ཆ་་་སོགས་ཀྱི་གདངས་མེད་པ་དང་དེ་དག་བསྣན་རབས་བཤད་པས། རྒྱ་གར་ཡི་གེ་ལ་རྒྱུ་མངའ་མེད་ཅིང་ཆགས་སྡང་གིས་བཟི་བའི་བླ་ཆོས་རིང་ལུགས་པའི་མཁས་རློམ་དག་གི་བླུན་གཏམ་ཉིད་དུ་སྨྲ་བར་ཟད་པ་ནི་མངོན་སུམ་གྱིས་གྲུབ་པ་སྟེ།
རྒྱ་གར་སྐད་གདངས་ལ་་་་ཅ་ཆ་་སོགས་ཀྱི་སྒྲས་མཚོན་པའི་མིང་ཚིག་ཇི་སྙེད་ཡོད་པ་སྟེ། བཞི་ལ་་་་ཅར་་་ཞེས་དང་་་་ཉི་གདུགས་ལ་་་ཆརཏིརི་་་་་ཆུང་ངུ་ལ་་་་ཆོ་ཊ་་སོགས་ཀྱི་གདངས་ཡོད་ཀྱང་རྒྱ་གར་ལ་གདངས་འདི་དག་མེད་ཚུལ་སྨྲས་པ་འདིས། བོད་ཡིག་ཐོན་མིའི་བྱས་ཞེས་པའི་རྫུན་ཕུགས་གསལ་པོར་བསྔོགས་པ་མ་ཡིན་ནམ།
གཞན་ཡང་བོད་ཀྱི་སྐད་གདངས་དང་མཐུན་པའི་བོད་ཡིག་དེ་ཡང་རྒྱ་གར་གྱི་སྐད་གདངས་ལས་འཚོལ་བསྡུས་བྱས་རབས་བཤད་པ་དེ་ཡང་ཞྭ་དཔེ་ལྷམ་ལ་འགེབས་པ་ལྟ་བུ་ཉག་གཅིག་ཏུ་སྣང་སྟེ། རྒྱ་གར་གྱི་སྐད་ལས་ཡི་གེ་ཇི་ལྟར་བྱས་ཀྱང་རྒྱ་གར་བའི་སྐད་ལས་བོད་ཀྱི་སྐད་དུ་མི་འགྱུར་བ་མངོན་དུ་གྲུབ་པས་སོ།
དོན་དངོས་སུ་བོད་ཀྱི་ཡི་གེ་བཟོ་བ་ལ་བོད་པའི་སྐད་གདངས་ལ་ཁུངས་འཚོལ་བའམ་བསྟུན་དགོས་པ་ལས་རྒྱ་གར་གྱི་སྐད་གདངས་ལ་ཁུངས་འཚོལ་བའམ་བསྟུན་དགོས་པ་ནི་བརྟག་ན་ཆེས་མི་འོས་པའམ་སྒྱིད་ལུག་པའི་རྒྱུ་ཞིག་ལས་ཟད་དོ།
ད་དུང་ཐོན་མི་ཟེར་བ་དེ་ཡང་བླ་ཆོས་རིང་ལུགས་པ་དག་གིས་བསྟོད་པ་ལྟར་ཞིག་ཡིན་ན་སྐད་གཉིས་སྨྲ་བའི་ལོ་ཙྰ་བ་ཆེན་པོ་ཞིག་ཡིན་རབས་བཤད་བཞིན་འདུག་ཀྱང་དེ་ལྟར་ན་བོད་ཀྱི་ལོ་ཙཱས་རང་གི་སྐད་གདངས་འཚོལ་བར་གཞན་གྱི་ངག་ཐབས་ལ་ལྟོས་མི་དགོས་པར་བོད་ཀྱི་སྐད་གདངས་ཇི་སྙེད་རང་བློར་ཚུད་པ་ཞིག་ཡིན་དགོས་པ་ནི་ལྟ་ཅི་ཨང་། དེ་ལས་ཡི་གེ་བྱས་རབས་ཀྱི་ཤོད་ཚུལ་ལ་བསམ་ན་ལམ་ཁར་ནས་ལམ་འགྲོ་བ་གཞན་གྱི་ངག་ལ་ཉན་ནས་བསྟུན་རབས་བཤད་པས། ཁྱེད་ཅག་གིས་ཐོན་མིར་བསྟོད་བསྟོད་པའི་མཐར་བོད་ཀྱི་སྐད་གདངས་ཙམ་རང་གི་བློ་ངོར་མེད་པ་གཞན་གྱི་ངག་ལ་ཉན་པའི་ཐབས་བཙལ་བ་ལྟ་བུ་ཞིག་བསྟན་འདུག་པས་དེ་ལྟར་ན་བོད་ཀྱི་ལོ་ཙཱ་བ་ཆེན་པོར་བཤད་པ་དང་འགལ་ལོ། དོན་བདེན་པར་བཤད་ན་ཐོན་མིའི་ཡི་གེ་བྱས་རབས་ཀྱི་ཤོད་ཚུལ་དེ་ཉིད་རྫུན་སྨྲ་བར་ཆེས་རྔམ་ཡང་སྨྲས་མི་མཁས་པ་ཆགས་སྡང་ཅན་ཞིག་གིས་རྫུན་བཟོས་བྱས་པ་ཞིག་ཡིན་པ་གསལ་བར་ལྷང་ལ་བུད་པའི་གནས་ཚུལ་མཐོང་བཞིན་པ་འདིའོ།
དེས་ན་བཤད་ཚུལ་འདིས་ནི་ད་ལྟའི་བར་དུ་ཕྱི་ནང་གང་ན་བླ་ཆོས་རིང་ལུགས་པས་བཅོས་པའི་ཆོས་འབྱུང་སོགས་སུ་ཐོན་མིས་བོད་ཡིག་མཛད་རབས་བཤད་པ་ས་ཁྱབ་རྡོ་ཁྱབ་བཞིན་ཇི་ཙམ་མང་སྨྲས་པ་ཀུན་ཀྱང་རྫུན་གཏམ་ཉག་གཅིག་ཡིན་པར་གསལ་བཤད་བྱས་ཡོད།
རྒྱ་བོད་གཉིས་ཀྱི་སྐད་རིགས་ལ་རྨོངས་པའི་ས་ཁུག་ལུང་ཁུག་དག་ལ་གནས་སྡོད་བྱེད་བཞིན་པའི་བོད་རིགས་སོགས་ལ་ཐོན་མིའི་ཡི་གེ་བྱས་རབས་དེ་བཤད་ཀྱང་བདེན་པར་སྙམ་སྲིད་ཀྱང་དེང་དུས་སུ་དོན་དངོས་ལ་ཕྱོགས་པའི་དཔྱོད་ལྡན་པ་ཉིན་རེ་བཞིན་འཕེལ་རྒྱས་འགྲོ་བཞིན་པས་རྫུན་གཏམ་དེ་རིགས་འདོར་བའི་དུས་ལ་བབས་པ་མ་ཡིན་ནམ།
༧ ཡཱ་དྲ་འབུ་ཚོ་སེམས་རྣལ་དུ་མ་བབས་པའི་གཏམ་ཉོག་མང་པོ་མ་བདལ། དེ་རིང་འདིར་ང་ཚོའི་བཤད་བྱ་དེ་ཐོན་མིའི་གོང་དུ་བོད་ལ་ཡི་གེ་ཡོད་དམ་མེད། ད་ལྟ་ང་ཚོས་ལོངས་སུ་སྤྱོད་བཞིན་པའི་ཡི་གེ་འདི་ཐོན་མིས་བྱས་སམ་མ་བྱས་དོན་དག་དེ་རེད། དེའི་སྐོར་ལུང་དང་རིགས་པ་གཉིས་ཀའི་ཐོག་ནས་བགྲོ་གླེང་ཡོད་ན་ང་ཚོ་ལ་བློ་དཔྱད་དང་བོད་མི་རིགས་ལ་ཕན་ཐོག་ཡོད་འགྲོ་བསམ་གྱིས་འདུག
གོང་དུ་ངོས་ཀྱིས་བྲིས་པའི་མཆན་བརྒྱད་པ་དེ་ལ་ལུང་རིགས་ཀྱིས་དགག་བཞག་ཡོད་ན་དགའ་བསུ་ཞུ་རྒྱུ་ཡིན།
དེ་མིན་བོན་ནག་དང་ཆོས་ནག་དོལ་རྒྱལ་སོགས་ཀྱི་སྐད་ཆ་མང་པོ་བཤད་ན་བོད་མི་རིགས་གཅིག་བུ་མིན་པ་གཡུང་དྲུང་བོན་དང་དམ་པའི་ཆོས་འཛམ་གླིང་གང་སར་ཁྱབ་བཞིན་པའི་དུས་འདིར་འཛམ་གླིང་གི་མི་རིགས་མང་པོའི་སེམས་ནང་དུ་ང་ཚོས་ནག་ཐིག་ཅིག་བརྒྱབ་ན་དེ་ལས་གནོད་ཚབ་གང་ཡོད།
དེ་ནི་ང་ཚོ་དྲ་འབུ་ཚང་མའི་འགན་འཁྲི་ཞིག་ཡིན།
འ་ཡེ། འ་ཡེ། ཟླ་མེད་ཁོ་རེ་ཟླ་མེད། བོན་མོ་ལ་བན་དེས་འཛགས་དགོས་ན་མིང་ཐོ་ནང་ངའི་མིང་འགོད་བརྗེད་་མི་ཉན་ཨ། ཕྲུ་གུ་བཅུ་ཟེར་དུས་བན་བོན་གཉིས་འོ་མ་ལ་ཀ་ར་སྲེས་སྲེས་འདྲ་ཞིག་མ་བཟོ་ན་ཤི་རེ་ཁོ། སྒུགས་ཨ།
གྲོགས་མེ་ཏོག་དཀར་པོ་ལགས་ཁྱེད་ཀྱིས་ངོས་ལ་ལ་སྟོད་དཔའ་བོ་ཞེས་བསྟོད་བསྔགས་ཚད་མེད་གནང་ཤག་དགའ་ནས་བསྡད་ཡོད། བྱུང་ན་ཁྱེད་རང་རྙིང་མ་བ་ཞིག་ཡིན་དུས་བོན་པོའི་རྫོགས་ཆེན་དང་བོན་གྱི་མཁས་པ་དང་ཐུག་འཕྲད་དང་བལྟ་རྟོག་འདྲ་གྱིས་དང་ཕལ་ཆེར་ཁྱེད་ཀྱི་སྔར་གྱི་བསམ་ཚུལ་དེ་ལ་འགྱུར་བ་ཆེན་པོ་ཞིག་གཏན་གཏན་འགྲོ་གི་རེད་དྲན། ཐུའུ་བཀན་གྱི་གྲུབ་མཐའི་ནང་དུ་རྙིང་མ་དང་བོན་པོ་གཉིས་ཧ་ཅང་ཉེ་པོ་ཡོད་ཚུལ་བཤད་འདུག་པས་ཅི་ལྟར་ཉེ་ཚུལ་ལ་བསམ་བློ་ཐོང་དེ་ལ་དགོས་པ་དང་རྒྱུ་མཚན་ཞིག་གཏན་གཏན་ཡོད་རྒྱུ་རེད།
ནམ་མཁའི་ནོར་བུ་ནི་ད་ལྟ་བོད་ཀྱི་སྤྱི་ཚོགས་དང་ནུབ་ཕྱོགས་སུ་སྐད་གྲགས་ཡོད་པའི་བླ་མ་ཞིག་རེད། ནུབ་ཕྱོགས་སུ་དཔེ་ཁྲིད་གནང་མ།ཁན་ནང་ནས་༸གོང་ས་མཆོག་ཕར་ཕུད་དེ་མིན་དཔེ་ཁྲིད་ཞུ་བར་བཅར་མཁན་ཡོང་མཁན་མང་ཤོས་དེ་རེད། ཁོང་གིས་བོན་ལ་བལྟ་ཚུལ་གང་འདྲ་འདུག་དཔྱོད་དང། ཁོང་བོན་པོ་མ་རེད་རྙིང་མ་རེད། རྣམ་རྟོག་བྱེད་དགོས་ཀྱི་མ་རེད།
གཞོན་ནུ་ཟླ་མེད་ཁོ་རེ།
དེ་ལས་སླ་མོ་རེད། རྩོད་པ་འདི་རིགས་ཞི་དགོས་ན་དང་པོ་བོད་རང་བཙན་ལོང། དེ་ནས་བོད་མི་ཐམས་ཅད་དགེ་ལུགས་སུ་བསྒྱུར་དང་དེ་ནས་རྩོད་པ་ཡོད་རྒྱུ་མ་རེད། གཅིག་བྱེད་ན་ལྷ་འདྲེའི་སྐོར་ལ་རྩོད་པ་དེ་ནམ་ཡང་ཆད་མི་སྲིད། དེ་ནས་དགེ་ལུགས་དུམ་བུར་གཏོང།
ཆིག་བསྒྲིལ་ཚོགས་པ་ཟེར་བའི་དམིགས་ཡུལ་ཀྱང་འདི་འདྲ་རང་རེད།
ནམ་མཁའི་ནོར་བུ་སུ་རེད། ཁ་ལྕེ་སྟོང་དུ་སྤྲུལ་ནས་བཤད་ནའང་བན་བོན་ཁྲུན་ཐག་ཆོད་གི་མ་རེད། དགེ་ཆོས་པས་བཤད་པ་ལྟར་སྐབས་རེ་མི་མེད་ས་སྟོང་འདྲ་ལ་སོང་ནས་ངུ་ཡག་བྱས་ན་སྙིང་ནད་ལ་ཕན་པར་བཤད་པ་བཞིན། སྐབས་རེ་ཁ་བརྡར་འཛུལ་ནས་བན་བོན། དགེ་རྙིང་། གསར་འབྱོར་རྙིང་འབྱོར། ཁམས་པ་ཨ་མདོ། བློ་སེང་ཟམ་གདོང་། རང་བཙན་རང་སྐྱོང་འདྲ་བཤད་ཡག་བྱོས་ན་ཁམས་སང་སང་འདྲ་འོངས་རྒྱུ་རེད། དེ་འདྲ་མཛོད།
རང་གི་བློའི་དཔག་ཚོད་དང་མཐུན་པའི་བོན་པོར་དྲི་བ་ཁ་ཤས་ཡོད་དེ། དེ་འདྲ་དྲིས་སོང་ན་དེའི་ལན་དུ། ཤཀྱ་ཐུབ་པ། མེས་དབོན་རྣམ་གསུམ། ཐུ་མི་སོགས་ལ་བཀའ་སྐྱོན་ཞིག་ལས་དོན་ངོ་མའི་ལན་ཞིག་གནང་གི་མེད་པ་དེ་གོང་རྩོམ་མཆན་དག་ལས་རྟོགས། དེས་ནས་གནས་སྐབས་ལྷོད་ཀྱིས་སྡོད་ན་ལེགས་ཆ་འདུག
ལ་སྟོད་ཁྱོད་ལ་དཔའ་བོ་ཞེས་པས་དགའ་ན། དཔའ་བོ་ལ་སྟོད་ཅེས་སླར་ཡང་ཞུ་འོ།།
ནམ་མཁའི་ནོར་བུ་སུ་རེད། ཚང་མ་གཅིག་པ་རེད་གཅིག་པ་རེད་ཟེར་ནས་ལྟོ་གོས་འཚོལ་མཁན་མདོ་མེད་དམ་རིས་མེད་དེ་འདྲ་མིན་པར་ཤོག ཁོང་ལ་དྲི་དགོས་པའི་འུ་ཐུག་མེད།
ཁ་ལྕེ་སྟོང་དུ་སྤྲུལ་ནས་བཤད་ནའང་བན་བོན་ཁྲུན་ཐག་ཆོད་གི་མ་རེད། དགེ་ཆོས་པས་བཤད་པ་ལྟར་སྐབས་རེ་མི་མེད་ས་སྟོང་འདྲ་ལ་སོང་ནས་ངུ་ཡག་བྱས་ན་སྙིང་ནད་ལ་ཕན་པར་བཤད་པ་བཞིན། སྐབས་རེ་ཁ་བརྡར་འཛུལ་ནས་བན་བོན། དགེ་རྙིང་། གསར་འབྱོར་རྙིང་འབྱོར། ཁམས་པ་ཨ་མདོ། བློ་སེང་ཟམ་གདོང་། རང་བཙན་རང་སྐྱོང་འདྲ་བཤད་ཡག་བྱོས་ན་ཁམས་སང་སང་འདྲ་འོངས་རྒྱུ་རེད། དེ་འདྲ་མཛོད།
རང་གི་བློའི་དཔག་ཚོད་དང་མཐུན་པའི་བོན་པོར་དྲི་བ་ཁ་ཤས་ཡོད་དེ། དེ་འདྲ་དྲིས་སོང་ན་དེའི་ལན་དུ། ཤཀྱ་ཐུབ་པ། མེས་དབོན་རྣམ་གསུམ། ཐུ་མི་སོགས་ལ་བཀའ་སྐྱོན་ཞིག་ལས་དོན་ངོ་མའི་ལན་ཞིག་གནང་གི་མེད་པ་དེ་གོང་རྩོམ་མཆན་དག་ལས་རྟོགས། དེས་ནས་གནས་སྐབས་ལྷོད་ཀྱིས་སྡོད་ན་ལེགས་ཆ་འདུག
ལ་སྟོད་ཁྱོད་ལ་དཔའ་བོ་ཞེས་པས་དགའ་ན། དཔའ་བོ་ལ་སྟོད་ཅེས་སླར་ཡང་ཞུ་འོ།།
ལ་སྟོད་བུ་ལ་དྲི་བ། མདོར་བསྡུས་ནས་བཤད་ན། ༧གོང་ས་ཐམས་ཅད་མཁྱེན་པ་འཛམ་གླིང་ཤར་ནུབ་གང་དུ་ཕེབས་ཅིང་རྒྱལ་བ་ཤཀྱ་ཐུབ་པའི་བསྟན་པ་རིན་པོ་ཆེའི་ཁྱད་ཆོས་བྱམས་པ་དང་སྙིང་རྗེའི་རིན་ཐང་། ལྟ་བ་དང་རྟེན་འབྱུང་གི་རིན་ཐང་སོགས་སྦོབ་པ་ཆེན་པོས་གསུང་གིན་ཡོད་པ་ཁྱོད་ཀྱིས་ལོས་གོ་ལོས་ཤེས།
འཛམ་བུ་གླིང་ན་མི་རིགས་མི་འདྲ་བ་དང་ཆོས་ལུགས་མི་འདྲ་བ་གང་ཡིན་ཡང་ཁོང་དང་ཁོང་གི་ནང་ཆོས་ལུགས་ལ་མཐོང་ཆེན་དང་སྔགས་བརྗོད་ཡོད་པར་མ་ཟད་ཉམས་ལེན་བྱེད་མཁན་གྱི་མི་འབོར་ཧ་ཅང་མང་པོ་ཡོད་པ་ཁྱོད་ཀྱིས་ལོས་ཤེས། ཡིན་ན་ཡང་ཐབས་སྐྱོ་བ་ཞིག་ལ།
ཁྱེད་བོན་པོ་ཚོས་ནང་ཆོས་རྒྱ་གར་གྱི་ཆོས་ལུགས་ཕལ་བ་ཞིག་ཡིན་རབས་དང་རིན་ཐང་གང་ཡང་མེད་པར་མ་ཟད་ད་དུང་བོད་རང་གིས་ཐུན་མིན་གྱི་རིགས་གཞུང་བརླགས་སོང་ཞེས་ངུ་འབོད་ལྷང་ལྷང་བྱེད་དང་བྱེད་བཞིན་པ་འདི་༧གོང་ས་མཆོག་ལ་ངོ་རྒོལ་དང་མཚན་སྨད་ཀྱི་རྣམ་པ་མིན་ན་ཅི་རེད། ལན་ཤོག།
དྲ་རྒྱ་སོགས་རྒྱུད་ལམ་ཁག་ན་བོན་པོ་ཞིག་གིས་༧གོང་ས་མཆོག་ལ་བསྟོད་པ་འབྲི་བ་དང་ཡོན་ཏན་བརྗོད་ཡོད་པ་ཞིག་ཕལ་ཆེར་མི་འདུག་ཅེས་ལམ་ན་མི་ཆོག་པ་མེད། ལས་ཁུང་ག་གེ་མོ་ཞིག་ན་པར་ཞིག་ཡོད་ཟེར་བ་འདི་གཞད་གད་ཀྱི་གནས་སོ། ངོ་མི་ཚ་འམ?
ཧ ཧ ཧ ཚིག་འཛུགས་ལ་བལྟས་དུས་ལ་སྐྱག་དང་ཤྲྰི་ནག་ལ་སྒེར་འཁོན་བྱེད་སའི་ཕྱི་གླིང་པ་ཞིག་ཡོད་པ་འདྲ། གང་ལྟར་བོན་གཞིས་དམིགས་ཡུལ་ནི་ནང་བསྟན་ཡོངས་རྫོགས་རྩ་གཏོར་དང་རྫུན་དུ་སྨྲ་བ་དེ་རེད། མའོ་ལས་སྡུག་ཅིག་རེད། དེ་ཡིན་ན་ཁྱེད་ཚོས་བེད་སྤྱོད་བཞིན་པའི་༧གོང་ས་མཆོག་དང་རྒྱལ་དབང་ཀརྨ་པས་ཀྱང་བདག་ཤྰཀྱའི་དགེ་སློང་ཞེས་དང་ན་ལནྡའི་པན་གྲུབ་ལ་བསྔགས་བརྗོད་དང་དེས་གསུང་དག་ཉམས་སུ་བླངས། ས་དགེ་བཀའ་རྙིང་ཇོ་ནང་སོགས་ཀྱི་བསྟན་འཛིན་དང་། ཁྱད་པར་སྔ་འགྱུར་བདུད་འཇོམས་དང་དིལ་མཁྱེན་ལས་༧གོང་ས་མཆོག་གིས་རྫོགས་ཆེན་གྱི་གདམས་ངག་ཞུ་བ་ལས་གདོན་གཟུགས་སྨན་རིའམ་སྨག་རི་ལས་རྫོགས་རྫུན་མི་ཞུ་བ་ལ་རྒྱུ་མཚན་མི་འདུག་གམ། ཧ ཧ ཧ ཧ ཧོ། བོན་ནག་ཁྱེད་ཚོས་རྒྱ་དཀར་ནག་གི་ཡིག་གེ་ཡང་བོན་ཡིག་ལ་དཔེ་བླངས་པ་རེད་ཤོད་དང་བདེན་ཐག་རིང་གི་རེད། མི་ལོ་ཁྲི་ཕྲག་གོང་གི་སྨག་ཡིག་ཡིན་པའི་ཕྱིར། འཇམ་མགོན་ས་པན་གྱིས་་་་མཁས་པ་བརྒྱ་ལས་བླུན་པོ་གཅིག་ངན་གསུངས་པ་ཅི་མ་བདེན། ལི་སྐྱག་གམ་ལ་སྐྱག་ངན་ལོང་ཤོར་བའི་ལ་སྟོད་ལའོ། ། བོད་སྐད་ཡིག་ལ་ཤིན་ཏུ་བཀའ་དྲིན་ཅན། ཐོན་མི་དང་ས་དགེ་བཀའ་རྙིང་ཡོངས་ཀྱི་མཁས་གྲུབ་དེ་སྙེད་དང་ཁྱད་པར་དུས་གཉེན་འཕོ་འགྱུར་ཆེན་པོའི་སྐབས་སུ་བརྡ་སྤྱོད་གཞིར་བཞེངས་སུ་སློང་བའི་དགེན་བཀའ་དྲིན་ཅན་ཚེ་བརྟན་ཞབས་དྲུང་དང་དམུ་དགེ དུང་དཀར། དེང་དུང་ཚུལ་ཁྲིམས་བློ་གྲོས་སོགས་ལ་ངན་དུ་སྨྲ་ན་སུ་ཞིག་གི་སྐྱོན་ཡིན་པ་ཤེས་སླའོ། །
ཀརྨ་ཡེ་ཤེས་ལགས། ཁྱོད་ལ་ཁ་ངན་ཚིག་ངན་དཀྲུག་ཤིང་དང་སྐུར་འདེབས་ཀྱི་ཚིག་ཤ་སྟག་མ་གཏོགས་གནས་ལྔ་རིག་པའི་ཐང་ཆེན་ལ་ལུང་དང་རིགས་པའི་རྟ་ཕོའི་རྒྱུག་འགྲོས་རྩ་བ་ནས་ཤེས་ཀྱི་མེད་པས།?
གང་ལྟར་ཡུལ་ཁྲིམས་དང་ཡུལ་ལུགས་ལ་བརྩི་བཀུར་མི་བྱེད་པའི་བན་རྒན་ཧམ་ཆེན་འདི་ཚོ་ལ་སྔར་ནས་ད་བར་འགྲོ་སྟངས་མེད་པའི་ལས་ཀ་མང་པོ་བྱེད་རྒྱུ་ཡོད་པ་རེད། དང་པོ་བན་རྒན་ཁྱེད་ཚོས་བོད་རང་སའི་བོན་ལུགས་ལ་ཆེ་མཐོང་དང་བརྩི་བཀུར་མི་བྱེད་པར་ག་དུས་ཡིན་ནའང་བན་རྒན་ཁྱེད་ཚོ་རང་ཆེན་པོ་དང་རྫིག་པོ་ཡིན་ཟེར་ནས་བོན་ལུགས་བརྐུ་བཤུ་བྱས་པས་མ་ཚད་བོན་དགོན་དང་བོན་གྱི་གནས་ས་གལ་ཆེན་མང་པོ་ཞིག་ད་ལྟ་ཡང་ཧམ་བཟུང་བྱས་ནས་བསྡད་ཡོད་པ། དེ་རྗེས་ཡུལ་འཁྱར་བན་ལུགས་འདི་ཆེན་པོ་ཡིན་ན་གཅིག་ཡིན་ཟེར་ནས་ཡར་བཞག་རང་སའི་བོན་ལུགས་ལ་སྣང་ཆུང་བཏང་ནས་མར་འཇོག་མཁན་དེ་ཧམ་ཆེན་ཀྱེད་ཚོ་རེད་བ། ཁྱེད་ཚོའི་འགྲོ་སྟངས་མེད་པའི་རི་གླང་འདྲ་བའི་སྤྱོད་ངན་འདི་དག་བོད་མི་རིགས་ལ་ཕན་ཐོག་ཅི་ཡང་མེད། འགྲོ་སྟངས་མེད་པའི་སྤྱོད་ངན་ཅན་གྱི་བན་རྒན་དམ་ཉམས་ཚོས་བོད་རིགས་མི་དམངས་སྡུག་ལ་སྦྱར་བ་རེད། ད་དུང་རང་ཉིད་གཞན་ཡུལ་ལ་སྐྱབས་བཅོལ་ནས་མི་ཡུལ་དུ་བྲོས་དགོས་ཐུག་པ་ཡིན་ནའང་འགྲོ་སྟངས་མེད་པའི་སྤྱོད་ངན་དེ་འཁྱེར་ནས་བལ་ཡུལ་རྒྱལ་ཁབ་ནང་རང་སྣང་གང་ཤར་གྱིས་དམག་སྒར་འཛུགས་མཁན་དེ་སུ་རེད། འབྲུག་པ་ཚོ་ལ་འང་ཁྱེད་ཚོས་འགྲོ་སྟངས་མེད་པའི་ལས་ཀ་ཞིག་ལས་ཡོད་ཐག་ཆོད་རེད་ཡིན་ནའང་ངོས་རང་ལ་གསལ་པོ་ཤོད་རྒྱུ་མེད། རྒྱ་གར་ལ་ལྟོས་རྒྱ་གར་བའི་ཡུལ་མི་སྟོང་ཕྲག་མང་པོ་མཉམ་རུབ་བྱས་ནས་བོད་མིའི་ཁང་ཁྱིམ་མེ་ལ་བརྒྱབ་སོང་བ་དེ་དག་མང་ཆེ་བ་འགྲོ་སྟངས་མེད་པའི་སྤྱོད་ངན་དེས་རྐྱེན་བྱས་ནས་བྱུང་བ་རེད། ཁྱེད་ཚོས་བསམ་པ་ལ་བོད་ཀྱི་བོན་པོ་ཚོ་ལ་མཐོང་ཆུང་འགྲོ་འགྲོ་དེ་ཡུལ་ལུང་གཞན་གྱི་མི་རིགས་ཚོ་ལའང་མཐོང་ཆུང་འགྲོ་ཡོང་བསམ་གྱི་འདུག་གམ།
དམ་ཉམས་ཁྱེད་ཚོའི་འགྲོ་སྟངས་མེད་པའི་་བྱས་ཉེས་ལས་ཉེས་ཚང་མ་ད་ས་གཞི་འདིས་ཁྱོག་ས་མ་རེད། །
ད་ནི་གྲོང་གསེབ་ཀྱི་ནག་མོའི་ཅོ་འཛིང་ལས་ཀྱང་སྡུག་ཅིག་རེད། ཨ་རོག་ཚོ་འདི་འདྲ་ནི་རྣམ་དཔྱོད་ཅན་གྱི་བྱེད་སྟངས་ཡིན་ནམ། ཁྱེད་ཚོ་ངོ་མི་ཚ་འམ།
ལ་སྟོད་དང་བོན་པོ་གངས་སེང་སོགས་ཀྱིས་བོན་པོའི་ཚབ་བྱེད་པའི་ཐོབ་ནུས་འཇོན་གསུམ་ཡོད་དམ།
རྫ་ཕྲུག་དང་ཀརྨ་ཡེ་ཤེས་སོགས་ཀྱིས་ནང་པའི་ཚབ་བྱེད་པའི་ཐོབ་ནུས་འཇོན་གསུམ་ཡོད་དམ།
ཡང་སྙིང་ག་རེ་དགོས་གི་ཡོད་དམ། རྩོད་གཞི་ངོ་མ་གང་རེད། རྩོད་ཐག་ཆོད་གི་རེད་དམ། རྩོད་འབྲས་སུ་གང་ཞིག་ཐོབ་བམ།
ཀརྨ་ལས་ངན་ཁྱོད་ཀྱི་ཁ་ནས་ཅི་བཤད་མི་འདུག ག་རེ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས། རྒྱ་བླ་དེ་ཨེ།
རྒྱ་མི་རྨོངས་དད་ཅན་ཚོར་མགོ་སྐོར་གཏོང་ཐུབ་ཀྱང་བོད་མི་ལ་མགོ་སྐོར་གཏོང་མི་ཐུབ། ཚུལ་བློས་དང་པོར་བོན་ལ་ངན་བརྗོད་སྨྲས་རུང་རྗེས་སུ་བོན་པོས་དྲི་བ་དྲིས་དུས་ཁོས་ཤེས་མ་སོང་བོན་པོའི་དཔེ་ཆ་དང་ལོ་རྒྱུས་མཐོང་མ་སོང་ཟེར་ནས་མཐོལ་བཤགས་ཕུལ་བ་མ་མཐོང་ངམ། ད་དུང་དགེ་ལུགས་པའི་ལྷ་རམས་པ་ཞིག་གིས་བོད་དུ་དཔེ་ཁྲིད་ཀྱི་སྐབས་སུ་བོན་ལ་ངན་སྨྲས་བྱས་པར་རྗེས་སུ་བོན་པོས་དྲི་བ་དྲིས་དུས་ཁོས་བན་དེའི་དཔེ་ཆ་ལས་བོན་པར་རྒྱུས་མེད་ཚུལ་དང་ཕྱིན་ཆད་ནམ་ཡང་འདི་ལྟར་མི་སྨྲ་ཞེས་གཟུགས་མཐོང་གློག་བརྙན་ནང་དུ་མཐོང་རྒྱུ་མི་འདུག་གམ།
ཁྱོད་ཀརྨ་པ་ལ་དད་པ་ཆེ་མདོག་བསྟན་མ་ཡོང་ཁྱོད་ཀྱིས་སྔར་ཀརྨ་པ་ལ་ངན་བརྗོད་སྣ་ཚོགས་བྱས་སོང། ཀརྨ་སྐུ་གོང་མ་དང་བོན་པོ་གཉིས་ལ་དམིགས་བསལ་གྱི་འབྲེལ་བ་ཡོད་པ་ཧ་མ་གོ་འམ།
བོན་བསྟན་ལ་གནོད་པ་བརྩམས་མཁན་དང་གཏོར་བཤིག་གཏོང་མཁན་གྱི་རྒྱ་དང་བོད་སུ་ཡིན་རུང་དེ་ལ་མི་དགའ་ཐག་ཅོད་ཡིན་དཱ། ཁྱོད་མ་དགའ་ནའང་་མ་དགའ།
ཀརྨ་ཡི་ཤུ་ལ་བཤད་ཡོད་དོ།
མེ་ཏོག་དཀར་པོ་ལགས། ཁྱེད་རང་ཡང་དྲ་འབུའི་ནང་དུ་ཞུགས་འདུག་གཱ། ཁྱེད་རང་གིས་བན་དྷེའི་ཚབ་བྱེད་ཐུབ་ཀྱི་ཡོད་བས།?
ཚུལ་ཁྲིམས་བློ་གྲོས་ཟེར་བའི་བླ་མ་དེའི་མཛད་རྣམ་དྲ་འབུ་ཚོས་ཉན་འདོད་འདུག་ན་ངས་འདིར་མཁོ་འདོན་བྱེད་ཆོག
དེ་ནི་འདི་ལྟར།
དགེ་བཅུའི་ཁྲིམས་དང་འགལ་ན་འདི་འདྲ་རེད།
[ ཞོགས་ལྗང་། ] [ 2011-10-13 ]
ག་དང་པོ།
འདི་ལྟའི་ཞབས་མཆན་གཉིས་རྩོམ་ཡིག་ཅིག་གི་ཞབས་མཆན་དུ་བཞག་འདུག སྤྱིར་བཏང་དྲ་ཟིན་གྱི་ཞབས་མཆན་ནི་དྲ་ཟིན་གྱི་ཞབས་མཆན་ལགས་པས་ཆ་འཇོག་གང་ཡང་མེད་མོད། འདི་ལྟའི་ཞབས་མཆན་ལ་ཁུང་གཏུགས་ས་མེད་ན་དོན་མེད་ཀྱི་དཀྲུགས་ཤིང་རྒྱ་ཆེས་ཤས་ཤིག་ཡིན་པས། ཚོད་ཚོད་ལ་འདི་ལྟའི་ཞབས་མཆན་མ་བྲིས་ན་བཟང་། ཟིན་བདགགིས།
མགོ་ལོག་དབལ་ཤུལ་གསེར་རྟའི་འབྲོག་ཕྱོགས་ཀྱི་ཉམས་ཉེས་ཚབས་ཆེན།ངས་ཐོག་མར་མཁན་ཆེན་འཇིགས་མེད་ཕུན་ཚོགས་གོ་བ་དང་འབྲེལ་གསེར་རྟ་བླ་རུང་སྒར་ཟེར་བ་ཞིག་ཀྱང་གོ་ཐོས་བྱུང། དེ་རྗེས་མཁས་དབང་ནམ་མཁས་ནོར་བུའི་བྱང་འབྲོག་གི་ལམ་ཡིག་བཀླག་རྗེས་མགོ་ལོག་གསེར་རྟའི་སྐོར་ལ་དོ་སྣང་བྱུང་བ་དང་། མཁས་དབང་ནམ་མཁའི་ནོར་བུའི་བྱང་འབྲོག་གི་ལམ་ཡིག་ཏུ་གསེར་རྟ་ནི་མགོ་ལོག་གི་ནང་ཚན་ཞིག་ཡིན་སྐོར་བྲིས་འདུག་པ་ལྟར་མགོ་ལོག་གསེར་རྟ་ནི་མདོ་སྨད་ལྷོ་རྒྱུད་ཀྱི་རོང་འབྲོག་གཉིས་ལས་གཙོ་བོ་འབྲོག་ཕྱོགས་ཀྱི་རྟ་ནོར་ལུག་གསུམ་གྱིས་རི་ལུང་ཁེངས་པའི་ཡུལ་གྲུ་ཆེན་པོ་ཞིག་ཡིན་ཞིང་། དེང་དུས་མགོ་ལོག་གསེར་རྟ་ཕལ་ཆེ་བ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ངོར་ཡོད། འོན་ཀྱང་ངས་དོ་སྣང་བྱེད་སའི་མགོ་ལོག་གསེར་རྟའི་འབྲོག་ཕྱོགས་ཉམས་ཆག་འགྲོ་བཞིན་པའི་གནས་ཚུལ་གང་མང་ཞིག་ངས་ཞ་དང་ཞོར་ལ་གོ་བར་བརྟེན་འདི་ལོའི་སྤྱི་ཟླ་༩བའི་ནང་ང་མགོ་ལོག་གསེར་རྟའི་ས་ཆར་རྒྱུས་ལོན་ཆེད་དངོས་སུ་ཕྱིན་པའི་དངོས་མྱོང་དོན་ཚན་ཁ་ཤས་ཡོད་པ་ནས་དེ་རིང་ངས་དོན་ཚན་གཅིག་རང་འདིར་བཤད་རྒྱུ་ཡིན། སྐབས་འདིར་གླེང་བྱའི་གཙོ་བོ་ནི། ཉེ་བའི་ལོ་ཤས་སྔོན་ནས་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་དགེ་བཅུའི་ཁྲིམས་ཟེར་བ་ཞིག་གསེར་རྟའི་ས་ཁུལ་གང་མང་དུ་བཞག་པ་དང་། དགེ་བཅུའི་ཁྲིམས་ནི་སྲོག་མི་གཅོད་པ་དང་། མ་བྱིན་པ་མི་ལེན་པ་ཙམ་ལས་གཞན་དག་བོད་ཀྱི་སྲོལ་རྒྱུན་གྱི་དགེ་བཅུའི་ཁྲིམས་དེ་མིན་པར་ཁོང་གིས་གསར་བཟོ་བྱས་འདུག ཚུལ་བློའི་དགེ་བཅུའི་ཁྲིམས་ཟེར་བ་དེ་ནི། དགོན་སྡེ་གྲྭ་བཙུན་གྱིས་གཙོ་བོར་འཁུར་དགོས་པ་བརྒྱད། ཁྱིམ་པ་ཕོ་མོས་གཙོ་བོ་སྲུང་དགོས་པ་བཅུ། ཐུན་མོང་གིས་སྲུང་བྱ་གཅིག་བཅས་ཡོད་པ་རེད། དང་པོ་ནི། དགོན་པ་ཞིག་ཡིན་ཕྱིན་ནས་ ༡་སློབ་གྲྭ། ༢ བཤད་གྲྭ ༣ སྒྲུབ་གྲྭ་བཅས་གསུམ་ངེས་པར་ཡོད་དགོས་པ་དང་། ༤ གྲྭ་བཙུན་ཞིག་ཡིན་ན་གོང་གསལ་གསུམ་གང་རུང་གི་ཁོངས་སུ་གནས་དགོས་ཤིང་། གལ་ཏེ་དེ་གསུམ་གང་རུང་གི་ཁོངས་སུ་མ་གཏོགས་པའི་གྲྭ་བཙུན་སུ་ཞིག་ཡིན་ཡང་ཟླ་གཅིག་རིང་མཚམས་ལ་བསྡད་དགོས་པ། ༥ གྲྭ་བཙུན་གྱིས་སྤྱི་ཚོགས་ནང་ཟིངས་ཆ་སློང་མི་ཆོག་པ། ༦ གྲྭ་བཙུན་གྱིས་ཚོགས་ནང་ཤ་མི་ཟ་རྒྱུ། ༧ གཟན་ཤམ་གྱོན་མཁན་ཞིག་ཡིན་ན་མ་མཐར་དགེ་བསྙེན་གྱི་སྡོམ་པ་ཡོད་དགོས་པ། ༨ གྲྭ་བཙུན་གྱིས་དབྱར་རྩ་རྒུན་འབུ་སོགས་རྐོ་མི་ཆོག་པ་བཅས་རེད། གཉིས་པ་ནི། ༡ མི་མི་གསོད་པ། ༢ མཚོན་ཆ་མི་འདོགས་པ། ༣ སྡེ་བ་ཕན་ཚུན་བར་དམག་མི་རྒྱག་པ། ༤ སྒོ་ཕྱུགས་བཤའ་བཙོང་མི་ཆོག་པ། ༥ སྒོ་ཕྱུགས་བསད་ནས་ཟ་མི་ཆོག་པ། ༦ རྔོན་མི་རྒྱག་པ། ༧ རྐུ་མི་བྱེད་པ། ༨ བཙུན་མའི་སྡོམ་པ་བཙན་འཕྲོགས་མི་ཆོག་པ། ༩ དུ་ཆང་མི་སྤྱོད་པ། ༡༠ ཤོ་རྒྱན་མི་འཇོག་རྒྱུ་བཅས། གསུམ་པ་ནི། ༡ མང་ཚོགས་ཀྱི་ཡིག་རྨོངས་སེལ་ཐབས་དང་། བུ་ཕྲུག་སློབ་གྲྭར་འགྲོ་རྒྱུར་ཀུན་གྱིས་རྒྱབ་སྐྱོར་དགོས་པ་བཅས་རེད། དེ་ཡང་ཕྱུགས་ཟོག་བཤའ་བཙོང་མི་ཆོག་པ་དང་། སྒོ་ཕྱུགས་བསད་ནས་ཟ་མི་ཆོག་པ་གཉིས་ནི་དགེ་བཅུའི་ཁྲིམས་ཟེར་བའི་ནང་ནས་གཙོ་བོར་བརྩིས་ཏེ། སྲོག་མི་གཅོད་པ་ནི་སངས་རྒྱས་ཀྱི་བསྟན་པའི་རྩ་བ་ཡིན། ཞེས་འབྲོག་ཕྱོགས་མང་ཚོགས་ཀྱིས་ནོར་ལུག་བཤའ་མི་ཆོག་པ་དང་། རང་ཉིད་ཀྱི་རྟ་ནོར་ལུག་གསུམ་རང་གིས་གཞན་ལ་བཙོང་མི་ཆོག་པའི་ཁྲིམས་དམ་པོ་བཞག་འདུག ཁྲིམས་འཇོག་སྐབས་ཚུལ་བློས་ཐོག་མར་ས་གནས་ཀྱི་སྡེ་དཔོན་རྣམས་དང་མཉམ་འབྲེལ་གྱིས་འབྲོག་སྡེ་ཚོའི་ནང་ཁྲིམས་བཞག་པ་དང་། འབྲོག་པ་སྒོ་ཕྱུགས་བཤའ་ཚོང་བྱེད་མཁན་བྱུང་སྟེ། ཁྲིམས་དང་འགལ་བར་བརྟེན། ཉེས་ཆད་གཅོད་ས་གང་མང་བྱུང་འདུག དཔེར་ན་གསེར་རྟ་སྙི་སྟོད་ཀྱི་ཁེས་སྐོར་ཡུལ་ཚོའི་ཁོངས་གཏོགས་ཀྱི་ཚེ་ཤུལ་ཚོ་བས་ཕྱི་ལོ་༢༠༠༥ལོར་ཚུལ་ཁྲིམས་བློ་གྲོས་གདན་ཞུས་ཀྱིས་དགེ་བཅུའི་ཁྲིམས་ཟེར་བ་བཞག་རྗེས། ཚེ་ཤུལ་གྱི་བང་རྡོར་ཚང་ཟེར་བའི་བུ་ཨར་ཡ་ཟེར་བ་གཞི་སར་ཞིག་ཡིན་པ་དེས་རང་ཉིད་ཀྱི་སྒོ་ཕྱུགས་གཡག་གཅིག་ལྐོག་བཤའ་བྱས་པ་ཚེ་ཤུལ་སྡེ་དཔོན་གྱིས་ཤེས་རྟོགས་བྱུང་སྟེ། ཚུལ་བློའི་དགེ་བཅུའི་ཁྲིམས་ཟེར་བ་དེ་དང་འགལ་ཡོད་པར་བརྟེན། ཀྲུང་སྒོར་༥༠༠༠་ཉེས་ཆད་བཅད་པར་ཨར་ཡ་ལ་སྒོར་མོ་མེད་པར་བརྟེན། མགོ་ལ་ཕུབ་པའི་སྦྲ་དང་། ཁྱིམ་གྱི་ཉལ་ཆས་སོགས་སྒོར་མོར་རྩིས་འདེབས་ཀྱིས་སྤྲད་དགོས་བྱུང་བ་དང་། དེང་སྐབས་ཚེ་ཤུལ་སྡེ་བས་སྤྱི་སྲུང་ཞབས་བརྟན་སོགས་འཚོགས་སྐབས་ཨར་ཡའི་སྦྲ་ནག་དེ་ཇ་ཁང་ལ་བེད་སྤྱོད་བྱེད་བཞིན་ཡོད་པ་རེད།སླར་ཡང་འདི་ལོར་དགེ་བཅུའི་ཁྲིམས་ཟེར་བ་ཇེ་དམ་བཏང་སྐོར། སླར་ཡང་སྤྱི་ལོ་༢༠༡༠ལོ་འདིར་ཚུལ་ཁྲིམས་བློ་གྲོས་ཀྱིས་དགེ་བཅུའི་ཁྲིམས་ཟེར་བ་དེ་ད་དུང་ཇེ་དམ་དུ་གཏང་དགོས་ཡོད། ཅེས་བཀའ་ནན་གནང་བ་ལྟར་མགོ་ལོག་གསེར་རྟ་ས་ཁུལ་གྱི་དགོན་ཁག་ཡོད་ཚད་ཀྱི་དགོན་བདག་བླ་སྤྲུལ་གཙོས་ཁྱོན་བླ་སྤྲུལ་༣༠༠མ་ཟིན་ཙམ་སྤྱི་ལོ་༢༠༡༠ལོའི་སྤྱི་ཟླ་༧པའི་ཚེས་༦ནས་༨བར་ཉིན་གསུམ་རིང་ཚོགས་ཆེན་བསྡུ་བསྐོངས་བྱས་ཏེ། ད་ནས་གསེར་རྟའི་ས་ཁུལ་གྱི་དགོན་པ་སོ་སོས་རང་གི་ཁྱབ་ཁོངས་ལྷ་སྡེ་ཚོའི་ནང་སྒོ་ཕྱུག་བཤའ་བཙོང་བྱེད་མཁན་སུ་ཞིག་བྱུང་ཡང་དེ་ཉིད་དམ་ཉམས་སུ་བརྩིས་ཏེ། ཆོས་དམ་ཚིག་གི་འབྲེལ་ལམ་གཅད་རྒྱུ་དང་། དེ་བཞིན་སྒོ་ཕྱུགས་བཤའ་བཙོང་བྱེད་མཁན་དེར་སྐྱིད་སྡུག་གང་ཞིག་བྱུང་ཡང་རང་གི་སྡེ་བས་ཀྱང་སྐྱིད་སྡུག་མཉམ་མྱོང་མི་བྱེད་པར་ཕྱིར་འབུད་དགོས་པའི་ཁྲིམས་དམ་པོ་ཞིག་བཞག་འདུག དེ་རྗེས་ཉིན་ཤས་རྗེས་སུ་སྲི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གྱི་བྲག་མགོ་རྫོང་ཁོངས་ཀྱི་དགོན་ཁག་ཡོངས་ཀྱི་བླ་སྤྲུལ་ཚོགས་འདུ་བསྐོངས་པ་དང་། དེ་རྗེས་དཀར་མཛེས་རྫོང་ཁོངས་ཀྱི་དགོན་ཁག་ཡོངས་ལའང་ཚོགས་འདུ་བསྐོངས་ཏེ། དགོན་ཁག་རང་རང་གི་ཁྱབ་ཁོངས་སུ་སྒོ་ཕྱུགས་བཤའ་བཙོང་བྱེད་མཁན་བྱུང་རིགས་དམ་ཉམས་སུ་བརྩིས་ཏེ། ཆོས་དམ་ཚིག་གི་འབྲེལ་ལམ་གཅད་རྒྱུ་དང་། དེ་བཞིན་རང་གི་སྡེ་བས་ཀྱང་སྐྱིད་སྡུག་མཉམ་མྱོང་མི་བྱེད་པར་ཕྱིར་འབུད་དགོས་ཞེས་མགོ་ལོག་གསེར་རྟ་དང་གཅིག་མཚུངས་ཁྲིམས་དམ་པོ་བཞག་འདུགདྲ་གྲོགས་དཔྱོད་ལྡན་ལྷན་རྒྱས་ལགས། ཁྲིམས་དམ་པོ་འདི་འདྲ་ཞིག་འཇོག་མཁན་དེ་སུ་རེད་དམ?????????ཆུང་ངུ་ནས་མི་ཚེ་གང་ལ་འགྲོ་རྟ་ཐོག་དང་། འདུག་སྟན་ཐོག་སྐྱིད་ཉལ་གྱིས། དད་ལྡན་མང་ཚོགས་ཀྱི་འབུལ་བ་བཞེས་མཁན་གྱི་བླ་སྤྲུལ། སྤྱི་ཚོགས་ནང་གི་མི་ཚང་སྐྱོ་བོའི་རིགས་ཀྱི་འཚོ་བའི་དཀའ་ངལ་གང་ཡིན་ངོ་མི་ཤེས་པའི་བླ་སྤྲུལ་འདི་རིགས་ཀྱིས་མཁན་པོ་ཚུལ་བློའི་སློབ་སྟོན་ལྟར་ཁྲིམས་དམ་པོ་འདི་འདྲ་ཞིག་བཞག་ན་ཧ་ཅང་ཡག་པོ་འདུག ཅེས་ལག་འགྱོག་རྒྱུ་སྔོན་སུས་ཆོད་ཀྱིས་ལག་པ་བསྐྱངས་ཏེ། ཁྲིམས་འདི་འདྲ་ཞིག་བཞག་པ་རེད།གསེར་རྟའི་ཤེས་ལྡན་མི་སྣ་གང་མང་གི་སྣང་བར་མི་འགྲོ་བའི་ཚོགས་ཐོག་གི་གནད་དོན་གཉིས།༡ སྤྱི་ལོ་༢༠༡༠ལོའི་སྤྱི་ཟླ་༧ཚེས་༦ནས་༨བར་ཉིན་གསུམ་ལ་མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟ་རུ་འཚོགས་པའི་བླ་སྤྲུལ་གྱི་ཚོགས་ཆེན་དེའི་ཐོག་༼༼ཁམས་གསེར་རྟའི་ནང་བསྟན་རིག་གནས་དར་སྤེལ་ཚོགས་འདུ་ཐེངས་དང་པོ།༽༽ ཟེར་བའི་འཕྲེད་དར་ཞིག་ཕྱར་ཡོད་འདུག་པ་དེ་གཅིག་རེད། ཤེས་ལྡན་མི་སྣས་དེང་སྐབས་ང་ཚོ་དཀར་མཛེས་ཁུལ་གྱི་ངོར་ཡོད་ཀྱང་། རྩ་བའི་སྔོན་གྱི་ལོ་རྒྱུས་གཞིར་བཞག་ན་ང་ཚོ་མདོ་སྨད་ཨ་མདོ་ཡིན་པར་བརྟེན། ང་ཚོའི་ལོ་རྒྱུས་རྫུན་བཟོ་བྱས་ན་དེས་གསེར་རྟ་ཙམ་མ་ཟད། བོད་སྤྱི་ལ་ཡག་པོ་མི་འདུག ཁམས་གསེར་རྟ་ཞེས་འཕྲེད་དར་ཕྱར་བ་ལོ་རྒྱུས་ཐོག་ནས་ད་རེས་ཐེངས་དང་པོ་རེད། མི་རེ་ཟུང་གིས་འདི་ལྟར་ལས་ཀ་འདྲ་མིན་བྱེད་བཞིན་པ་རེད། འོན་ཀྱང་བླ་སྤྲུལ་འདི་ཚོས་མཐོང་བཞིན་ཏུ་ཞལ་བཙུམ་འདུག་རྒྱུ་ལས། ལོ་རྒྱུས་ཀྱང་ཤེས་ཀྱི་མི་འདུག་ཅེས་ཤོད་ཀྱིན་འདུག ༢ ཡང་ཚོགས་ཐོག་དེར་༼༼དགེ་འདུན་མཐུན་ཚོགས་༽༽ཞེས་པའི་ཚོགས་པ་གསར་བ་ཞིག་བཙུགས་ཡོད་འདུག་ཅིང་། ཚོགས་པ་དེའི་ལས་དོན་ནི་དགེ་བཅུའི་ཁྲིམས་ཟེར་བ་ལག་བསྟར་ཐེབས་པར་དོ་དམ་བྱེད་རྒྱུ་དང་། ས་གནས་ཀྱི་དགོན་རུ་སྡེའི་ནང་གི་རྩོད་གླེང་རིགས་འགྲིག་ཐབས་བྱེད་རྒྱུ་སོགས་རེད་ཟེར། འོན་ཀྱང་གྱོད་བཤད་ཚོགས་པ་དེ་བཙུག་མ་ཐག་གསེར་རྟའི་རཀྲཾ་ཡུལ་ཚོའི་ཁོངས་ཀྱི་གེ་འཕེན་བླ་རྒྱ་ཟེར་བའི་ཚོ་སྡེ་དེའི་ནང་ཁུལ་རྩོད་གླེང་འབྱུང་བཞིན་པ་དེའི་གྱོད་བཤད་ཕྱིར། གྱོད་བཤད་རུ་ཁག་དེ་ས་གནས་ལ་ཕྱིན་པར། ཚོ་སྡེ་དེའི་མི་སྐྱ་རྣམས་ཀྱིས་ངོས་ལེན་མ་བྱས་པར་མ་ཟད། ཁྱེད་ཚོ་བླ་རྒན་རྣམས་རྒད་པོས་གཡག་བཤའ་སར་དང་། རྒན་མོའི་འབྲུ་བཞོ་སར་གང་ཞིག་གི་ཆེད་དུ་ཡོང་བ་རེད། སོ་སོ་འདུག་སར་བསྡད་ཐུབ་ན་བཟང་། ཁྱེད་ཚོས་ཅུས་གཏོགས་མི་དགོས། ཞེས་བཤད་པར་བརྟེན་གྱོད་བཤད་ཚོགས་པ་སྤྲོ་ལང་སྟེ། ང་ཚོ་ཕྱིར་འགྲོ་རྒྱུ་དེ་ལས་སླ་བོ་ཡིན། འོན་ཀྱང་ང་ཚོ་རང་གནས་སུ་ཕྱིན་ཀྱང་། ཁྱེད་ཚོ་ཕར་ཚུར་ཅི་ཡང་བྱེད་ཐུབ་མཁན་རེ་མིན་པ་ང་ཚོས་མ་ཤེས་པ་མེད་རབས་སོགས་ངར་ཤུགས་ཆེན་པོས་བཤད་དེ། མི་སྐྱ་ཚོར་ཞེ་རུ་ཤུགས་ཆེན་བསླངས་པར་བརྟེན། གྱོད་བཤད་ཚོགས་པ་ཕྱིར་ལོགས་ནས་ཉིན་གཉིས་ལས་མ་འགོར་བར། ཕར་ཚུར་འཛིང་རེས་ཤོར་ནས་མི་གཅིག་ལ་མེ་མདས་དྲུག་བརྒྱབ་སྟེ། བསད་ཡོད་པར་མ་ཟད། ད་ལྟའང་ད་དུང་འཛིང་རེས་བྱེད་དགོས་ཞེས་ཕྱོགས་གཉིས་ངར་བཞིན་པའི་སྒང་རེད། དེར་བརྟེན་གྱོད་བཤད་ཚོགས་པ་དེས་ཞེ་རུ་བསླངས་པར་བརྟེན་མི་གསོད་ཀྱི་དོན་རྐྱེན་ཚབས་ཆེན་བྱུང་སོང་། དེ་མིན་ན་དེ་འདྲ་རང་འབྱུང་མི་སྲིད། ཅེས་གྱོད་བཤད་ཚོགས་པ་དེར་ཤེས་ལྡན་མི་སྣ་ཚོས་སྐྱོན་བརྗོད་བྱེད་བཞིན་འདུག ཁྲིམས་མང་ཚོགས་ནང་ཁྱབ་བསྒྲགས་སྐབས་ཀྱི་བརྗོད་ཚིག ཚུལ་བློས་གཙོས་བླ་སྤྲུལ་རྣམས་ཀྱིས་སྤྱི་ཚོགས་ནང་ཁྲིམས་དེ་ཁྱབ་བསྒྲགས་བྱེད་སྐབས་ཁྲིམས་འདི་ནི་འཕགས་མཆོག་ཕྱག་ན་པདྨོ་ཐུགས་དགྱེས་པའི་མཆོད་སྤྲིན་ཡིན་རབས་དང་། དུས་ངན་ཚེ་ལོ་བཅུ་བ་ཟློག་ཐབས་སོགས་ཡིན་སྐོར་ཁྱབ་བསྒྲགས་བྱེད་བཞིན་ཡོད་པ་རེད། ཁྲིམས་དེར་མང་ཚོགས་ཀྱི་སེམས་གཏིང་གི་ལྟ་ཚུལ།ཁྲིམས་དེར་མང་ཚོགས་ནང་ལྟ་ཚུལ་ཁག་གཉིས་དེ། དད་ལྡན་མང་ཚོགས་ཀྱི་ལྟ་ཚུལ་ཞིག་དང་། ཤེས་ལྡན་མི་སྣ་དང་དེའི་རིགས་ཀྱི་ལྟ་ཚུལ་བཅས་གཉིས་ཡོད། ༡ མགོ་ལོག་གསེར་རྟའི་རྨོངས་དད་ཅན་གྱི་མང་ཚོགས་མང་ཆེ་བ་ཞིག་གིས་བླ་སྤྲུལ་རིགས་ལ་དད་པ་ཡིད་ཆེས་ཁོ་ནས་དེ་ཚོའི་ཇི་གསུང་བཀའ་བསྒྲུབ་ཀྱིས་སྒོ་ཕྱུག་བཤའ་བཙོང་རིགས་མི་ཆོག་པའི་ཁྲིམས་འདི་ནི་སྤྱི་ཚོགས་ཡར་རྒྱས་ཀྱི་གཞི་རྩ་ཞིག་ཡིན་ཤག་དང་། དུས་ངན་ཚེ་ལོ་བཅུ་བ་ཟེར་བ་ཟློག་ཐབས་སོགས་ཡིན་ཤག་བྱེད་བཞིན་འདུག དེ་འདྲའི་མི་ཚང་ཁག་གཅིག་གི་ཁྱིམ་ལ་ང་ཚོ་དངོས་སུ་བཅར་ནས་འབྲོག་ཕྱོགས་ཀྱི་སྒོ་ཕྱུགས་བཤའ་བཙོང་མི་ཆོག་པའི་ཁྲིམས་འདི་རིགས་ལ་ཁྱེད་ཚོར་དཀའ་ངལ་བྱུང་མིན་དྲིས་སྐབས། ཁོང་ཚོས་སྒོ་ཕྱུགས་བེད་སྤྱོད་མི་ཆོག་པར་བརྟེན། གནས་སྐབས་རིང་དཀའ་ངལ་འདུག་ཀྱང་ཁྲིམས་འདི་རིགས་ནི་མཁས་པ་ཚོ་དང་། མགོ་ལ་བཞུགས་པའི་བླ་སྤྲུལ་རྣམས་ཀྱིས་བཟོས་པར་བརྟེན་མ་འོངས་པར་ཕུགས་རྒྱང་རིང་པོ་ཞིག་ལ་ཡག་པོ་ཡོད་ཤག་བྱེད་བཞིན་ཡོད་རབས་ཟེར། ༢ ཤེས་ལྡན་མི་སྣ་དང་། དེའི་རིགས་ཀྱིས་དགེ་བཅུའི་ཁྲིམས་ཟེར་བ་འདི་ནི་མིང་ཙམ་ལས། དོན་ལ་སྔ་སྲོལ་བོད་ཀྱི་ལྷ་ཆོས་དགེ་བཅུ་མིན་པ་དང་། ལྷག་པར་འབྲོག་ཕྱོགས་ལ་རྟ་ནོར་ལུག་གསུམ་ཚོང་བསྒྱུར་དང་། བེད་སྤྱོད་བྱེད་དབང་མེད་པ་དེས་ཕྱུགས་ཟོག་ལ་བརྟེན་པའི་འབྲོག་པའི་དཔལ་འབྱོར་ལ་གནོད་སྐྱོན་ཆེན་པོ་ཐེབས་པ་དང་། འབྲོག་ཕྱོགས་ལ་སྒོ་ཕྱུགས་བེད་སྤྱོད་བྱེད་མ་བཅུག་པར་བརྟེན། སྒོ་ཕྱུགས་བེད་མེད་ཆགས་པས། སྒོ་ཕྱུགས་འཚོ་སྐྱོང་བྱེད་པ་ནི་དོན་མེད་དུ་དུད་འགྲོར་གཡོག་བྱས་པ་ཞིག་རེད། ཅེས་འབྲོག་ཁྱིམ་གང་མང་གིས་སྒོ་ཕྱུགས་འཚོ་སྐྱོང་མི་བྱེད་པར་རྒྱ་གྲོང་གི་མཐར་འབབ་བཞིན་པ་འདི་ནི་བོད་མི་རིགས་ལ་བསབ་ཐབས་བྲལ་བའི་གྱོང་གུད་ཚབས་ཆེ་ཤོས་ཤིག་ཡིན། ད་དུང་དགེ་བཅུའི་ཁྲིམས་ཟེར་བར་ཁ་གཡར་བའི་དབང་ཐང་རྒྱ་སྐྱེད་རིང་ལུགས་འདི་རིགས་བོད་ཀྱི་ས་ཁུལ་གཞན་དང་གཞན་དུ་དར་ཁྱབ་ཕྱིན་ཚེ་སྤངས་ལྗོངས་འབྲོག་ཐང་དུ་རང་གིས་རང་སྐྱོང་གི་འཚོ་བར་རོལ་བཞིན་པའི་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ཡོད་པའི་འབྲོག་སྦྲ་ནག་ཅན་གྱི་སྤྱི་ཚོགས་འདི་རྩ་མེད་འགྲོ་རྒྱུའི་སྐེ་མཚམས་སུ་སླེབས་སོང་། ཞེས་དང་། བཙན་དབང་གི་སྒྲིག་གཞི་འདིའི་རིགས་ནི་བླ་སྤྲུལ་ཚོས་སྤྱི་ཚོགས་ནང་སོ་སོའི་དབང་ཐང་རྒྱ་སྐྱེད་དང་། དགོན་ཁག་སོ་སོའི་བླ་སྤྲུལ་ཁ་མཐུན་བྱེད་བཞིན་པ་འདི་རིགས་ནི་ཕར་ཚུར་ནས་རྒྱབ་སྐྱོར་ལེན་རེས་དང་། བླ་སྤྲུལ་རེ་ཟུང་གིས་རང་ཉིད་ཀྱི་མཚན་སྙན་དང་། དབང་ཐང་རྒྱ་སྐྱེད་དང་། དབང་ཚད་སྲ་བརྟན་ཡོང་ཆེད་ཙམ་ལས་སྤྱི་དོན་ལ་བསམ་པ་ཞིག་མ་རེད། ཞེས་སྡུག་སྐད་རྒྱག་བཞིན་འདུག ཤེས་ལྡན་མི་སྣ་དེའི་རིགས་ལ་མང་ཚོགས་ཀྱི་ལྟ་ཚུལ། གོང་གསལ་ཤེས་ཡོན་ཅན་གྱི་སྡེ་ཁག་ལ་མང་ཚོགས་ནང་ལྟ་ཚུལ་ངན་པ་ཞིག་འབྱུང་བཞིན་ཡོད་པ་ནི། གསེར་རྟའི་སྤྲུལ་སྐུ་བསྟན་འཛིན་དར་རྒྱས་ཟེར་བ་དེས་དགེ་བཅུའི་ཁྲིམས་མི་རྩི་མཁན་དེ་ཚོ་བདུད་རེད། ཆོས་ཁས་མི་ལེན་པའི་ཕྱི་རོལ་མུ་སྟེགས་པ་ཟེར་བ་དེ་རེད། འདི་རིགས་ནི་དཀོན་མཆོག་རྒྱབ་འགལ་ཚོགས་པ་ཟེར་བ་དེ་རེད། དེ་ཚོ་དམ་ཉམས་རེད། ཅེས་དང་། དེའི་རིགས་ནི་བསམ་བློ་གསར་བ་ཟེར་བའི་ཕྱོགས་ཁག་རེད། དེ་ཚོ་ནི་ཞོགས་དུང་གི་རྗེས་འབྲང་རེད། ཟེར་བ་སོགས་མང་ཚོགས་ནས་གནོན་ཤུགས་སླེབས་ཐབས་དང་། ཡང་བསམ་བློ་གསར་བའི་ཕྱོགས་ཁག་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཟེར་བའི་སྲིད་ཀྱི་ཤུགས་ཐེབས་ཡོད་སྐོར་སོགས་ཁྱབ་བསྒྲགས་ཀྱིས་གོང་རིམ་ནས་གནོན་ཤུགས་འབྱུང་ཐབས་བྱེད་བཞིན་པར་མ་ཟད། མང་ཚོགས་ཀྱིས་ཀྱང་དངོས་གནས་ཁོང་ཚོས་ཆོས་ཁས་མི་ལེན་པར་ངེས། ཞེས་ཁོང་ཚོར་སྤྱི་ཚོགས་ནང་བརྩི་མཐོང་མེད་པ་བཟོས་འདུག༢ ཡང་མང་ཚོགས་ནང་གི་མི་ཉུང་ཤས་ཀྱིས་ཤེས་ལྡན་མི་སྣ་དེ་དག་ལ་རྒྱུ་མཚན་ཡོད་པར་ངོས་ཟིན་བཞིན་ཡོད..
ཁག་གཉིས་པ།
མགོ་ལོག་གསེར་རྟ་སྙི་སྟོད་ཡུལ་ཚོའི་ཁེས་སྐོར་སྡེ་བའི་བླ་དཔོན་བཙན་པོ་རྣམས་ཀྱི་ཁྲིམས་ཡིག ཉེ་སྔོན་ཡང་མགོ་ལོག་གསེར་རྟ་སྙི་སྟོད་ཡུལ་ཚོའི་ཁོངས་ཀྱི་ཁེས་སྐོར་འབྲོག་སྡེའི་འབྲོག་ཁྱིམ་སྐྱོ་སེ་ཁག་གཅིག་གིས་སྒོ་ཕྱུགས་ལྐོག་བཤའ་བྱས་པར་བརྟེན་ཁྱིམ་ཚང་དེ་དག་མཁན་པོ་ཚུལ་བློའི་དགེ་བཅུའི་ཁྲིམས་གསར་བ་དེ་ལ་འགལ་བར་བརྟེན། ཁེས་སྐོར་འབྲོག་སྡེའི་བླ་དཔོན་རྣམས་ཀྱིས་འབྲོག་ཁྲིམས་དེ་དག་ལ་ཆོས་དམ་ཚིག་གི་འབྲེལ་ལམ་གཙང་བཅད་བྱེད་ངེས་ཡིན་ཟེར་བའི་ཡིག་ཆ་ཞིག་གསེར་རྟས་ས་ཆས་གཙོས་མགོ་ལོག་ས་ཁུལ་གང་མང་ལ་འཀྲམ་འདུག་པ་འོག་གི་ཡིག་ཆ་འདི་རང་ཡིན། ༄༅། །བོད་རབ་བྱུང་བཅུ་བདུན་པའི་བསྐལ་བ་ལྕགས་ཡོས་ལོ་ཁེས་སྐོར་ཚོ་བས་བཤས་ཁྲིམས་དང་འགལ་ནས་སེར་སྒོ་བསྒྲོག་ས་ནི། ཚེ་རིང་། མགོན་པོ། ཐང་ནག་ སྟོབས་ལྡན། ལྷུ་མགོན། གནས་བརྟེན། ཚིལ་ཁྲིམས། འགུར་གྲེས། འཇིགས་པོ། སྐོ་ནེ། ཚིལ་པོ། ཆོས་པ། བསོ་ཚེ། རྣམས་ལ་བསྐལ་བ་ཆུ་མོ་སྤྲུལ་གྱི་ལོ་མ་ཚེས་ཀྱི་བར་དུ་ལོ་གཉིས་ལ་སེར་སྒོ་ཡིན། རྣམ་འགྱུར་ལགས་པོ་དང་མ་ཟད་དགེ་བཅུའི་ཁྲིམས་དང་མ་འགལ་ནས། གློ་བུར་དུ་ཤི་ཆད་བྱུང་ཚེ་གལ་སྲིད་སེར་སྒོ་ཕྱེ་དགོས་ན་ཉིན་བདུན་ལ་ལྷ་ཕྱག་ཆ་ལྔ་དང་། ཕྱིན་ཆད་མི་འགལ་བའི་མཚམས་ནས་འགན་ཁུར་གྱི་མི་སོགས་བཤགས་པ་ཚུལ་བཞིན་བྱེད་ན་སེར་སྒོ་ཕྱེ་བ་ཡིན། དེའི་བར་དུ་ཁྱེད་ཕྱོགས་བཅུའི་དགེ་འདུན་པ་རྣམས་ཀྱིས་གསོན་པོ་ལ་སྐྱབས་འཇུག་དང་། གཤིན་པོ་ལ་ལམ་འདྲེན་མི་བྱེད་པར་ཞུ། བཅའ་ཁྲིམས་འདི་ལ་དགོན་པ་སོགས་སུས་འགལ་བ་བྱེད་ན་ཚོ་བ་གཅིག་གི་དགེ་བཅུའི་ཁྲིམས་དེའི་སྟེང་ནས་འཇོག་པ་ཡིན་པས་ཐུགས་ལ་འཇགས་པར་ཞུ། ༢༠༡༡ལོའི་ཟླ་༧ཚེས་༣༠ ཁེས་སྐོར་བླ་དཔོན་སོགས་དགེ་བཅུ་དོ་དམ་ཚོགས་པ་ནས། ཞེས་འཁོད་འདུག གོང་གསལ་བསྒྲགས་ཡིག་ནང་གི་ལྷ་ཕྱག་ཆ་ལྔ་ནི། ཕྱག་བརྒྱ། མཆོད་མེ་བརྒྱ། སྤོས་ཉིན་ཐུབ། མང་ཇ། སྒོ་ཕྱུགས་ཚེ་ཐར་བཅས་རེད་ཟེར། སེར་སྒོ་བསྒྲོག་ཅེས་པ་ནི་སེར་མོ་བས་ཤི་གསོན་སུ་ལ་སྐྱབས་མཇུག་བསྔོ་སྨོན་མི་བྱེད་པའི་དོན་ཡིན་འདུག དེ་ཚར་ནས་གཡག་རེ་བཤས་པར་ཉེས་ཆད་ལ་སྒོར་༢༥༠༠་རེད་ཟེར། ཡིག་ཆ་དེའི་ནང་ཡིག་སྐྱོན་མང་པོ་ཡོད་པ་རང་སོར་བཀོད་ཡོད། ལྷག་པར་བསྐལ་བ་ཆུ་མོ་སྤྲུལ་གྱི་ལོ་ཞེས་བྲིས་འདུག ཆུ་སྤྲུལ་ཟེར་བ་ཞིག་ཡོད་དམ། འོན་ཀྱང་བླ་དཔོན་དབང་ཆེན་ཚོས་བྲིས་པར་བརྟེན། རང་སོར་ལོས་འཇོག གོང་གསལ་ཁྱབ་བསྒྲགས་ཡིག་ཆ་དེའི་ནང་>ཞེས་གསེར་རྟའི་ཁེས་སྐོར་བླ་དཔོན་རྣམས་ཀྱི་བསྒྲགས་ཡིག་འདི་མཐོང་ཚེ། བསྒྲགས་ཡིག་འདི་ནི་ཐག་ཆེན་གྱི་ཆོས་དང་འགལ་འདུག་སྟེ། དེ་ལྟར་ཡིན་ན། ང་ཚོས་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག ཅེས་ཞལ་འདོན་གསུང་སྐབས་བསམ་བློ་ཇི་ལྟར་གཏང་དགོས་པ་རེད་དམ། སེམས་ཅན་ཐམས་ཅད་ཅེས་པའི་ནང་ལ་གསེར་རྟའི་ཁེས་སྐོར་སྡེ་བའི་ཚེ་རིང་། མགོན་པོ། ཐང་ནག་ སྟོབས་ལྡན། ལྷུ་མགོན། གནས་བརྟེན། ཚིལ་ཁྲིམས། འགུར་གྲེས། འཇིགས་པོ། སྐོ་ནེ། ཚིལ་པོ། ཆོས་པ། བསོ་ཚེ། རྣམས་མ་ཚུད་པ་ཡིན་ནམ། ཡང་ན་ཚུད་མི་ཉན་ཟེར་བ་ཡིན་ནམ། བླ་དཔོན་འདི་ཚོར་ཐག་ཆེན་སེམས་བསྐྱེད་ཀྱི་དམིགས་ཡུལ་ལ་འགྱུར་བ་གཏང་རྒྱུའི་དབང་ཚད་སུས་སྤྲད་པ་ཡིན་ནམ། རྣམ་དཔྱོད་ཅན་ཚོས་བསམ་བློ་ཐོངས་དང་བླ་དཔོན་ཟེར་བའི་ངེད་བོད་པ་ཚང་གི་མིང་ཆེན་ཚོས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་འགལ་བའི་བླུན་རྟགས་འདི་ལས་ལྷག་སྟོན་དགོས་དོན་འདུག་གམ།ད་ནི་འབྲོག་ཕྱོགས་མང་ཚོགས་ལ་རང་ཉིད་ཀྱི་དཔལ་འབྱོར་སྤྱོད་དབང་མེད་པ་རེད། ཅེས་འཇམ་དབྱངས་བསོད་ནམས་ཀྱིས། ། འདི་རུ་ཡིག་ནོར་དང་དོན་ནོར་འགལ་འཁྲུལ་ཅི་མཆིས་རང་སོར་བཞག་པའོ། ངས་ནི་འདི་ལྟའི་ཞབས་མཆན་འགོད་མཁན་དག་ལ་ཁ་གསལ་མེད་པ་དང་དོན་དངོས་ཡིན་མིན་མི་གསལ་བའི་གཏམ་འཆད་པར་ཀློག་པ་པོ་དག་གིས་ཚ་འདྲི་བྱེད་པར་སྐུལ་བ་ ཡིན།
ཀློག་གྲངས། ( 2545 ) | དཔྱད་བརྗོད། ( 146 ) ལེགས་འདེམ། ( 3 )
|ད་དུང་མང་།
རྩོམ་གོང་མ། ཉན་ན་ཤ་འདར་རྒྱག་པའི་བུ་མོ་ཆུང་ཆུང་ཞིག་གི་སྐད་སྒྲ།
རྩོམ་ཞོལ་མ། ཡང་འོ་མ་རྫུན་མར་སེམས་ཆུང་བྱོས།
མཁས་དབང་དགེ་ཆོས་ཀྱིས།
མཐོང་ན་འཇིགས་པའི་བདེན་པ་གཅིག་བུ་ལ།།
རང་མགོ་བསྐོར་བའི་གོས་ཀྱིས་མི་གཡོགས་པ།།
འདི་ནི་མཁས་པའི་དམ་ཚིག་དང་པོ་སྟེ།།
སྲོག་ལ་བབས་ཀྱང་འབད་པས་བསྲུང་བར་འཚལ།།
གངས་སེང་ལགས། ངས་བན་དེས་ཚབ་ག་ནས་བྱེད་ཐུབ་སྟེ་མི་ཐུབ་བོ།།
མེ་དཀར་ལགས་ངས་ཀྱང་བོན་པོའི་ཚབ་གང་ནས་བྱེད་ཐུབ།
དྲི་བ་དེ་ཁྱེད་རང་གིས་དྲིས་འདུག་གཱ།
ད་ཁ་རྩོད་མང་པོ་མི་རྒྱབ། བོན་སྤོང་གི་ལས་ངན་གསོག་པའི་ཉེན་ཁ་འདུག
མེ་ཏོག་དཀར་པོ་ལགས། ཁྱེད་རང་གིས་བན་དེའི་ཚབ་བྱེད་མ་ཐུབ་ན་འགྲིག་གི་རེད་ལོ།
ཁྱེད་ཁག་ཅིག་གིས་རྩོད་འོངས་དུས་ཕལ་ཆེར་ཚབ་མཚོན་འདྲ་མིན་ནམ་དྲན་སོང་། དེས་ན་དྲི་བ་ཞིག་ཕུལ་བ་ཡིན།
གངས་སེང་ལགས། མེ་དཀར་དྲ་འབུ་ཡིན་ཏེ། བོན་པོ་མ་ཡིན་པའི་ཕྱིར་ཞེས་པའི་རྒྱུ་མཚན་མ་ཡིན་པར་ཤོག་ཅེས་ཀྱང་ཞུའོ་ལགས།
གོང་གི་གངས་སེང་ཟེར་བའི་མི་འཁྱམས་འདིས་ཅི་ཟེར། དགེ་བ་བཅུའི་ཁྲིམས་ལ་སྐྱོན་ཡོད་པར་བརྗོད་ལུགས་ལ་ལྟས་ན།
སེ་ར་དགོན་པའི་བླ་རྒན་མཛུབ་མོ་དྲུག་ཅན་གྱི་བླ་སློབས་རྣམས་ཀྱི་འདོད་པ་ལྟར་མི་དགེ་བ་བཅུ་ལ་སློབ་སྦྱོང་བྱོས་ལབ་པ་རེད་དམ།
ད་རྫ་ཕྲུག་འདི་ཡང་དགེ་ལུགས་པ་མ་ཡིན་པར་ཐག་ཆོད་སོང།
གཏམ་དྲིས་ནས་མི་བཤད་སྒུགས་ནས་བཤད་ཅེས་པ་དེ་རེད།
མེ་དཀར་ནི་རྙིང་མ་ཡིན་པར་ངོས་བཟུང།
ངས་ཚོད་དཔག་བྱས་པ་དེ་ཚོ་ནོར་མི་འདུག་གཱ
ལ་སྟོད་པས་ཞིབ་འཇུག་ཅིག་བྱས་གི་ཡོད་བཟོ་འདུག མ་རེད་དམ།
བོན་ཚབ་ཚོ། ཁྱེད་ཚོས་ནང་པར་རྐུ་བཙུགས་ན་འཛམ་གླིང་འདིའི་སྒང་གི་ནང་པ་དུང་ཕྱུར་གསུམ་ལྷག་གི་གོ་རྒྱུ་རིག་རྒྱུ་ཅན་ཞིག་བྱོས་དང་བདེན་རྟགས་ཡིན། ཁྱེད་ཅག་གིས་བོད་ཀྱི་མེས་དབོན་ཚོ་གཅིག་པུ་མ་ཡིན་པར། ཁྱེད་ཚོའི་ཕར་ཕྱིན་ཐེག་པའི་མཚོན་གཞུང་པོ་སྟི་ལྔ་དེ་བན་ངྷེས་མ་རྐུས་སྔོན་གྱི་ལོ་ངོ་ཉིས་བརྒྱའི་སྔོན་ནས་རྒྱ་ནག་གི་ཐང་སིན་ཙང་སོགས་ཀྱིས་རྐུས་སོང་ལོབ། དེ་བའི་ཀྱང་སྔོན་དུ་ན་ལནྜས་ཀླུ་སྒྲུབ་སོགས་ཀྱིས་རྐུས་འདུག དེའི་ཀྱང་སྔོན་དུ་ཁྱོད་ཚོའི་འདུལ་མངོན་གྱི་གཞུང་དག་ནི་ལྷོ་བརྒྱུད་ནང་པའི་རྐུས་ནས་པ་ལེའི་སྐད་ཐོག་ཏུ་དཀྲལ་འདུག དངོས་གནས་འཛམ་གླིང་འདིས་བོན་པོར་རྙས་པ་ཚད་མེད་ཅིག་རེད་ཤག
ཁྱེད་ཚོར་དངོས་གནས་ཐུགས་ཁག་མེད། བོད་ཀྱི་ཕ་མེས་ཀྱི་སངས་རྒྱས་གཤེན་རབ་ཀྱི་ཆོས་དེ་དེ་འདྲ་རྐུས་སོང་། ཨ་མ་མ་སེམས་ཕང་བ་ལ་བན་དེ་དང་བཅས་བོད་མི་ཡོངས་ཀྱིས་གདུངས་སེམས་མཉམ་སྐྱེད་ཡོད།།
མེ་ཏོག་དཀར་པོ་ལགས། ཁྱེད་རང་གིས་དྲ་འབུ་ཞེས་པའི་དོན་གོ་མི་འདུག སེམས་ཁྲལ་གནང་དགོས་མི་འདུག ཁྱེད་རང་གཅིག་པུ་དྲ་འབུ་མ་རེད་ལོ། དྲ་འབུ་ཟེར་བ་དེ་དྲ་རྒྱའི་ནང་ལ་མཆན་འདྲ་མི་འདྲ་བཏགས་མཁན་ཚོ་ལ་ལབ་གི་ཡོད་རེད། དེར་བརྟེན་ང་ཚོ་ཚང་མ་དྲ་འབུ་རེད་ལོ།
དབང་ཆེན་ལགས། འཛམ་གླིང་འདིའི་ནང་དུ་བན་དྷེ་དུང་ཕྱུར་གསུམ་ལྷག་ཡོད་པའི་དབང་དུ་བཏང་ན་བརྒྱ་ཆ་ལྔ་ཙམ་མ་གཏོགས་ཚང་མ་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འབྲེང་དངོས་གནས་པ་རེད། བརྒྱ་ཆ་ལྔ་ཙམ་དེ་བོད་ཀྱི་བན་དྷེ་ཚོ་རེད། དེ་ནི་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འཇུག་དངོས་གནས་པ་མ་རེད། དེ་ལ་བླ་མའི་ཆོས་ཉམས་སུ་ལེན་མཁན་ཟེར་གྱི་ཡོད་རེད། ཧ་གོ་སོང་ངམ།?
རྫ་ཕྲུག་ཁོས་ག་རེ་ལབ་ཀྱིན་འདུག ཁོ་ཡང་དགེ་ལུགས་པ་ལ་དམོད་པ་གཏོང་མཁན་ཞིག་རེད་འདུག ཁོ་རེ! ཁྱེད་རང་གིས་ཚིག་དངོས་རྗེན་པ་དེ་འདྲ་ལབ་རྒྱུ་ཡོད་མ་རེད་དཱ།
ལ་སྟོད་ཀྱི་གཏམ་བཤད་ཚད་ཁ་ནས་བཤད་པ་མ་ཡིན་པར་རྐུབ་ནས་ཤོར་བ་འདྲ་ཞིག་འདུག་ཨ། སེ་ར་དགོན་པ་ལབ་དུས་དགེ་ལུགས་མིན་པ་ཐག་གི་ཆོད་སོང་ཟེར། ཡང་རྙིང་མ་དང་དགེ་ལུགས་ཀྱི་བར་དུ་དཀྲུགས་ཤིང་བྱེད་འདོད་འདུག་ཨ།
ཐག་གིས་ཆོད་མེད་པ་ཐག་གི་ཆོད། སེ་ར་དགོན་པ་རྙིང་མ་རེད་དགེ་ལུགས་མ་རེད་ཨེ་གོ་ཐལ།
བླ་ཆོས་རིང་ལུགས་པའི་དྲྭ་འབུའི་ལས་སྣེ་བ་ཡོངས་ལ་སྤྲིངས་པ།
ཁྱེད་ཅག་གི་ལོ་རྒྱུས་ཀྱི་དེབ་ཐེར་དུ་གྲགས་པ་སོགས་ཀུན་ལས་སྲོང་བཙན་སྐབས་སུ་ཐོན་མིས་ཡི་གེ་དང་སུམ་རྟགས་ཀྱི་གཞུང་བཅས་རྩོམ་རབས་བཤད་པ་དེ་བདེན་ན། ཕྱིས་སུ་རྒྱ་ནག་ཏུ་རྒྱ་བཟའ་སློང་དུ་སོང་བའི་ལམ་བར་དུ་ཐོན་མི་དང་རྒྱ་བཟའ་བཅས་ཀྱིས་བརྐོས་པའི་རྡོའི་རྐོས་ཡིག་དང་ཏུན་ཧོང་ཤོག་དུམ་དང་། སྤྱི་ལོའི་དུས་རབས་དགུ་པའི་ནང་དུ་བཙུགས་པའི་༌ལྷ་སའི་རྡོ་རིང་་་དུས་རབས་བདུན་པའི་དུས་མཇུག་ཏུ་བཙུགས་པའི་་་ཞོལ་རྡོ་རིང་ཕྱི་མ་་་ཡང་དུས་རབས་བརྒྱད་པའི་དུས་མཇུག་ནས་དགུ་པའི་དུས་འགོ་བར་དུ་བརྐོས་པར་གྲགས་པའི་་་ཀོང་པོ་དེ་མོའི་བྲག་བརྐོས་ཡི་གེ་་་དུས་རབས་དགུ་པའི་དུས་འགོར་བཙུགས་པའི་་་་ཞྭ་ལྷ་ཁང་གི་རྡོ་རིང་་་མཚུར་ཕུའི་རྡོ་རིང་་་སོགས་དེ་དག་ཀུན་ལ་ཐོན་མིས་གསར་བཏོད་བྱས་པར་རློམ་པའི་བརྡ་སྤྲོད་ཀྱི་བཀའ་ཁྲིམས་ལྟར་ཁོ་ནར་ཅིས་ཀྱང་གནས་དགོས་པ་ནི་ལྡོག་ཏུ་མེད་པའི་ལོ་རྒྱུས་ཀྱི་རང་འགྲོས་གསོན་གནས་དགོས་ཀྱང་།
དེ་ལྟར་མ་གནས་པ་དེ་ལས་ལོག་པར་སོང་བ་དེའི་ཐོག་ནས་གཞིགས་ན་དེང་གི་ཆར་བཀོལ་བཞིན་པའི་སུམ་རྟགས་ཀྱི་གཞུང་འདི་ཡང་ཐོན་མིས་མཛད་རབས་བཤད་པ་དེ་སྐྱག་རྫུན་ཡིན་པར་གསལ་བཤད་བྱས་པ་ཙམ་མ་ཟད་སྲོང་བཙན་སྔོན་གྱི་གནའ་བོའི་བོད་ཀྱི་ཡི་གེའི་འབྲི་སྲོལ་དེ་ཡང་དེ་ལྟར་ཡིན་པར་གནས་ཚུལ་དངོས་དེས་བདེན་དཔང་བྱས་ཀྱང་།
ཚུལ་དེ་དག་ཀྱང་ཁྱེད་ཚོ་ལ། ཇི་སྐད་དུ། ཉི་མའི་འོད་ཟེར་ཤར་ཡང་མུན་པའི་ཁང་པ་ནག དེ་ལྟའི་སེམས་ཅན་དེ་རིགས་ལ་ངེས་ཚིག་བདེན་པ་བཤད་ཀྱང་མི་ཉན་སྐུར་པ་འདེབས། ཅེས་པའི་ངང་ཚུལ་ལྟར་གནས་པ་མ་ཡིན་ན་གཞན་ཅི།
ད་དུང་ཅིས་ཀྱང་གཟུ་ལུམ་གྱི་ལྟ་ངན་མཁྲེགས་པོའི་མུ་ལ་གནས་ན་མུ་སྟེགས་རྒྱང་འཕེན་པ་ལས་ལྡབ་འགྱུར་གྱིས་དམན་པ་རིགས་པས་དབུལ་བ་ཉིད་དུ་འཁུམ་པས་དེ་རིགས་ལ་སླར་ལུང་རིགས་ཀྱི་སྒོ་ནས་ངོ་སྤྲོད་བགྱིད་པ་ནི་ངལ་བའི་རྒྱུ་རུ་ཟད་དོ། ད་ཕན་ལུང་རིགས་བརྒལ་བརྟག་གི་མཆིད་གཏམ་དབུལ་ནའང་བོན་སྤངས་ལས་ངན་གྱི་ཚིག་མཚོན་འདེབས་པའི་བྱ་བར་མི་གཞོལ་བར་ཅིས་ཀྱང་སྡོད་ཨང་། རང་ལ་རང་གིས་ཀྱང་ངན་སོང་ལ་སོགས་ཀྱི་སྡུག་བསྔལ་མི་སྒྲུབ་པར་མཛོད་ཅིག་ཅིས་ཀྱང་གདམས་པའོ།
༼དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་མཛད་པའི་གྲུབ་མཐའི་རྣམ་བཤད་ལས།
བོན་པོས་བོད་ཀྱི་མི་བྱུང་ཚུལ་སྐོར་བཤད་པ་དེ་ལ་རྒྱུ་མཚན་མང་པོ་ཡོད། དཔེར་ན་དེང་སང་ས་འོག་ནས་དངོས་པོ་མང་པོ་བཏོན་ཡོང་དུས་དངོས་པོ་དེ་ཚོ་དང་མི་ཡི་རུས་པ་དེ་ཚོ་ཀྲུང་ཡོན་ས་ཁུལ་དང་ཆང་རིགས་ཀྱི་མིའི་འཚོ་བ་སྐྱེལ་སྟངས་དང་འདྲ་བོ་འདུག་ཟེར་བ་སོགས་ངེས་པར་ཤར་ཕྱོགས་ལ་ཁ་བལྟས་ནས་དེའི་འབྱུང་ཁུངས་འཚོལ་དགོས་ཀྱི་ཡོད་པ་རེད། དེ་བཞིན་ཕྱི་རྒྱལ་གྱི་མིས་དེའི་འབྱུང་ཁུངས་དེ་ངེས་པར་ནུབ་ངོས་ལ་ཁ་བལྟས་ནས་འཚོལ་གྱི་ཡོད་པ་རེད། འོན་ཀྱང་དེ་དོན་དངོས་ཐོག་དེ་ཤར་ནས་བྱུང་བ་མ་ཡིན་ལ་ནུབ་ནས་བྱུང་བ་ཡང་མ་ཡིན་པར་ས་ཆ་དེ་རང་ལ་སྐྱེས། ཡུལ་དེ་རང་གི་སྟེང་དུ་འཚོ་བ་བསྐྱལ་ནས་འཚར་ལོངས་བྱུང་སྟེ་ཡུལ་འདི་ཉིད་ཀྱི་སྟེང་དུ་དཀའ་བ་སྤྱད་ནས་རང་ཡུལ་འཛུགས་སྐྲུན་བྱས་པ་ཞིག་ལས་གཞན་མིན། སོ་སོ་རང་གི་ཤེས་རྟོགས་དེ་སོ་སོའི་ཡུལ་དུ་འཕེལ་རྒྱས་བཏང་ནས་བྱུང་བ་ཞིག་རེད། དེར་བརྟེན་སངས་རྒྱས་ཆོས་ལུགས་མ་བྱུང་གོང་དུ་བོད་ལ་རིག་གནས་མེད་ཟེར་བའི་ཤོད་སྟངས་དེ་རྩ་བ་ནས་འགྲིག་གི་མེད། དེ་བཞིན་སྔོན་མ་བོན་པོ་ལ་མཐོང་ཆུང་བྱེད་པའི་ཚུལ་དུ་བསྒྱུར་བཅོས་བྱེད་དགོས་པ་ཞིག་ཡིན། བོན་པོའི་ལོ་རྒྱུས་ཀྱི་དཔེ་ཆ་གཅིག་ལས་བལྟ་མྱོང་མེད། དེ་ཡང་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་མཛད་པའི་ལེགས་བཤད་མཛོད་ཟེར་བ་ཞིག་ཡོད་པ་དེ་ཡིན། བོན་པོའི་ཆོས་ལ་ཞིབ་འཇུག་བྱེད་རྒྱུ་དེ་ང་རང་ཚོའི་བོད་ཀྱི་སྔ་རབས་ཀྱི་རིག་གནས་ལ་ཞིབ་འཇུག་བྱེད་པའི་གལ་ཆེ་ཤོས་ཀྱི་གྲས་ཡིན།༽
འདི་ནི་ཁོང་གི་གསུངས་རྩོམས་ནས་ཚིག་ཅི་ལྟ་བ་བཞིན་དུ་བཤུས་ཡོད་པས་དྲ་འབུ་ཚོས་་དགོངས་པ་བཞེས་རོགས། མཁན་པོ་ཚུལ་བློ་དང་དམུ་གེ་བསམ་གཏན་དང་ཚེ་བརྟན་ཞབས་དྲུང་སོགས་ཀྱི་བསམ་བློ་གཏོང་ཕྱོགས་དང་འབད་དེ་ཁ་ཁ་རེད་འདུག
ས་གསུམ་ན་འགྲན་ཟླ་བྲལ་བའི་མཁས་པའི་མཆོག་ཏུ་གྱུར་པ་ལ་སྟོད་བུ་དང་གངས་སེང་རྣམ་གཉིས་ཀྱིས་ཆོས་ལུགས་ཀྱི་རུ་ཏྲའི་གདོན་ཞུགས་པའི་སྡིག་རྒན་དག་གི་ལམ་རྟེན་གནང་བ་ལ་ཡི་རང་ཡོད།
རྫ་ཕྲུག་ཨ་ལེ།
ང་ཡི་རྐུབ་ཀྱིས་བཤད་པའི་གཏམ་དེ་ཡིས་ཁྱོད་ཁ་དྲག་རྒྱུ་མེད་པར་བཟོ་དུས་ང་ཡི་ཁ་ཡིས་གཅིག་བཤད་པ་ཡིན་ན་ཁྱོད་སྙིང་འགས་ཀྱང་མ་གཏོགས་མི་འདུག གོང་དུ་ངས་དྲི་བ་ག་ཚོད་བཏོན་ཀྱང་དྲིས་ལན་གཅིག་ཀྱང་མེད་པ་དེ་ང་ཡི་རྐུབ་ཀྱིས་དྲི་བ་དེ་ལའང་ཁྱོད་ཀྱི་ལན་འདེབས་མི་ཐུབ་པ་ཡིན་ནམ།
༼བཞི་པ། མཆན་བུ་སྤེལ་མཁན་ཚོས་རྩོམ་ཡིག་གང་ཞིག་གི་བརྗོད་དོན་གླེང་སློང་དང་། དེ་ཐད་བསམ་ཚུལ་འདོན་པ། དགག་སྒྲུབ་ཀྱི་སྟངས་ཀ་བྱེད་པ་བཅས་ལས་བརྒལ་ནས། རྩོམ་པ་པོ་དང་མཆན་བུ་སྤེལ་མཁན་ཕན་ཚུན་ལ་དམའ་འབེབས་ཚིག་ངན་སྤེལ་རིགས་ངོས་ལེན་མི་བྱེད།༽
རྫ་ཕྲུག་དང་ཀརྨ་ཡེ་ཤེས་གཉིས་ཀྱིས་མགོ་བརྩམས་ནས་ཁ་བརྡའི་དྲ་རྒྱའི་རྩ་ཁྲིམས་དང་འགལ་གཞི་འགྲོ་གི་མི་འདུག་གམ། གཟུ་བོར་གནས་པ་ཚོས་དཔྱད་ཞིབ་གནང་རོགས། ཁ་ངན་དང་མངན་བརྗོད་བྱེད་མཁན་ཐོག་མ་དེ་སུ་རེད་འདུག་གཅིག་དཔྱད་རོགས།་དེ་མིན་རྗེས་སུ་འུབ་མི་འདུས་པའི་གནད་དོན་ཆགས་སྲིད་པ་རེད།
རྗེས་སུ་རྒྱུགས་པ་ལེབ་བརྡུང་མི་ཡོང་བའི་རེ་བ་ཡོད།
ཧ་ཧ། ལ་སྟོད་བུ་གཏམ་དྲིས་ན་མི་འོང་སྒུག་ན་འོང་། ཁྱོད་ཀྱི་ཅིག་ཅིག་རྙིང་མ་རེད་ཉིག་ཉིག་དཔལ་རྒྱས་པ་རེད་ཟེར་བ་དེ་ཚོ་ཚོད་དཔག་རེད་འདུག་འ། སེ་ར་དགོན་པ་གསེར་རྟའི་དགོན་པ་ཞིག་གི་མིང་རེད། ཁོང་ཚོས་གསེར་རྟ་ཨ་མདོ་རེད་ཟེར་གྱི་ཡོད་པ་འདྲ། གོང་གི་ཞོགས་ལྗང་གི་སྐྱོན་རྗོད་དེ་ཁམས་གསེར་རྟའི་ནང་བསྟན་རིག་གནས་དར་སྤེལ་ཚོགས་འདུ་ཞེས་པའི་འཁྲེད་དར་ལ་མ་དགའ་ནས་གནད་དོན་གཞན་གྱི་སྐྱོན་རྗོད་ཀྱི་ངོ་བོར་སྒྱུར་ཐབས་བྱེད་ཀྱི་ཡོད་རེད། ད་ཁྱོད་ཀྱིས་སེ་ར་ཡིན་ན་དགེ་ལུགས་ཀྱི་གདན་ས་གསུམ་གྱི་ཡ་གྱལ་ཡིན་པར་ཚོད་དཔག་བྱས་པ་དེ་ནོར་འདུག་ག
དབང་ཆེན།
མི་མང་ན་རོ་མང་ཟེར་བ་རེད་གོ་མྱོང་ངམ།
མི་མང་ནས་ཕན་པ་གང་ཡོད།་དེ་ངོམ་སོ་སྟོན་ག་འདྲ་བྱེད། འཛམ་གླིང་གི་ཆོས་ལུགས་ཀྱི་ནང་ནས་རྗེས་འཇུག་པ་མང་ཤོས་གང་རེད་དམ། ཁྱོད་ཀྱིས་ལྟས་ན་ནང་པ་ཡིན་དྲོ་དེ་ཡི་ནང་ནས་རྙིང་མ་ཡིན་དྲོ།
བོད་ཀྱི་བླ་མའི་ཆོས་ལུགས་རྗེས་འཛིན་ནི་ཆོས་ལུགས་གཞན་མ་དང་བསྡུར་ན་ཁྱི་ཤིག་ཙམ་ལས་མེད།
ཡེ་ཤུའི་བླ་ཆེན་ཕེབས་སའི་ཡུལ་ལུང་དེ་ཚོར་གཟིགས་དང། ཁ་ཆེའི་ཆོས་ཀྱི་དུས་ཆེན་ཨ་རབ་ཀྱི་ནང་དུ་གཟིགས་དང། ནམ་མཁའི་སྐར་མ་ནང་བཞིན་རེད། མི་སྟོང་ཚོ་ཁ་ཤས་ཞིག་ལས་མེད་པའི་བོད་ཀྱི་ནང་ཆོས་ཀྱི་འདུ་འཛོམས་བྱེད་སྐབས་ང་རྒྱལ་སྐྱེ་གཞི་ཞིག་འདུག་གམ། ང་རྒད་མོ་དྲོ་གི་འདུག
ས་དོང་གི་སྦལ་བ་རང་རེད། རང་ཉིད་འདུག་སའི་ས་ལག་མཐིལ་ཙམ་ལས་མེད་ཀྱང་གླིང་འདི་ཡི་སེམས་ཅན་ཆེ་ཤོས་དང་ཤུགས་ཆེ་ཤོས་ང་ཡིན་བསམ་གྱི་ཡོད་རེད།
ཧཧ། ལ་སྟོད་བུ། ཡང་གཏམ་དྲིས་ན་མི་བཤད་སྒུག་ན་བཤད། རང་གི་བཤད་བཤད་ཐམས་ཅད་༼རྒད་མོ་དྲོ་ནས་སྐད་ཆ་རེད་འདུག ༽
རྒད་མོ་ནི་་་ལོ་ན་མཐོ་བའི་བུད་མེད་དང་་་དྲོ་ནི་འཁྱག་པའི་ལྡོག་ཟླ་ལ་གོ ང་ཡང་རྙིང་མ་ཡིན་པའི་ཚོད་དཔག་བྱེད་ཀྱི་འདུག ང་ལ་ཁྱད་པར་མེད།
འོ་ཡང་ང་ལ་ཐབས་ཤེས་གསར་བ་ཞིག་རྙེད་སོང་། བོན་པོ་ཚོས་བཀའ་བརྟན་དམར་ཆེན་དམར་ཆུང་ངམ། ཡང་ན་སྨྲ་ཆེན་སྨྲར་ཆུང་ནས་དཔེ་ཆ་ཀློག་རྒྱུ་བྱས། དེ་ཕལ་ཆེར་ཁོང་ཚོའི་ཡི་གེ་ལ་ཁོང་ཚོས་བདག་པོ་རྒྱབ་པ་ཡིན་པས་བཤད་རྒྱུ་གཏམ་རྒྱུ་མེད་པ་བྱས། བན་དེ་ཚོས་ཐོན་མོ་སམ་བྷོ་ཊས་བཟོས་པའི་བོད་ཡིག་སྟེང་ནས་སློབ་སྦྱོང་བྱེད། དེ་བྱས་ན་ཕྱོགས་གཉིས་ཀར་བཤད་རྒྱུ་གཏམ་རྒྱུ་ཡོད་ཀྱི་མ་རེད། ཆོས་སྔར་ཡང་ཕར་རྐུ་ཚུར་རྐུ་བྱས་མྱོང་ཡོད་ན། ད་དུང་ཡང་མུ་མཐུད་དུ་ཕར་རྐུ་ཚུར་རྐུ་བྱས། མ་རེད་དམ། སྡེ་ནམ་མཁའ་ནོར་བུ་ལ་བལྟས་དང་། བན་མགོ་མཐོ་དུས་བན་དེ། བོན་མགོ་མཐོ་དུས་བོན་པོ། བྱེད་སྟངས་དེ་ཡང་རང་རང་གི་ཁེ་སང་རེད། གནའ་རྒྱ་གུང་ཁྲན་ཡོང་སྐབས་སུ་བོད་པ་ཚང་ལ་ཅུ་ཅུ་ཧྥིན་ཙི་མང་པོ་ཡོད་མྱོང་ནི་རེད། ད་དུང་ཡང་ང་ཚོས་ཅི་ཅི་ཧྥུན་ཙི་བྱེད་ཡ།
ལ་སྟོད་བུ། ངས་གནས་ལུགས་བཤད་ན་ཁྱོས་གོ་མི་ནུས་པ་ང་ལ་གསལ་བོ་ཡིན་ནི་རེད། དེ་ལས་ངས་མཐུན་པོ་བྱེད་དུས་ལམ་སང་ངར་མ་ལངས་ད། ལ་སྤོ་ལངས་ནས་སུ་སྐྲག ལ་མཇེ་ལངས་ནས་སུ་འཛགས་ཟེར་ན་ཤེས་ཀ ཧཧཧ
གོང་གི་བརྗོད་གཞི་དང་འབྲེལ་བའི་བསམ་ཚུལ་ཁ་ཤས་དང་ལུང་འདྲེན་ཁ་ཤས་ཡག་པོ་འདུག །དེ་མིན་རྩོད་པ་ཕལ་ཆེ་བ་བྱ་རོག་སོ་རྟོག་དང་འཇོག་པོའི་གཙུག་རྒྱན་ལེན་པ་ལྟར་གྱུར་འདུག །དབྱངས་གསལ་སོ་བཞིའི་གདངས་ལས་ཐོན་པའི་ཕ་སྐད་གཙང་མའི་ཟློས་གར་ཙམ་འཁྲབ་ཤེས་པ་དེ་ལ་དགའ་བསུ་ཞུ།
ད་བྱས་ན། བོན་པོ་ཚོ་དེང་སང་གི་སོག་པོ་འདྲ་བོ་ཞིག་མ་རེད་དམ། ཁོང་ཚོར་ཡི་གེ་དང་སྐད་ཡོད་ཀྱང། ཆོས་བོད་ཡིག་སྟེང་ཀློག་དགོས་ཀྱི་ཡོད་པ་རེད། བོན་པོ་ཚོས་ཀྱང་ཆོས་སྨར་ཆེན་སྨར་ཆུང་ནས་བཀླགས། སྐད་གཞན་ཞིག་བཤད་བསྡད་པ་ཡིན་རྒྱུ་རེད། གང་ཡིན་ཞེ་ན། དེང་སང་བོན་པོ་གང་ན་སུ་ཡོད་ཚང་མར་བོད་སྐད་ལས་གཞན་གང་ཡང་བཤད་རྒྱུ་མི་འདུག ཁོང་ཚོས་རང་གི་ཡི་གེ་ཆོས་ཁོ་ནར་སྤྱད་ཡོད་ཀྱང། ཆོས་དཔེ་ཤོག་ལྷེ་གཅིག་ཀྱང་མ་ལྷགས་པ་ག་རེ་ཡིན་ནམ། གང་ལྟར་བོན་པོ་ཚོས་ནང་པ་སངས་རྒྱས་པའི་ལེགས་ཆ་བླངས། ཐོན་མི་སམ་བྷོ་ཌའི་བོད་ཡིག་ཡི་གེའི་ཐོག་མ་མིན་པར་བཞེད་པ་སོགས་རང་ཉིད་ལའང་ཟུར་དུ་ངོ་བོ་ཞིག་ཡོད་མདོག་སྟོན་རྒྱུར་དགའ་བོ་འདུག་གཱ བོན་གྱི་ཡིག་ཚང་འབོད་པའི་བོད་ཡིག་བྲིས་པའི་གླེགས་བམ་དེ་ཚོར ་་་་་་་་་་་་་་་་་་་་་་་་་་་་་་་
གཞོན་ནུ་ཟླ་མེད་ཁྱོད་པོར་ཐོ་ཞིག་གིས་ང་ལ་འཛག་གི་ཨེ།
རྣམ་རྟོག་དགེ་རྒྱོ་ནི་དགེ་རྒྱོ་རང་རེད།
ང་དེ་ཡི་རིང་ལུགས་འཛིན་མཁན་མིན་དཱ།
དགེ་ལུགས་ཚོ་མེ་དཀར་དང་དབང་ཆེན་ཟེར་བ་ཀརྨ་ཡི་ཤུ་ཟེར་བ་དེ་ཚོར་རྒྱབ་སྐྱོར་ལ་སླེབ་ཡིན་པས།
རྙིང་མའི་ཆོས་འབྱུང་དེ་ཚོ་ནས་ཅི་ཞིག་བཤད་ཡོད་མེད་ཤེས་ཀྱི་ཡོད་པས། མེད་ན་ངས་མཛུབ་མོ་བཙུགས་ཡོང། བོན་པོས་དགེ་ལུགས་ལ་ངན་སྨྲས་བརྗོད་པ་དེ་ཙམ་མེད་དྲན། དགྲ་ཤར་སྒོ་ལ་བཞག གླུད་ནུབ་སྒོ་ལ་གཏོང་རྒྱུ་ཡིན་ནམ། ད་ལྟའང་བོན་པོའི་གྲྭ་རྒྱུན་མང་པོ་ཞིག་དགེ་ལུགས་སུ་ཡོད་ཁོང་ཚོས་ཀྱང་བསམ་བློ་གཏོང་དགོས་ངེས་རེད། དམ་ཉམས་པའི་མཉམ་དུ་ལུང་པ་གཅིག་གི་ཆུ་ལ་འཐུང་བ་དེ་ཚོ་གསང་སྔགས་ཀྱི་ནང་ནས་དམ་ཚིག་ཉམ་གྱི་ཡོད་པ་གཅིག་བཤད་ཡོད།་ཁྱེད་ཚོ་ཁྱེད་རང་ཚོ་དགྲ་རུ་བརྩི་དུས་བོན་པོ་ད་ཨ་ཅང་ཅང་རེད་པ། བློ་བཟང་གྲགས་པ་ལ་བདུད་ཟེར་མཁན་དེ་ཆོས་ལུགས་གང་གིས་བཤད་པ་རེད་དེ་བོན་པོ་རེད་དམ། བློ་བཟང་གྲགས་པ་ལ་བདུད་དུ་བལྟ་བ་དང་མི་བལྟ་མཁན་གཉིས་ལ་ཁྱད་པར་འདྲ་མེད་དམ། མེད་ན་མེད་པར་གྱིས།
ཁྱེད་ཚོ་ནང་བཞིན་མིན་དཱ། ཁྱེད་ཚོས་ཁྱེད་རང་ཚོ་ནང་ཁུལ་དུ་བདུད་དང་འདྲེ་རུ་བཟུང་ཡང་བོན་པོའི་སྟེང་བདུད་འདྲེ་དེ་ཚོ་མཉམ་དུ་ཡོང་ག་འདྲ་བྱེད་ཀྱི་འདུག
ད་ཁ་མ་བཙུམས་ན་ངོ་ཐོག་བོང་བུའི་ནང་ཆ་ཁྲོམ་དུ་སྒྲོགས་ངེས་ཡིན་དཱ།
དེ་སྔོན་བརྡ་བཏང་ཡོད།
ཀར་ཤེས་ལགས། ད་ཡང་བླ་ཆོས་རིང་ལུགས་པའི་བྱས་ཉེས་རྣམས་ངེད་བོན་པོ་ཚང་གི་མགོ་ལ་སྒྲོ་འདོགས་གི་འདུག་གཱ ་་་མེ་བསྲེག་གཏོང་ནས་རིགས་རྒྱུན་བཅད་་་ ཅེས་པ། ཁ་ནས་ནང་པ་སངས་རྒྱས་པ་ཞེས་སྐད་གསོང་མཐོན་པོས་སྒྲོག་བཞིན་དུ་ཀུན་གྱི་མིག་སྔར་མུ་སྟེགས་པའི་བརྟུལ་ཤུགས་འཆང་མཁན་བླ་ཆོས་རིང་ལུགས་པའི་ཐབས་ཟད་འུ་ཐུག་གི་གནས་སྟངས་ཡིན་པ་ནི་མཐོང་བཞིན་པ་འདིའོ།
དེ་ཡང་སྔར་གྱི་རྣམ་སྨིན་ཡིན་པར་སོམས་ནས་ད་ཕན་ལས་ངན་དེ་ལྟར་མི་བགྱི་བའི་དམ་བཅའ་ཞོགས་ཤིག ཨ་རོགས་་་མི་གོ་ལི་མ་ར་་། ཡང་། ་་ཕ་མེས་ལ་ཡིད་ཆེས་མེད་པར་རང་བཟོ་བྱས་ན་ཕན་པ་ལས་གནོད་པ་མང་བར་སེམས་་་་་་ཞེས་པ། འདི་ཡང་ཁྱོད་ཅག་བླ་ཆོས་རིང་ལུགས་པ་ཚོས་ཞང་བོད་ཀྱི་མེས་པོའི་མཛད་རྗེས་ལ་ཡི་མ་རང་ནས།
བོད་རང་ས་ནས་བྱུང་བའི་ཆོས་དང་རིག་གནས་ཀུན་ལ་ངན་སྨྲས་མཐོང་ཆུང་དུ་བརྩིས་ནས་དུས་རབས་བདུན་པ་ནས་བརྩམས་ཏེ་མགོ་མེད་མཇུག་མེད་རྡོ་རྗེ་སྐེ་བཅང་ཞེས་པ་ལྟར་བོད་ཀྱི་མི་རིགས་དང་རྒྱལ་པོ། ཆོས་ལུགས་དང་རིག་གཞུང་ཇི་སྙེད་ཀུན་གྱི་ཁུངས་རྒྱ་དཀར་ནག་ཏུ་ཁུངས་སུ་བཤད་དེ་བླ་མ་རེ་ལ་ཆོས་ལུགས་རེ་རང་བཟོ་བྱས་པས། སྔར་ལྟར་མིན་པར་ཆོས་ལུགས་ནང་ཕན་ཚུན་དབང་བསྒྱུར་བར་ནང་དམེ་དང་འཐབ་རྩོད་ཀྱི་རང་བཞིན་རྣོ་ངར་ཅན་དུ་གྱུར་ཏེ་ཆིག་སྒྲིལ་མེད་པས་མཐར་གཞན་དབང་སྟབས་བསྟུན་ཁས་ཞན་དབང་ཆུང་འདི་ཁྱེད་ཅག་གིས་བསགས་པའི་ལས་ཀྱི་རྣམ་སྨིན་འཁོར་བཞིན་པ་ངེས་ཤེས་མི་བསྐྱེད་དམ།
ཁྱེད་ཅག་གིས་མྱོང་བ་རྣམས་ཁྱེད་ཅག་རང་ལ་གསལ་ཆ་ཡོད་པ་ལས་གཞན་ལ་བསྐུལ་བར་མི་འོས་སོ། ཨ་རོགས། མི་གོ་ལི་མ་ར་་་
མགར་་་བའི་རིགས་སུ་གཏོགས་ཤིང་ཁ་ནས་་་་སྟོང་་་བཤད་རྐྱང་བྱས་ནས་གཞན་་་བཙན་་་་འོག་ཏུ་བཅུག་པར་རློམ་སྟེ་མིང་ལ་མགར་སྟོང་བཙན་ཞེས་པ་ཐོགས་ཡོད་པར་སྙམ།
ཁྱོད་ཅག་གི་མཁས་པར་གྲགས་པ་དགེ་ཆོས་དང་ནམ་ནོར་སོགས་ཀྱིས་སྔར་་་་བོནད་དང་་་ཕྱིས་སུ་་་བོད་ཅེས་རྗེས་འཇུག་་་ན་་དང་ཡང་འཇུག་་་ད་་་་གཉིས་ཕན་ཚུན་བརྗེ་རེས་བྱས་པའི་འགྱུར་ཁྱད་འདི་ལྟར་ཡིན་སྲིད་པའི་ཐུགས་དྭོགས་སྐྱེས་ནས་འཁྲུན་ཐག་མ་བཅད་པར་བཞག་ཡོད།
སྔར་གྱི་བརྡ་རྙིང་པ་དུས་ཕྱིས་སུ་འགྱུར་བའི་རྣམ་པ་་་དཔེར་ན་་་ཆུན་པོ་་་་ལ་་ཆུད་པོ་་དང་བཙད་པོ་་་་ལ་བཙན་པོ་་་ཞེས་པ་སོགས་ཀྱིས་མཚོན་པ་རྗེས་འཇུག་་་ད་ན་་་གཉིས་པོ་བརྗེ་པོར་བརྒྱབ་པ་ཤིན་ཏུ་མང་པོར་ཡོད་པ་ལ་དགོངས་ཏེ་མཐའ་དཔྱོད་མ་བྱས་པ་ནི་མཁས་པ་ཆེན་པོའི་རང་རྟགས་ངོམ་པ་ཞིག་ཅི་སྟེ་མིན།
དེས་ན་ཁྱོད་ཀྱིས་འདིར་བོན་དང་བོད་ཅེས་པའི་མིང་ཚིག་དེ་གཉིས་ལ་ཁྱད་པར་ཆེན་པོ་ཡོད་མདོག་གིས་གང་དྲན་བྱུང་རྒྱལ་དུ་སྨྲས་པ་འདི་ནི་བླུན་རྟགས་བསྟན་པ་ཞིག་མ་ཡིན་ན་གཞན་ཅི། ཧཧཧཧཧ
རྒྱལ་བ་ཤཀྱཱ་ཐུབ་པའི་བསྟན་པ་འདི་ཡང་མི་ལོ་ཉིས་སྟོང་ལྷག་གི་ལོ་རྒྱུས་རིང་མི་འདིའི་ཁྲོད་དུ་ཉམས་ཆག་སྣ་ཚོགས་ཤིག་བྱུང་། ཡུལ་སྲོལ་འདྲ་མིན་གྱི་ཤན་ཤུགས་ཐེབས། བཀའ་བསྡུ་སྟངས་དང་མདོ་འདོན་སྟངས་མ་འདྲ་བའི་དབང་གིས་ནང་ཁུལ་ལ་རྩོད་པ་ཆེན་པོ་ལོ་དྲུག་ཅུ་ཙམ་ལ་བྱུང་བ་སོགས་ཀྱི་ལོ་རྒྱུས་ཡོད། སྟོན་པ་སངས་རྒྱས་རང་གི་འཁྲུངས་ཡུལ་རྒྱ་གར་ཡུལ་དབུས་ལ་ཡང་རྒྱལ་བ་ཤཀྱཱ་ཐུབ་པའི་རྗེས་འཇུག་པའི་སྡེའི་ཕལ་ཆེར་མིང་ཙམ་ཡང་མེད་པར་གྱུར། དེ་ཚོ་ཚང་མ་ལས་ཀྱི་རྣམ་པར་སྨིན་པ་མ་རེད་ཟེར་ག་ལ་ཐུབ། མདོ་སྡེ་བསྐལ་པ་བཟང་པོ་དེ་ཚོ་མར་ཀློག་ཡོང་དུས་བསྐལ་པ་བཟང་པོའི་སངས་རྒྱས་ཚང་མ་ཡང་ཞེད་པོ་ཞིག་འདྲ་གི་མི་འདུག སངས་རྒྱས་ཁ་ཤས་གི། སྐུ་ཚེའི་ཚད་ནི་ཡུད་ཙམ་མོ། བསྟན་པའི་གནས་ཚད་ནི་ཞག་གཅིག་གོ་ཟེར་བ་ཡང་འདུག སངས་རྒྱས་རང་རང་སོ་སོའི་ཐུགས་བསྐྱེད་སྨོན་ལམ་དང་ཚོགས་བསགས་སྟངས་མ་འདྲ་བའི་དབང་གིས་སྐུ་ཚེའི་རིང་ཐུང་བསྟན་པའི་གནས་ཚད་ཀྱང་མ་འདྲ་བ་ཡོང་གིན་ཡོད་པ་གསུངས་འདུག བྱས་ཙང་སངས་རྒྱས་རང་རང་གིས་ཐུགས་བསྐྱེད་སྨོན་ལམ་དང་ཚོགས་བསགས་སྟངས་མ་འདྲ་བ་ཟེར་ན་ཡང་འདྲ། གདུལ་བྱ་གིས་ཅིག་བསོད་ནམས་བསགས་སྟངས་གི་ཁྱད་པར་ཟེར་ན་ཡང་འདྲ། གང་ལྟར་ཡང་དེ་ཚོ་ཚང་མ་ལས་མ་རེད་ཟེར་ཡ་ཡོད་མ་རེད།
ཡིན་ན་ཡང་ང་རང་ཚོ་རྒྱལ་བ་ཤཀྱཱ་ཐུབ་པའི་རྗེས་འཇུག་པ་ཚོ་ལ་མཚོན་ན་སྤོབས་པ་ཟེར་ན་འདྲ། ཡིད་ཆེས་སྐྱེད་ཐུབ་པ་ཟེར་ན་འདྲ། དད་པ་གོང་དུ་འཕེལ་ནུས་པ་ཟེར་ན་འདྲ། གང་ལྟར་ཅིག་ཡོད་པ་དེ་ད་འཛམ་གླིང་གི་བྷུདྡྷའི་རྗེས་འཇུག་པ་ཚང་མ་ལ་གཅིག་གྱུར་གྱི་ཁྱིམ་འདྲ་བོ་དེ་ད་དུང་ཡང་བོར་ཡོད་པ་མ་རེད། འབར་མའི་དགེ་སློང་སེར་པོ་ཡིན་ན་ཡང་འདྲ། ཁེམ་བྷོ་ཌི་ཡའི་དགེ་སློང་དམར་པོ་ཡིན་ན་ཡང་འདྲ། རྒྱ་ནག་གི་དགེ་སློང་སྐྱ་བོ་ཡིན་ན་ཡང་འདྲ། བོད་ཀྱི་དགེ་སློང་སྨུག་རིལ་དེ་ཚོ་ཡིན་ན་ཡང་འདྲ། ཚང་མ་ལོས་ཕ་རྒན་གྱི་ནང་འདྲ་པོ་དེ་བརྗེད་ཡོད་པ་མ་རེད། ད་དུང་ཡང་བརྗེད་མདོག་ཁ་པོ་མ་རེད། གང་འགའ་མཉམ་དུ་འཚོགས་བྱས། ལོ་འདི་ལ་ངེད་རང་ཚོའིི་ཕ་རྒན་གྲོངས་ནས་ལོ་༢༥༥༥འཁོར་བ་རེད་ད་ཟེར་ཡ་འདྲ་པོ། གནས་འདི་ནས་རྒྱལ་བ་ཤཀྱཱ་ཐུབ་པས་སྒོམ་བརྒྱབ་ནས་གོ་རྟོགས་ཡག་པོ་ཞིག་བྱུང་ས་དེ་ཤིང་སྡོང་འདིའི་འོག་ལ་རེད་ཟེར་ཡ་འདྲ་པོ། ཤིང་སྡོང་འདིའི་འོག་ཏུ་རྒྱལ་བ་ཤཀྱཱ་ཐུབ་པ་འཁྲུངས་པ་རེད་དེ་ལོ་དེ་ལ་ནེ་པལ་གཞུང་གིས་ཤིང་སྡོང་དེ་ཉི་ཧོང་ལ་བཙོང་བཞག་པ་རེད་ཡ་འདྲ་པོི་གི་ཅིག་ལོ་རྒྱུས་གསལ་པོ་དང་ཞིབ་ཚགས། ཁུངས་ལྡན་དེ་འདྲ་ཡོད་པ་འདིའི་ང་ཚོ་འཁྱར་ཆོས། བསྒྱུར་ཆོས། བརྡོལ་ཆོས་འདྲ་པོ་མ་ཡིན་པ་བྱས། གཞན་ཞིག་གི་ལྟ་གྲུབ་དེ་རྐུ་འཕྲོག་བྱས་བཞག་པ་འདྲ་པོ་མ་ཡིན་པ་བྱས། ཁུངས་མེད་ལུང་མེད་ཅིག་ལ་དད་ཞེན་བྱས་བསྡད་པ་འདྲ་པོ་ཡང་མ་ཡིན་པ་བྱས། རིག་པའི་འབྱུང་གནས་རྒྱ་གར་འཕགས་པའི་ཡུལ་ནས་སྟོན་པ་སངས་རྒྱས་ཟེར་བའི་ལོ་རྒྱུས་མི་སྣ་ཞིག་གིས་བསྟན་པའི་ལྟ་གྲུབ་དེ་ཡིན་པ་སྟོན་ཐུབ་ཀྱིན་འདུག
བོན་པོ་དང་བོན་ཡག་བཙོག་ཟེར་ཡ་འདྲ་པོ་འདི་ན་བཤད་གི་ཡོད་ན་ཡག་པོ་མ་རེད། མ་གཞི་ང་བོན་པོ་དང་བོན་ལ་དགའ་མི་དགའ་འདྲ་པོ་ཅི་གང་ཡང་མེད། མི་དགའ་རྒྱུ་ཡང་ཅི་ཡོད། བོན་ཟེར་ན་རིག་གཞུང་ཞིག་རེད། བོན་པོ་ཟེར་ན་སྤྱི་ཚོགས་ཤིག་རེད། དེ་ལ་མི་དགའ་ཡ་ག་རེ་ཡོད། དགའ་རྒྱུ་ཟེར་ནས་དམིགས་བསལ་གི་ཞེད་པོ་དེ་འདྲ་ཡང་གང་ཡང་མེད། ངས་མདོ་གཟེར་མིག་ཟེར་ཡ་འདྲ་པོ། མདོ་དྲི་མེད་གཟི་བརྗིད་ཟེར་ཡ་འདྲ་པོ་དེ་ཚོ་བཀླགས་ཙམ་རེ་ཡང་བྱས་པ་ཡིན། བོན་གྱི་བསྟན་འབྱུང་ཟེར་ཡ་གི་སྟོན་པ་གཤེན་རབས་ཀྱི་མཛད་པ་བཅུ་གཉིས་ཟེར་བ་དེ་ཚོ་བྲིས་ཡོད་པ་དེ་འདྲ་ཞིག་ཀྱང་ཞིབ་ཚགས་གིས་ཀློག་པ་ཡིན། ནང་སྦྱོང་ཡང་བྱས་པ་ཡིན། ཡིག་ཚད་ཀྱང་བཏང་པ་ཡིན། ཡིག་ཚད་གྲུབ་འབྲས་དེ་ཚོ་བརྒྱ་ཆ་མཐོན་པོ་འདྲ་པོ་རག་སོང་། རེད་དེ་ཅིག་དད་པ་དང་དགའ་ཡ་ཟེར་ཡ་དེ་འདྲ་ཡོང་ཐུབ་པ་འདྲ་པོ་གང་ཡང་བྱུང་ཐུབ་མ་སོང་། དོག་པ་ཆེ་རུ་ཆེ་རུ་འདྲ་པོ་ཞིག་འགྲོ་སོང་། ཐ་མ་དེ་ལ་མ་གཞི་སྟོན་པ་གཤེན་རབ་ཟེར་ཡ་གི་མི་ཞིག་འཛམ་བུ་གླིང་འདི་ལ་ཡང་བྱུང་ཐག་ཆོད་པ་ཡིན། ད་ཅི་རྩོད་ཡ།
སྔོན་གྱི་ཁེངས་ཆེན་རྒྱོས་པའི་རྡོ་མཇེ་ཟེར་བ་ཁོ་དེང་སང་ཀརྨ་ཡེ་ཤེས་སུ་སྤྲུལ་ནས་བསྡད་ཡོད་ཟིག་ད།
།།བོད་བོད་ཡུལ་ན་སྐྱིད། རྒྱ་རྒྱ་ཡུལ་ན་སྐྱིད། །།བོན་བོན་ཡུལ་ན་སྐྱིད། བན་བན་ཡུལ་ན་སྐྱིད། །
གོང་གི་མཆན་ཡིག་ཨང་༧༣པ་ཀོང་རྗེ་དཀར་པོས་གསུང་པ་དེ་ལ་སུས་ཀྱང་ལྡོག་ཏུ་མེད་པའི་རིག་ལམ་ཡང་དག་ཅིག་འདུག་གཱ །དེ་ལ་རྒྱུ་མཚན་རྟོག་གེ་བ་སུས་ཀྱང་འགོག་ཏུ་མེད་པ་ཞིག་འདུག་གཱ །རྡོ་རིང་ངོས་ལ་ཡོད་པའི་ཡི་གེ་དང་། དྲིལ་བུའི་ཁ་བྱང་། ཏོན་ཧུང་ཡིག་རྙིང་དེ་དག་ཀུན་ཐོན་མིས་མཛད་པར་གྲགས་པའི་བརྡ་སྤྲོད་དང་གཏན་ནས་མི་མཐུན་པའི་རྒྱུ་མཚན་གང་ཡིན། ད་ཡིན་ན་བན་དྷེ་ཚོ་ལ་རིག་པ་ཡོད་ན་བག་ལ་མ་ཞ། རྒྱུ་མཚན་ཡོད་ན་རྩལ་དུ་ཐོན། ལུང་ཡོད་ན་འདྲེན་དགོས་པའི་དུས་ལ་བབ་འདུག་གཱ གྲུབ་མཐའི་ཆགས་སྡང་རྨོངས་གསུམ་སྒྲོ་སྐུར་གྱི་ཚིག་ཐམས་ཅད་བཞག་ནས་ཤེས་བྱ་རིག་པའི་ཐང་ཆེན་ལ་རྣམ་དཔྱོད་བློ་གྲོས་ཀྱི་རྟ་ཕོའི་བང་རྩལ་ངོམས་ཤིག
གནས་སྐབས་རིང་དོན་མེད་ཀྱི་ཀླན་ཀ་འམ་རྩོད་པ་ཞི་བའི་སླད་དུ་བོད་ཡིག་ལ་རེ་
ཞིག་གསར་རྙིང་གཉིས་སུ་ཕྱེ་རྒྱུ་ཡིན།
དེ་ཡང་དང་པོ།བོན་པོའི་མི་བརྒྱུད་འཛིན་པའི་ཐོན་མི་སམ་བྷོ་ཊ་དེ་ཉིད་ཀྱིས་བོད་སྤྱིའི་སྐད་དང་
མཐུན་པའི་བོད་ཡིག་གསར་པ་འདི་གསར་གཏོད་མ་མཛད་གོང་གི་བོད་མི་བྱེ་བྲག་པ་འགའ་ཞིག་ནང་ཕན་ཚུན་གོ་བརྡ་སྤྲོད་བྱེད་ཀྱི་ཡེ་གེ་གྲགས་ཆེ་བ་རྣམས་ལ་
བོད་ཡིག་རྣམས་ལ་བོད་ཀྱི་གདོད་མའི་ཡི་གེའམ་གདོད་མའི་བོད་ཀྱི་ཡི་གེ་དང་། བོད་ཡིག་རྙིང་མའམ་བོན་ཡིག་ཅེས་ཟེར་རྒྱུའི་རེ་བ་ཞུ་གི་ཡིན།
གཉིས་པ་ནི་ཡོངས་གྲགས་ཀྱི་བོད་སྤྱིའི་སྐད་དང་མཐུན་པའི་སྒྲ་གཟུགས་ཀྱི་་ཡི་གེ་
འདི་ལ་ཆོས་ཀྱི་ཡི་གེ་འམ་བོད་ཡིག་གསར་མ་ཞེས་ཐ་སྙད་གསར་པ་ཞིག་བཏགས་
ན་གང་འདྲ་འདུག་གམ།
གཞན་ཡང་འགའ་ཞིག་གིས་དོན་མེད་ཀྱི་ཀླན་ཀ་འཚོལ་བྱེ་བྲག་པ་ཞིག་ནི།
སྒྲའི་བསྟན་བཅོས་སུམ་ཅུ་པ་དང་རྟགས་འཇུག་གཉིས་་ཀྱང་ཐོན་མིས་མཛད་པ་མ་
ཡིན་པར། ཕྱིས་ཀྱི་ལོ་ཙཱ་སྙན་གྲགས་ཅན་ཞིག་གིས་མཛད་པ་ཡིན་ཞེས་ཟེར་
བའི་བོད་རིག་པའི་མཁས་དབང་ཞིག་ཀྱང་འདུག་པས་དེ་ལ་ང་ཚོས་ལན་་་ཇི་ལྟར་
འདེབས་དགོས་ས། བན་བོན་གྱི་དྲ་གྲོགས་མཁས་དབང་རྣམ་པཚོ།
ངས་གྲོགས་པོ་ཞིག་གིས་གསུང་བ་ལྟར་ན། ནང་ཆོས་ཀྱིས་མ་བསླད་པའི་བོན་པོའི་ཆོས་དག་མ་ལ་ཁུང་ལུང་མེད་པ་ཞིག་གཏད་ནས་རེད་མི་འདུག བོན་པོ་རང་ཉིད་ཀྱི་ཁས་ལེན་པ་ནང་བཞིན་ལོ་རྒྱུས་རིང་པོ་ཡོད་པ་དང་འབྱུང་ཁུངས་དག་མ་ཡོད་པ་ཞིག་ཏན་ཏན་རེད་བཞག ཁུངས་གཏུགས་ས་མ་ཧཱ་ཙི་ན་རང་རེད་འདུག མ་ཧཱ་ཙི་ནའི་ཡུལ་ན་དོ་ཅའོ་ཆོས་ལུགས་ཞེས་པའི་ཕྱི་རོལ་པར་རྩི་བ་ཞིག་ཡོད་ས་རེད། དེ་དང་བོན་པོ་གཉིས་གཅིག་པ་གཅིག་རྐྱང་རེད་ལབ་སོང་། དཔེར་ན། སེམས་ཅན་གསོན་པོར་དམར་མཆོད་བྱེད་པ་དང་། གཞན་ལ་གནོད་པའི་ཕྱིར་དུ་དམོད་སྔགས་འདོན་པ། རྟེན་ལ་བསྐོར་བ་གཡོན་བསྐོར་དུ་བྱེད་པ། གླུད་རྫོངས་བ། གཡུང་དྲུང་གི་རི་མོའི་རྟགས་འཆང་བ་སོགས་འདྲ་ཧ་ཅང་མང་པོ་ཡོད་ས་རེད། བན་ཆོས་རྒྱ་གར་འོངས་བ་དང་བོན་ཆོས་རྒྱ་ནག་ནས་འོངས་བ་གཉིས་འོངས་ས་མི་གཅིག་ཀྱང་འོངས་ལུགས་གཅིག་པ་ཡིན་པས་རྩོད་པ་མི་འདུག
རྩོད་པ་མང་པོ་བྱས་འདུག་ག རྩོད་པ་མང་པོ་ཡོད་པ་དེ་ད་དུང་ཞིབ་འཇུག་བྱ་དགོས་པ་མང་པོ་ཡོད་པའི་རྟགས་རེད། ཞིབ་འཇུག་མང་པོ་ཞིག་བྱས་ན་རྩོད་པ་མང་པོ་ཞིག་ཐག་ཆོད་འགྲོ་གི་རེད། དང་པོར་ང་ཚོས་ཁ་ཚོན་གཅོད་ཐུབ་པའི་རིགས་དེ་ཤོད། དཔང་རྟགས་དངོས་སུ་བཀོད་རྒྱུ་ཡོད་པ་དེ་ཚོ་ཤོད། དེ་ནས་དཔང་རྟགས་མེད་ནའང་རྒྱུ་མཚན་དང་རིགས་པས་དཔྱད་ཐུབ་པ་དེ་ཚོ་ཤོད།
ང་ཚོས་འདིར་གང་ཞིག་བཤད་ཐུབ་པ་དེ། བོད་ལ་བན་ཆོས་མ་དར་སྔོན་བོན་ཆོས་དར་ཡོད་པ་དེ་གསལ་པོ་རེད། ཞང་ཞུང་དེ་བོན་ཆོས་ཀྱི་ལྟེ་གནས་གལ་ཆེན་ཞིག་ཡིན་པ་མ་ཟད་རིག་གནས་དར་ཁྱབ་ཆེ་ཤོས་ཤིག་ཡིན་པ་དེའང་གསལ་པོ་རེད། ཞང་ཞུང་གི་ས་ཁོངས་གསལ་པོ་ཞིག་མི་ཤེས་ནའང་མངའ་རིས་དང་བོད་ཀྱི་བྱང་རྒྱུད་དེ་ཚོ་ཞང་ཞུང་ཁོངས་ཡོད་པ་དེའང་གསལ་པོ་རེད། ད་བོད་ས་གཞན་ལས་ཆོས་རིག་དར་ཁྱབ་གང་འཚམས་ཕྱིན་ཡོད་པའི་རྒྱལ་ཕྲན་འདི་ལ་དེ་སྐབས་ཡི་གེ་ཞིག་ཡོད་པ་རེད་དམ་མ་རེད་དེ་ནི་དྲི་བ་ཞིག་རེད།
ཐོན་མི་སམ་བྷོ་ཊས་བོད་ཡིག་གསར་དུ་བཟོས་ཟེར་བ་དེའང་ད་རུང་རྩོད་གཞི་ཅན་ཞིག་རེད། འདིར་དྲི་བ་ཁ་ཤས་ཡོད།
༡ གལ་སྲིད་ཁོས་བོད་ཡིག་གསར་དུ་བཟོས་པ་ཡིན་ན། བོད་ཡིག་ཆ་ཚང་གསར་དུ་བཟོས་པ་རེད་དམ་ཡང་ན་ཅ་ཆ་ཇ་ཞ་ཟ་འ་དྲུག་གསར་དུ་བཟོས་པ་རེད། ཡིག་གཟུགས་འདི་དྲུག་དེ་སྐབས་ཀྱི་དཔེ་ལྟ་སའི་རྒྱ་གར་དང་ནྰ་ག་ར་སྟེ་ཁ་ཆེའི་ཡི་གེ་སོགས་ཀྱི་ནང་མེད་སོང་བ་རེད་དམ། མིན་ན་ཙ་ཚ་ཛ་ཝ་སོགས་རྟགས་ཅན་གྱི་ཡི་གེ་འདི་ཚོ་གསར་དུ་བཟོས་པ་རེད།
༢ གལ་སྲིད་ཐོན་མིས་བོད་ཡིག་ཆ་ཚང་བཟོས་པ་ཡིན་ན་ཡི་གེ་གསར་དུ་བཟོས་མ་ཐག་ནས་བཀའ་དང་བསྟན་བཅོས་སོགས་བསྒྱུར་ཆོག་ཆོག་ཅིག་ཡོད་པ་རེད་དམ།
༣ ཡི་གེ་གང་ཞིག་གསར་དུ་བཟོས་པ་ནས་རིམ་པས་འཕེལ་རྒྱས་ཕྱིན་ཏེ། འབྲི་བ་དང་བསྒྱུར་བ་སོགས་བེད་སྤྱོད་ཆ་ཚང་ཞིག་གཏོང་ཐུབ་ཅིང་གཞི་རྐང་ཚུགས་པ་ཞིག་འབྱུང་བའི་བར་ལོ་གཚོད་ཅིག་དང་མི་རབས་ག་ཚོད་ཅིག་དགོས་པ་རེད། དེ་ལ་རྣམ་པ་ཚོས་དགོངས་པ་བཞེས་སམ།
༤ བོད་ཀྱི་ལོ་རྒྱུས་རྙིང་བའི་གྲས་ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་ནང་། བདེན་ན་བཙུན་མོ་རྣམས་ཀྱིས་མཛད་པའི་ཡི་གེ་དར་དཀར་གསལ་བའི་མེ་ལོང་། བློན་པོ་རྣམས་ཀྱིས་བྱས་པའི་ཡི་གེ་ཟླ་བའི་འདོད་འཇོ་ཟེར་བ་དེ་ཚོའང་ཐོན་མིས་བཟོས་པའི་ཡི་གེ་དེ་དག་རེད་དམ་གཞན་ཞིག་རེད།
༤ ཆོས་འབྱུང་མཁས་པའི་དགའ་སྟོན་ནང་། རྒྱལ་པོའི་བཀའ་ཆེམས་བློན་པོ་མགར་གྱིས་ཡི་གེར་བཀོད་ཟེར་བ་དེའང་ཐོན་མིས་བཟོས་མ་ཐག་པའི་ཡི་གེ་དེ་རེད་དམ།
༥ གོང་གསལ་ཆོས་འབྱུང་མེ་ཏོག་སྙིང་པོའི་ནང་། རྒྱ་བཟའ་བསུ་བར་བློན་པོ་མགར་སོགས་མངགས་སྐབས། ་་གླུ་དང་། མཆོད་ཚིག་དང་། སྙན་ངག་དང་། སྡེབ་སྦྱོར་དང་། བཞད་གད་དང་། རྩེ་མོ་དང་། ཁ་བརྩེག་དང་། གྱད་སྟོབས་འགྲན་པ་སོགས་རྒྱ་ནག་པོའི་སྤྱོད་པ་དང་མི་མཐུན་པའང་བསླབས་ཏེ་བཏང་ངོ་་་ ཞེས་པའི་ནང་གི། མཆོད་ཚིག སྙན་ངག སྡེབ་སྦྱོར་སོགས་ཀྱང་ཐོན་མིས་བཟོས་མ་ཐག་པའི་ཡི་གེ་དེ་རེད་དམ། ཡི་གེ་་གསར་དུ་བཟོས་མ་ཐག་པ་ནས་སྙན་ངག་འབྲི་ཐུབ་པ་དེ་ཆེས་ཡ་མཚན་པ་ཞིག་མ་རེད་དམ། ད་དུང་སྔོན་མའི་ཡིག་རྙིང་དག་གི་འབྲི་རྒྱུན་དང་ཆ་མགལ་ཡ་མགལ་དུ་གྱུར་པའི་ སྲོང་བཙན་གྱི་བྱ་དཀའ་བའི་སྙན་ངག་དེ་ཚོའང་ཐོན་མིས་བཟོས་མ་ཐག་པའི་ཡི་གེ་དེ་ཨེ་རེད།
༦ ད་དུང་ཆོས་འབྱུང་མེ་སྙིང་ནང་། བོད་ཀྱི་རྒྱལ་པོ་ལ་སྔ་བ་རྗེ་གཉའ་ཁྲི་བཙན་པོ་ཡིན་ཏེ། དེའི་སྐུ་རིང་ལ། གཏམ་རྒྱུད་དང་། སྒྲུང་རྒྱུད་དང་། སྡེབ་སྦྱོར་དང་། བཀའི་ཀུགས་དང་། བྲོ་གར་དང་། གླུ་གཞས་དང་། ཤོན་རྩེད་དང་། རྩེད་འཇོ་ལ་སོགས་པ་བྱུང་བ་ཡིན་ནོ་ཟེར་བའི་ནང་གི་སྡེབ་སྦྱོར་ཟེར་བ་དེ་ག་འདྲ་ཞིག་རེད།
༧ རང་ཕྱོགས་ཀྱིས་བྲིས་པའི་ལོ་རྒྱུས་རྣམས་བདེན་པར་འཛིན་པ་དང་གཞན་ཕྱོགས་ཀྱིས་བྲིས་པའི་ལོ་རྒྱུས་རྣམས་རྫུན་པར་འཛིན་པ་དེ་ག་འདྲ་རེད།
༡ ༽ཐུའུ་བཀཱན་གྱི་གྲུབ་མཐའི་ནང་དུ། རྙིང་མ་དང་བོན་པོ་གཉིས་ཧ་ཅང་ཉེ་བོ་ཡོད་ཚུལ་བཤད་འདུག
བོན་པོ་དཀར་ན་རྙིང་མ་ཡང་དཀར། བོན་པོ་ནག་ན་རྙིང་མ་ཡང་ནག བོན་པོ་མུ་སྟེགས་ཡིན་ན་རྙིང་མའང་མུ་སྟེགས་ཡིན།
༢༽ བླ་ཆེན་དགོངས་པ་རབ་གསལ་བོན་པོ་ཡིན། ཁོང་ནས་ཞུས་པའི་སྡོམ་པ་ཡང་བོན་གྱི་འདུལ་སྡོམ་ཡིན།
༣ ༽ཤངས་པ་བཀའ་རྒྱུད་ཀྱི་སྲོལ་བཏོད་པ་པོ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་བོན་པོ་ཡིན།
༤༽ བརྡོལ་འཁྱར་བསྒྱུར་གསུམ་གྱི་ཐ་སྙད་འབྲི་གུང་བ་རིན་ཆེན་ཕུན་ཚོགས་ཀྱི་སྔོན་དུ་བྱུང་མེད།
༥ ༽མི་ལ་རས་པའི་རྣམ་ཐར་ནང་དུ་ན་རོ་བོན་ཆུང་དང་མཐུ་རྩལ་འགྲན་རབས་བཤད་རུང། ཁོང་གི་རྣམ་ཐར་དེ་དག་ཁོང་འཁྲུངས་ནས་མི་ལོ་༤༠༠་རྗེས་སུ་གཞི་ནས་བྱུང།
༦༽ འབྲུག་པ་བཀའ་རྒྱུད་ཀྱི་སྲོལ་བཏོད་པ་པོ་གཙང་པ་རྒྱ་རས་ཀྱང་བོན་པོ་ཡིན།
༧༽ ས་སྐྱའི་གདུང་རབས་ཐོག་མའི་འབྱུང་ཁུངས་ཀྱང་བོན་པོ་ཡིན།
༨༽ པདྨ་འབྱུང་གནས་ཀྱི་ཡབ་ཀྱང་བོན་པོ་ཡིན།
༩༽ ཁྲི་སྲོང་གི་ཡབ་མྱེས་ཀྱང་བོན་པོ་ཡིན། ཁོ་རང་ཡང་ཚེ་སྟོད་ལ་བོན་པོ་སྤྱད།
༡༠༽ སྲོང་བཙན་སྒམ་པོས་ཚེ་སྟོད་ལ་བོན་པོ་སྤྱད། ཁོང་གི་ཡབ་མྱེས་ཀྱི་རྒྱལ་པོ་༣༢་ཚང་མ་བོན་པོ་ཡིན།
༡༡༽ པཎ་ཆེན་སྐུ་འཕྲེང་བརྒྱད་པ་བསྟན་པའི་དབང་ཕྱུག་ཀྱང་ཐོག་མར་བོན་པོ་ཡིན།
མདོར་ན་ཁྱེད་ཚོས་སྐྱའི་ཆོས་རྒྱུད་མི་རྒྱུད་སྔོན་མ་ཚོའི་ཆོས་རྒྱུད་རྙིང་མ་ཡིན་པས་ན། དེ་ལ་ཡབ་ཆོས་ཞེས་བརྗོད་པ་ནང་བཞིན། བོན་པོ་ནི་ཁྱེད་ཚོ་དགའ་རུང་མ་དགའ་རུང་ཡབ་ཀྱི་ཆོས་ལུགས་ཡིན་པས། ཕ་ཙན་དན་གྱི་ཤིང་ལ། བུ་ཆུ་ཤིང་རུལ་པ་མིན་ན། འདི་ལྟར་བཤད་ཕོད་དམ། ཤེས་བཞིན་དུ་འདི་ལྟར་སྨོད་ན་བུ་ཆུ་ཤིང་རུལ་པ་ཡིན་པར་ཤེས་དགོས།
ད་དུང་ལོ་རྒྱུས་ཁ་གསལ་དུ་གཏང་ཆོག ཡིད་མ་ཆེས་ན་འདི་དག་ཀྱང་ཁྱེད་ཚོས་ཁས་ལེན་དགོས་པ་དང་ཁྱེད་རང་ཚོའི་ལོ་རྒྱུས་ནང་དུ་གསལ་བས་ན་བཀོད་པ་ཡིན།
སྟོན་པ་ཤཀྱ་ཐུབ་པས།
གང་དག་སངས་རྒྱས་ཀྱི་ཆོས་རྣམས་ལ་རྗེས་སུ་ཆགས་པའང་མེད་ལ།
མུ་སྟེགས་ཅན་གྱི་ཆོས་ལ་ཁོང་ཁྲོ་བའང་མ་མཆིས་པ་དེ་དག་དམ་པའི་ཆོས་ཡོངས་སུ་འཛིན་པའོ། གང་དག་ཆོས་ཐམས་ཅད་ལ་དབང་བསྒྱུར་ཡང་ཆོས་དང་ཆོས་མ་ལགས་པའི་འདུ་ཤེས་ལ་མི་སྤྱོད་པ་དེ་དག་དམ་པའི་ཆོས་ཡོངས་སུ་འཛིན་པའོ།
བདེ་མཆོག་རྩ་རྒྱུད་ལས།
སེམས་ཅན་མོས་པ་བསམ་མི་ཁྱབ།
སངས་རྒྱས་རོལ་པ་བསམ་མི་ཁྱབ།
རང་གི་གཞུང་དང་མ་མཐུན་ཡང།
སྨད་ཅིང་སྤང་བར་མི་བྱ་སྟེ།
ནམ་ཞིག་གོ་བར་སྨོན་ལམ་ཐོབ།
སློབ་དཔོན་པདྨ་འབྱུང་གནས་ཀྱིས།
སྔོན་ཚེ་བསྐལ་བཟང་སངས་རྒྱས་ཐམས་ཅད་དང།
ད་ལྟའི་སྟོན་པའི་སྐུ་གསུང་ཐུགས་ཀྱི་བསྟན།
ཇི་གསུངས་ཐམས་ཅད་འགྲོ་དོན་ཡིན་པའི་ཕྱིར།
བོན་དང་ཆོས་ཞེས་དབྱེ་བ་ག་ལ་ཡོད།
སྙོམས་པར་མི་འཇོག་ཕྲག་དོག་རྩོད་པ་འདི།
མཐའ་ཕུག་བོད་ཡུལ་ཕུང་བའི་གཞི་རུ་འགྲོ།
དེ་ཕྱིར་བོན་ཆོས་མ་རྩོད་རང་སར་ཞོགས།
རྒྱལ་དབང་ལྔ་པས།
སྐུ་ལྷ་གྱེར་འཛོམ་ལྷའུ་གཡང་དཀར་དང།
བོད་ཀྱི་མིའུ་གདུང་དྲུག་ཟོ་དོར་ལྷ།
ཐུགས་དཀར་སུམ་བརྒྱ་དྲུག་ཅུ་ལ་སོགས་པའི།
མདོར་ན་གཡུང་དྲུང་བོན་གྱི་ལྷ་རྣམས་བསང།
སྡེ་སྲིད་སངས་རྒྱས་རྒྱ་མཚོས།
ཞང་ཞུང་ཡུལ་དུ་བོན་འདུལ་བར།
དགོངས་ཏེ་གཤེན་རབ་མི་བོར་སྤྲུལ།
བོན་གྱི་མཛད་པ་བཅུ་གཉིས་བསྐྱངས།
ཐེག་པ་རིམ་པ་དགུ་རུ་གསུངས།
གསོན་པོ་རྣམས་ཀྱི་དུར་སྒོ་བཅད།
འགྲོ་རྣམས་གཡུང་དྲུང་ས་ལ་བཀོད།
འབྲོམ་སྟོན་པའི་སྐུ་ཕྲེང་རྒྱལ་བུ་བློ་གྲོས་འཕེལ་གྱིས།
རྒྱ་གར་ནང་པའི་བློ་ངོ་རུ།
ང་ནི་མགོན་པོ་སྤྱན་རས་གཟིགས།
བློ་གྲོས་འཕེལ་ཞེས་འབོད་པར་བྱེད།
བོན་པོ་གཤེན་ལྷ་འོད་དཀར་ཞེས།
ད་ལྟ་ལྕགས་འབར་བུ་རུ་འདོད།
ཕྱི་མ་དབང་ཕྱུག་ཆེན་པོ་ཞེས།
ཆོས་ཀྱང་དེ་དང་མཚུངས་པར་སྨྲ།
ཐུའུ་བཀན་གྱིས།
བོད་ཡུལ་མུན་པར་དམ་ཆོས་ཉི་མའི་འོད།
འཆར་བའི་ལམ་བཟང་་འཆའ་བར་གཤེན་ལུགས་ཀྱི།
སྐྱ་རེངས་ཕོ་ཉ་སྔོན་དུ་འོང་པ་ལ།
བོན་ཞེས་གྲགས།
ཤར་སྐལ་ལྡན་རྒྱ་མཚོས།
གཞན་ཆོས་ལུགས་གྲུབ་མཐའ་སྣ་ཚོགས་ལ
ཡིད་གཡོ་བའི་དད་པ་སྐྱེས་ན་རབ།
དེ་མིན་ཀྱང་དག་སྣང་སྦྱོང་བ་དང།
དོན་མེད་པར་མི་སྨོད་དམ་བཅའ་ཡིན།
འདི་ཡི་ཆེད་དུ་བྱ་བའི་གདུལ་བྱ་དེ། ལས་ངན་པ་བསགས་པའི་ཀརྨ་ཡེ་ཤེས་དང་མེ་ཏོག་དཀར་པོ།
རྫ་ཕྲུག་ལས་སོགས་ཡིན་ད༵།
ད་ལུང་འདྲེན་དུས་འདི་འདྲ་འདྲེན་དགོས་པ་རེད།
ཧཧཧ་ལ་སྟོད་ལགས། དྲངས་དོན་དང་ངེས་དོན་གྱི་དབྱེ་བ་ཙམ་ཡང་ཕྱེ་མི་ཤེས་པར་ཐམས་ཅད་བོན་པོས་རྒྱབ་རྩར་འཐེན་པའི་རིག་པ་འདི་ལ། དུང་ཕྱུར་བདུན་ཅུ་པོ་དུས་གཅིག་དུ་གཞད་གད་ཤོར་ས་རེད། ཧཧཧཧ།
ལ་སྟོད་བུས་བསམ་བཞིན་དུ་ཁོ་བོ་ཁ་བཏད་དུ་སློང་གིན་འདུག ང་གཉིས་སྒེར་ནད་འདྲ་ནི་ཡོང་དོན་མེད་དེ་ཕན་ཚུན་ངོ་མི་ཤེས་པས་སོ།། ས་གནས་འདི་ན་ཁྱོད་ཀྱིས་ནང་པའི་གྲུབ་མཐའ་བཞི་ལ་ཁ་མདོག་མི་འདྲ་བ་བཞིས་ཕྱེ་འདུག་པར་བོན་པོ་ཆད་སྐྱོན་དུ་མཐོང་ནས་ཨ་རུབ་འབའ་རུབ་བྱས་ཏེ་བོན་པོར་ཁ་དོག་ཅིག་ཕུལ་བར་སྙིང་ལ་ཕོག་པ་འདྲ།
དེ་འོག་ངས་སྤྱིར་བཏང་བ་ལས་གཞན་ལས་ངན་ཟེར་དགོས་པའི་ལས་ཀ་ཅང་བྱས་མེད་དྲན།
སྤྱིར་བོན་པ་ཚོ་གོང་དུ་བོན་པོས་གསུངས་པ་བཞིན།
།།བོད་བོད་ཡུལ་ན་སྐྱིད། རྒྱ་རྒྱ་ཡུལ་ན་སྐྱིད། །།བོན་བོན་ཡུལ་ན་སྐྱིད། བན་བན་ཡུལ་ན་སྐྱིད། །ཅེས་པ་བོན་ཡུལ་ཕེབས་ནས་བོན་བསྟན་འཛིན་སྐྱོང་སྤེལ་གསུམ་གནང་ན་དགའ་བསུ་ཡོད། དེ་འདྲ་བྱས་ན་ང་ཚོ་འཐབ་མི་དགོས་ཏེ། ཁ་ཆེ་དང་ནང་པ་བཞིན་ནོ།།
བོད་བོན་རྒྱལ་ལོ།།
སྒྲའི་བསྟན་བཅོས་སུམ་ཅུ་པ་དང་རྟགས་འཇུག་གཉིས་ཀྱང་ཐོན་མིས་མཛད་པ་མ་
ཡིན་པར། ཕྱིས་ཀྱི་ལོ་ཙཱ་སྙན་གྲགས་ཅན་ཞིག་གིས་མཛད་པ་ཡིན་ཞེས་ཟེར་བ་དེ་ནི།
སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་སུམ་ཅུ་བ་དང་དེ་མིན་མཁས་པ་གཞན་དང་གཞན་གྱིས་མཛད་པའི་བརྡ་སྤྲོད་ཀྱི་བསྟན་བཅོས་ཀྱི་ཁ་བྱང་ལ་སུམ་ཅུ་བ་ཟེར་བ་མང་པོར་བདའ་བས། དཀྲོག་གཏམ་ལ་དགའ་བ་རྣམས་ཀྱིས་བསམ་བཟོས་ནས་མཚན་བྱང་གཅིག་པ་འདྲ་བ་དེ་རིགས་ཁྱེར་ནས་གཏོར་བཤིག་གཏོང་གི་བསླེབས་པ་རེད། བརྡ་སྤྲོད་པའི་རྩ་བ་སུམ་བཅུ་བའི་མགོར་རྒྱ་གར་སྐད་དང་མཆོད་བརྗོད་དང་། ཕྲད་དང་རྣམ་དབྱེ་འཇུག་ཚུལ་རྒྱ་གར་གྱི་སྒྲའི་བསྟན་བཅོས་རྣམས་ལ་དཔེར་མཛད་པ་དང་། རྒྱ་གར་གྱི་དབྱངས་གསལ་གྱི་འགྲོས་དང་མཐུན་པར་ཀཱ་ལི་ནི་ཀ་ཕྲེང་དང་ཨཱ་ལི་ནི་ཨ་ཕྲེང་སྟེ་དབྱངས་གསལ་གྱི་རྣམ་དབྱེ་མཛད་པ་འདི་རིགས་གནའ་བོའི་ཡིག་རྒན་ཞང་ཡིག་སོགས་ལ་མེད་པ་དང་མཇུག་གི་མཛད་བྱང་ལ་སློབ་དཔོན་ཨ་ནུས་མཛད་པ་རྫོགས་སོ་ཞེས་པ་སོགས་བརྡ་སྤྲོད་པའི་རྩ་བ་སུམ་ཅུ་བ་དང་རྟགས་ཀྱི་འཇུག་པ་གཉིས་སློབ་དཔོན་ཐོན་མིས་མཛད་པ་ཡོངས་གྲགས་ལྟར་རེད། རྙིང་མའི་སྤྲུལ་སྐུ་ཉི་མ་རྒྱལ་མཚན་ཟེར་བ་ཞིག་གིས་ལེགས་བཤད་གསེར་ཕྲེང་རྒྱལ་བ་ཀློང་ཆེན་པས་མཛད་པ་ཡིན་ཟེར་བ་ལྟ་བུ་རེད། མཐོང་རྒྱ་ཐོས་རྒྱ་མེད་པ་དེ་རིགས་ཕལ་ཆེ་བས་མཚན་བྱང་ལ་འཁྲུལ་ནས་ལེགས་བཤད་གསེར་ཕྲེང་ཡིན་ཚད་རྒྱལ་བ་ཀློང་ཆེན་པའི་ཡིན་སྙམ་པ་ལྟ་བུ་རེད། སྨྲ་བ་ལ་དགའ་བ་རྣམས་ཀྱི་ཁ་ལ་ཅི་ཡང་འབྱུང་སྲིད་པས་རྟགས་དང་གཏན་ཚིགས་འགོད་པའི་ཚེ། འདྲེ་ཤར་སྒོར་གནས་པ་ལ་ཀླུད་ནུབ་གཏོང་བ་དང་གཅིག་པ་རེད།
༩༠༽ BONPO ནས།
སྤྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༧ གི་ཆུ་ཚོད་ ༡༩ སྐར་མ་ ༥༨
།།བོད་བོད་ཡུལ་ན་སྐྱིད། རྒྱ་རྒྱ་ཡུལ་ན་སྐྱིད། །།བོན་བོན་ཡུལ་ན་སྐྱིད། བན་བན་ཡུལ་ན་སྐྱིད། །
འདི་ལ་རྒྱབ་སྐྱོར་༡༠༠% ཡོད། I support this comment
༨ བན་དེས་བྲིས་པའི་ལོ་རྒྱུས་ནང་། སྲོང་བཙན་ཚུན་མ་གཏོགས་མང་པོ་འབྲི་རྒྱུ་མེད་པ་དང་། བོན་གྱི་ལོ་རྒྱུས་ཁག་ནང་། གཉའ་ཁྲི་བཙན་པོའི་སྐབས་ནས་བོན་གྱི་ཤེས་པ་ཅན་བཅུ་གཉིས་བྱུང་ཚུལ། ལྷག་པར་དུ། མུ་ཁྲི་བཙན་པོས་བསླབ་པའི་དོན་གོ བསྒྲུབས་པའི་དོན་གྲུབ། བསྒོམས་པའི་དོན་རྟོགས་ནས་སྟག་གཟིག་ལ་སོགས་འཛམ་བུ་གླིང་གི་ལོ་ཙྰ་བསྒྱུར་བ། ཞང་ཞུང་ནས་མཁས་པ་ཆེན་པོ་བརྒྱ་དང་བརྒྱད་གདན་དྲངས་པ། བོད་དུ་བོན་གྱི་འདུ་གནས་སུམ་ཅུ་རྩ་བདུན་བཙུགས་པ། དེ་རེ་རེ་བཞིན་མིང་འདྲེན་རྒྱུ་ཡོད་པ། གཉའ་ཁྲི་བཙན་པོ་མན་ཆད་ནས་གནམ་རི་སྲོང་བཙན་ཡན་ཆད་དུ། ཆབ་སྲིད་འཛིན་པའི་རྒྱལ་པོ་རེ། ཐར་ལམ་འདྲེན་པའི་སྐུ་གཤེན་རེ། སྐད་ཡིག་བསྒྱུར་བའི་ལོ་པཎ་རེ། བྱ་ཐབས་གསུང་རབ་རེ་རེ་བཞག་ཚུལ། ཞང་ཞུང་སྟོང་རྒྱུད་མཐུ་ཆེན་དང་བོད་ཤ་རི་དབུ་ཆེན་གཉིས་ཀྱིས་ཡུལ་བོད་དང་ཞང་ཞུང་གི་རུ་མཚམས་བྱེ་མ་གཡུང་དྲུང་ཆུ་མིག་བརྒྱད་ཅུ་རྩ་གཉིས་ཀྱི་མགོ་བོར་གཤེན་རབ་མི་བོའི་བཀའ་གཞུང་། བོད་དང་ཞང་ཞུང་གི་ཚིག་གི་ཚོམ་བསྡེབས་ནས་སྣང་སྲིད་གཏན་ལ་ཕབ་ཚུལ། སྟོང་རྒྱུད་ཀྱིས་བོད་ཤ་རི་ལ་བོན་ཁྲི་སྡེ་བཤད་ཅིང་བསྒྱུར་ཚུལ། གྲུབ་པ་མངོན་དུ་ཐོབ་པའི་གཤེན་པོ་དགུ ཞང་བོད་སྒྲ་སྐད་བསྒྱུར་བའི་ལོ་ཙྰ་དགུ མཁས་པ་མི་དགུ་སོགས་བྱོན་པའི་བྱུང་རབས་མང་པོ་བྲིས་འདུག་པ་འདི་ཅི་རེད། འདི་དག་རྫུན་རེད་དམ། དེ་ཡིན་ན་གནའ་བོའི་རྡོ་རིང་དེ་ཚོ་མ་གཏོགས་བོད་ཀྱི་ལོ་རྒྱུས་ཕལ་ཆེ་བ་རྫུན་མ་ཆགས་མི་འགྲོའམ།
ལུང་རིག་སོ་མེད་རལ་གྲིའི་ཁ། །
གཅིག་གིས་གཅིག་ལ་གཏོད་པ་ལས། །
ཚད་ལྡན་མཁས་པའི་དཔྱད་གསུམ་ལ། །
གུས་པས་འཇུག་པར་ཡ་རབས་ལུགས། །
ལོ་ངོ་བརྒྱ་ཕྲག་སོང་བ་ཡི། །
གཞུང་ལུགས་ཕལ་ཆེར་ཚད་ལྡན་གྱི། །
ལུང་དང་བཤད་སྲོལ་མ་བསྟེན་པར། །
རང་གར་སྨྲ་བ་ངལ་བའི་གནས། །
བདག་ནི་སངས་རྒྱས་མཆོག་མི་འཛིན།།
སེར་སྐྱ་ལ་སོགས་མི་སྡང་ལ།།
གང་ཞིག་རིགས་པར་ལྡན་པ་ན།།
དེ་ཉིད་ལ་ནི་སྟོན་པར་འཛིན། ཞེས་དང་།
ཡང་སློབ་དཔོན་ཆེན་པོ་དཔའ་བོ་འམ་དེའི་སྔར་གྱི་མཚན་མུ་སྟེགས་རྟ་དབྱངས་ཞེས་བྱ་བའི་ངེས་པ་དོན་གྱི་པཎྜིཏའི་ཞལ་སྔ་ནས།།
མུ་སྟེགས་གཞན་གྱི་གཞུང་ལུགས་ལ།།
ཇི་ལྟ་ཇི་ལྟར་རྣམས་བསམ་པ།།
དེ་ལྟ་དེ་ལྟར་མགོན་ཁྱོད་ལ།།
བདག་གི་བློ་ནི་དད་པར་གྱུར།།
ཞེས་བསྔགས་འོས་བསྔགས་པ་རུ་ཇི་ལྟར་བཀའ་སྩལ་གནང་བར་ཞིག་ན་སྔར་
བོན་གྱི་ཆོས་ལུགས་འཛིན་པའི་བོན་རྒན་ཞིག་ཕྱིས་སུ་དེའི་ལྟ་གྲུབ་ལ་འགལ་འདུ་འམ་སྐྱོན་དུ་མཐོང་ནས་ཡིད་མ་རངས་པར་ནང་པར་གྱུར་པ་ནི་ཁོང་རང་སྒེར་གྱི་གཟི་བརྗིད་ཙམ་དུ་མ་ཟད་ནང་པའི་ཆོས་ཀྱི་གཟི་བརྗིད་ཀྱང་ཡིན་པས་ཁྱེད་ཀྱི་ལུང་དེས་གནོད་ཚབ་
གང་ཡང་མེད་ཅིང་བློ་གཟུ་བོར་གནས་པའི་གཏམ་དུ་ཟད་དོ་སྙམ་མོ།
དྲ་གྲོགས་ཚོ་བན་བོན་མ་རྩོད། མཐུན་སྒྲིལ་གྱིས། རང་གི་མི་རིགས་འདི་ལ་སྐུབ་འཛུགས་ས་མེད་པར་ཆགས་ནས་འཛམ་གླིང་ཤར་ནུབ་ཀུན་ལ་ཡུལ་གྱར་དུ་གྱུར་དགོས་པའི་གནད་དེ་ཐུགས་ལ་བཟུང་། དཔེར་ན་རྒྱ་བལ་མཚམས་ནས་ལག་འཁྱེར་མེད་པའི་བོད་རིགས་ཚོས་དཀའ་སྡུག་མྱོང་བཞིན་པ་འདི་གཅིག་བུ་ལ་གཟིགས་དང་། ནང་ཁུལ་ལ་རྩོད་རེས་རྒྱག་པའི་དུས་མ་རེད། གཞིས་ལུས་དཔའ་བོ་ཚོའི་སྙིང་སྟོབས་ལ་ལྟོས་དང་། ཁོང་ཚོ་གང་གི་ཆེད་དུ་རེད། དགོངས་པ་བཞེས་རོགས་གནང་།
དྲང་པོར་བཤད་ན་དུས་རབས་བཅུ་པ་ཡན་ལ་གང་ཞིག་ཡོད་མེད་ཀྱི་ལོ་རྒྱུས་ཟེར་ན་མི་འདུག ཡི་གེའི་ཁུངས་བཤད་དུས་ཞང་ཞུང་གི་སྨར་ཡིག་གིས་བྲིས་པའི་ཡིག་ཆ་གཅིག་ཀྱང་མཐོང་རྒྱུ་མེད་ཚུལ་ཁར་སང་མཁར་རྨེའུ་བསམ་གཏན་ལགས་ཀྱི་གསུང་འདུག་ག གཏེར་མ་ཟེར་ཡ་གི་ཡིག་ཆ་དེ་ཚོས་ལོ་རྒྱུས་ཀྱི་ཁུངས་ཞེ་དྲགས་འཁྱོལ་གི་མ་རེད། ཁྲི་སྲོང་ལྡེའུ་བཙན་གྱི་དུས་ཚོད་ལ་རྙིང་མའི་གཏེར་ཆོས་ཁ་ཤས་ནང་ན་སྔོན་མ་བོན་ཟེར་ཡ་གི་ཞེད་པོ་ཞིག་ཡོད་ཚུལ་འདྲ་པོ་འདུག་སྟེ་གཏེར་མ་ལོ་རྒྱུས་ཀྱི་ཁུངས་སུ་དྲངས་མ་ཆོག་པ་ཞིག་ཡིན་དུས་དེ་ཚོས་ཁུངས་འཁྱོལ་གི་མ་རེད། སྟོན་པ་གཤེན་རབས་ལོ་རྒན་པོ་མ་ཆགས་གོང་ལ་བུ་དང་བུ་མོ་འདྲ་པོ་ཡོད་ཚུལ་འདུག་སྟེ་དེ་ཚོའི་གདུང་རྒྱུད་བོད་ལ་བྱུང་ཚུལ་དེ་འདྲ་བོན་གྱི་བསྟན་འབྱུང་སྔོན་མ་ཚོར་བྲིས་མི་འདུག བྱས་ན་སྟོན་པ་གཤེན་རབས་ཟེར་ཡ་དེ་གཞིས་ཀ་རྩེ་ཡི་མི་ཞིག་མིན་འགྲོ། དུས་རབས་བཅུ་པ་ཡས་མས་སུ་པཎཌི་ཏ་ཤམ་ཐབས་སྔོན་པོ་ཅན་ཟེར་ཡ་འདྲ་པོ་གི་གོས་ཁ་ཏོག་སྔོན་པོ་གྱོན་མཁན་དེ་འདྲའི་ཆོས་ལོག་མཁན་དེ་འདྲ་བོད་ལ་ཡོད་ཚུལ་འདུག དེ་སྐབས་ཤིག་ནས་ཡང་བསྐྱར་བོད་ལ་ཆོས་ལོག་དེ་འདྲ་ཡར་བསྲེ་མར་བསྲེ་དང་ཕར་སྣོན་ཚུར་སྣོན་བྱས་ནས་དར་ཡོང་བ་འདྲ། བོད་གནའ་བོའི་སྲོལ་རྒྱུན་གྱི་ཆོས་དེ་ལས་ནམ་མཁའ་རྩ་ཆེན་དུ་འཛིན་པས་བཙན་པོའི་འབྱུང་ཁུངས་ནམ་མཁའ་ཡིན་སོགས་ཟེར་སྲོལ་ཡོད་འདུག དེ་ཡིན་དུས་སྔོན་པོས་ནམ་མཁའི་ཁ་ཏོག་མཚོན་པ་ཡིན་པས་པཎ་ཌི་ཏ་ཤམ་ཐབས་སྔོན་པོ་ཅན་ཟེར་ཡ་དེ་ཡང་བོད་ཀྱི་གནའ་བོའི་སྲོལ་རྒྱུན་གྱི་ཆོས་ལ་ཞེན་པ་དང་དེ་ལ་རྒྱ་གར་ནས་དར་བའི་སྔགས་མ་རྒྱུད་སོགས་བསྲེ་བསྲེ་འདྲ་པོ་ཞིག་བྱེད་མཁན་ཡིན་པ་འདྲ། གང་ཡིན་ཟེར་ན་ནང་པ་སངས་རྒྱས་པའི་ཆོས་ལུགས་དེ་འཛམ་གླིང་གང་སར་དར་ནས་ཤམ་ཐབས་སོགས་གོས་ཀྱི་ཁ་ཏོག་འདྲ་མིན་མང་པོ་མནབ་སྲོལ་འདུག་མོད་ཤམ་ཐབས་སྔོན་པོ་གྱོན་སྲོལ་ཡོད་པ་ཕར་ཞོག་ཐ་ན་གོས་སྔོན་པོ་གྱོན་མཁན་གཏན་ནས་མི་འདུག དེ་འདྲ་ཞིག་སྔོན་མ་བོད་རིག་པའི་འཚོགས་འདུས་སྒང་ལ་ཡང་བཤད་མཁན་འདུག དགེ་འདུན་ཆོས་འཕེལ་གྱིས་བན་དེས་དམར་མཆོད་གཏོང་ཚུལ་བྲིས་ཡོད་པ་དེ་བན་བོན་གྱི་ཟླས་ཕྱེས་བའི་བན་དེ་ཡིན་མིན་མི་ཤེས། ཆོས་བྱེད་མི་སྣ་ལྟ་བུ་ཞིག་ལ་ཟེར་གྱིན་ཡོད་པ་རེད། བོད་མི་ཚོ་སྲོལ་རྒྱུན་གྱི་ཆོས་ལ་དད་ཞེན་ཆེ་དྲགས་ནས་ཐོག་མའི་ཆར་བོད་ཀྱི་ནང་ཆོས་མཁན་ཚོའི་ནང་ལ་དམར་མཆོད་ཀྱི་སྲོལ་དེ་ད་དུང་ལུས་ཡོད་པ་ཡིན་ཡང་སྲིད་པ་རེད། དཔེར་ན་ཁྲི་རལ་པ་ཅན་ཆོས་རྒྱལ་ཞེད་པོ་ཡིན་ཚུལ་ཡོད་ཀྱང་ཁོང་གིས་གཞུང་དེས་ད་དུང་ཡང་སྔར་ཡོད་སྲོལ་རྒྱུན་གྱི་ཆོས་ལུགས་འདྲ་པོ་ཉི་ཟླ་སྐར་གསུམ་ལ་མཆོད་ནས་དམར་མཆོད་གཏོང་གི་ཡོད་པ་གསལ་པོ་རེད། མ་གཞི་དགེ་འདུན་ཆོས་འཕེལ་ལགས་ཀྱི་ལོ་རྒྱུས་དེ་ཡིག་རྙིང་འདྲ་མིན་དུས་ཡིག་རྙིང་གི་ཁུངས་དང་བསྟུན་ནས་མིང་ཚིག་གི་གོ་དོན་ཚུན་ཆོད་ལ་དབྱེ་བསལ་འདོར་ལེན་མང་པོ་དགོས་པ་གསལ་པོ་རེད། ཤ་གཟུགས་ཟ་རྐྱང་བྱེད་མཁན་དེས་ལོ་རྒྱུས་ཀློག་ཤེས་ཀྱིན་མེད་པ་རེད།
ཟ་རྒྱུའི་ཆེད་དུ་བསད་པ་དེ་ལ་འཚེ་བ་ཆོས་སུ་སྨྲ་བ་ལབ་གི་མ་རེད། འཇིག་རྟེན་མི་ཡུལ་ལ་འདུག་དགོས་དུས་འཚེ་བ་མ་བྱས་ན་ཟ་རྒྱུ་རག་གི་མ་རེད་པ། གསོན་པོའི་རིམ་གྲོ་དང་གཤིན་པོ་ཐར་བ་ཐོབ་པའི་ཆེད་དུ་གསོད་མཁན་ལ་འཚེ་བ་ཆོས་སུ་སྨྲ་བ་ལབ་གི་རེད། ངས་གོས་ཁ་ཏོག་སྔོན་པོ་འདུལ་བ་ལས་གནང་ཡོད་མེད་ལབ་གི་མེད། ཤམ་ཐབ་སྔོན་པོ་གྱོན་མཁན་ནང་པ་དར་བའི་ཡུལ་ལུང་གཞན་ན་མེད་པ་ཙམ་མ་ཟད་མ་གཞི་གོས་སྔོན་པོ་གྱོན་མཁན་ཞིག་མི་འདུག བྱས་ཙང་པཎ་ཌི་ཏ་ཤམ་ཐབས་སྔོན་པོ་ཅན་ཟེར་ཡ་འདི་བོད་རང་གི་སྲོག་རྒྱུན་ཆོས་ལུགས་བཞིན་གནམ་ལ་རྩིས་མཐོང་ཆེན་པོ་བྱེད་མཁན་ཞིག་ཡིན་པ་འདྲ་ཞེས་བཤད་པ་ཡིན། ཁ་ཏོག་སྔོན་པོ་དེས་ནམ་མཁའ་མཚོན་གྱིན་ཡོད་རེད་པ། སྐབས་དེ་ཤེད་ཅིག་ནས་གཤེན་ཀླུ་དགའ་ཟེར་བ་ལྟ་བུའི་མིའི་གཟུགས་སུ་ཡོད་པའི་བོན་པོ་ཚོ་ཡང་བྱུང་མགོ་ཚུགས་འདུག ནང་པ་སངས་རྒྱས་པའི་ངོས་ནས་གནམ་དེ་གལ་ཆེན་ལ་བརྩིས་ཡོད་པ་མེད་ན་ཡང་བོད་རང་གི་གནའ་བོའི་སྲོལ་རྒྱུན་ལ་འདུག སྔོན་མའི་དུས་སུ་གནམ་ལྷ་བབ་ཀྱི་རྒྱལ་པོ། ས་ལྷུན་གྲུབ་ཀྱི་བདག་པོ་ཟེར་ནས་བཙན་པོའི་གདུང་རིགས་ཐོག་མར་ནམ་མཁའ་ལས་བབ་པར་བཤད་པ་དང་། བཙན་པོ་ཚོ་འདས་པའི་སྐབས་སུ་ཡང་དམུ་ཐག་ཟེར་བ་ཞིག་ལ་འཇུས་ནས་ནམ་མཁར་གཤེགས་ཚུལ་སོགས་གདོད་མའི་རྨོངས་དད་ཆོས་ལུགས་གཞན་པ་བཞིན་གནམ་ལ་གུས་བརྩི་བྱེད་སྲོལ་ཡོད་འདུག རྗེས་སུ་རྒྱ་ནག་གོང་མ་རིམ་བྱོན་དང་མཆོད་ཡོན་གྱི་འབྲེལ་བ་བྱུང་རྗེས་སུ་ཡང་གནམ་བསྐོས་གོང་མ་ཞེས་ཆེ་བསྟོད་སོགས་མཛད་པ་སོགས་གནམ་ལ་གུས་བཀུར་བྱེད་སྲོལ་དེ་ཡང་གདོད་མའི་བོད་ཀྱི་ཆོས་ལུགས་ཀྱི་ལྟ་ཚུལ་ཞིག་ཡིན་ངེས་རེད། བྱས་ཙང་པཎ་དི་ཏ་ཤམ་ཐབ་སྔོན་པོ་ཅན་ཟེར་བའི་ཆོས་ལོག་མཁན་དེ་ཡང་བོད་རང་གི་སྲོལ་རྒྱུན་ཆོས་ལུགས་ཀྱི་རྒྱུན་འཛིན་པ་ཞིག་དང་ཁོས་བོད་ཀྱི་བཙན་པོས་བཀག་ཡོད་པའི་སྔགས་མ་རྒྱུད་དང་བསྲེ་སྦྱོར་བྱས་ནས་འཚེ་བ་ཅན་གྱི་ཆོས་ལུགས་ལྟ་བུ་ཞིག་གསར་བཏོད་བྱས་ཡོད་པ་འདྲ་ཞེས་བཤད་པ་ཡིན།
ཁ་ཆེའི་ཆོས་དང་ཡེ་ཤུའི་ཆོས་ལུགས་གཉིས་ཆར་ནི་འབྱུང་ཁུངས་གསལ་བོ་ཡོད་པའི་ཆོས་ལུགས་རླབས་ཆེན་དེ་འདྲ་ཡིན་པ་དང་ལྷག་པར་ཡང་མིའི་ཤེས་རིག་དར་རྒྱས་བྱུང་རྗེས་ཀྱི་ཆོས་ལུགས་ཡིན་ཙང་དམར་མཆོད་ཡོད་བ་མ་རེད། ཧིན་དྷི་ལབ་ཡོང་དུས་ཆོས་ལུགས་གཅིག་མ་རེད། རྒྱ་གར་གྱི་ལྟ་གྲུབ་འདྲ་མི་འདྲ་མི་འདྲ་ལུང་བ་གང་གི་བསྡུས་མིང་ལྟ་བུ་ཞིག་ཡིན་དུས་དམར་མཆོད་ཡོད་མེད་གཉིས་ཆར་འདུག སིག་གི་ཆོས་ལུགས་ལ་ཡང་དམར་མཆོད་ཡོད་པ་མ་རེད། དམར་མཆོད་ཅན་གྱི་ཆོས་ལུགས་དེ་ཚོ་མིའི་ཤེས་རིག་མ་དར་གོང་ནས་དར་ཡོང་བའི་ཆོས་ལུགས་དེ་འདྲ་རེད། ད་ནས་ཡར་བརྩིས་པའི་ལོ་མི་ལོ་ཉིས་སྟོང་ནས་སུམ་སྟོང་ཙམ་གྱི་བར་ལ་འཛམ་བུ་གླིང་གི་མི་དེ་ཚོའི་ཤེས་རིག་ཡར་རྒྱས་ལ་འགྱུར་བ་དང་གོང་འཕེལ་ཆེན་པོ་ཞེ་དྲགས་ཐེངས་གཅིག་བྱུང་བ་རེད། དེ་ཆོས་ལུགས་གཅིག་པོའི་སྐད་ཆ་མ་རེད། ཆབ་སྲིད་ཀྱི་ཕྱོགས་ནས་ཀྱང་རེད། ནང་པ་སངས་རྒྱས་པའི་ཆོས་ལུགས་འདི་ནི་དེ་ལྟ་བུའི་མིའི་ཤེས་རིག་གི་འགྱུར་ལྡོག་ཆེན་པོ་དེའི་ཁྲོད་ཀྱི་འོད་སྟོང་འབར་བའི་མེ་ཏོག་གཅིག་རེད། མེ་ཏོག་དེ་ད་དུང་ཡང་བཞད་བསྡད་ཡོད་པ་རེད།
སྟོན་པ་གཤེན་རབ་ཀྱི་རྣམ་ཐར་ཟེར་བ་དེ་ཀློག་ཡོང་དུས་ཁྱབ་འཇུག་དང་། དབང་ཕྱུག་དང་། དྲག་པོ་ཟེར་བ་དེ་ཚོ་ཅི་གང་ཡང་རེད་མི་འདུག་ག་སྙམ་པ་ཞིག་རེད་འདུག སྟོན་པ་གཤེན་རབ་འདི་དེང་རབས་ལོ་རྒྱུས་སྨྲ་མཁན་ཞིག་གི་ཤོག་སྙུག་བར་དུ་ལྷུང་སོང་ན་ཕལ་ཆེར་འདོད་ཆགས་ཞེ་སྡང་གཏི་མུག་གི་རྐྱལ་བ་འདྲ་ཞིག་རེད་ཅེས་བརྗོད་ས་རེད། སྟོན་པ་གཤེན་རབ་ཀྱིས་མི་བསད་དང་བསད། སྔོན་མ་བོན་གྱི་གདན་ས་ཁྱུང་མོ་དགོན་ཟེར་ས་དེ་ན་སྟོན་པ་གཤེན་རབ་ཀྱི་བདུད་འདུལ་བྱེད་རེད་ཟེར་བའི་རྡོ་འཇོང་མོ་མཛུབ་མོའི་རྗེས་ཡོད་མཁན་ཞིག་ཀྱང་ཡོད་ལུགས་བོན་དགོན་དེའི་ལོ་རྒྱུས་སུ་བཀོད་འདུག མ་གཞི་གཤེན་རབ་ཀོང་པོ་ཁོགས་ལ་བྱོན་ཚུལ་ལ་བསམ་བློ་ཞིག་ཐོངས་དང་།
མ་གཞི་ངས་ཤེས་འདོད་ཡོད་པ་དེ་ཁོང་ཡག་པོ་རེད་འདུག་དང་སྡུག་པོ་རེད་འདུག་ཟེར་བ་དེ་གཏན་ནས་མིན། ངས་ཤེས་འདོད་པ་དེ་ངོ་མ་གཤེན་རབ་མི་བོ་ཟེར་བའི་མི་ཞིག་འཛམ་གླིང་འདི་ལ་བྱོན་མྱོང་ཡོད་མེད་དེ་རེད། གལ་སྲིད་བྱུང་མྱོང་ཡོད་ན་ས་ཆ་གང་ཞིག་ལ་བྱོན་པ་རེད། དུས་ནམ་ཞིག་ལ་བྱོན་པ་རེད། ཚུལ་ཇི་ལྟ་བུ་ཞིག་རེད་ཟེར་བ་དེ་ཚོ་ཡིན།
སྟོན་པ་གཤེན་རབ་ཀྱིས་བདུད་བཏུལ་ཟེར་བ་དེ་དང་ཤཀྱཱ་ཐུབ་པའི་བདུད་བཏུལ་པའི་མཛད་པ་འདྲ་གི་མི་འདུག ཤཀྱཱ་ཐུབ་པས་རྡོ་དང་དབྱུགས་པས་བདུད་བསད་རབས་མི་འདུག ཡིན་ན་ཡང་གཤེན་རབ་ཀྱིས་རྡོ་མཇོང་ཞིག་གི་བདུད་བཏུལ་འདུག བྱས་ཙང་ངས་མི་བསད་པ་རེད་ཅེས་བཤད་པ་ཡིན། ངས་རྫུན་བཤད་པ་མིན། བོན་དགོན་ཁྱུང་མོ་གྲྭ་ཚང་ཟེར་བའི་ལོ་རྒྱུས་ནང་ན་སྟོན་པ་གཤེན་རབ་རྟའི་ར་མདར་ཀོང་པོ་ལ་ཡོང་དུས་དགྲ་གསོད་སྤྱད་ཀྱི་རྡོ་མཇོང་མཇོང་ཕྱག་མཛུབ་ཀྱི་རྗེས་ཡོད་པ་དེ་འདྲ་ཞིག་ནང་རྟེན་དུ་ཡོད་ཚུལ་བྲིས་འདུག
བན་དེ་བ་དག་གིས་ཡོད་ཚད་ཀྱི་ཁུངས་གཏུག་ས་མ་ཎི་བཀའ་འབུམ་ཟེར་བ་དེ།
སྲོང་བཙན་སྒམ་པོས་མཛད་ཅེས་བཤད་རུང།
རྒྱལ་དབང་ལྔ་པའི་སྐབས་སུ་མ་ནི་བཀའ་འབུམ་གྱི་སྐོར་ལ་ལབ་གླེང་མང་པོ་བྱུང་བ་རེད།
རྒྱལ་དབང་ལྔ་པ་དང་ཡབ་གཅིག་ཡུམ་གཅིག་ཡིན་པ། བྲག་སྒོ་རབ་འབྱམས་པ་ཕུན་ཚོགས་རྒྱ་མཚོས་མ་ཎི་བཀའའབུམ་ཟེར་བ་དེ་གཏེར་ལས་འདོན་མཁན་གུ་རུ་ཆོས་དབང་གིས་རང་གིས་བརྩམས་ནས་རང་གིས་གཏེར་བཏོན་པ་ཞིག་ཡིན་པས་རྫུན་མ་རེད་ཅེས་བཤད། རྙིང་མའི་གཏེར་སྟོན་པདྨ་གླིང་པས་ཙོང་ཁ་པ་བདུད་ཀྱི་སྤྲུལ་པ་ཡིན་པ་དང། ཙོང་ཁ་པས་ཇོ་བོ་ཤཱཀྱ་མུ་ནེར་རིན་པོ་ཆེའི་རྒྱན་ཆ་ཕུལ་སྟབས་ཉི་ཟླ་གཉིས་འདོམ་གང་ཙམ་དམའ་རུ་ཕྱིན་པ་དང། བོད་ལ་ས་གཡོམ་དང་ནད་ཡམས་མང་པོ་བྱུང་བ་རེད་ཟེར་བ་དང། ཙོང་ཁ་པ་ནི་ཤཱཀྱ་མུ་ནེའི་སྐུ་མཆེད་དགེ་སློང་ལེགས་པའི་སྐར་མ་ཟེར་བའི་སྐྱེ་བ་རེད་ཟེར་བ་སོགས་བཤད་འདུག་གཱ། ད་དེ་ཚོ་བན་བོན་གྱི་རྙོག་ཁྲ་མ་རེད་པ། རྫ་ཕྲུག་ལས་བན་དེའི་ཁ་འཛིན་ཚོས་དགོངས་པ་བཞེས་དང། འཇིག་རྟེན་གྱི་གཏམ་དཔེ་ལའང།
ཕྱི་རུ་ཞབས་བྲོ་རྒྱབ་པར། ནང་དུ་རྡོག་གྲྭ་འགྲིག་དགོས་ཟེར་བ་་ལྟ་བུ་རེད། བོན་པོར་ཁ་རུབ་དཔུང་རུབ་བྱེད་པར་དང་པོ་ནང་དུ་ལྷ་གཅིག་ལྟ་གཅིག་ལུགས་གཅིག་དགོས་པ་རེད། ད་དུང་མང་དུ་ཡོད། ངས་ཁ་སང་བན་བོན་མཉམ་གནས་ཡོང་བའི་ཆེད་དུ་ལུང་འདྲེན་ཁ་ཤས་ཤིག་ཞུས་ཡོད་དེ་ལ་ཡིད་རངས་མེད་པར་མ་ཟད། ད་དུང་དྲང་ངེས་ཀྱི་འགྲེལ་བ་བྱེད་བབས་ལ་བརྟེན་ནས་འདི་འབྲི་དགོས་བྱུང་སོང། དྲ་གྲོགས་དག་སྣང་ཅན་དང་ལྷག་བསམ་ཅན་གཟུ་བོར་གནས་པ་ཐམས་ཅད་ལ་གཉེན་པོ་སྟོབས་བཞིའི་སྒོ་ནས་མཐོལ་བཤགས་འབུལ་རྒྱུ་ཡིན། གང་ཡིན་ཟེར་ན་ངས་ཁྱེད་རྣམས་ཀྱིས་རེ་བསྐུལ་ཞུས་པ་དེ་ལ་ཏག་ཏག་གནས་མ་སོང།
ཀརྨ་ཡེ་ཤེས་ཟེར་བ་འདི་ངོ་མ་ཧ་གོ་སོང།
ཁོ་སྤོབས་པ་མཐའ་ཡས་ཟེར་མཁན་དེ་རེད་འདུག དེ་ཡི་སྔོན་དུ་ངས་ཁོ་དཔལ་དགྱེས་རེད་ཟེར་བ་དེ་མ་རེད་ཤག
སྤོབས་མཐས་སྔོན་མ་ནས་ལུང་དེ་དང་བསམ་ཚུལ་དེ་ར་ཁྱེར་ཡོང་གི་རེད། ཁོས་ཧི་མ་ལ་ཡའི་བོན་གྱི་དྲ་རྒྱར་སྐབས་རེར་མཆན་འབྲི་གི་རེད། དེ་ཡི་ནང་དུ་བོང་རྫིའི་མིང་ཁྱེར་ནས་སླེབས་ཀྱི་རེད། ཁོ་ཡོད་ས་ཨ་རིའི་མཐོ་སློབ་ཞིག་ཏུ་ཡོད་ཁོ་དགེ་ལུགས་པ་རེད། ད་དུང་སློབ་གྲྭ་དེ་ཡི་མིང་དང་ཁོ་ཡི་ལོ་རྒྱུས་ཤོད་དགོས་ན་ཁོས་བྱེད་བབས་ལ་རག་ལུས་པ་རེད། ད་དུང་གྷུ་གུལ་ནང་དུ་བརྩལ་ནས་པར་རིས་དང་བཅས་པ་འགྲེམ་དགོས་ཀྱི་འདུག་གམ
མཐུན་སྒྲིལ་བྱེད་ན་མཐུན་སྒྲིལ་བྱེད། ས་ཡ་དྲུག་གི་ད་ལྟ་དང་མ་འོངས་པ་གཉིས་ཀྱི་ཐོག་ལ་འབད་རྩོན་བྱེད། བན་བོན་སུས་ང་ཚོའི་མི་རིགས་དང་ང་ཚོའི་རིགས་གཞུང་ལ་ཕན་ཐོག་བྱུང་དང་འབྱུང་བཞིན་ཡོད་པའི་ལྷག་བསམ་ཅན་གྱི་མི་སྣ་ལ་སྔགས་བརྗོད་དང་རྒྱབ་སྐྱོར་སློབ་སྦྱོང་སོགས་བྱེད་དགོས་པ་ལས་ཕྲག་དོག་དང་དམའ་འབེབས་ངན་སྨོད་སོགས་མི་བྱེད། རང་རོགས་་གཉིས་ཀྱིས་ཁ་ཡོད་ལག་ཡོད་ཀྱི་བྱ་བ་བྱེད། མ་གཏོགས་འདས་པའི་རྣ་རོ་རྙིང་བ་ཡར་ལ་བསླང་ནས་ང་བཟང་ཁྱོན་ངན་སོགས་ཚིག་ངན་གྱིས་རྒྱག་རེས་ཁོ་ན་བྱས་བསྡད་ན། གཏམ་ངན་ལ་རྫོགས་མཐའ་དང་དྲི་ངན་ལ་རྒྱུན་ཆད་མེད་པའི་དཔེ་ནང་བཞིན་རེད། དུས་རབས་ཉེར་གཅིག་པ་ལ་མཚོན་ན། འདས་པའི་ལོ་རྒྱུས་རིང་ཐུང་ལ་རྩ་བ་ཉིད་ནས་ཐུག་མི་འདུག ཨ་རི་ལ་མཚོན་ན་མི་ལོ་བཞི་བརྒྱ་ལྷག་གཅིག་གི་ལོ་རྒྱུས་མ་གཏོགས་མེད་ཀྱང་། ད་ལྟ་འཛམ་གླིང་ན་ཚན་རྩལ་ཆོས་རིགས་ཡར་རྒྱས་ཀྱི་རྩེར་སོན་འདུག བོད་པ་ཚང་གིས་ཕ་ཆེ་རབས་མ་གཉན་རབས་རྐྱང་རྐྱང་བཤད་འདུག་གམ། ཤོག་ཡ། ཤོོག་ཡ།
རྫ་ཕྲུག་ལགས་སླེབས་ཡོད་དོ།
ད་ལན་ཁྱེད་ལ་གང་ཞིག་བྱུང་བ་ཡིན་ནམ། མཆན་བུ་དེ་གཅིག་པོ་ལ་གོ་རྒྱུ་ཞིག་འདུག ཡིན་དཱ་མི་རིགས་འཆམ་མཐུན་ཆོས་ལུགས་མཉམ་འབྲེལ་རྒྱལ་ཁབ་འཛུགས་སྐྲུན་འཛམ་གླིང་ཞི་བདེ་འཚེ་མེད་ཞི་བ། དེ་འདྲ་ཞིག་དགོས་ཀྱི་ཡོད་ན་ངེས་པར་དུ་ཕན་ཚུན་འཆམ་མཐུན་དགོས། ཁྱོད་ཀྱི་ཁ་དང་ང་ཡི་སྣ་ཟེར་ནས་བསྡད་ན་རྒྱལ་ཕམ་སུ་གཅིག་གིས་ཐག་མི་ཆོད། མཐར་གཉིས་ཀར་སྡུག་ལ་སྦྱོར་རྒྱུ་ལས་མེད། ཡིན་ནའང་ཀརྨ་ཡེ་ཤེས་སམ་སྤོབས་མཐས་ཉན་མདོག་ཁ་བོ་མ་རེད། ཁོ་རང་གིས་ཤེས་ཀྱི་རེད། ཁོ་རང་གི་རང་བཞིན་རེད། སྔར་རྒྱལ་དབང་ལྔ་པ་དང། ལྷ་སྲས་དར་མ། མཁན་ཆེན་ཞི་བ་འཚོ་ལས་སོགས་སྐོར་ལ་རྩོམས་བཀོད་པ་ནས་ཁོས་བོན་ལ་བརྙེས་བཅོས་དང་ངན་སྨོད་བྱེད་དེ་བསྡོད་ཀྱི་རེད། ད་དུང་ཞུ་བ་ཅང་མེད།
ལ་སྟོད་བུ།
སད་ན་ལེགས་ཟེར་བ་དེས་བཤད་པ་བདེན་པ་ཡིན་འདུག བོད་ནང་ན་ཨ་ལགས་བོན་རྒྱ་ཟེར་བའི་བོན་གྱི་བླ་མ་ཞིག་གིས་ནང་འཁྲུག་གི་སྒོ་མོ་ཕྱེ་འདུག་པ་ཁྱོད་ཀྱིས་མ་གོ་ན། བླ་མ་དེའི་ཡུལ་ཕྱོགས་ཀྱི་མི་ལ་སྐད་ཆ་དྲིས་དང་གསལ་བོ་རེད་འདུག རྒྱ་དམར་གཞུང་གིས་གནོན་ཤུགས་མ་སྤྲད་ཀྱང་བླ་མ་དེས་གང་འདོད་དུ་་་་་་་་་་་་་་་་་་
ད་ཡིན་ན་ལ་སྟོད་བུ་སྨྱོ་འདུག སྙིང་རྗེ། དབང་རྩ་ལ་སྐྱོན་ཤོར་བ་རེད། རྟོན་པ་བཞི་གོ་མ་ནོར་ཨ། སྨན་ཁང་དུ་རྒྱུགས།
གོང་གི་མཆན་ཨང་༧༣པ་ཀོང་རྗེ་དཀར་པོས་གསུང་པ་དེ་ལ་སུས་ཀྱང་ལྡོག་ཏུ་གཏན་ཚིགས་འགྱུར་མེད་གཡུང་དྲུང་གི་དྲག་དཀར་སྐལ་པས་ཀྱང་མི་བཤིག་པ་དང་སུས་ཀྱང་འགོག་ཏུ་མེད་པའི་རིག་པ་འཁའ་དབྱིངས་ན་མངོན་པར་འཕགས་པའི་རྨག་རུམ་མུན་པའི་གཉེན་པོ་འོད་ཟེར་སྟོང་ལྡན་སྒྲ་གཅན་ར་ཧུས་ཀྱང་ཉེ་ནུས་པ་དེ་འདྲ་ཞིག་འདུག་གཱ །གནའ་སྔ་མོ་ནས་བྲིས་པའི་དྲིལ་བུའི་ཁ་བྱང་དང་། རྡོ་རིང་རྣམས་ཀྱི་ངོས་ནས་གསལ་བའི་ཡི་གེ །ཏོན་ཧུང་ནས་ཐོན་པའི་ཡིག་རྙིང་ལ་སོགས་པ་དེ་དག་ཐམས་ཅད་ཐོན་མིས་མཛད་པར་གྲགས་པའི་བརྡ་སྤྲོད་ཀྱི་འགྲོས་དང་མི་མཐུན་པ་དེའི་རྒྱུ་མཚན་གང་ཡིན། ད་ཡིན་ན་བན་དྷེ་ཚོ། ཁྱེད་ལ་ཁ་མ་ཞ་མགྲིན་བརྒྱའི་ལྕེ། རིག་པ་མ་ནུབ་ཤེས་རབ་ཀྱི་མིག །རྒྱབ་རྟེན་སྟོང་མེད་གཞུང་ལུགས་ཀྱི་སྙན་ཡོད་ན་བག་ལ་མ་གབ། རྩལ་དུ་གཏོང་། ཁུངས་སྐྱེལ་བྱེད་དགོས་པའི་དུས་ལ་བབས་འདུག་གཱ །ད་ཡིན་ན་བན་དྷེ་ཚོ། ཁྱེད་ཀྱིས་གྲུབ་མཐའི་ཆགས་སྡང་རྨོངས་གསུམ་གྱིས་མྱོས་པའི་རྡོལ་ལབ། ངན་དམོད་ཀྱི་ཚིག་ངན། སྒྲོ་སྐུར་གྱི་འཁྱོག་བཤད་ཐམས་ཅད་ཕྱམ་གྱིས་བཞག་ནས་ཤེས་བྱ་རིག་པའི་ཐང་ཆེན་ལ་རྣམ་དཔྱོད་བློ་གྲོས་ཀྱི་རྟ་ཕོའི་བང་རྩལ་ཡོད་ན་ངོམས་ཤིག
སུས་ཀྱང་ལྡོག་ཏུ་མེད་པའི་གཏན་ཚིགས་ཞེས་ཀློག་རོགས།
ཉི་མ་ཁོ་རེ།
ཨ་ལགས་བོན་རྒྱ་ཟེར་བ་ནི་འཛམ་གླིང་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུར་ཐེང་མང་བཅར་མྱོངས་མཁན་དང་ད་ལྟ་དུས་རབས་ཉེར་གཅིག་གི་མཁས་པ་ཆེན་པོ་ཞིག་རེད་མ་གོ་ན། ཁྱོད་ཀྱིས་གོ་རྒྱུ་དེ་མ་གོ་མི་གོ་རྒྱུ་དེ་གོ་བ་མིན་འགྲོ།
རྙིང་རྒན་ཨོ་རྒྱན་བརྩོན་འགྲུས་ཟེར་བ་ཞིག་གིས། དགེ་རྒན་ཆེན་མོ་རྒན་ནོར་ལྡེས་བོན་གྱི་སྐོར་ལ་སྟོད་ར་བཏང་པ་དེར་ཁོས་ཆགས་སྡང་གི་སེམས་མ་བཟོད་ནས། བོན་དཀར་དང་བོན་ནག་ཅེས་བོན་ལ་དགག་བཞག་བྱེད་ཁུལ་བྱས་པར། བན་དེ་བ་འབའ་དོན་འགྲུབ་ཀྱིས་ལུང་རིག་བརྒྱ་ཕྲག་གིས་བཀག་འདུག ཨོ་རྒྱན་བརྩོན་འགྲུས་ལ་འདི་ལྟར་འབྲི་དགོས་ཞེས་ཐོག་མའི་བསྐུལ་མ་གནང་མཁན་དེ་། སེར་རྟའི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཟེར་མཁན་རྒྱ་དགའ་རྒྱ་བླ་དེ་ཡིན་ཅེས་བཤད་འདུག ཡིད་མ་ཆེས་ན་དེབ་སྟོན་ཡོང། རྙིང་མ་འདི་ཚོ་འདི་རྐྱང་བྱེད་བསྡད་པ་རེད།
རྫོགས་ཆེན་གྱི་རྫུན་རྐུབ་དེ་བརྡོལ་ཡོང་བསམ་གྱི་ཡོད་པ་རེད།
ལ་སྟོད་བུ ལུང་རིགས་མེད་ན་དཀྲུགས་ཤིང་རང་རྒྱབ་མ་འདུག་༼ ཙོང་ཁ་པ་ནི་ཤཱཀྱ་མུ་ནེའི་སྐུ་མཆེད་དགེ་སློང་ལེགས་པའི་སྐར་མ་ཟེར་བའི་སྐྱེ་བ་རེད་ཟེར་བ་སོགས་བཤད་འདུག་གཱ། ༽དེ་བན་བོན་སུས་ལབ་ན་རྫུན་པ་རེད། བཅོམ་ལྡན་འདས་ལ་སྐུ་མཆེད་དགེ་སློང་ལེགས་སྐར་ཟེར་བ་རྒྱལ་བའི་བཀའ་འགྱུར་རོ་ཅོག་ཏུ་མི་རྙེད་ན་ཁྱད་གཞི་མེད་སའི་ཁྱད་ཆོས་རེད། ཡང་ན་བོན་གྱིས་རྐུས་ཆོས་དེ་ཚོའི་ནང་ཡོད་རེད་པེ།
དགོངས་དག །ངས་རྩོམ་འདི་གོང་དུ་བཀོད་ཟིན་ཡང་དེ་ལ་ཚིག་གཅིག་གཉིས་ཆད་སྐྱོན་འདུག་པས་ཡང་བསྐྱར་འདིར་འགོད་ཆོག་པར་ཞུ།
གོང་གི་མཆན་ཨང་༧༣པ་ཀོང་རྗེ་དཀར་པོས་གསུང་པ་དེ་ལ་སུས་ཀྱང་ལྡོག་ཏུ་མེད་པའི་གཏན་ཚིགས་འགྱུར་མེད་གཡུང་དྲུང་གི་དྲག་དཀར་སྐལ་པས་ཀྱང་མི་བཤིག་པ་དང་། སུས་ཀྱང་འགོག་ཏུ་མེད་པའི་རིག་པ་འཁའ་དབྱིངས་ན་མངོན་པར་འཕགས་པའི་སྨག་རུམ་མུན་པའི་གཉེན་པོ་འོད་ཟེར་སྟོང་ལྡན་སྒྲ་གཅན་ར་ཧུས་ཀྱང་ཉེ་མི་ནུས་པ་དེ་འདྲ་ཞིག་འདུག་གཱ །གནའ་སྔ་མོ་ནས་བྲིས་པའི་དྲིལ་བུའི་ཁ་བྱང་དང་། རྡོ་རིང་རྣམས་ཀྱི་ངོས་ནས་གསལ་བའི་ཡི་གེ །ཏོན་ཧུང་ནས་ཐོན་པའི་ཡིག་རྙིང་ལ་སོགས་པ་དེ་དག་ཐམས་ཅད་ཐོན་མིས་མཛད་པར་གྲགས་པའི་བརྡ་སྤྲོད་ཀྱི་འགྲོས་དང་མི་མཐུན་པ་དེའི་རྒྱུ་མཚན་གང་ཡིན། ད་ཡིན་ན་བན་དྷེ་ཚོ། ཁྱེད་ལ་ཁ་མ་ཞ་མགྲིན་བརྒྱའི་ལྕེ། རིག་པ་མ་ནུབ་ཤེས་རབ་ཀྱི་མིག །རྒྱབ་རྟེན་སྟོང་མེད་གཞུང་ལུགས་ཀྱི་སྙན་ཡོད་ན་བག་ལ་མ་གབ། རྩལ་དུ་གཏོང་། ཁུངས་སྐྱེལ་བྱེད་དགོས་པའི་དུས་ལ་བབས་འདུག་གཱ །ད་ཡིན་ན་བན་དྷེ་ཚོ། ཁྱེད་ཀྱིས་གྲུབ་མཐའི་ཆགས་སྡང་རྨོངས་གསུམ་གྱིས་མྱོས་པའི་རྡོལ་ལབ། ངན་དམོད་ཀྱི་ཚིག་ངན། སྒྲོ་སྐུར་གྱི་འཁྱོག་བཤད་ཐམས་ཅད་ཕྱམ་གྱིས་བཞག་ནས་ཤེས་བྱ་རིག་པའི་ཐང་ཆེན་ལ་རྣམ་དཔྱོད་བློ་གྲོས་ཀྱི་རྟ་ཕོའི་བང་རྩལ་ཡོད་ན་ངོམས་ཤིག
ཀརྨ་ཡེ་ཤེས་ལགས། ཁྱེད་རང་གིས་གང་བཤད་པ་ཕལ་ཆེར་གྲུབ་མཐའི་ཆགས་སྡང་རྨོངས་གསུམ་གྱིས་མྱོས་པའི་ངན་ཚིག་དང་ཚོད་དཔག་འབའ་ཞིག་རེད་འདུག་པ་མ་ཟད། དེའི་ནང་དུ་བཤད་པ་སྔ་ཕྱི་དག་དངོས་འགལ་སོང་བ་ཡང་མཐོང་རྒྱུ་འདུག ཁྱེད་ཀྱིས་སྟོན་པ་གཤེན་རབ་མི་ཡིན་མིན་ལ་ཐེ་ཚོམ་ཡོད་ཚུལ་དང། ཡང་གཞིས་ཀ་རྩེའི་མི་ཞིག་ཡིན་ཚུལ་དེ་འདྲའི་བཤད་ཡམ་ཡང་འཐེན་འདུག་པས། དེ་ལྟར་ན། ཀརྨ་ཡེ་ཤེས་ཆོས་ཅན། ཁྱོད་ལ་སྟོན་པ་གཤེན་རབ་མི་ཡིན་མིན་ལ་ཐེ་ཚོམ་མེད་པར་ཐལ། སྟོན་པ་གཤེན་རབ་གཞིས་ཀ་རྩེ་ཡི་མི་ཞིག་ཡིན་པ་ཁྱོད་ཀྱི་ཚད་མའི་གྲུབ་དོན་ཡིན་པའི་ཕྱིར། རྟགས་ཚད་མས་གྲུབ། ཡང་ཁྱོད་ཀྱིས་སྟོན་པ་གཤེན་རབ་མི་གསོད་ཀྱི་ཤན་པ་ཞིག་ཡིན་པའི་སྒྲུབ་བྱེད་ལ་ཁོང་གིས་བདུད་བཏུལ་བ་བཀོད་འདུག་པས། དེ་ལྟར་ན། སྟོན་པ་ཤཀྱ་ཐུབ་པ་ཆོས་ཅན། ཁྱོད་མི་གསོད་ཀྱི་ཤན་པ་ཞིག་ཡིན་པར་ཐལ། ཁྱོད་ཀྱིས་བདུད་བཏུལ་བའི་ཕྱིར། ཁྱབ་པ་ཁས་བླངས་ཀྱིས་གྲུབ། ཐལ་འགྱུར་འདི་ནི་ངས་ཀརྨ་ཡེ་ཤེས་ཀྱི་འདོད་པ་ལ་སྐྱོན་འཕང་པ་ཡིན་པ་མ་གཏོགས་ངས་སྟོན་པ་ཤཀྱའི་དབང་པོ་ལ་དུས་རྣམ་པ་ཀུན་ཏུ་ངན་སྨྲས་བྱེད་མི་སྲིད་པ་ཡིན་པར་ཤེས་དགོས། ཡང་ཁྱོད་ཀྱིས་སྟོན་པ་གཤེན་རབ་ཀྱིས་བདུད་བཏུལ་ཚུལ་སྟོན་པ་ཤཀྱ་ཐུབ་པས་བདུད་བཏུལ་ཚུལ་གཉིས་ཁྱད་པར་ཡོད་རབས་བཤད་དེ་སྟོན་པ་ཤཀྱ་ཐུབ་པས་རྡོ་དབྱུག་གིས་བདུད་བཏུལ་ཚུལ་མེད་ཟེར་བ་དེ་ནི་ཁྱེད་རང་གི་ཐོས་པ་ཆུང་བའི་སྐྱོན་ཡིན་ཏེ། ཤཀྱའི་དབང་པོ་ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་སྐུ་བཞེངས་ཏེ་ཕྱག་ན་མཚོན་ཆ་སྣ་ཚོགས་ཀྱིས་བདུད་བཏུལ་བའི་ལོ་རྒྱུས་ཡོད་པ་ཁྱོད་ཀྱིས་མ་ཤེས་འདུག་པས། རྡོ་རྗེ་འཇིགས་བྱེད་ཀྱི་ཞལ་ཐང་ལ་ལྟོས་དང་དབྱུག་པ་སོགས་མཚོན་ཆ་སྣ་ཚོགས་བསྣམས་ནས་བདུད་དུ་མའི་སྟེང་དུ་བཞེངས་ནས་བསྡད་ཡོད། ལར་ཁྱེད་ཀྱི་བཤད་ཡམ་ཚང་མ་ཁྱེད་རང་གིས་ངེས་བརྟན་ཡོད་པའི་བཤད་ཚུལ་ཞིག་རྩ་བ་ནས་མི་འདུག ཚོད་དཔག་ཤ་སྟག་ཡིན་པའི་བཟོ་འདུག
རྫ་ཕྲུག་འདིས་གང་ཟག་གཞན་གྱིས་བཀོད་པའི་མཆན་རྣམས་ཁོས་ཕྱོགས་སྡོམས་བརྒྱབ་ནས་འདིར་བྲིས་ཡོང་གི་འདུག།
འདི་ཁ་བརྡའི་སྒྲིག་སྲོལ་དང་མཐུན་པ་ཞིག་ཡིན་ནམ། །
རྫ་ཕྲུག་འདིས་ཅེས་པ་ཀརྨ་ཡེ་ཤེས་འདིས་བཅོ་རོགས།
ལ་སྟོད་བུ་ལགས་ཀྱི་མཆན་༩༥དེ་ཡང་ཡག་པོ་འདུག། བཀའ་གདམས་པའི་སྲོལ་གཏོད་མཁན་འབྲོམ་སྟོན་པ་ཞུ་བ་དེའི་ཡབ་གཞིས་ཀྱང་བོན་པོ་ཡིན་པར་སེམས། གང་ལགས་ཞུས་ན་ཁོང་གི་ཡབ་ཀྱི་མཚན་ལ་རྟ་གསུམ་སྐུ་གཤེན་ཞུ་བ་ཞིག་འདུག་པས་་་སྐུ་གཤེན་་་ནི་སྔོན་བོད་ཀྱི་བོན་རྒྱལ་བཀའ་དྲིན་ཅན་ཚོས་དབུ་བླ་ལ་་་སྐུ་གཤེན་་་ཞེས་སུ་མཚན་ནས་བཀུར་སྲོལ་ཡོད། དེ་བཞིན་བན་དེ་ཚོའི་སྤྲུལ་སྐུ་ངོས་འཛིན་བྱེད་པའི་ལམ་ལུགས་ཐོག་མ་ཡིན་ཟེར་བའི་སྐམ་ཚང་ཀརྨ་པ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པ་མཆོག་གི་ཡབ་གཞིས་ཀྱང་བོན་པོའི་བླ་མའི་ཁྱིམ་ཚང་ཆེན་པོ་ཞིག་རེད་འདུག་བ། ད་གང་ལྟར་བན་ལུགས་འཛིན་པ་ཚོ་བོན་པོ་མིན་ཟེར་སྐད་བཅོར་ག་ཚོད་བརྒྱབ་པ་ཡིན་ནའང་དོན་ལ་བོན་པོའི་བཀའ་དྲིན་གྱིས་མ་བསྐྱངས་བ་ནི་གཅིག་ཀྱང་མི་འདུག་གོ།
གངས་སེང་། གོང་གི་མཆན་བུ་༧༣་པར་དངོས་ལན་མ་མཐོང་མདོག་བྱེད་ཀྱི་འདུག ངས་སྐྱར་དུ་འགོད་ཆོག མཁས་པའི་དབང་པོ་ཆེན་པོ་ཚེ་ཏན་ཞབས་དྲུང་གིས་་་ད་ལྟའི་བོན་པོའི་བཤད་ཚུལ་ལ་བོད་ཡིག་འདི་ཐོན་མིས་བཟོས་པ་མིན་ཟེར་བ་དེ་ལ་ལུང་དང་རིགས་པ་བརྒྱ་ཕྲག་གིས་གནོད་དེ། ལུང་གིས་གནོད་པ་ནི། ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་བཞེངས་པའི་སྐར་ཆུང་རྒྱལ་སྡེའི་གཙུག་ལག་ཁང་གི་རྡོ་རིང་གི་ཡིག་གཟུགས་དང་། དེའི་སྲས་ཁྲི་རལ་བ་ཅན་རིང་གི་ལྷ་སའི་ཇོ་ཁང་མདུན་གྱི་རྡོ་རིང་གི་ཡིག་གཟུགས་དང་། དེའི་དུས་ཀྱི་བོད་ཡིག་འབྲི་སྟངས་ཅན་ཏུན་ཧོང་ནས་བུད་པ་རྣམས་དང་། བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ་རྒྱ་གར་གྱི་པཎྜི་ཏ་ཀ་མ་ལ་ཤཱི་ལ་དང་། རྒྱ་ནག་གི་ཧྭ་ཤང་མ་ཧཱ་ཡ་ན་གཉིས་ཀྱིས་རྩོད་པ་མཛད་སྐབས། ཀ་མ་ལ་ཤཱི་ལས་མཛད་པའི་ཧཱ་ཤང་གི་དགག་ཡིག་སྒོམ་རིམ་དང་པོ་བར་བ་མཐའ་མ་གསུམ་ནི་དེང་སང་བསྟན་འགྱུར་ནང་དཔར་དུ་བཀོད་ཡོད་ཀྱང་། ཧཱ་ཤང་གིས་ཅི་ཡང་ཡིད་ལ་མི་བྱེད་པ་སྒོམ་དུ་སྒྲུབ་པའི་མདོ་ལུང་བརྒྱད་ཅུ་དྲངས་ཟེར་བའི་གཏམ་རྒྱུད་ཙམ་ལས། མདོ་གང་དང་གང་དྲངས་པ་ལོ་རྒྱུས་སོགས་སུ་གསལ་བོར་བཀོད་མེད། ཉེ་ཆར་ཝང་ཡོ་ཀྱོ་ཧྲིག་དབང་རྒྱལ་གྱིས་ཧྥ་གོའི་རྒྱལ་ས་པཱ་ལིས་ནས་དཔར་ལ་བརྒྱབ་པའི་དཔེ་ཆ་འགའ་ང་ལ་བྱིན་ཡོད། དེའི་གཅིག་ནི་ཧྭ་ཤང་མ་ཧཱ་ཡ་ནའི་མདོ་ལུང་བརྒྱད་ཅུ་བ་དེ་རེད། དེར་བརྩིས་ན་མདོ་ལུང་རེ་བཞི་ཙམ་ཡོད་དོ།། དེའི་མ་ཕྱི་ཏུན་ཧོང་ནས་ཕྱི་གླིང་ལ་ཁྱེར་བའི་གྲས་རེད། དེ་དག་གི་ཡིག་གཟུགས་ཀྱང་ཏུན་ཧོང་གི་བོད་ཡིག་གནའ་བྲིས་ཀྱི་བཟོ་ལྟ་དེ་མ་གཏོགས་སྨར་ཆེན་སྨར་ཆུང་གི་དྲི་ཙམ་ཡང་མི་བྲོ། ད་ཤེས་སོང་པ།
ང་ལ་འགྱུར་བ་ཐེབ་སོང་། ང་ལ་འགྱོད་པ་སྐྱེས་སོང་། ༧གོང་ས་མཆོག་གིས་བཀའ་སློབ་ནང་དུ་རང་གི་ཆོས་ལ་དད་པ་དགོས། གཞན་གྱི་ཆོས་ལ་བརྩི་བཀུར་དགོས། གལ་སྲིད་ཆོས་ལུགས་གཞན་ལ་སྐུར་འདེབས་དང་ངན་དམོད་བྱས་ན་ཆོས་ལུགས་དེའི་རྗེས་འཇུག་པ་མང་པོ་ཞིག་བློ་ཕམ་དང་ང་རྒྱལ་སློང་གི་རེད་གསུངས་འདུག ད་རང་རེ་ཚོས་དེ་ཉམས་སུ་ལེན་དགོས་ཚོད་འདུག
རྫ་ཕྲུག་ལགས།
དགའ་བོ་སོར་ཕྲེང་མཐོང་ལྡན་དགའ་བྱེད་བཞིན། །བསྔགས་བརྗོད་ཡོད།
༼དེ་བན་བོན་སུས་ལབ་ན་རྫུན་པ་རེད། བཅོམ་ལྡན་འདས་ལ་སྐུ་མཆེད་དགེ་སློང་ལེགས་སྐར་ཟེར་བ་རྒྱལ་བའི་བཀའ་འགྱུར་རོ་ཅོག་ཏུ་མི་རྙེད་ན་ཁྱད་གཞི་མེད་སའི་ཁྱད་ཆོས་རེད། ཡང་ན་བོན་གྱིས་རྐུས་ཆོས་དེ་ཚོའི་ནང་ཡོད་རེད་པེ།༽
དབང་ཆེན་ལགས་བལྟ་རྒྱ་མཐོང་རྒྱ་དགོས་པ་མ་གཏོགས་ཁྱོད་ཀྱིས་མ་གོ་ན་མེད་པས་ཁྱབ་པར་ཐལ།
རེད་བོན་རྐུས་ཆོས་དེ་ཚོའི་ནང་དུ་ཡོད་ས་རེད། དབང་ཆེན་ཁོ་རེ། རྙིང་མའི་གཏེར་སྟོན་པདྨ་གླིང་པས་མཛད་པའི་གསུང་དུ་གཟིགས། ཁྱོད་རང་རྙིང་མ་ཡིན་ན་རང་ཉིད་ཀྱི་གཏེར་སྟོན་རྫུན་མར་ཁས་ལན་བགྱིས། ཁྱོད་རང་དགེ་ལུགས་ཡིན་ན་དེ་ལྟར་གསུང་འདུག་ཅེས་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་དུ་གསལ་བས་དེ་བོན་དཔེ་ལས་རྐུས་ཆོས་སུ་ཁས་ལེན་གྱིས།
ལར་ནས་འདི་ང་ཡི་བསམ་ཚུལ་དང་ངས་རྒྱབ་སྐྱོར་བྱེད་པ་གང་ཡང་མིན། ངས་ནམ་ཡང་རྗེ་ཙོང་ཁ་པར་སྒྲོ་བསྐུར་བྱེད་མི་སྲིད། གངས་ཅན་གྱི་ལྗོངས་འདིར་རྩོད་བྲལ་གྱི་མཁས་པ་ཞིག་ཡིན་པར་ངོས་འཛིན་དང་གུས་འདུད་ཀྱང་ཞུ་བཞིན་ཡོད། ངས་བཤད་པ་ནི་ཁྱེད་རང་ཚོ་གཅིག་གིས་གཅིག་ལ་རྒྱབ་སྐྱོར་ཁ་འཛིན་ལངས་ཏེ་བོན་ལ་སྒྲོ་བསྐུར་བྱེད་པར་རང་མཚངས་བཏོན་པ་ཡིན་མ་གཏོགས་ཙོང་ཁ་པ་དེ་ལྟར་ཡིན་པར་ནམ་ཡང་ངོས་ལེན་མེད་དོ།
དབང་ཆེན་ལགས། ངས་གོང་དུ་མཁས་པ་ཚེ་ཏན་ཚང་གིས་གསུང་ཚུལ་དེ་ནི་དྲང་དོན་དགོངས་པ་ཅན་རེད་ཟེར་ནས་བཤད་ཚར་ཡོད། གལ་སྲིད་ཁྱོད་རང་གི་འདོད་པ་ལྟར་ཚེ་ཏན་རང་གི་བཞེད་ཚུལ་དོན་དངོས་ཡིན་ན་ཁོང་གི་གསུང་ཚུལ་ལ་ནང་འགལ་དུ་མ་འདུག་སྟེ། བོད་ཡིག་འདི་ཐོན་མིས་བཟོས་པའི་རྒྱུ་མཚན་ནི་བསམ་ཡས་དང་ལྷ་སའི་རྡོ་རིང་ཏོན་ཧོང་ནས་ཐོན་པའི་ཡི་གེ་སོགས་བོད་ཡིག་ཐོག་ཏུ་བྲིས་ཡོད་པ་དང་། གལ་སྲིད་ཐོན་མིའི་གོང་དུ་ཡི་གེ་ཞིག་ཡོད་ན་དེ་ནི་རྡོ་རིང་སོགས་ཀྱི་ཐོག་ཏུ་ངེས་པར་དུ་འབྱུང་དགོས་ཚུལ་བཤད་པ་དང་། ཡང་ཚེ་ཏན་ཁོང་གིས་གནའ་དང་བོ་བོན་པོ་ཁོ་རང་རྣམས་ཀྱིས་ཆོས་འདོན་སྤྱད་ཀྱི་ཡི་གེ་ཞིག་ཡོད་ཐང་ཡང་དེ་ཁྱབ་གདལ་ཅན་ཞིག་གཏན་མ་ཡིན་ཞེས་ཐོན་མིའི་གོང་དུ་བོན་པོའི་ཆོས་འདོན་གྱི་ཡི་གེ་ཡོད་པར་ཁས་བླངས། དེ་རྡོ་རིང་ཐོག་ཏུ་མི་འབྲི་བའི་རྒྱུ་མཚན་མེད་པ་ཁོང་གིས་རྒྱུ་མཚན་བཤད་པའི་ཤུགས་ཀྱིས་གྲུབ། དེས་ན་རྡོ་རིང་ཐོག་ཏུ་ཡོད་པའི་ཡི་གེ་དེ་གནའ་བོའི་བོན་པོའི་ཆོས་འདོན་གྱི་ཡི་གེ་ཡིན་པ་དོན་གྱིས་གྲུབ་འདུག་པས། དེ་ལ་རིག་པ་སྨྲ་བ་སུས་ཀྱང་བསྙོན་དུ་མེད་དམ་སྙམ། དེས་ན་ཁོང་གིས་བཤད་པའི་རྒྱུ་མཚན་དེ་དག་ངེས་པ་མེད་པའི་མཚན་མ་ཅན་དུ་སོང་བས་དེ་ལ་ཁྱོད་ཀྱིས་ག་རེ་ཟེར་གྱི་ཡིན། གཞན་ཡང་རྡོ་རིང་ཐོག་ཏུ་བྲིས་པའི་ཡི་གེ་དང་། ཏོན་ཧུང་ཡིག་རྙིང་སོགས་ནི་ཐོན་མིས་བོད་ཡིག་བཟོས་པའི་རྒྱུ་མཚན་མ་ཡིན་པ་དེ་ལས་ལྡོག་སྟེ་ཐོན་མིས་བོད་ཡིག་མ་བཟོས་པའི་རྒྱུ་མཚན་རེད་འདུག་སྙམ། གང་ཡིན་ཟེར་ན་གལ་སྲིད་བོད་ཡིག་འདི་ཐོན་མིས་བཟོས་ཡོད་ན་རྡོ་རིང་དང་ཏོན་ཧུང་ཡིག་རྙིང་སོགས་ནི། བརྡ་སྤྲོད་ཀྱི་འགྲོས་དང་། སྙན་ངག་གི་ཉམས། རྩོམ་ཚུལ་གྱི་གཤིས་གང་ཅིའི་ཐད་ནས་ཐོན་མིའི་ཡིག་ཕུད་ཟེར་བའི་ཤོ་ལོ་ཀ་འགའ་ཤས་ཤིག་འདུག་པས་དེ་དང་གཉིས་སུ་མེད་པར་གྱུར་དགོས་པ་ལས། དེ་དག་རྩ་བ་ནས་མི་འདྲ་འདུག་པས་རྡོ་རིང་དང་ཏོན་ཧོང་གི་ཡི་གེ་ཁོ་རང་རང་གིས་ཁ་གྲགས་པ་ལྟ་བུ་ང་ནི་ཐོན་མིའི་ཤུགས་རྐྱེན་གཏན་ནས་མེད་ཟེར་གྱིན་མི་འདུག་གམ། ཡཱ་དབང་ཆེན་ལགས། དེ་ལ་ག་རེ་ལབ་ཀྱི།
ད་རྫ་ཕྲུག་འདི་ལ་འདི་ལྟའི་བསམ་བློ་ཞིག་སྐྱེས་པ་ཞིག་ཡིན་ན་ལེགས་གསོལ་དང་རྗེས་སུ་ཡི་རངས་ཡོད།
ང་ཡང་འདི་ལྟར་བོན་སྤོང་གི་ཚོགས་ངན་སོག་འདོད་ནམ་ཡང་མེད། སྔར་ཀྱང་གཞན་རྐྱེན་ལ་བརྟེན་ནས་བསགས་སོང། འདིར་སྐབས་ཀྱང་རབ་གསལ་གྱིས་རྐྱེན་པས་མང་པོ་ཞིག་བསགས་སོང།
བོན་གྱི་བླ་ཆེན་རྙིང་མའི་པདྨ་འབྱུང་གནས་ཀྱི་ཡབ་དྲན་པ་ནམ་མཁས་འདི་ལྟར་གསུངས་འདུག
དག་སྣང་ཕྱོགས་མེད་དུ་སྦྱོང། ཉམས་ལེན་ཕྱོགས་གཅིག་ཏུ་ལོང།
ཞེས་གསུངས་འདུག
ངོ་མ་ངས་ཁ་རྒྱགས་པ་ཁ་ཤས་ཤིག་ཞུ་ཤོར་སོང། དེ་ཡང་རིག་པ་རྩལ་འདོན་ཐབས་དང་ངོ་སྤྲོད་བྱེད་ཐབས་ཤིག་ལས་སེམས་གཏིང་ནས་གཞན་གྱི་ཆོས་ལུགས་ལ་དེ་ལྟར་བཤད་འདོད་པ་མེད།
ད་ང་ཚོས་ཕལ་ཆེར་མཚམས་ཀྱང་འཇོག་རན་འདུག རབ་གསལ་ཀྱང་ཡིད་ཚིམས་པ་ཞིག་བྱུང་ཡོད་ཚོད་ཡིན།
རྩོམས་དེ་ཡི་ཉིང་དགོས་ནི་ཆོས་ལུགས་ནང་ཕན་ཚུན་མཁོན་སྐྲུགས་བྱེད་རྒྱུ་དེ་རེད་འདུག
ང་ཡང་ཕལ་ཆེར་ཁ་བརྡའི་དྲ་རྒྱའི་ནང་དུ་མཆན་འབྲི་རྒྱུའང་མཚམས་འཇོག་བྱེད་པའི་དུས་ལ་བབས་འདུག་བསམ་པ་ཞིག་ཀྱང་འཆར།
བྱུང་ན་རང་གཞན་ཚང་མས་ཆོས་ལུགས་ནང་ཕན་ཚུན་དབར་ལ་ཁ་འཛིང་བྱུང་དུས་ཁ་བརྡ་དྲ་རྒྱས་བསུབ་རྐྱང་བྱེད་དགོས་པ་རེད་བསམ། གང་ཡིན་ཟེར་ན་མི་བུ་སྒེར་ལ་སྐྱོན་བརྗོད་བྱས་ན་བསུབ་ཀྱི་ཡིན་དང་ཁ་བརྡའི་དྲ་རྒྱའི་ཁྲིམས་དང་འགལ་གྱི་ཡོད་རབས་ཅིག་བཤད་སོང། འོན་ཀྱང་ཆོས་ལུགས་ནང་ཕན་ཚུན་དེ་ལྟར་བྱུང་ཚེ་ཚང་མས་བལྟད་མོ་ལྟས་ནས་བསྡོད་ཀྱི་འདུག ངོ་མ་བྱེད་ན་མི་སྒེར་གྱི་གནད་དོན་ལས་ཆོས་ལུགས་ཀྱི་གནད་དོན་དེ་གལ་ཆེ་བར་བརྩི་དགོས་པ་རེད་སྙམས།
གང་ལྟར་ངོས་ནས་ཀྱང་༸གོང་ས་མཆོག་གི་དགོངས་གཞི་དང་འགལ་བའི་སྐད་ཆ་བཤད་ཤོར་སོང།
ཕལ་ཆེར་ད་ལམ་གྱི་མཆན་འདི་ཁ་བརྡའི་དྲ་རྒྱའི་ནང་དུ་མཆན་འབྲི་རྒྱུའི་མཐའ་མའི་མཐའ་མ་དེ་ཡིན་ནམ་བསམ་པའང་བྱུུང།
དྲ་གྲོགས་ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཡོད།
མུ་ཙུག་སྨར་རོ། ཐམས་ཅད་དུ་བཀྲ་ཤིས་པར་ཤོག
སྐྱག་རྫུན་ལ་ཡིད་རྟོན་པའི་བོན་ལ་དགའ་བ་ཚོ་ལ་སྙིང་རྗེ་སྐྱེ་གི ། རི་བོང་རྭ་ལ་སྐྱབས་སུ་འགྲོ་ཡང་ཆོག་ས་རེད། གཞི་མ་གྲུབ་ཀྱང་ཆགས་སྡང་གི་གྲུབ་མཐའ་བོན་དར་བ་རེད། དག་སྣང་བྱས་ན་རྒད་མོ་ཁྱི་སོས་སངས་རྒྱས་ཟེར་བ་དེ་རེད་མོད།
དེ་མིན་ན།
སྟོན་པ་གཤེན་རབ་ཀྱི་མིང་གི་གཞི་མ་གྲུབ་པ།
སྟོན་པ་གཤེན་རབ་ལ་མིང་ཡོད་པ་མ་རེད། སྟོན་པ་ནི་སློབ་དཔོན་དང་དགེ་རྒན་ལྟ་བུའི་དོན་ལས་མིའི་མིང་ཞིག་མ་རེད། གཤེན་ནི་དབུས་གཙང་ཕྱོགས་ཀྱི་རུས་རྒྱུད་ཅིག་གི་མིང་རེད། ཡིན་ན་ཡང་དེང་སང་གཤེན་ལ་སྐྱབས་སུ་འགྲོ་མཁན་ཡང་ཡོད་འདུག་པས་ངོ་མཚར་ཆེ། གཤེན་རབ་ཟེར་བ་དེ་གཤེན་གྱི་རུས་རྒྱུད་ཀྱི་ནང་གི་མི་རབ་ཟེར་བའི་དོན་རེད། མི་བོ་ཆེ་ནི་མི་ཆེན་པོའམ་མི་དམ་པ་ཟེར་བ་ལྟ་བུའི་དོན་རེད། དེ་ཚོ་ཚང་མ་ཡང་སྟོན་པ་ཤཀྱཱ་ཐུབ་པའི་མཚན་ལ་བལྟས་ནས་འདྲ་བཟོ་བྱས་པ་གསལ་པོ་རེད། ལྟོས་དང་། སྟོན་པ་ཤཀྱ་ཐུབ་པའི་མཚན་དང་སྦྱར་ནས་འདྲ་བཟོ་བྱས་འདུག སྟོན་པ་ནི་དགེ་རྒན་ནམ་སློབ་དཔོན་གྱི་དོན་ཙམ་ཡིན་པ་གཅིག་མཚུངས་རེད། གཤེན་རབ་ཟེར་བ་དེ་སངས་རྒྱས་ལ་ཤཀྱའི་གཙོ་བོ་ཞེས་འབོད་སྲོལ་ཡོད་པ་དེ་ལ་བརྟེན་ནས་གཤེན་གྱི་ཚོ་བའམ་རིགས་ཀྱི་ནང་གི་མཆོག་ཅེས་འདྲ་བཟོ་བྱས། མི་བོ་ཆེ་ཞེས་པ་དེ་ལེགས་ལེགས་སྦྱར་གྱི་མ་ཧཏི་མ་ཞེས་པ་ལས་བདག་ཉིད་ཆེན་པོ་དང་སྐྱེས་བུ་ཆེན་པོ་སོགས་སུ་འགྱུར་བ་དེ་སངས་རྒྱས་ཤཀྱ་ཐུབ་པ་ལ་སྦྱར་སྲོལ་ཡོད་པ་དེ་ལ་མི་བོ་ཆེ་ཞེས་འདྲ་བཟོ་བྱས་འདུག དེ་ལྟ་བུའི་མིང་ཚང་མ་གོ་གནས་དང་ཆེ་བསྟོད་ལྟ་བུའི་མིང་མ་གཏོགས་མི་རང་སྒེར་གྱི་མིང་ཞིག་མ་རེད། དོན་ལ་སྟོན་པ་གཤེན་རབ་ཟེར་བའི་མིང་གི་གཞི་གྲུབ་མི་འདུག སྟོན་པ་སངས་རྒྱས་ཤཀྱ་ཐུབ་པ་དང་། གོ་ཏ་མ། ཟས་གཙང་སྲས། སྟོན་པ། མགོན་པོ། རྒྱལ་བ་སོགས་ཁོང་གི་མིང་ངོ་མ་དེ་མ་རེད། ཁོང་གི་མཚན་ངོ་མ་ལ་སིདྡྷརྠ་ཟེར་བ་རེད། བོད་སྐད་ལ་དོན་གྲུབ་ཅེས་བསྒྱུར་ཡོད་པ་དེ་རེད། དེ་མི་ཁོ་རང་གི་མིང་ངོ་མ་དེ་རེད། ཡིན་ན་ཡང་གཤེན་རབ་ལ་མིང་ངོ་མ་ཞིག་ཀྱང་མི་འདུག
ད་ཁྱེད་ཚོས་མང་པོ་མང་པོ་གླེང་འདུག། གླེང་གིས་གླེང་གིས་མགོ་སྙོགས་ཚ་རུ་ལས་མི་འདུག། བཤད་ཀྱིས་བཤད་ཀྱིས་ཚིག་ངན་སྡུག་ཏུ་ལས་མི་འདུག། བོན་ཆོས་གཉིས་ཀྱིས་རྩོད་པ་འདིས་ང་ལ་ཚོར་བ་འདི་འདྲ་ཞིག་བྱུང་། ཁྱེད་རྣམ་པས་རྩོད་གཞི་ནི་བོན་ཆོས་གཉིས་ཀྱི་ཡིག་གེ་དེ་རེད། བོན་པའི་ཡིག་གེ་སྨར་ཆེན་དང་སྨར་ཆུང་དེ་ཡིན་ཟེར། ཆོས་པའི་ཡིག་གེ་ཐོན་མིའི་དབྱངས་གསལ་སོ་བཞི་དེ་ཡིན་ཟེར། དེར་རྩོད་དགོས་དོན་མི་འདུག། ད་ནས་གཟུང་བོན་པོ་བ་རྣམས་ཀྱིས་རང་ཉིད་ཀྱི་ཡིག་གེ་སྨར་ཆེན་དང་སྨར་ཆུང་དེ་ཉིད་བཀོལ་སྤྱོད་བྱེད་རྒྱུ་ལས་ཐོན་མིའི་དབྱངས་གསལ་སོ་བཞི་བཀོལ་སྤྱོད་མི་ཆོག། ཆོས་པ་བ་རྣམས་ཀྱིས་ཐོན་མའི་དབྱངས་གསལ་སོ་བཞི་ལས་བོན་ཡིག་སྨར་ཆེན་སྨར་ཆུང་བཀོལ་སྤྱོད་མི་ཆོག་པ་བྱེད་རྒྱུ་དེ་རེད། དེར་རྩོད་སྙོགས་ཡོང་དོན་མེད། སོ་སོའི་ཡིག་གེ་སོ་སོས་བདག་སྐྱོང་བྱེད་པས་རེད། ད་དུང་ཡང་རྗེས་སུ་གནའ་བོའི་བོན་པའི་རང་ཉིད་ཀྱི་ལྟ་བ་དང་གྲུབ་མཐའ། སྒོམ་པ་དང་སྤྱོད་པ་སོགས་རིམ་པའི་ཐོན་ཡོང་བའི་རེ་བ་ཡོད། ད་གཟོད་བོན་ཆོས་གཉིས་རྩོད་དགོས་དོན མེད་ལ། གླེང་དགོས་དོན་ཡང་མེད། དེ་ནས་བོན་ཆོས་གཉིས་ཀྱི་བར་སྐད་ཡིག་དང་ཆོས་ལུགས་གྲུབ་མཐའ་སོགས་འབྲེལ་མེད་ཚུལ་གྱིས་རང་འདོད་ལྟར་ལོངས་སུ་སྤྱོད་ཆོག་རྒྱུ་རེད།
ལ་སྟོད། ཁ་བརྡ་ནང་འོངས་དགོས་ཨ།
ཀརྨ་ཡེ་ཤེས་ཟེར་བ་དེ་མི་མ་རེད་བཞག མི་ཡིན་ན་མོ་ཤམ་གྱི་བུ་རེད་འདུག མེད་ངེས་རེད་འདུག ཕ་མེད་མ་མེད་རོང་མཚམས་མཚོ་པད་མ་ནས་ཡིན་པ་ཐག་ཆོད་རེད། གང་ཡིན་ཟེར་ན། ཀརྨ་ནི་ལས་ལ་གོ་དགོས་རེད། དེ་ནི་མི་མ་རེད། ཡེ་ཤེས་ནི་ཤེས་པ་རེད། དེ་ནི་མི་མ་རེད། དེས་ན་ཀརྨ་ཡེ་ཤེས་ཟེར་མཁན་དེ་ནི་སྨྲ་ཤིང་དོན་གོ་མིན་པ་ཐག་ཆོད་རེད། དེ་ལ་མི་ཡི་རྣམ་དཔྱོད་མེད་པ་ཐག་ཆོད་རེད། དེ་ནི་མིའི་མཚན་ཉིད་མ་ཚང་བ་ཐག་ཆོད་རེད།
དྲ་འབུ་ཚོ་ཧ་གོ་སོང་ངམ།?
གནའ་དེང་གི་སྐབས་སུ་རང་རེའི་མཁས་པར་རློམ་པ་ཕྱོགས་ལྷུང་ཆགས་སྡང་གི་མྱོས་ཆུས་རྣམ་པ་ཀུན་ཏུ་བཟི་ཁ་མ་དྭངས་པ་རེ་འགས་རང་གི་ལྟ་ངན་ཉི་ཚེ་བ་དེ་འདོར་བར་མི་ནུས་པའི་ཁར། དེའང་མཆོག་ཏུ་རློམ་སྟེ་ལོ་རྒྱུས་ཀྱི་ཕྱོགས་ཡོངས་ནས་རྟོག་ཞིབ་བྱས་མདོག་གིས་ཆེ་བཤད་འུད་ཆེན་པོ་རེ་བསྒྲགས་ཀྱང་དོན་དུ་རང་གི་བསམ་པ་ལྟར་དུ་ཉེ་བའི་ཕྱོགས་ཙམ་གང་སར་འཚོལ་བསྡུ་བྱས་ཙམ་དང་། དེ་ལས་གཞན་གྱི་ལོ་རྒྱུས་ཁུངས་མེད་བཙན་སྒྲིག་ཏུ་ལོག་པར་འགྲེལ་ཞིང་དེ་དང་མཐུན་རིགས་བྱུང་ན་ངོ་སོ་དང་བསྟོད་ར་ཚད་ལས་འདས་པར་བྱེད་ལ། དེ་ལས་ལྡོག་པའི་གཞན་གྱི་ལྟ་སྟངས་དང་ལུང་རིག་གིས་གྲུབ་པ་གང་ཞིག་ཡིན་རུང་སྣང་མེད་ཟུར་ཟ་དང་ངན་སྨྲས་ཅི་རིགས་པའི་ལས་ལ་གཞོལ་བའི་མཁས་བླུན་ཕོད་ཚོད་ཅན་ཡོད་དོ་ཅོག་རྣམས་ཀྱི་རྣ་བར་གཟན་པའི་བདེན་གཏམ་རིག་པའི་ཁོང་འཕྲུལ། དཔྱད་གསུམ་དག་པའི་ལམ་ནས་དྲངས་པ་འདི་སྐད་ཅེས་ཏེ།
མཁས་དབང་ནམ་མཁའི་ནོར་བུའི་གསུང་རྩོམ། བོད་ཀྱི་ལོ་རྒྱུས་ལས་འཕྲོས་པའི་གཏམ་ནོར་བའི་དོ་ཤལ་ལས།
ཁོ་བོ་ནི་བོད་རིགས་ཤིག་ཡིན་པ་དང་། རང་གི་རིག་གཞུང་ལ་ཤ་ཞེན་དང་ལྡན་པ་ཞིག་ཡིན་སྟབས་བློས་མ་བཟོད་ནས་མཁས་པ་ཆེན་པོ་དེ་དག་གི་སྙན་གྲགས་དང་། གྲོགས་འབྲེལ་སོགས་ལ་མ་ལྟོས་པར། བོད་ཀྱི་ལོ་རྒྱུས་ཡང་དག་ལ་ཁུངས་བརྟེན་ཅིང་། དཔྱད་པ་རྣམ་གསུམ་གྱིས་གཏན་ལ་ཕབ་ནས། བདེན་དོན་འཚོལ་བ་ལ་ཕྱོགས་པར་ལགས་པས། ཕྱི་ནང་གི་མཁས་པ་ཐམས་ཅད་དགོངས་ཁྲེལ་མེད་པ་ཞུ་འཚལ། ཞེས་དང་།
ཡང་དེ་ཉིད་ལས། བོད་ལ་རང་གི་ཡི་གེ་དང་ཤེས་རིག་ཡོད་ན་ཐོན་མིས་བོད་ཡིག་གསར་དུ་བརྩམས་པ་དང་། རྒྱ་གར་ནས་དམ་པའི་ཆོས་སོགས་སྤྱན་དྲངས་པའི་དགོས་པ་མེད་དོ་ཞེ་ན། ཧ་ཅང་ཐལ་ཏེ། བོད་ལ་དེ་སྔོན་ཡི་གེ་མེད་ན་བོད་ཀྱི་ལོ་རྒྱུས་མཁན་པོ་རྣམས་ཞལ་མཐུན་པར། བོད་ཀྱི་རྒྱལ་པོའི་ཐོག་མ་གཉའ་ཁྲི་བཙན་པོ་ནས་བཟུང་། གནམ་གྱི་ཁྲི་བདུན། སྟོད་ཀྱི་སྟེང་གཉིས། བར་གྱི་ལེགས་དྲུག ས་ཡི་ལྡེ་བརྒྱད། འོག་གི་བཙན་གསུམ། ལྷ་ཐོ་ཐོ་རི་སོགས་རྒྱལ་རབས་ལྔ་སྟེ་རྒྱལ་རབས་སུམ་ཅུ་སོ་གཉིས་ཀྱི་ལོ་རྒྱུས་བཤད་པ་དེ་དག་མི་འཐད་པར་ཐལ་ཏེ། བོད་ལ་ཡི་གེ་མེད་པའི་ཕྱིར། གྲུབ་སྟེ། བོན་སྡེ་དང་། སྨན་དང་རྩིས་དང་། ལོ་རྒྱུས་ཇི་སྙེད་ཅིག་ཡོད་པ་དེ་ཀུན་དེ་དུས་ཀྱི་བོད་མི་ཚོས་བློ་འཛིན་ཐུབ་པའི་སྒྲུབ་བྱེད་འདྲ་ཡོད་ན་དེ་ལྟར་ཡིན་སྲིད་ནའང་། བོད་མུན་པའི་གླིང། རྒྱལ་བློན་དང་མི་སྡེ་ཚང་མ་བླུན་རྨོངས་དུད་འགྲོ་ལྟར་ཡི་གེ་ཙམ་ཡང་སྤྱོད་མི་ཤེས་པ་དེ་འདྲ་བ་ལ་མི་བརྗེད་པའི་གཟུངས་ཡོང་བའི་ཁུངས་མེད་པ་ནི་མངོན་སུམ་ཚད་མས་གྲུབ་ཅིང་། ཁོ་བོ་ཅག་གིས་རང་རང་གི་བླ་མའི་ཞལ་གདམས་སོགས་ཉུང་ངུ་རེ་ཙམ་ཡང་ཡི་གེར་མ་འཁོད་པར་ལོ་མང་བློ་འཛིན་མི་ཐུབ་པ་མངོན་སུམ་གྱིས་གྲུབ་ན། དེ་ལས་ཆེས་རིང་བ་བོད་ཀྱི་རྒྱལ་རབས་སུམ་ཅུ་རྩ་གཉིས་ཀྱི་ལོ་རྒྱུས་བློ་འཛིན་མི་ཐུབ་པ་ན། དེ་ལས་ཀྱང་ཆེས་གསལ་ཞིང་ཤེས་ཐུབ་པ་ཡིན་ནོ། རྒྱལ་རབ་གསལ་བའི་མེ་ལོང་ལས། དེར་རྒྱལ་བུ་དེ་ནར་སོན་དུས། བཟོ་དང་། རྩིས་དང་། སྒྱུ་རྩལ་དང་། རིག་པའི་གནས་ལྔ་ལ་མཁས་ཤིང་ཡོན་ཏན་དུ་མ་དང་ལྡན་པར་གྱུར་པས། བློན་པོ་རྣམས་ན་རེ། འོ་ཅག་ཚོའི་རྗེ་འདི་ནི་ཡོན་ཏན་དུ་མ་དང་ལྡན་ཏེ་ཐུགས་ཤིན་ཏུ་སྒམ་མོ་ཟེར་བས།་མཚན་ཡང་སྲོང་བཙན་སྒམ་པོ་ཞེས་གྲགས་སོ། དེ་ནས་རྒྱལ་པོ་དེ་དགུང་ལོ་བཅུ་གསུམ་ལོན་དུས་ཡབ་འདས་ཏེ་རྒྱལ་སར་བྱོན་པ་ཡིན་ནོ། ཞེས་བཤད་པས། རྒྱལ་པོ་ནར་སོན་ཏེ་ཡོན་ཏན་དང་ལྡན་པར་གྱུར་ནས་རྒྱལ་སར་ཕེབས་པ་དངོས་སུ་གསལ་ཞིང་། དེ་ལྟར་ན། རྒྱལ་པོ་རྒྱལ་སར་མ་ཕེབས་པའི་གོང་དུ་ཐོན་མི་རྒྱ་གར་དུ་ཕྱིན་པའི་ལོ་རྒྱུས་མེད་ཅིང་། དེ་མེད་པས་དེའི་སྐབས་སུ་ཆོས་དང་ཡི་གེ་མེད་པར་གྲུབ་ཅིང་། འོ་ན། རྒྱལ་བུ་དེ་རྩིས་དང་རིག་པའི་གནས་ལྔ་ལ་མཁས་ཤིང་ཡོན་ཏན་དང་ལྡན་པར་གྱུར་པའི་བསླབ་བྱའི་ཡོན་ཏན་དེ་དག་མེད་པར་ཐལ་ཏེ། བོད་དུ་ད་དུང་ཡི་གེ་དང་ཆོས་དང་རིག་པའི་གནས་ལྔ་སོགས་མེད་པའི་ཕྱིར། ཞེས་དང་།
ཡང་དེ་ཉིད་ལས། བོད་ཡིག་གི་ཚིག་ཇི་ལྟར་གྲུབ་ཚུལ་གྱི་སྟེང་ནས་དཔྱད་ནའང་། བོད་ཀྱི་སྐད་ཡིག་གི་ཁུངས་དེ་རྒྱ་གར་གྱི་སྐད་ཡིག་མ་ཡིན་པར་མངོན་སུམ་ཚད་མས་གྲུབ་ཏེ། བོད་ཡིག་ལ་སྔོན་འཇུག་དང་། བརྩེགས་འདོགས་སོགས་ཞང་ཞུང་གི་སྐད་ཡིག་དང་འདྲ་བ་མང་པོ་ཞིག་ཡོད་ནའང་། རྒྱ་གར་གྱི་སྐད་ཡིག་གསར་རྙིང་གང་དུའང་མེད་པའི་ཕྱིར་དང་། ཐོན་མི་མཁས་པ་ཆེན་པོ་ཞིག་གིས་བོད་ཡིག་གཞི་ནས་གསར་བརྩམས་གནང་བ་ལ་ལེགས་སྦྱར་གྱི་དཔེ་ལེན་མི་མཁྱེན་པ་མི་སྲིད་པའི་ཕྱིར་རོ། ཚིག་སྒྲུབ་ཀྱི་དབང་དུ་བྱས་ནའང་། བོད་ཀྱི་སྐད་ཡིག་གི་ཁུངས་དེ་ཚད་ལྡན་ཞང་ཞུང་དང་མཚུངས་པར་སྟོན་པ་ལས། རྒྱ་དཀར་ནག་སོགས་བོད་ཀྱི་མཐའ་སྐོར་དུ་གནས་པའི་སྐད་ཡིག་གང་ཡང་མི་མཚུངས་པ་མངོན་སུམ་ཚད་མས་གྲུབ། ཅེས་དང་།
ཡང་དེ་ཉིད་ལས། དེ་ལྟར་ན་སྐད་ཡིག་འདི་དག་ཕྱོགས་ཙམ་འདྲ་བ་ནི་ཀུན་ལའང་སྲིད་དེ། མིའི་འགྲོ་བ་གཅིག་པའི་ཕྱིར། འོན་ཀྱང་ཚིག་སྒྲུབ་དང་། ཡི་གེའི་གྲུབ་ཚུལ། ཕྲད་དང་། རྣམ་དབྱེའི་འབྱུང་ཚུལ་སོགས་ཕྱོགས་ཀུན་ཏུ་འདྲ་བ་ནི་བོད་ཞང་ཞུང་ཙམ་ལས། འབྲེལ་ཡོད་ཀྱི་སྐད་ཡིག་གཞན་དག་ཏུ་མེད་པའི་རྒྱུ་མཚན་དེ་ལ་བརྟེན་ནས། བོད་ཀྱི་སྐད་ཡིག་གི་ཁུངས་དེ་ཞང་ཞུང་ཡིན་ངེས་པ་དང་ཞང་ཞུང་གི་སྐད་ཡིག་གི་ཁུངས་ནི་ཞང་ཞུང་རང་སྟེ། མདོར་ན་རྒྱ་དཀར་ནག་སོགས་དང་འདྲ་བ་ལོ་རྒྱུས་ཡོད་པ་ནས་བཟུང་རང་གི་ཤེས་རིག་རང་རྐྱ་ཐུབ་པ་ཞིག་ཡིན་པ་མངོན་སུམ་ཚད་པས་གྲུབ་པའི་ཕྱིར་རོ། ཞེས་སོ།
ཡང་དེ་ཉིད་ལས། དེས་ན་དེང་དུས་རང་རེས་རང་རིགས་ཀྱི་ལོ་རྒྱུས་དང་ཤེས་རིག་གི་ཁུངས་ཡང་དག་པ་དང་། བདེན་པ་དང་། རང་རྐྱ་ཐུབ་པ་ཞིག་རྟོགས་པར་བྱ་བའི་སླད་དུ། ཞང་ཞུང་གི་ལོ་རྒྱུས་དང་གནས་ལུགས་སོགས་ལ་ཉམས་ཞིབ་ནན་ཏན་དུ་གནང་དགོས་པ་ཤིན་ཏུ་གལ་ཆེའོ། ཞེས་དང་།
ཡང་མཇུག་ཏུ་གདམས་པ་ནི། དམ་པའི་ཆོས་ལ་ཟུར་ཟ་བྱས་ཞེས་ཆོས་པ་འགའ་ཞིག་འཁངས་པ་དང་། གཡུང་དྲུང་བོན་གྱི་བཀའ་བརྟེན་སྨད་ཅེས་བོན་པོ་འགའ་ཞིག་ཁྲོ་ཡང་སྲིད། ཆོས་དང་བོན་ལ་དག་སྣང་སྦྱངས་ནས་བོད་ཀྱི་ལོ་རྒྱུས་སྟོར་བ་ནི། ཆོས་དང་བོན་གྱི་དགོངས་པ་མིན་པ་བློ་དང་ལྡན་པས་དཔྱད་ན་གོ ཆོས་པས་བོན་ལ་བཀྱོན་ཞེས་མ་གསུངས་བོད་རིགས་བོན་གྱི་གྲོགས་པོ་དག བོན་པོས་ཆོས་ལ་བཀྱོན་ཞེས་མ་གསུངས་བོད་རིགས་ཆོས་ཀྱི་གྲོགས་པོ་རྣམས། རིས་སུ་ཆད་པའི་བཀྱོན་པ་མ་གནང་བོད་རིགས་རིས་བྲལ་གཞོན་གྲོགས་ཀུན། དཔྱད་གསུམ་དག་པས་རང་རིགས་ལོ་རྒྱུས་འཚོལ་བ་འདི་ཀོ་ང་ཚོའོ་འགན། ཞེས་གསུངས་པ་འདི་ལྟའི་ལེགས་བཤད་ངོ་མཚར་ཅན་ལ་སློབ་སྦྱོང་ཡག་པོ་བྱོས་ཤིག
བོན་ཚབ་ཚོ། ཐ་ན་ཁྱོད་རང་ཚོས་བྲིས་པའི་མཆན་བུ་དེ་ཚོ་གོང་སྒྲིགས་ན་ནང་འགལ་གཡག་རོ་འདྲ་བ་མང་དག་ཅིག་འདུག་ཏེ། ད་ངལ་བ་མི་བྱེད། འཇིག་རྟེན་གྱི་དཔེར། གོ་བ་མེད་པའི་གླང་རྒན་ལ། རྒྱལ་པོའི་བཀའ་ལས་བྱུག་པ་ཐུ། ཞེས་པ་ཅི་མ་བདེན། བན་དེས་བོན་ཆོས་སྨོད་ན་གསང་སྔགས་ལམ་གྱི་ཆོས་ལ་སྨོད་པའི་རྩ་གཏོང་འབྱུང་གི་ཡོད། གཞན་ཡང་བོན་ཆོས་ལ་དད་པ་བྱེད་མཁན་གྱི་རྒྱལ་གཅེས་པ་མི་མང་ཚོའི་སེམས་ཕམ་སོང་ན་མི་འགྲིག བན་ཆོས་ལ་བོན་པོས་སྨོད་ན་བན་ཆོས་ལ་དད་པ་བྱེད་མཁན་མང་པོའི་སེམས་འཁྲུགས་འགྲོ ཆོས་འཇིག་རྟེན་གཉིས་ཀ་དང་མི་མཐུན། མ་གཞི་ང་ཚོའི་བཤད་བྱ་དེ་ཆོས་སུ་བཟང་དང་སུས་སུ་ལ་རྐུས་མ་རྐུས་དེ་མིན་པར་ཐོན་མིའི་སྔོན་དུ་སྨར་ཡིག་ཡོད་མེད་དེ་རེད་མོད། འོན་ཅིང་འདི་ལ་རང་གཞིན་གཉིས་ལ་གཟུག་རྔུའི་རྩོད་པ་སྒྲ་རྙན་བཞིན་མ་གཏོག་མི་འདུག ངས་ཁ་སང་ནས་བོན་ཚབ་ཚོ་ཟེར་བའི་ཚིག་དེ་བེད་སྤྱོད་བྱས་པ་ཡིན། དེ་ནི་རྒྱུ་སྒོར་དངུལ་ཁུག་རྒྱག་པའི་རྒྱུག་ཁྱི་འགའ་ཞིག་བན་བོན་དུ་རྫུས་པ་ཡིན་པའི་དོག་པ་ཡོད་ལ་གཞན་དག་དེ་ལྟར་བཤད་མཁན་ཡང་འདུག (མཇུག་ཏུ་ང་ཚོ་ཚང་མ་བན་དེ་རྣམ་དག་ཡང་མིན་ལ་བོན་པོ་རྣམ་དག་མིན་པའི་སྤྱི་ཚོགས་དཀྲུགས་ཤིང་ལྷོང་བའི་དྲྭ་འབུ་རྣམ་དག་འབའ་ཞིག་ཡིན་པ་རང་གཞན་གཉིས་ཀྱིས་ཤེས་པར་གྱིས་ཤིག )
སྤྱིར་ང་ཚོས་འདི་བཞིན་བགྲོ་གླེང་ལ་འཇུག་སྐབས་སོ་སོའི་ལྟ་བ་མི་འདྲ་བའི་དབང་གིས་འདོད་སྟངས་ཐ་དད་དུ་གྱུར་ནས་མཚམས་རེེར་ཕན་ཚུན་ཚིག་ངན་འགའ་ཤས་ལབ་དགོས་ཀྱང་འབྱུང་བཞིན་ཡོད། འོན་ཀྱང་གནས་ལུགས་ཀྱིས་ཡོངས་སུ་ཕངས་ཤིང་དུས་དང་རྣམ་པ་ཀུན་ཏུ་ཆོས་སྤོང་གི་ལས་བསགས་ཐབས་ལ་ཀུན་ནས་འབད་པའི་ཀརྨ་ཡེ་ཤེས་སུ་འབོད་པའི་མི་ངན་དེ་རིགས་ནི་ནམ་ཡང་ཡ་ལན་སྟེར་བའི་གནས་སུ་མི་འོས་མོད། དེ་མིན་རང་གཞན་ཕན་ཚུན་གྱི་ལྟ་གྲུབ་མཁྱེན་རྟོགས་ཡོང་ཆེད་མཁས་དབང་ལ་སྟོད་བུ་སོགས་དུས་ནས་དུས་སུ་ད་དུང་དྲ་གནས་འདིར་ཕེབས་པའི་རེ་བ་ཡོད་ལ། གུས་མོ་ཡང་གྲུ་ཁ་འདི་ནས་སླར་མི་ལྡོག་པའི་ས་གནས་སུ་ནམ་ཡང་འགྲོ་འཆར་མེད། དེས་ན་ད་ནས་བཟུང་ང་ཚོ་ཡང་བསྐྱར་(བན་བོན་གྱི་བླ་མ་རོང་ལེའི་ཞབས་བརྟན་གསོ་སྨན་བདུད་རྩིའི་བུམ་བཟང་ཞེས་བྱ་བ།)ཞེས་པའི་མཇུག་ཏུ་སྟབས་བདེ་བས་དེར་འཛོམས་པའི་རེ་སྨོན་ཡོད།
མུ་ཙུག་སྨར་རོ། ཝེར་གྱེར་རོ།
སྨན་མོ་མཚོས་དྲྭ་ལམ་འདི་ནས་དེ་རིང་ལ་སླ་ཡང་ཆོས་ལུགས་ཕྱོག་ཞེན་ཀྱིས་རྡུམ་པའི་རིགས་ལ་ལམ་རྟེན་མཛད་གནང་བ་ལ་ལེགས་སོ་ཡོད།
བླ་མའི་རིང་ལུགས་པའི་ཞབས་འཐེན་མཁན་འདི་ཚོ་ནི་ཀྱེ་མ་ཀྱེ་ཧུད་ལུང་རིག་གི་བརྒལ་བརྟག་གང་ལའང་ཁྱེད་ཅག་གིས་ཡང་དག་པའི་དཔྱད་བརྗོད་འོས་འཚམས་བྲིས་པ་ཞིག་གཏན་ནས་མ་མཐོང་ཟེར་ན་མི་འགྲིག་རྒྱུ་ཅང་མི་འདུག དེ་ལས་གྲུབ་མཐའི་རྒྱལ་པོ་གཡུང་དྲུང་བོན་གྱི་བསྟན་པ་ལ་མཚན་སྨད་དང་སྐུར་འདེབས་དེ་སྲོལ་འབྱེད་ཀྱི་༧སྟོན་པ་སངས་རྒྱས་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་མཆོག་ལའང་མཚན་སྨད་དང་སྒྲོ་འདོགས་རང་ནུས་ཀྱིས་གང་ཐུབ་ཐུབ་གང་འཇོན་འཇོན་ཁ་རུབ་ལྕེ་རུབ་བྱེད་པ་འཛུབ་མོ་ལྔ་ལ་སེན་མོའི་རྒྱབ་བརྟེན་ཞེས་པ་ལྟར་གྱི་ཚུལ་འདི་བསམ་ན་༧སྐྱབས་མགོན་རིན་པོ་ཆེས་རྣམ་ཀུན་གསུངས་བཞིན་པའི་ཁོང་གི་སྐུ་ཚེ་གང་བོར་དམ་བཅའ་གསུམ་མངའ་བ་ལས་གཅིག་དེ་ཆོས་ལུགས་ཕན་ཚུན་བར་མཐུན་སྒྲིལ་དང་གུས་བཀུར་གང་མཐོར་གཏོང་བའི་མཛད་པ་དེ་ཡིན་པ་ལ་ཁྱེད་ཚོས་སྣང་མེད་ཐོག་ལའང་ངོ་རྒོལ་ནན་པོ་ཞིག་བརྒྱག་པ་མ་ཡིན་ནམ། ཕྱི་རྒྱ་དམར་པས་་་གོང་ས་མཆོག་ལ་གཅིག་གཅིག་་་་མིག་མིག་བྱས་ཟེར་བ་དེ་ཕར་ཞོག་ནང་དུ་དམ་ཉམས་པ་ཁྱོད་ཅག་གི་བྱེད་སྟངས་འདི་དག་ལ་ང་ཚོ་གཡུང་དྲུང་བོན་ལུགས་འཛིན་པ་ཡོངས་ནས་སྔར་ལས་ལྷག་པར་སྐྱུགས་བྲོ་བའི་ཚོར་སྣང་ཉིན་རེ་བཞིན་ཤུགས་ཆེར་རྒྱས་བཞིན་ཡོད།
ཀོང་པོ་རྒྱལ་དབང་ཆོས་རྗེས་མཛད་པའི་རྗེ་རིན་པོ་ཆེའི་རྣམ་ཐར་ནང་། བཅོམ་ལྡན་འདས་ཀྱི་ཞབས་རིམ་པ་དགེ་སློང་ལེགས་སྐར་ཞེས་པ་མེད་པའི་སྐོར་གསུངས་ཡོད། འོན་ཀྱང་པཎ་ཆེན་བསོད་ནམས་གྲགས་པས་དགེ་ལྡན་ལེགས་བཤད་ནང་། ལེགས་སྐར་སྟོན་པའི་མཛད་ལ་ལོག་རྟོག་གིས།། ས་ཡི་ཐོངས་ཕྱེ་དམྱལ་བ་ཆེན་པོར་སྐྱེས།། ཞེས་གསུངས་འདུག་པ་ཇི་ལྟར་འགྲེལ།
ཇོ་ཇོ་ལགས་ཀྱི་དྲི་བ་ནང་བཞིན། སྔོན་ཆད་ཞིག་ལ་གྲྭ་བ་ཞིག་གིས་བླ་མ་མཁས་པ་ཞིག་ལ་དྲི་བ་འདི་འདྲ་བོ་དྲིས་སོང་བ་དྲན་གི
ཁོང་གིས་གསུངས་དོན། ཀུ་དགའ་བོའི་མདོ་ཞེས་པའི་ནང་ན་དགེ་སློང་ལེགས་སྐར་ཡོད་པ་གསལ་འདུག་གསུང་སོང་། ཡོད་མེད་མི་ཤེས།
ལ་སྟོད་འདི་སྨྱོས་ཡོད་ས་རེད་དན་དན། འདི་ལ་ཆི་བཤད་འདི་བཤད་ལ་རང་དབང་ཡོད་ས་མ་རེད། ཁོ་རང་གི་ཁ་ཁོ་རང་གི་མིན་པའི་བཟོ་འདྲ་ཞིག་འདུག ཤ་ཚ་བའི་གྲོགས་པོ་འདྲ་ཡོད་ན་སྨྱོ་ནད་སྨན་ཁང་ལ་བསྐྱལ་རན་པས་མི་ཚད་ཕྱིས་དྲག་འདུག འདིས་ཁ་མི་གཏོང་ས་གཅིག་ཀྱང་མེད། ཆོས་ལུགས་ཡོད་ཚད་ལ་ཁ་གཏོང་། ཡང་མི་སྒེར་བ་ཡོད་ཚད་ལ་ཁ་གཏོང་། སྲིད་དོན་པ་ཟེར་ན་སྔར་ནས་ད་ལྟའི་བར་གྱི་རྒྱལ་བོ་རིམ་བྱོན་དང་། གོང་ས་རིམ་བྱོན། བོད་ཀྱི་སྲིད་བཟུང་མཁན་ཡོངས་རྫོགས་འགྲིག་མེད་པར་བཤད། འདིའི་མིག་ནང་ན་འགྲིག་བསྡད་པ་གཅིག་ཀྱང་མི་འདུག འདི་ནད་རྟགས་ཞིག་མིན་ན་གང་ཡིན། ཁོ་རང་གིས་བཤད་བཤད་ནས་ཡང་ཁོ་རང་ཁ་བརྡ་ནང་དུ་ཡོང་གི་མིན་ཟེར་འདུག འདི་ཡང་ནད་རྟགས་ཞིག་མིན་ན་གང་ཡིན། ཨ་ཁ་ཁ། འདི་ལ་ཤ་ཚ་བའི་མི་ཞིག་ཡོད་ས་མི་འགྲོ་ན་ཡང་ཐང་། སེམས་པ་ཐང་ཐང་མེད་མཁན་ལ་ཤ་ཚ་ན། ཤ་ཚ་བའི་མི་ལ་ཁ་མཆུ་བཙུགས་ཡོང་གི་རེད། ང་ཁོང་ལ་ཤ་ཚ་ཡོད་ནས་ཤ་ཚ་བའི་སྐད་ཆ་གཅིག་བཤད་པ་ཡིན་མོད། ཡང་ཁོང་གིས་ངས་ཁོང་ལ་འཛགས་འདོད་པ་རེད་ཟེར་ནས་ལོག་བཤད་བརྒྱབ་ཡོང་གི། ད་བྱས་ཡ་ཡོད་པ་མ་རེད། སྔ་མའི་ལས་ངན་བསགས་པའི་རྣམ་སྨིན་རེད། འཛམ་གླིང་ལས་ཀྱི་ས་པ། ལས་རང་གི་བྱས་པ་རང་ལ་སྨིན་ས། ས་ལ་མི་སྨིན༎ རྡོ་ལ་མི་སྨིན། རང་གིས་བྱས་པ་རང་ལ་སྨིན་ནོ།
རྫ་ཕྲུག་ལགས་ཀྱིས་ལན་གསུངས་པར་ཐུགས་རྗེ་ཆེ། ལ་སྟོད་བུ་ལགས། ཁྱོད་རང་ཁ་བརྡ་དྲྭ་བར་མཆན་འདེབས་མཐའ་མ་ཡིན། ཞེས་གསུངས་འདུག དེ་འདྲའི་འུ་ཐུག་མཛད་མི་དགོས། ཕན་ཚུན་རྩོད་པའི་སྐབས་དོན་མེད་ཀྱི་དམོད་ཚིག་གི་དུག་མདའ་འཕེན་མཁན་འགའ་ཤས་འདུག་རུང་། ཕན་ཚུན་ལེགས་བཤད་ཀྱི་སྐྱེས་འབུལ་རེས་བྱེད་པའང་འདུག རྩོད་པའི་སྐབས་ཕན་ཚུན་གཉིས་ཀའི་ལེགས་ཆ་ཀློག་པ་པོ་མང་པོས་ཤེས་ཀྱི་འདུག དེ་ནི་བན་བོན་གཉིས་ཀའི་བསྟན་པའི་བྱ་བ་གལ་འགངས་ཆེན་པོ་ཞིག་ཡིན་པར་ངེད་ཀྱི་རློམ་བཞིན་ཡོད། ངས་བྱ་ན།
མུ་མཐུད་མཆན་འདེབས་པར་ཕེབས་ཤོག མཆན་འདེབས་པ་ཚང་མ་བན་བོན་གཉིས་སུ་གྱེས་པའི་ཕྱོགས་རིས་ཅན་མ་ཡིན།
སྐད་གྲགས་ཅན་གྱི་ལ་སྟོད་ཁ་བརྡ་ནད་ཐོན་ཚེ་ཧ་ཅང་བློ་ཕམ་བྱུང་། ཁོང་ནི་བསམ་བློ་པ་ཞིག་རེད།
ལ་སྟོད་ཤོག ང་ཚོ་ལ་ཚེར་སྣང་བྱ་དགོས་མ་རེད། ཁ་སང་ཨ་རག་ཏོག་ཙམ་འཐུང་ནས་རྙོགས་དྲྭ་ཏོག་ཙམ་བྱུང་བ་རེད། ད་ཁྱད་ཡོད་མ་རེད། ཤོག་ཨ། ང་ཚོ་འཁྲུག་པ་རྒྱག་གིས་རྒྱག་གིས། ཧ་ཧ་ཧོ་ཧོ་ཟེར་གིས་ཟེར་གིས། ཤོག་ཨ།
གཟུར་བོར་གནས་པའི་ངོས་ནས་བཤད་ན་གལ་སྲིད་ལ་སྟོད་བུ་ཁ་བརྡ་དྲ་བ་ནས་ཐོན་ཟིན་པ་ཡིན་ཚེ་ངེད་ཅག་དྲ་གྲོགས་ཚོ་ཙམ་མ་ཡིན་པར་ཁ་བརྡའི་གཟི་བརྗིད་ཀྱི་རིམ་པ་གཅིག་མར་ལྷུང་རྒྱུ་ཡིན་པས་ཆེས་བློ་ཕམ་ཡོད། འོན་ཀྱང་སྡེ་ཚན་འདི་ནས་མཆན་འདེབས་མཚམས་འཇོག་རྒྱུ་ལས་གོ་སྐབས་གཞན་ནས་སྔར་བཞིན་དགོས་པ་སྐབས་བསྟུན་གྱིས་ཕེབས་རྒྱུ་ཡིན་ན་དེ་ཙམ་གྱིས་གནད་འགག་མི་འདུག
ཁོང་གིས་གསུངས་སྟངས་ལ་གཞིགས་ན་ཧ་ལམ་ཐོན་ཚར་བའི་བཟོ་འདྲ་ཞིག་འདུག དངོས་གནས་བྱས་ན་ང་ཚོ་ཚང་མས་ཚིག་མཚོན་ཉུང་དུ་བཏང་ཞིང་ཁོང་སླར་ཕེབས་རྒྱུའི་རེ་སྐུལ་ཞུས་ན་ཡག་པོ་འདུག་བསམ་བཞིན་ཡོད། ངས་ཁོང་ད་བར་དངོས་གནས་སུ་ཞིག་ཡིན་མིན་ཐག་ཆོད་མེད་མོད་ཀྱང་གང་ལྟར་ང་ཁ་བརྡ་དྲ་བའི་ནང་ད་བར་ཧ་ལམ་མི་ལོ་བཞིའི་རིང་མཆན་འདེབས་དང་རྩོམ་འབྲིའིི་ལས་ལ་གང་མཚའས་ཤིག་ཞུགས་ཡོད་ཀྱང་ཁོང་ལྟ་བུའི་རྣམ་དཔྱོད་ཀྱི་རྩལ་དང་མཐོང་རྒྱ་ཡོད་མཁན་སུ་གང་ཞིག་མཐོང་མ་སོང་། གལ་སྲིད་ཁོང་ཉིད་ཕེབས་བདེན་ཡིན་ཚེ་ང་ཚོ་ཡང་གནས་ལུགས་ཀྱིས་འཕངས་པའི་བྱིས་པ་ཁྱུ་ཞིག་དང་མཉམ་དུ་དུས་ཚོད་གསེར་བས་བཟང་བ་དེ་བཏང་འདོད་མི་འདུག དེ་དངོས་གནས་ཡིན་ཁྱེད་ཚོས་ཀྱང་ཁོང་སྡུག་རབས་གསུངས་པ་དེ་གཅིག་པུ་ལ་མི་བསམ་པར་ཁོང་གིས་བརྒྱུད་དེ་བློ་བསྐྱེད་ག་ཚད་རགས་ཡོད་མེད་ལའང་ཐུགས་དགོངས་བཞེས་རོགས། དེ་ཁ་བརྡ་ཚང་གིས་ཀྱང་བསམ་བློ་འདོན་དགོས་ཀྱི་ཡོད།
སྨན་མོ་ཚོས་དག་སྣང་ཡག་པོ་སྦྱོང་འདུག
ངས་དྲང་མོ་བཤད་ན་ཐོས་རྒྱ་དང་མཐོང་རྒྱ་མེད་མཁན་འགའ་ཞིག་གི་ཚེ་བརྟེན་ཞབས་དྲུང་བརྗེས་སུ་འབྲང་ནས་བོད་ཡིག་དང་སྨྲར་ཆེན་སྨྲ་ཆུང་སོགས་བོན་ནས་བྱུང་མ་ཡིན་པའི་ལུང་རིག་ཡང་དག་པ་ཞིག་དྲངས་ཀྱི་མི་འདུག་
དགེ་སློང་ལེགས་སྐར་ཟེར་བ་རང་རྒྱུད་ལུང་གིས་ཁེངས་བའི་ང་རྒྱལ་གྱིས་སྟོན་པའི་མཛད་པ་ལ་ལོག་ལྟས་སྨད་ཚུལ་པདྨ་ཐང་ཡིག་སོགས་ལས་འབྱུང་མོད། དེ་རྗེ་ཙོང་ཁ་བའི་སྐྱེ་རྒྱུད་ཅིག་མ་ཡིན་ཡང་ཕྲག་དོག་གིས་མྱོས་བའི་མཁས་པ་ཤཀྱ་མཆོག་ལྡན་གྱིས་དགེ་སློང་ལེགས་སྐར་དང་རྗེ་རིན་པོ་ཆེས་ལྷ་སའི་ཇོ་བོ་ལ་དབུ་རྒྱན་ཕུལ་བ་གཉིས་སྦྱར་ནས་ལུང་བསྟན་རྫུན་མ་ཞིག་བྲིས། པདྨ་གླིང་བར་བརྫུས་བའི་གྲུབ་རྫུན་དེས་ཡར་འབྲོག་མཚོ་འགྲམ་དུ་གཏེར་བཏོན་ཁུལ་བྱས་པ་མཁས་གྲུབ་རིན་པོ་ཆེའི་གསུང་ཐོར་བུ་ལས།
སྤྲུལ་བའི་སྐྱེས་མཆོག་པདྨ་འབྱུང་གནས་ཀྱིས།།ང་སྤྲུལ་ཡིན་ཞེས་གཏེར་མིན་གཏེར་འདྲ་འདོན།།དམ་ཉམས་གར་ཡང་མ་བྲིན་ཁྱུ་གཅིག་ཚོགས།།ཉ་མའི་མགོ་སྐོར་འབྲེལ་མེད་ཆོས་བཤད་བྱེད།།ལུང་བསྟན་འདི་ཡང་ད་ལྟའི་གཏེར་སྟོན་མཁན།།པད་གླིང་ཐོལ་ལ་བརྟེན་པའི་སྟེང་དུ་འབབ།།ཅེས་སློབ་དཔོན་བཀའ་དྲིན་ཅན་གྱིས་ལུང་བསྟན་པ་ལྟར་གཏེར་སྟོན་རྫུན་མ་འདོན་མཁན་དང་དམ་ཉམས་དང་སློབ་མའི་ཚོགས་ལ་འབྲེལ་མེད་ཆོས་བཤད་བྱེད་མཁན་པདྨ་གླིང་པའི་མིང་ཁུར་ནས་ཆོས་ལུགས་ནང་ཁུལ་ལ་གཏོར་བརླག་མཁན་དེ་ཡིན་པ་ཤེས་དགོས། པདྨ་བཀའ་ཐང་ལས་གསུངས་པའི་གཏེར་སྟོན་དུ་ལུང་བསྟན་པའི་པདྨ་གླིང་པ་དེ་ནི་གྲུབ་ཐོབ་ཚད་ལྡན་ཞིག་ཡིན་པ་ཡོངས་གྲགས་རེད། འདི་གཉིས་ཀྱི་ཁྱད་པར་མ་ཤེས་བར་མགོ་བོ་འཐོམས་ཏེ་གཏེར་སྟོན་པདྨ་གླིང་བར་འཁྲུལ་མཁན་མང་པོ་ཡོད་ཚོད་འདུག །རྒྱལ་དབང་ཆོས་རྗེས་མཛད་པའི་རྗེའི་རྣམ་ཐར་རྒྱས་པ་ནའང་ཡོད་པས་མཁས་གྲུབ་རིན་པོ་ཆེའི་གསུང་དེ་ལས་གསལ་བོ་བསྟན་འདུག་པ་འདི་ལྟར། དེ་ལ་བསམ་ནས་ཆེན་པོ་ཤཱཀ་མཆོག་དང་།།པདྨ་གླིང་པར་འཆོས་པའི་སྙིང་ཆེན་གཉིས།།རྗེ་བཙུན་བླ་མའི་འཕྲིན་ལས་ཉིན་བྱེད་འོད།།ཕྲག་དོག་སྦྲང་བུའི་གཤོག་པས་སྒྲིབས་སྙམ་དུ།།ཁོ་བོ་མཁས་པ་ཡིན་པས་འདི་བརྩམ་ཞིང་།།ཁྱོད་ནི་གྲུབ་ཐོབ་ཡིན་པས་འདོན་དགོས་ཞེས།།གྲོས་ངན་བཤམས་ཤིང་དགེ་སློང་བཞི་བཏང་སྟེ།།ཡར་འབྲོག་མཚོ་ཡི་འགྲམ་དུ་གཏེར་དུ་སྦས།།དེ་ཉིད་པད་གླིང་བརྫུས་མས་བཏོན་པས་ན།།ཞེས་སྙིང་ཆེན་ཞེས་པ་སྙིང་སྟོབས་སམ་བློ་ཁོག་ཆེན་པོ་ཡོད་པ་ལ་གོ །རྗེ་རིན་པོ་ཆེའི་མཛད་པ་འཕྲིན་ལས་ལ་ཕྲག་དོག་གི་སྒྲིབ་པའི་མཁས་པ་ཤཱཀ་མཆོག་གིས་ལུང་རྫུན་བརྩམས་པ་དང་པདྨ་གླིང་བར་བཅོས་བའི་གྲུབ་བརྫུས་དེས་འདོན་དགོས་ཞེས་རྣམ་པ་གཉིས་ཀྱིས་གྲོས་ངན་བཤམས་ཏེ། དགེ་སློང་བཞི་བཏང་ནས་ཡར་འབྲོག་མཚོའི་འགྲམ་དུ་གཏེར་དུ་སྦས་བ་པད་གླིང་བརྫུན་མས་བཏོན་ཁུལ་བྱས་ཚུལ་གསལ་བོར་གསུངས་འདུག། པད་གླིང་རྫུན་མ་དང་གཏེར་བཏོན་པདྨ་གླིང་བ་གཉིས་ཀྱི་བར་ལ་མི་རབས་གཉིས་སོང་བས་དུས་མི་མཚུངས་བས་གཏེར་བཏོན་འབྱུང་དུས་དང་འགལ་བའི་སྐྱོན། ལུང་བསྟན་དུ། ལ་སྟོད་སྟག་རིར་དུག་གི་ཚོང་དུས་འོང་།།མེ་སྦར་མཚོ་ལ་སྦས་པའི་གཏེར་ཁ་འདི།།མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འོང་།།ཨུ་རྒྱན་པདྨ་གླིང་བ་ཞེས་བྱ་འབྱུང་།།ཞེས་མེ་སྦར་མཚོ་ལ་འདོན་པར་གསུངས་བ་དང་པད་གླིང་བརྫུན་མས་ཡར་འབྲོག་མཚོ་ནས་བཏོན་པས་འདོན་པའི་ཡུལ་དང་འགལ་བའི་སྐྱོན། གཞན་ཡང་ལེགས་སྐར་སོགས་ཀྱིས་སྟོན་པ་ལ་ལོག་ལྟས་སྨད་པ་ངེས་དོན་ཡིན་ན་འདུལ་བ་ལུང་ལས་སངས་རྒྱས་ལ་སྨད་པའི་རྣམ་སྨིན་གྱི་འབྲས་བུར་བསྐལ་བར་མནར་མེད་དུ་གནས་བར་གསུངས་པས་དགེ་སློང་ལེགས་སྐར་དང་རྒྱལ་བ་བློ་བཟང་གྲགས་པའི་བར་བསྐལ་ཆེན་ལྟ་ཅི་སྨོས།། བར་བསྐལ་གཅིག་གི་སྟོད་ཆ་ཡང་མ་རྫོགས་པས་འདུལ་བ་ལུང་དང་འགལ། གསུང་ཐོར་བུ་ལས། ཐང་ཡིག་ནང་དུ་འདྲ་མིན་མང་བཤད་ཀྱང་།།ཆོས་སྐྱོན་མ་ཡིན་རྗེས་འཇུག་འཕྲི་བསྣན་ལྷད།།ཡང་ན་ཕྱི་མོ་མ་དག་རིམ་བརྒྱུད་སྐྱོན།།ཞེས་རྗེས་འཇུག་རྣམས་ཀྱིས་འཕྲི་བསྣན་གྱིས་ལྷད་ཞུགས་པའམ་ཡང་ན་ཕྱི་མོ་མ་དག་པའི་རྒྱུན་འབྱམས་སུ་སོང་བའི་སྐྱོན་འདུག་ཅེས་གསུངས། རྗེ་རིན་པོ་ཆེ་རང་གིས་ཆོས་ལུགས་གཞན་ལ་དེ་འདྲར་མཛད་པ་ཕར་ཞོག་དང་བླ་མ་མཁས་པ་གཞན་གྱི་གསུང་ལ་དཔྱད་པ་མཛད་ཚེའང་མིང་བཟུང་མི་མཛད་པར་ཕྱིས་ཀྱི་ཁ་ཅིག་དང་སྔོན་གྱི་ཁ་ཅིག་ཞེས་ཁོང་གི་གསུང་རྩོམ་དག་ཀློག་ན་ཤེས་ཐུབ། འདི་ནི་བློ་གཟུ་བོར་གནས་པ་རྣམས་ཀྱིས་ངེས་བར་མཁྱེན་དགོས།
གོང་གི་མཆན་༡༣༦ ཇོ་ཇོ་ནས།
༼ ཀོང་པོ་རྒྱལ་དབང་ཆོས་རྗེས་མཛད་པའི་རྗེ་རིན་པོ་ཆེའི་རྣམ་ཐར་ནང་། བཅོམ་ལྡན་འདས་ཀྱི་ཞབས་རིམ་པ་དགེ་སློང་ལེགས་སྐར་ཞེས་པ་མེད་པའི་སྐོར་གསུངས་ཡོད། འོན་ཀྱང་པཎ་ཆེན་བསོད་ནམས་གྲགས་པས་དགེ་ལྡན་ལེགས་བཤད་ནང་། ལེགས་སྐར་སྟོན་པའི་མཛད་ལ་ལོག་རྟོག་གིས།། ས་ཡི་ཐོངས་ཕྱེ་དམྱལ་བ་ཆེན་པོར་སྐྱེས།། ཞེས་གསུངས་འདུག་པ་ཇི་ལྟར་འགྲེལ། ༽ཞེས་དྲི་བ་འདི་ལ་ལན་འདི་ལྟར་བཏབ་ན་ཨེ་འགྲིག ། དགེ་སློང་ལེགས་སྐར་ཟེར་བའི་མཚན་མདོ་སྡེའི་ནང་དངོས་སུ་བྱུང་བ་བདེན་པ་རེད། ཡིན་ཡང་སྟོན་པའི་ཚེ་གཡོག་གནང་མཁན་ཞབས་རིམ་པ་ལེགས་སྐར་ཟེར་བ་ཞིག་མདོ་སྡེའི་གང་དུའང་བྱུང་མེད། སྔོན་ཆད་རེབ་གོང་གི་སྔགས་རྒན་ཞིག་དང་ངེད་གཉིས་ཐུག་ཕྲད་སྐབས་ཁོང་གིས་ང་ལ་འདི་ལྟར་ཐང་ཡིག་གི་ལུང་ཞིག་བཏོན་སོང་། ལོ་ནི་ཉི་ཤུ་བར་དུ་ཚེ་གཡོག་བྱས།།ཡོན་ཏན་ཏིལ་འབྲུ་ཙམ་ཡང་ངས་མ་མཐོང་།།ཞེས་་དེ་དུས་ང་རང་ལོ་ཆུང་བས་ལུང་ཚིག་དེའི་དོན་དག་ཅི་ཡིན་གསལ་བོར་ངེས་མ་སོང་མོད། ཡིན་ཡང་ལུང་དེ་བློ་ལ་ཟིན་ནས་མཚམས་མཚམས་སུ་སྐྱོར་གི་ཡོད། ཉིན་ཞིག་སྡི་ཚའི་དགེ་བཤེས་བགྲེས་པོ་ཞིག་གིས་ལུང་དེ་ག་བར་འདུག་ཅེས་ང་ལ་དྲིས་སོང་། ངས། བཀའ་ཐང་ནང་ལ་འདུག་ཅེས་ཞུས་པས། དགེ་བཤེས་བཞད་མོ་ཞིག་བཞད་དེ་སྟོན་པའི་འཁྲུངས་རབས་གང་དུའང་བཅོམ་ལྡན་འདས་ཀྱི་དྲུང་དུ་ལོ་ཉི་ཤུར་ཚེ་གཡོག་གནང་བ་དགེ་སློང་ལེགས་སྐར་ཟེར་བ་ཞིག་ཡོད་པ་མ་རེད། བཅོམ་ལྡན་གྱི་རིམ་གྲོ་བ་ནི་ཀུན་དགའ་བོ་ཡིན་པ་མདོ་སྡེ་བསྐལ་བཟང་ན་གསུངས་པ་ལྟར་རེད་ཅེས་གསུངས།
དྲ་གྲོགས་རྣམ་པ་སྐུ་ཁམས་བཟང་། ངས་རྩོམ་འདི་ཁ་བརྡ་ལ་བཀོད་རྗེས་རྩོམ་འདིའི་མཆན་བུ་རྣམས་ཞིབ་ཏུ་ཀློག་པའི་རྩོལ་བ་མ་བསྟེན། དེ་ནི་ངས་རྩོམ་འདི་བཀོད་པའི་ཐོག་མའི་ཀུན་སློང་ལ་འབྲེལ་བ་ཡོད་པ་ཞིག་ཡིན། འོན་ཀྱང་དེ་རིང་གྲོགས་པོ་ཞིག་གིས་ང་ལ་ཁ་པར་ཐོག་མཆན་གྱི་ཁྲོད་དུ་རབ་གསལ་གྱི་ཀུན་སློང་ལ་དྭོགས་འདྲི་བྱས་པ་ཞིག་འདུག་ཅེས་གསུངས་སོང་། དེར་བརྟེན་མཆན་འདི་བྲིས་པ་ཡིན།
ངས་ཨ་ལགས་ཚེ་ཏན་ཚང་གི་རྩོམ་འདི་ངས་རྩོམ་ཞིག་འབྲི་འཆར་གྱིས་དེའི་ལུང་འདྲེན་ལ་མཁོ་ནས་ཡི་གེར་བཏབ་པ་ཡིན། འོན་ཀྱང་ལུང་རིང་དྲགས་འདུག དེར་བརྟེན་འདི་ག་རང་རྩོམ་ཞིག་གི་ཚུལ་དུ་བཀོད་པ་ཡིན། དེ་ཡོང་རྐྱེན་གཅིག་ཡིན།
དེ་ནས་ངས་རྩོམ་ཞིག་འབྲི་འཆར་བྱས་པ་དེ་ནི་རྩོད་པ་ལ་འཇུག་སླད་ཁྱོན་ནས་མིན། རྩོད་པ་དང་ལས་ཀ་གཉིས་ཀྱི་བར་ནས་འདམ་ཁ་ཞིག་འཚོལ་བ་ཡིན། བརྩད་ནས་ཐག་མི་ཆོད་པའི་དོན་རྣམས་ལ་རྩོད་པ་སྤོང་བའི་ཐབས་འཚོལ་བ་ཞིག་ཡིན། དེ་ཡང་རིམ་གྱིས་སྤེལ་ཆོག་པ་ཞུ།
མཐའ་མ་དེར། ལ་སྟོད་བུ་མཚན་ཅན་སོགས་ཀྱི་མཁྱེན་ཡངས་རྣམས་ལ་ཕྲན་གྱི་བྱས་པ་ལ་བརྟེན་ནས་དོ་ཕོག་བྱུང་ཡོད་ན་དེ་ལ་དགོངས་སེལ་ཞུ་བ་ཡིན། དེའི་རྒྱུ་མཚན་ནི་གོང་དུ་ཞུས་པ་ལྟར་ཡིན་ལགས།
ལ་སྟོད་བུ་ཟེར་བ་དེ་ཁོ་ཚིག་ཚོན་གྱི་གཏེ་བོ་ཡིན་པས་ན་ཚིག་མཚོན་ལ་དོག་ནས་མཚམས་འཇོག་བྱས་ནི་མིན་པ་ཐབས་ཅད་ལ་གསལ། ཁོས་ཡུལ་དགེ་འདུན་པ་ལ་སྐུར་བ་བཏབས་པའི་ལས་ཀྱི་རྣམ་སྨིན་ལྕི་མོ་དེ་མཐོང་ཆོས་མྱོང་འགྱུར་གྱི་ལས་ཡིན་སྟབས་བལྟས་བལྟས་རིག་རིག་ལ་མཚན་འགྱུར་ནས་སྨན་མོ་མཚོ་ཆགས་པ་རེད། འགྱོད་བཤགས་བྱས་ན་ཡང་སྐྱར་ཐོན་འོང་གི་རེད།
དྲ་གྲོགས་རྣམས་ལ་ཐོག་མར་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་མ་ཤེས་ཤེས་ཁུལ་ལ་དགའ་བའི་ཕྲན་ཆུང་
ཡང་ཁྱོད་ཚོ་དང་མཉམ་དུ་འཚང་ཁ་ཅིག་རྒྱག་འདོད་བྱུང་། བློན་པོ་ཐོན་མིས་བོད་ཡིག་གསར་བཏོད་མ་གནང་བའི་ཡར་སྔོན་དུ་བོན་ཆོས་དར་ཡོད་པ་ནི་བསྙོན་མེད་ཅིག་རེད། འོན་ཀྱང་། དེའི་ཡར་སྔོན་གྱི་བོན་ཆོས་དེ་ཞང་ཞུང་གི་ཡི་གེར་ཕབ་ཡོད་པ་རེད་དམ་ཡང་ན་བོད་ཀྱི་ཡིག་གཟུགས་སུ་ཕབ་ཡོད། དང་པོ་ལྟར་ན་ཞང་ཞུང་གི་ཡི་གེར་ཕབ་པའི་རྒྱུ་་མཚན་གྱིས་དེའི་ཡར་སྔོན་དུ་བོད་ཡིག་ཡོད་པར་བསྒྲུབ་མི་ནུས་ཏེ། སྐབས་དེ་དུས་ཀྱི་ཞང་ཞུང་ཟེར་བ་དེ་བོད་རྒྱལ་ཁབ་ལས་ལོགས་སུ་ཡོད་པའི་རྒྱལ་ཕྲན་ཅིག་ཏུ་མཁས་དབང་ཀུན་གྱིས་འདོད་པའི་ཕྱིར།
བློན་པོ་ཐོན་མིས་བོད་ཡིག་གསར་བཏོད་མ་མཛད་པའི་ཡར་སྔོན་གྱི་བོན་ཆོས་རྣམས་བོད་ཀྱི་ཡིག་གཟུགས་སུ་ཕབ་ཡོད་ན་དེ་དུས་ཀྱི་བོད་ཡིག་དེ་དུས་ནམ་གྱི་ཚེ་སྐྱེས་བུ་དམ་པ་སུ་ཞིག་གིས་གསར་བཏོད་མཛད་པ་དང་། རྒྱལ་པོ་སྲོང་བཙན་སྒམ་པོས་བློན་པོ་ཐོན་མི་སོགས་མི་བཅུ་དྲུག་རྒྱ་གར་དུ་་མངགས་དོན་ཅི་ཡིན་མིན་སོགས་ལའང་བསམ་བློ་ཞིབ་ཏུ་གཏོང་དགོས་པ་ཞིག་རེད།
ངོ་མ་ཡ་མཚན་རེད་གཞོན་ནུ་ཟླ་མེད་དང་ཀརྨ་ཡེ་ཤེས་དབང་ཆེན་ད་དུང་རྫ་ཕྲུག་དང་ཇོ་ཇོ་སོགས་ཀྱི་རང་རེ་་བོད་གངས་ཅན་ལྗོངས་ཀྱི་ཡབ་མེས་ཀྱི་ཆོས་བོན་ལ་ལོག་པར་བལྟ་བ་འདི་ཚོའི་ནང་ཆོས་ལ་ཉམས་ལེན་དང་འཚེ་མེད་ཞི་བ་ད་དུང་དགེ་རྒན་དང་བླ་མ་ག་འདྲ་བྱས་ནས་གནང་གི་ཡོད་ནི་རེ་ ཁ་ངན་ཚིག་རྩུབ་དང་སྤྲུག་ཤིང་གཞན་སྨད་མཚང་འདོག་སོགས་ཀྱི་སློབ་མ་དང་སློབ་ཚོགས་སྤེལ་བ་ནི་ངེད་བོད་པ་ཚང་གི་ཞབས་འདྲེན་རང་རེད། ད་དུང་ཁ་ཡི་མཐུན་ལམ་མ་གཏོག་བཤད་མི་ཤེས་་ཁོག་གི་སྤྲུག་ཤིང་མ་གཏོག་བསམ་མི་ཤེས་པ་དེ་ཚོ་ད་ཚོད་བཟུང་ན་སྲ་གི་ཡ་ འི་གོ་ཐ།
བརྒྱ་བཤད་ཚིག་གི་སྙིང་པོ། སྟོང་བཤད་འོ་མའི་མར་ལོ་འདི་རེད།།
དོན་ངོ་མ་དེ་ཤེས་འདོད་ན་ལེགས་པར་ཉོན་ལ་ཡིད་ལ་བཟུངས་ཤིག་དང་ངས་བཤད་པར་བྱའོ།། ཆོས་བློན་ཐོན་མིའི་སྔོན་དུ་སྒྲའི་བསྟན་བཅོས་དང་མཐུན་པའི་ཡོངས་ཁྱབ་བེད་སྤྱོད་ཆོག་པའི་བོད་ཡིག་འདི་མེད། མི་མང་པོ་ཞིག་གི་བོན་བྱེད་ཀྱི་ཡོད། དེའི་བོན་དེ་དང་ད་ལྟའི་བོན་ལ་ཁྱད་པར་ཡོད། དེ་དུས་དམར་མཆོད་བྱེད་པ་དང་། ལྷ་གསོལ་བ། གཡང་འབོད་པ། མོ་བཏབ་པ་སོགས་བྱེད་ཀྱི་ཡོད། འོན་ཅིང་རིག་པའི་གཞུང་ལུགས་མེད་པས་ན་བོན་གྱེར་བྱེད། དེ་ནི་ལྟ་སྒོམ་མེད་པའི་ཡིན། དེ་ཚོ་ལ་མིང་གི་རྣམ་གྲངས་མང་པོ་ཡོད། ཁུང་མེད་པས་ན་འཁྱར་བོན་དང་རྡོལ་བོན། ངོ་བོ་མི་ལེགས་པས་ན་བོན་ནག་དང་གདོན་གཟུགས་བོན་ཅེས་ཟེར། ཕྱིས་སུ་བོད་ཡིག་དང་ནང་བསྟན་དར་ནས་བོན་ཆོས་སྡིག་དང་འདྲེས་པ་ཐམས་ཅད་སྣུབ། ལྷ་གཡང་མོ་སྐོར་སོགས་ནང་ཆོས་ཀྱིས་ཁོག་དབུབ་ནས་བཞགས་པ་རེད། བོན་པོ་ཆོས་ལ་སྡང་བ་མང་པོ་བྱུང་ཡང་བྱ་ཐབས་མ་རྙེད། རྗེས་སུ་བོད་ཡིག་འདི་བེད་སྤྱོད་ཀྱི་ནང་ཆོས་བོན་དུ་སྒྱུར་བ་རེད། ཆོས་ཀྱི་ཚབ་ཏུ་བོན་དང་ཡང་འགའ་ཞིགས་སྐྱར་ཟློས་ཡང་ཟློས་བྱས་གཙོ་བོ་བསྟོན་པ་དང་མཆོད་བརྗོད་དང་མཛད་བྱང་སོགས་རྗེ་བོ་རྒྱབ་པ་རེད། ནང་དོན་ཕལ་ཆེར་གཅིག་པ་ཡིན། དེ་ལ་བསྒྱུར་བོན་ཟེར་ཞིང་འགའ་ཞིག་གིས་བོན་དཀར་ཟེར་ནས་ནང་བ་དང་ཁྱད་པར་མེད་ཟེར་མཁན་ཡང་བྱུང་མྱོང་ཡོད། འོན་བློ་ཕམ་པ་ནི་ནང་བའི་དཀོན་མཆོག་གསུམ་ལ་སྐྱབས་སུ་མི་འགྲོ་བ་དེ་རེད། དེས་རྐྱེན་གྱིས་བོན་པོ་ནང་པ་མིན་གསུངས་མཁན་འཇམ་མགོན་བླ་མ་ཙོང་ཁ་ཆེན་པོ། ས་སྐྱ་པཎ་ཆེན། ཀློང་ཆེན་རབས་འབྱམས་དང་འཇིག་མེད་གླིང་སོགས་བྱུང་བ་རེད། སེ་ར་རྗེ་བཙུན་པ་སོགས་མང་པོས་དངོས་སུ་གསུངས་པ་རེད།
ད་དུང་བཤད་ཡ་ཡོད། དེང་སང་དྲྭ་ཐོག་ན་བོན་གྱི་འཐུས་འཚབ་བྱས་ནས་དཀྲུགས་ཤིང་རྒྱག་མཁན་མང་ཆེ་བ་དོལ་རྒྱལ་ཚོགས་པ་རེད། དེ་བཞིན་གྲྭ་ཚབ་བྱས་ནས་བོན་ལ་དམོད་ངན་དང་ཁུང་ལུང་མེད་པའི་སྐྱོན་བརྗོད་བྱེད་མཁན་དེ་ཚོ་གཅིག་མཚུངས་རེད། ཁོང་ཚོར་སྐབས་ཀྱི་སྒྲུབ་བྱ་ལ་བགྲོ་གླེང་བྱེད་ལས་གཞན་པའི་ཚད་ངེས་ཅན་གྱི་དམིགས་མདུན་ཡོད་རེད། མཆན་དེ་ཚོ་ལ་ཞིབ་ཏུ་བལྟ་ཀློག་བྱས་ན་ཁོང་ཚོས་ཇི་ཞིག་བརྗོད་ཀྱི་ཡོད་དང་བསམ་ཅི་ཡོད་བཙལ་ཚེ་མང་ཆེ་བར་སྒྲུབ་བྱེད་མི་འཁོ་བ་དང་བསྒྲུབ་བྱ་འགྲུབ་ཐབས་ལ་མི་བརྩོན་པར་མ་ཟད་རང་གི་མཆན་སྔ་ཕྱི་འགལ་མི་འགལ་ཙམ་ལ་དོ་མི་བྱེད་པར་དོན་ངོ་མར་དེ་ཆོས་ལུགས་དང་ཆོས་ལུགས་བར་དུ་དཀྲུགས་ཤིང་བྱེད་པས་ཚིག་དག་འཇམ་བཤད་རྩུབ་བཤད་མཁས་བཤད་གླུན་བཤད་ཐམས་ཅད་ཀྱི་བརྒྱ་བདུན་ཅུ་ནས་བརྒྱད་ཅུ་ཟིན་ཡོད་པས་རྟོགས་ཐུབ། མཇུག་ཏུ་མ་འགྲིག་པ་ཡོད་ན་དགོངས་དྭངས་ཞུ།།
དགེ་རབ་ཀྱིས་རྩོམ་ཡིག་འདི་བཀོད་པ་ཧ་ཅང་གི་ཐུགས་རྗེ་ཆེ། དངོས་གནས་རིན་ཐང་བདེན་པ་ཞིག་རེད།
གངས་ལྗོངས་རྒྱལ་སྲས། ཞིབ་ཚགས་མོ་བལྟས། ངས་འདིའི་ནང་ན་བོན་སྟོན་གཤེན་རབ་དང་། བོན་པོའི་བླ་མ་བླ་ཆེན་སུས་མཚན་ནས་སྨྲོས་མེད་ལ། དེ་དག་ལ་སྐྱོན་བརྗོད་ཀྱང་བྱས་མེད། ཡོད་ན་གཅིག་སྟོན་རོགས་ཀྱིས། ལོག་ལྟ་དང་ལེགས་ལྟ་གང་ཡང་བྱེད་ཀྱི་མེད། ལ་སྟོད་བུས་མཆན་རྣམས་ལ་བལྟས་དང་། བོད་ཀྱི་ཆོས་བརྒྱུད་ཚང་མའི་བླ་མ་བླ་ཆེན་ཚང་མར་བདུད་རེད། འདྲེ་རེད། སོགས་གང་བྱུང་མང་བྱུང་བཤད་ཀྱིན་པ་ཁྱོད་ཀྱིས་ཅིའི་ཕྱིར་མ་མཐོང་།
འོ་ངས་ལ་སྟོད་བུས་གནས་ལུགས་བཤད་ན་མི་གོ་ཞེས་བཤད་ཡོད། དེས་བོན་ལ་ལོག་བལྟ་བྱས་པར་འགྲོ་གི་ཡོད་མེད་མི་ཤེས།
དེ་ནས་ངོ་ནས་བཤད་ན་བོད་ཡིག་དེ་སུས་བཟོས་སྐོར་ལ་ལུང་དང་རིགས་པ་སོགས་བཀོད་དགོས་པ་སྐབས་དོན་རེད་མོད། ད་དུང་ལུང་རིགས་འདྲེན་པའི་སྐབས་སུ་སླེབས་ཡོད་པ་མ་རེད། སྔ་དྲག་པ་རེད། རྒྱུ་མཚན་ད་དུང་བོད་ཡིག་བཟོ་མཁན་ཐོན་མི་སམ་བྷོ་ཊ་མ་རེད་ཟེར་མཁན་རྣམས་ནས། མ་རེད་ཟེར་ནས་ཡི་གེ་ཁྲི་འབུམ་མང་པོ་བྲིས་ན་ཡང་། འོ་ནས་བོད་ཡིག་བཟོ་མཁན་སུ་རེད་ཟེར་ནས་ཁ་ནང་ལ་མཛུ་གུ་བཙུགས་ནས་སྡོད་པ་མ་གཏོགས་སུ་ཡིན་ཁོང་ཚོ་ལ་བཤད་རྒྱུ་མེད་པས། ང་ཚོས་ངལ་བ་བསྟེན་དགོས་པ་མ་རེད།
ད་དུང་ཡང་བོད་ཡིག་འདི་ཞང་ཞུང་ཡི་གེ་ཡིན་ན་ཅིག་གི་ཚ་བོ་རེད་ཟེར་མཁན་རྣམས་ལ་དེ་བས་ཀྱང་དགོད་བྲོ། ཞང་ཞུང་གང་ཡིན་མིན་མི་ཤེས་པར་དེའི་ཡི་གེ ཡི་གེ་དེ་ཡང་བོད་ཡིག་གི་ཞང་པོ་ཡིན་ཟེར་བ་དེ་ཚོ། རི་བོང་རྭ་ཡོད་མེད་མི་རྩོད་པར། རི་བོང་རྭའི་སྟེང་གི་གཉེར་མ་གྲངས་ཀ་བརྒྱབ་པ་དང་གཅིག་པ་རེད། ཐོག་མར་ཞང་ཞུང་བཙལ། དེ་ནས་ཞང་ཡིག་བཙལ། དེ་ནས་དེ་དང་འདྲ་འབྲེལ་གང་རུང་བསྒྲིགས་ནས་བོད་ཡིག་ནི་དེའི་ཚ་བོ་རེད་ཟེར་ན། དེ་ནས་བལྟ་རྒྱུ་ཞིག་ཡོད་པ་རེད།
གཞན་ཡང་བོད་ཀྱི་ནང་ཆོས་བོན་པོ་ལས་བརྐུ་བཤུས་བྱས་པ་རེད་ཟེར་མཁན་རྣམས་ནས་ཀྱང་། ཁྱོད་ཚོའི་ཚིག་དེ་བདེན་པ་ཡིན་ན་བོད་ཀྱི་ནང་ཆོས་ནི་བོན་པོའི་ཚ་བོ་ཡིན་པ་འདྲ་འདུག་པས། དེ་ལས་ཡག་པ་གཅིག་གང་ན་ཡོད། ཞང་པོས་ཚ་བོ་ལ་དམོད་པ་བོར་ནས་ཅི་བྱེད་མ་རེད་དམ། ཚ་ཞང་གཉིས་མཉམ་རུབ་བྱས་ན་དེ་ལས་ཡག་པོ་ག་ནས་ཡོང་།
རྒན་དགེ་འདུན་རབ་གསལ།
ཁྱེད་ཀྱི་ཀུན་སློང་ལ་སྐྱོན་ཞུགས་པ་ཅི། དེ་ལས་ལྡོག་ཏེ། ཁྱེད་ཀྱི་རང་གཤིས་ནི། རང་ལ་ཡོན་ཏན་དང་ཤེས་བྱ་ཡག་མོ་ཞིག་ཡོད་ན། ལམ་གསེང་གཞན་ལ་སྤྲོད་དགོས་མཁན་གྱི་བཤེས་གཉེན་རྣལ་མ་ཞིག་རེད། དེ་ལ་སྐྱོན་མེད། ཡི་རངས་ཞུ། ཁྱེད་ཨ་རིར་ལོ་འདི་འདྲ་མང་པོ་ཞུགས་རུང་། ཨ་རིའི་མཁས་པ་ཚོའི་ནད་ཞུགས་མིན་འདུག
ཡག་པོ་རེད། ཨ་རི་བ་ཁ་ཤས། རང་ལ་ཤེས་བྱ་གསར་པ་དང་ཡོན་ཏན་གསར་པ་ཞིག་བརྙེད་ན། རང་གི་རྩོམ་ཕྱི་ལ་མ་འདོན་བར་དུ་སྦས་ཀྱི་རེད། གསང་བ་བྱེད་ཀྱི་རེད། ལྟོ་གོས་གཏམ་གསུམ་ཆེད་དུ་དེ་འདྲ་བྱེད་ཀྱི་རེད། ཁྱེད་ལ་ཤེས་བྱ་ཡོད་ན། རིན་མེད་མིང་མེད་དམིགས་ཡུལ་མེད་པར་གཞན་ལ་སྟོན་རྐྱང་བྱེད། དེ་ཡག་པོ་རེད། ཡི་རངས་ཡོད་དོ། ཕལ་ཆེར་དགེ་འདུན་ཆོས་འཕེལ་མཆོག་ཡང་འདི་འདྲ་ཁོ་ན་རེད་འདུག། ཡག་པོ་རེད།
བན་བོན་བར་ལ་རྙོག་འདྲ་མེད། གཉིས་ལ་ཆོས་རྒྱུད་མི་འདྲ་བ་ཞིག་རེད། ཕན་ཚུན་གུས་ཞབས་དང་གཤིབ་དགོས་ཀྱི་རེད། ཆོས་རྒྱུད་མི་འདྲ་བ་རེད། གཅིག་པ་མ་རེད། ཡིན་ནའང། གཉིས་ཀར་བོད་ཀྱི་མང་ཚོགས་ལ་ཕན་ནུས་སྐྲུན་པའི་ནུས་པ་ལྡན་ཡོད། ད་རྩོད་པ་ག་རེའི་ཆེད་དུ་ཡོང་གི་འདུག། རྩོད་པ་འདི་བན་བོན་གཉིས་ཀྱི་དབར་ན་མ་རེད། རྩོད་པ་འདི་མི་སྒེར་ལ་སྟོད་དང་ཁོང་གི་ཁ་གཏད་གཉིས་དབར་ལ་འདོད་པ་མ་འཚིམ་པར་ཡོང་བ་རེད་འདུག
ང་ཚོ་བྱིངས་རྣམས་ཀྱིས་གཉིས་ཀར་རྒྱབ་སྐྱོར་མ་བྱས་པར། སྤྱིའི་ཁེ་ཕན་ཤ་སྟག་བཤད་སྡད་ན། ཁོ་གཉིས་རིམ་བཞིན་མར་བབ་ཀྱི་རེད། གལ་ཏེ་ཁོང་གཉིས་ངོ་མ་ཕོ་ཁྱོ་ག་ཡིན་ན། གཉིས་ཀའི་མིང་ངོ་མ་དང་ཁ་བྱང་འདོན། ང་ཚོས་ཁ་པར་བཏང་ནས་དྲ་རྒྱའི་ཐོག་ལ་ང་ཐུག་ནས་བགྲོ་གླེང་བྱས་ན། ནུས་པ་ཆེ་བར་མཐོང་།
ཁྱེད་ཚོ་འདི་ལ་རྒྱབ་སྐྱོར་ཡོད་དམ། ང་ཚོས། སེ་ཀེབ་ཐོག་ལ་ཁ་བརྡའི་བགྲོ་གླེང་ཞིག་འཛུགས་ནས། ལ་སྟོད་དང་ཁོང་གི་ཁ་གཏད་རྣམས་གདན་འདྲེན་ཞུས་ནས་བཀའ་མོལ་གནང་ན་ཇི་འདྲ་རས།
མཇུག་མཐར་རྩོད་པ་ཆོས་ཕྱོགས་སུ་ཞི་དགོས།
བད་དེ་རྣམས་ཀྱིས་བན་ཆོས་སྒྲུབས།
བོན་པོ་རྣམས་ཀྱིས་བོན་ཆོས་སྒྲུབས།
བྱས་རྗེས་གངས་ཅན་བོད་ལ་ཞོག
ལྷག་བསམ་ས་ཡ་དྲུག་ལ་བཟུང་།
འཐབ་རྩོད་རང་དབང་ཕྱོགས་ལ་གྱིས།
མདུན་ལམ་ཞི་བདེའི་ས་རུ་འགྲོ
བསྟན་འགྲོའི་དོན་ཆེན་འགྲུབ་པར་ཤོག
བསྟན་འཛིན་སྐུ་ཚེ་ཡུན་བརྟན་ཤོག
འཛམ་གླིང་བདེ་བའི་སྨོན་ལམ་འདེབས།
གོང་དུ་ལ་སྟོད་བུ་མོ་ཟེར་བ་དེས་བཤད་པ་གཅིག་གཟིགས་དང་མཆན་༼༡༥༢ ༡༥༣
མིག་བརྒྱད་པ་ལགས་ཀྱིས་ལན་གསུངས་པར་ཐུགས་རྗེ་ཆེ།
དགེ་ལྡན་ལེགས་བཤད་དུ། ལེགས་སྐར་སྟོན་པའི་མཛད་ལ་ལོག་རྟོག་གིས།། ས་ཡི་ཐོངས་ཕྱེ་དམྱལ་བ་ཆེན་པོར་སྐྱེས།། ཞེས་པའི་དོན་འགྲེལ་སྐབས་སྟོན་པའི་ཞབས་རིམ་པ་ཞིག་ཡིན་པར་འགྲེལ་འདུག་སྙམ།
གངས་ལྗོངས་རྒྱལ་སྲས་ལགས།
ཁྱེད་ཀྱིས་གུས་པ་ཇོ་ཇོར་གཞི་མེད་སྙོན་འཛུགས་ཀྱིས་ཡབ་མེས་ཀྱི་བོན་ཆོས་ལ་བཀུར་འདེབས་ཞུས་པའི་སྐོར་གསུངས་འདུག ཕྲན་ལ་བརྗོད་གཞི་དང་འབྲེལ་བའི་སྒེར་གྱི་འདོད་ཚུལ་མང་པོ་ཞུ་རྒྱུ་ཡོད་ཀྱང་། གནས་སྐབས་དཔྱད་པ་མཐར་ཕྱིན་མེད་པས། དོན་མེད་ཧོལ་རྒྱུགས་ཀྱིས་ཁ་ཕོག་སྣ་ཕོག་ཏུ་འགྱུར་ཉེན་ལ་བསམས་ཏེ་བྲིས་མེད། བསམ་ཚུལ་གཙོ་བོ་ནི། ཐོན་མིའི་གོང་གི་བོད་ཀྱི་ཡིག་གཟུགས་སོགས་ཤེས་རིག་གི་རྗེས་ཤུལ་མང་པོ་ཞིག་ཆུ་ལྦུར་མིག་ལ་མངོན་དུ་འགྱུར་རེ་ཆར་འདོད་བྱིའུས་གནམ་ཆུ་སྒུག་པ་ལྟ་བུ་མཆིས། ཉེ་ལམ་ཕྲན་གྱིས་བན་བོན་དང་འབྲེལ་བའི་མཆན་རྣམས་དཀྱུས་ཅིག་ཏུ་བཀོད་ཡོད་ན། ལེགས་པར་གཟིགས་ནས་དགོངས་ཚུལ་གསུངས་པར་ཞུ།
༤༦༽ ཇོ་ཇོ་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༩ གི་ཆུ་ཚོད་ ༦ སྐར་མ་ ༠༧
ལ་སྟོད་པ་ལགས་དང་བོན་པོ་བ་ལགས་སོགས་བོན་གཞུང་ལ་མཁྱེན་རྒྱ་ཡངས་པ་རྣམས་ལ་ཞུ་བ། གཙང་གཡས་རུའི་ཆར་གཏོགས་འཇད་ཅེས་པའི་ཡུལ་དུ། རི་རྒྱལ་དགོན་རྩེ།
ཞེས་པའི་བོན་དགོན་བརྗིད་ཉམས་ལྡན་པ་ཞིག་དང་། དེར་བོན་གྱི་གདུང་རྒྱུད་རྩ་ཆེན་ཞིག་བཞུགས་འདུག་པ། ཡུལ་མི་རྣམས་ཀྱིས་བརྗོད་པར་གཞིགས་ན། དེ་ནི་༸པཎ་ཆེན་བསྟན་པའི་དབང་ཕྱུག་གི་གདུང་རྒྱུད་གཡས་རུ་ཐོབ་རྒྱལ་བྲུལ་ཚང་གི་གདུང་རྒྱུད་དང་གཅིག་མཚུངས། བོད་སྲིད་པ་ཆགས་པའི་སྐབས་ཀྱི་བོན་གྱི་བླ་མ་རྩ་ཆེན་ཞིག་གི་གདུང་རྒྱུད་འཁྲུལ་མེད་ཡིན་པར་གླེང་བ། རི་རྒྱལ་དགོན་རྩེ་དང་། གཡས་རུའི་གདུང་རྒྱུད་གཉིས་ཀྱི་སྐོར་ལ་མཁྱེན་མཁན་ཡོད་ན། ངོ་སྤྲོད་ཅིག་གནོངས།
༡༣༦༽ ཇོ་ཇོ་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༩ གི་ཆུ་ཚོད་ ༡ སྐར་མ་ ༣༢
ཀོང་པོ་རྒྱལ་དབང་ཆོས་རྗེས་མཛད་པའི་རྗེ་རིན་པོ་ཆེའི་རྣམ་ཐར་ནང་། བཅོམ་ལྡན་འདས་ཀྱི་ཞབས་རིམ་པ་དགེ་སློང་ལེགས་སྐར་ཞེས་པ་མེད་པའི་སྐོར་གསུངས་ཡོད། འོན་ཀྱང་པཎ་ཆེན་བསོད་ནམས་གྲགས་པས་དགེ་ལྡན་ལེགས་བཤད་ནང་། ལེགས་སྐར་སྟོན་པའི་མཛད་ལ་ལོག་རྟོག་གིས།། ས་ཡི་ཐོངས་ཕྱེ་དམྱལ་བ་ཆེན་པོར་སྐྱེས།། ཞེས་གསུངས་འདུག་པ་ཇི་ལྟར་འགྲེལ།༡༣༩༽ ཇོ་ཇོ་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༩ གི་ཆུ་ཚོད་ ༧ སྐར་མ་ ༠༢
རྫ་ཕྲུག་ལགས་ཀྱིས་ལན་གསུངས་པར་ཐུགས་རྗེ་ཆེ། ལ་སྟོད་བུ་ལགས། ཁྱོད་རང་ཁ་བརྡ་དྲྭ་བར་མཆན་འདེབས་མཐའ་མ་ཡིན། ཞེས་གསུངས་འདུག དེ་འདྲའི་འུ་ཐུག་མཛད་མི་དགོས། ཕན་ཚུན་རྩོད་པའི་སྐབས་དོན་མེད་ཀྱི་དམོད་ཚིག་གི་དུག་མདའ་འཕེན་མཁན་འགའ་ཤས་འདུག་རུང་། ཕན་ཚུན་ལེགས་བཤད་ཀྱི་སྐྱེས་འབུལ་རེས་བྱེད་པའང་འདུག རྩོད་པའི་སྐབས་ཕན་ཚུན་གཉིས་ཀའི་ལེགས་ཆ་ཀློག་པ་པོ་མང་པོས་ཤེས་ཀྱི་འདུག དེ་ནི་བན་བོན་གཉིས་ཀའི་བསྟན་པའི་བྱ་བ་གལ་འགངས་ཆེན་པོ་ཞིག་ཡིན་པར་ངེད་ཀྱི་རློམ་བཞིན་ཡོད། ངས་བྱ་ན།
༡༤༠༽ ཇོ་ཇོ་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༩ གི་ཆུ་ཚོད་ ༧ སྐར་མ་ ༠༤
མུ་མཐུད་མཆན་འདེབས་པར་ཕེབས་ཤོག མཆན་འདེབས་པ་ཚང་མ་བན་བོན་གཉིས་སུ་གྱེས་པའི་ཕྱོགས་རིས་ཅན་མ་ཡིན།
ཨ་རོ་ ཇོ་ཇོ་ལགས་ཁྱེད་རང་ཁ་བདེ་ན་ཡང་ཁོག་ག་འདྲ་ཞིག་ཡིན་པ་གོང་རིམ་མཆན་འཁོད་ཟིན་པ་སོགས་ཀྱི་ཤེས་ངེས་རེ་ལོ། གོ་འི་ཐས ཨ་བུ་་ཧ་ཧ་ཧ་ཧ
འདིར་ཕེབས་མཁྱེན་ཡངས་ཚང་མ་ལ་ལ་བཀྲ་ཤིས་བདེ་ལེགས་དང་བཅས་དྲི་བ་ཁ་ཤས་ཤིག་ཡོད། དེའི་སྐོར་མཁྱེན་མཁན་ཡོད་ཚེ་ལན་གསུངས་རོགས་ཞུ་རྒྱུ་ཡིན།
༡༽ གཅོད་ཡུལ་ཞི་བྱེད་ཅེས་པའི་དཔེ་ཆ་དེ་སུས་མཛད་དམ།
༢༽ དེ་དུས་རབས་ག་དུས་མཛད་དམ།
༣༽ དེ་ཉིད་ཀྱི་སྐོར་སྔ་ཕྱིར་རྩོད་པ་དེ་འདྲ་བྱུང་ཡོད་དམ།
༤༽ ང་ཁེ་ན་ཌར་ཡོད་དུས་བོད་པའི་བླ་མ་ཞིག་གིས་དེ་སྔོན་སྔགས་གསར་རྙིང་དབར་རྩོད་པ་ཞེ་བོ་ཅིག་བྱུང་རེད་གསུངས་སོང་དེ་བདེན་པ་རེད་དམ། གལ་སྲིད་ཡིན་ན་དེ་དུས་རབས་དང་དང་ཡང་ན་སྤྱི་ལོ་ག་ཚོད་ནང་ལ་བྱུང་བ་ཡིན་ནམ། དེ་སྐབས་ནི་སྣ་གཙོ་བོ་སུ་སུ་ཡོད་དམ་བཅས་དྲི་བ་བཞི་པོ་དེ་ལན་གནད་ལ་ཁེལ་བ་སུས་གསུངས་ན་ངས་བརྔན་པ་ཞིག་ཏན་ཏན་སྟེར་རྒྱུ་ཡིན། ཐུགས་རྗེ།
དྲྭ་གྲོགས་ཚོ་གཅིག་གཟིགས་དང་དགོད་བྲོ་བ་ཞིག་ལ། ལ་སྟོད་བུ་མོ་ཟེར་བ་ཡི་གོང་དུ་མཆན་ཨང་༼༡༥༣ ༡༥༤༽གཉིས་ལ་གཟིགས་དང་ངོ་མ་མྱོས་ཆུ་འཐུང་རྒྱུ་མང་སོངས་བ་འདྲ། ཁྱེད་ཀྱི་འདི་ལྟར་༼ད་དུང་བཤད་ཡ་ཡོད། དེང་སང་དྲྭ་ཐོག་ནས་བོན་གྱི་འཐུས་ཚབ་བྱས་ནས་དཀྲུགས་ཤིང་རྒྱག་མཁན་ཕལ་ཆེ་བ་དོལ་རྒྱལ་ཚོགས་པ་རེད། དེ་བཞིན་གྲྭ་ཚབས་བྱས་ནས་བོན་ལ་དམོད་ངན་དང་ཁུང་ལུང་མེད་པའི་སྐྱོན་བརྗོད་བྱེད་མཁན་དེ་ཚོ་གཅིག་མཚུངས་རེད།༽ དེ་ལྟར་ན་བུ་མོ་ཁྱེད་རང་ཡང་དོལ་འདྲེ་ཚོགས་པའི་བདུད་མོ་ཞིག་ཡིན་པ་མི་འདོད་ཐབས་མེད་རེ་ལོ། ད་དུང་བློན་ཐོ་མིས་སྔོན་ལ་བོད་ཡིག་ཡོད་དེ་བོད་རྒྱལ་བརྒྱད་པ་གྲི་རུམ་གྱི་ལོ་ངམ་ལ་འཕྲིན་བསྐུར་ནས་གཡུལ་བཤམ་པ་ཡོད་པའི་ཕྱིར།གོ་འི་ཐས་་་ ༼ བོད་ཡིག་འདི་མེད༽ཞེས་པ་གང་མེད་གསུང་གི་ཡོད་དབྱངས་གསལ་སོ་བཞི་སོགས་འཕྲུལ་གྱི་ཐོ་ཡིག་བཞི་བཅུ་མེད་གསུང་གིས་ཡོད་བེ་ཨ། བུ་མོ་ལགས།
མཁས་དབང་ཟམ་གདོང་ཚང་གིས་དགེ་རྒན་འོས་སྦྱོང་ཐོན་པ་ཚོ་ལ་བོད་ཀྱི་སྐད་ཡིག་གི་འགྱུར་འགྲོས་སྐོར་གསུང་བཤད་གནང་བ་ཚིག་སྣ་བསྡུས་ནས་བཀོད་ན། ཐོན་མིས་བོད་ཡིག་གསར་གཏོད་ཀྱི་རིག་པ་འཛམ་གླིང་སྤྱི་ཡོངས་ཀྱི་ཡི་གེའི་སྒིག་གཞི་དང་བསྟུན་ཚུལ། ཕྲད་དང་རྣམ་དབྱེའི་རྐྱེན་ལས་ཚིག་སྒྲུབ་བཟོ་སྟངས། དེ་ལ་བརྟེན་ནས་དུས་གསུམ་རྣམ་བཞག་ཕྱེ་ཚུལ་སོགས་བྱཱ་ཀ་ར་ནའི་བསྟན་བཅོས་ཀྱི་སྤྱི་ཁོག་ཙམ་སྒྲོམ་གཞིར་གཏན་འབེབས་བྱས། དེས་ཀྱང་བོད་ཀྱི་སྐད་ཡིག་ཡར་རྒྱས་རྫོགས་པར་ཕྱིན་མེད་པས། དེ་ལ་མ་འདང་བའི་ཆ་མང་པོ་ཡོད་པ་བཀའ་བསྟན་བསྒྱུར་བའི་སྐབས་སུ་མིང་ཚིག་གསར་བ་མང་པོ་བཟོས་པ་དང་། ང་ཚོའི་སྐད་ཡིག་ལ་རོགས་བྱེད་མཁན་གཙོ་བོ་ལེགས་སྦྱར་དང་། དེ་དང་ཕྱོགས་མཚུངས་རྒྱ་ནག་དང་། ཞང་ཞུང་། ཡུ་གུར། ཏ་ཟིག་སོགས་ཀྱི་སྐད་དང་མཉམ་དུ་འབྲེལ་བ་བྱུང་བ་ལས་ང་ཚོའི་སྐད་ཡིག་ལ་ཡར་རྒྱས་ཕྱིན་ཡོད་པ་རེད། ལུང་སྟོན་པའི་རྩ་བའི་གཞུང་བརྩམས་ནས་ལོ་བརྒྱ་དང་ཉི་ཤུའི་རྗེས་སུ་ང་ཚོའི་སྐད་ཡིག་ལ་འགྱུར་བ་ཆེན་པོ་ཕྱིན་པའི་དབང་གིས་སྐད་གསར་བཅད་བྱས་རྗེས་ཡིག་གཟུགས་ཀྱི་རྣམ་པ་ཅུང་ཟད་འགྱུར་བ་ཕྱིན་ཡོད་པ་དང་། སྐད་གསར་བཅད་གཉིས་པའི་སྐབས་སུ་ཡིག་ཐོག་ནས་འབྲི་བ་དང་ངག་ཐོག་ནས་བརྗོད་པ་སོགས་ཏག་ཏག་ཚད་འཕེར་བ་ཞིག་ཆགས་ཡོད། དུས་རབས་བཅུ་གཅིག་པའི་རྗེས་ནས་ཁ་སྐད་ཐོག་ནས་འགྱུར་བ་ཕྱིན་ཀྱང་ཡིག་སྐད་ཐོག་ནས་འགྱུར་བ་ཕྱིན་མེད་པ་རེད། ཡིག་སྐད་ཀྱི་ཐོག་ནས་བྲིས་པ་སྟོད་ལ་དྭགས་ནས་སྨད་རྒྱལ་རུང་་དང་ཨ་མདོའི་ཡུལ་དུ་བསླེབས་པ་ཡིན་ན་ཡང་ཀློག་ཐུབ་པ་དང་གོ་བ་ལོན་ཐུབ་པ་ཞིག་ཡོད་ཅེས་གསུངས།
མཐའ་བསྡོམས་དྲིས་ལན་སྐབས་སུ།
དྲི་བ། བོན་པོའི་གཞུང་སོགས་ཀྱི་ནང་དུ་ཐོན་མིའི་སྔོན་ལ་ཡི་གེ་ཡོད་ཅེས་གསུངས་ཀྱི་ཡོད་པ་དེའི་སྐོར་གང་འདྲ་རེད།
ལན། ཐོན་མིས་བོད་ཡིག་མ་བཟོས་པའི་སྔོན་ལ་བོད་ལ་ཡིག་གཟུགས་དང་བརྡ་སྤྲོད་ཀྱི་རྣམ་བཞག་ཡོད་པ་དང་།
ཞང་ཞུང་གི་སྐད་ནས་བོད་སྐད་བྱུང་བ་དང་། ཡང་ཞང་ཞུང་གི་སྐད་དང་བོད་སྐད་གཅིག་པ་ཡིན་པ། དེའི་བརྡ་སྤྲོད་ཀྱི་རྣམ་བཞག་བོན་གཞུང་ན་གསལ་གྱི་ཡོད་པ་རེད། ཡིན་ཡང་སྐབས་དེ་དུས་ཀྱི་བརྡ་སྤྲོད་ཀྱི་རྣམ་བཞག་དེ་ཚོ་དེང་སང་ང་ཚོར་རག་གི་ཡོད་པ་མ་རེད། ཚིག་རེ་གཉིས་ངོས་བཟུང་ནས་འགྲེལ་བཤད་བརྒྱབ་བསྡད་པ་དེ་འདྲ་ཡོང་གི་ཡོད་པ་རེད། ད་ཆ་བརྙེད་པའི་རྡོ་རིང་སོགས་ན་ཡོད་པ་མ་རེད། ང་ཚོས་ས་བསྔོགས་ནས་དངོས་རྙིང་འཚོལ་བའི་ཐོག་ནས་བསྐྱར་ཞིབ་བྱས་པ་དེ་འདྲ་གནང་ཡོད་པ་མ་རེད། སོང་ཙང་། ཐོན་མིའི་སྔོན་ལ་བོད་ལ་ཡི་གེ་ཡོད་ཟེར་བ་རྣམས་ཀྱིས་སྒྲུང་འདྲ་བོ་ཞིག་བྱས་ནས་བཤད་ཀྱི་ཡོད་པ་རེད་ལ། ཡི་གེ་མེད་ཟེར་བ་རྣམས་ཀྱང་སྒྲུང་འདྲ་བོ་ཞིག་བྱས་ནས་ཡོད་པ་མ་རེད་ཅེས་ལབ་བསྡད་ཀྱི་ཡོད་པ་རེད། དེར་བརྟེན་ཕྱོགས་གཉིས་ཀས་ཁ་ཚོན་བཅད་ནས་ལབ་རྒྱུ་ཁག་པོ་རེད། ཅེས་གསུངས།
མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། མངོན་སུམ་རྟགས་ཀྱི་བདེན་པ་ངོ་སྤྲད་ཀྱང་།། ངམ་གནག་བཞིན་གྱི་གཉེར་མ་མི་བསངས་པ།། དེའི་མཇུག་སྣོན་གངས་ལྗོངས་རྒྱལ་སྲས་ནས་བྲི་རོགས།
ད་སྔོན་མ་ང་ཆུང་དུས་འཕྲུལ་བློན་མཛངས་མི་བདུན་གྱི་ཁོངས་སུ་བགྲངས་པའི་ཐོན་མི་སྃ་བྷོ་ཊས། བོད་ཡིག་ཡིག་གཟུགས་བཟོས་མེད་པ་འདྲ་བོ། སུམ་རྟགས་གཉིས་ཀྱང་ཁོང་གིས་མ་བརྩམས་པ་འདྲ་བོ། ཁྱད་མཚར་ཆགས་ཡོང་གི་འདུག
དཀའ་ངལ་བན་བོན་གཉིས་ཀ་ལ་འདུག དུས་རབས་བརྒྱད་པའི་གོང་གི་ཡི་གེའི་འཁོད་པའི་དཔེ་རྙིང་ངམ་བྲག་བརྐོས་ཡི་གེ་འདྲ་བོ་ཞིག་བན་དེ་ཚོ་ལ་བསྟན་རྒྱུ་མེད་ལ་བོན་པོ་ཚོ་ལའང་བསྟན་རྒྱུ་མི་འདུག
ད་དེ་ལོ་རྒྱུས་མཁན་ཚོས་ཞིབ་འཇུག་མུ་མཐུད་བྱེད་དགོས་རེད། ང་ཚོས་རྩོད་པ་བརྒྱབ་ནས་ཕན་ཚུན་ཁོང་ཁྲོ་སློང་རོགས་རེད།
གལ་ཆེ་ཤོས། བན་བོན་གང་ཡིན་རུང་། ད་ལྟ་ཁ་བརྡའི་སྒང་ལ་རྩོད་དུས་འབྲི་བཞིན་པའི་ཡི་གེ་འདི་གལ་གནད་ཆེན་པོ་རེད། འདི་ཉམས་མི་ཉན། འདི་ཡར་རྒྱས་གཏོང་ཐབས་ལ་རྩོད་པ་བརྒྱབ་ན་ཅི་འདྲ་འདུག དཔེར་ན། བན་དེ་ཚོས་འདིའི་ཐད་ཅི་ལས་ཀ། བོན་པོ་ཚོས་ག་རེ་བྱེད་ཀ། དེ་གཅིག་རྩོད་དང་ལས་རྒྱུ་བཅའ་རྒྱུ་ཞིག་ཐོན་ཡོང་རེ་འདུག
ཁོ་བོས་བྲིས་པའི་མཆན་བརྒྱད་པ་དང་བརྒྱ་དང་ཉེར་ལྔ་པ་འདི་གཉིས་ལ་ལུང་རིགས་ཀྱིས་བརྒལ་བརྟག་ཡོད་ན་དགའ་བསུ་ཞུ་གི་ཡོད།
༨༽ གངས་སེང་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༦ གི་ཆུ་ཚོད་ ༡ སྐར་མ་ ༤༨
༧ དགེ་རབ་ཀྱིས་དྲངས་པའི་མཁས་པ་ཚེ་ཏན་ཞབས་དྲུང་གི་གསུང་ཚུལ་དེ་ནི་དྲང་དོན་ཐབས་མཁས་ཀྱི་བཞེད་ཚུལ་ཙམ་ལས་ཁོང་གི་དགོངས་པ་མཐར་ཐུག་མ་ཡིན་པ་ཁོང་རང་གིས་སྲོང་བཙན་གོང་དུ་བོད་ལ་ཡི་གེ་ཡོད་པར་གསལ་བཤད་གནང་བ་འདི་ལྟར། བོན་རྒྱ་རིན་པོ་ཆེས་མཛད་པའི་དྲིས་ལན་ལྷག་བསམ་གཡས་འཁྱིལ་ལས། །མཚོ་སྔོན་ཕྱོགས་ཀྱི་མཁས་པ་ཚེ་ཏན་པས། སྲོང་བཙན་ཡན་ན་བོན་བསྟན་ཡོད་པའི་སྐབས་ཀྱི་ཡི་གེ་དེ་ཨ་ལ་པོའི(Arabia)ཡི་གེ་བཞིན་སྲིད་ཕྱོགས་སུ་བཀོལ་མི་རུང་བ་ཞིག་ཡིན་ནམ་སྙམ་ཞེས་བཤད་པ་ཞིག་མཐོང་མྱོང་སྟེ། མཁས་པའི་གསུངས་ལ་དངོས་ཤུགས་གང་རུང་ལས་གོ་རྒྱུ་ཡོད་སྟབས་སྲོང་བཙན་སྔོན་ལ་བོན་བསྟན་ཡོད་པ་དངོས་སུ་བསྟན། ཡི་གེ་ཡོད་པ་ཤུགས་ཀྱིས་གསུངས་ཤིང་རྩོམ་པའི་ཉམས་ཀྱིས་རང་སྡེ་བན་དེ་རྣམས་ལའང་ངོ་འཛིན་ཅུང་ཟད་སྨོས་པ་རེད་དེ། རྫུན་སྨྲ་མ་འདོད་པ་ནི་མཁས་པའི་རྟགས་སོ། །ཁོང་གིས་ཀྱང་ལོ་རྒྱུས་བདེན་དོན་དུ་གཟིགས་ནས་ཡི་གེ་མེད་ཟེར་མ་ནུས། བན་དེའི་རང་ལུགས་ལ་འགལ་བས་ཡོད་ཟེར་མ་ཕོད་པའི་དབང་གིས་མ་གཏོགས། ཨ་ལ་པོའི་ཡི་གེར་མི་འདྲ་ཚུལ་ལོས་མཁྱེན། ཞེས་གསུངས་པ་ལ་གཞིགས་ན་མཁས་པ་ཚེ་ཏན་ཚང་གིས་ཀྱང་སྲོང་བཙན་གོང་དུ་བོད་ལ་ཡི་གེ་ཞིག་ཡོད་པ་གསལ་བཤད་གནང་མི་འདུག་གམ། དེར་མ་ཟད་ཐོན་མིའི་གོང་དུ་བོད་ལ་ཡི་གེ་མེད་པར་འདོད་ན་བན་བོན་གཉིས་ཀའི་ལུང་རིགས་བརྒྱ་ཕྲག་གིས་གནོད་པ་ཡོད་དོ། དཔེ་མཚོན་ཙམ་ཞིག་འདིར་སྨོས་ན། བོད་རྒྱལ་སྤུ་དེ་གུང་རྒྱལ་གྱི་དུས་སུ་ཁམས་བརྒྱད་ལས་སོགས་བོན་པོའི་ཆོས་མང་པོ་ཞང་ཞུང་ནས་བོད་དུ་བསྒྱུར་བ་དང་སྲོང་བཙན་དགོང་ལོ་ཆུང་ངུའི་སྐབས་རིག་པའི་གནས་ལྔ་ལ་མཁས་ཚུལ་རྒྱལ་རབས་གསལ་མེ་ལས་བཤད་ལ། ཡིག་རྨོངས་ཅན་གྱིས་རིག་གནས་ལ་མི་མཁས་པ་དང་རིག་གནས་ལ་མཁས་ན་ཡི་གེ་ལ་བརྟེན་དགོས་པ་དོན་གྱིས་གྲུབ། ཁམས་བརྒྱད་བོད་སྐད་དུ་བསྒྱུར་ན་ཡི་གེའི་ལམ་ནས་འགྲོ་དགོས་པ་མ་བརྟགས་ཀྱང་ཤེས་ནུས་སོ། སྲོང་བཙན་རང་ལོ་བཅུ་བཞི་ལ་རྒྱ་གཟའ་དང་བལ་གཟའ་བློང་སྐབས་བཀའ་ཤོག་གི་སྒྲོམ་བུ་བསྐུར་བའི་ལོ་རྒྱུས་ཡོད་ལ། གལ་སྲིད་སྲོང་བཙན་ཡིག་རྨོངས་ཅན་ཡིན་ན་བཀའ་ཤོག་བྲིས་པར་བཤད་པ་ཅིའི་ཕྱིར་མི་འགལ། དེ་རྒྱ་ཡིག་དང་བལ་ཡིག་ལ་བྲིས་པར་བཤད་དོ། ཞེ་ན། དེ་ནི་བློ་རྣལ་དུ་བབས་པའི་སྐད་ཆ་ཞིག་མིན་ཏེ་དེའི་སྔོན་སྲོང་བཙན་གྱིས་རྒྱ་བལ་ཡི་གེ་སྦྱོང་པའི་ལོ་རྒྱུས་མེད་དོ། སྤྲུལ་པའི་སྐུ་མཆོག་ལ་སོགས་པ་སྨྲ་ན་བོད་ཡིག་མི་ཤེས་པའི་རྒྱུ་མཚན་མེད་པ་དང་། རྗེས་སུ་ཐོན་མིར་དགེ་རྒན་བསྟེན་ནས་ལོ་གསུམ་བཞིར་ཡི་གེ་སྦྱངས་པར་བཤད་པ་འགལ་བའི་ཁུག་ཆེན་མ་ཡིན་ནམ། དམ་པའི་ཆོས་ཐོག་མར་བོད་ལ་བྱུང་ཚུལ་བཤད་པའི་སྐབས་སུ་རིན་པོ་ཆེའི་ཟ་མ་ཏོག་གི་ནང་དུ་གསེར་གྱི་གླེགས་བམ་མུ་ཏྲའི་ཕྱག་རྒྱ་དང་བཅས་པ་གནམ་ནས་བབས་དུས་རྒྱལ་པོས་གཟིགས་པས་གླེག་བམ་དེ་བོན་དང་ཆོས་གང་ཡིན་ངོ་མ་ཤེས་ཀྱང་ངོ་མཚར་ཆེ་བར་མནོ་ཚུལ་ཆོས་འབྱུང་མེ་ཏོག་སྙིང་པོ་ལས་བཤད་ལ། གལ་སྲིད་སྐབས་དེར་བོད་ལ་ཡི་གེ་མེད་ན་རྒྱལ་པོས་གླེག་བམ་དེ་ལ་བོན་དང་ཆོས་གང་ཡིན་གྱི་དཔྱད་པ་མི་ཞུགས་པར་གླུན་པོ་ཡིན་ཡང་རྟོགས་ནུས། ཆོས་འབྱུང་འདིའི་ནང་དུ། བོད་ཀྱི་ཡི་གེ་ཡང་ཁྲིམ་སོ་བུད་བཙན་པོའི་རིང་ལ་བྱུང་བར་འདོད་པ་ཡང་ཡོད་དོ། ཞེས་བཤད་པས་གནའ་སྔ་མོ་ནས་བོད་ཡིག་ཐོན་མིས་གསར་བཟོ་བྱས་ཚུལ་ལ་དགག་པ་བྱེད་མཁན་ཡང་ཡོད་པར་བཤད་པ་མ་ཟད་ཆོས་འབྱུང་འདིའི་རྩོམ་པ་པོས་ཀྱང་བོད་ཡིག་ཐོན་མིའི་གོང་དུ་ཡོད་པར་ཡི་རངས་བ་ཤུགས་ལ་བསྟན་ཏོ། སྲོང་བཙན་གོང་དུ་བོད་པས་ཡི་གེའི་བརྒྱུད་ནས་ཕན་ཚུན་བརྡ་སྤྲོད་ཚུལ་ཏུན་ཧོང་ཡིག་རྙིང་གིས་ཀྱང་གསལ་བཤད་བྱས་ཏེ། གནམ་རི་སྲོང་བཙན་གྱི་སྐབས་སུ་སུག་ལས་བགྱིས་ཚུལ་བཤད་པ་དང་སུག་ལས་བགྱིས་ཞེས་པ་དེ་ཡི་གེ་བྲིས་ཞེས་པ་ལ་གོ་དགོས་པ་མ་ཡིན་ནམ། ཐོན་མི་མི་ཆུང་སམ་བྷོ་ཊས་ཡི་གེ་བསྒྱུར་ཞེས་བེ་རོའི་རྒྱུད་འབུམ་ལས་བཤད་ལ་ཐོན་མིས་བོད་ཡིག་གསར་བཟོ་བྱེད་མི་དགོས་པར་དེའི་སྔོན་སྒྱུར་གཞིའི་ཡི་གེ་ཞིག་ཡོད་པ་ལ་ཐོན་མིས་འབྲི་སྟབས་བདེ་རུ་བཏང་བ་དང་ཅུང་ཙམ་བཟོ་བཅོས་རྒྱག་པ་ལུང་དེའི་དོན་ཡིན་པ་ལས་དེའི་སྔོན་ཡིག་གཞི་མེད་ན་བསྒྱུར་ཞེས་པའི་དོན་རང་བརླག་ཏུ་འགྲོ་བ་ལས་གོ་དོན་ཅི་ཡང་མེད་པར་བློ་མུན་ནག་གིས་གཏུམ་བསྡད་ན་མ་གཏོགས་རྟོགས་སླ། གལ་སྲིད་སྔོན་དུ་ཡི་གེ་མེད་ནས་བོད་ཡིག་འདི་ཐོན་མིས་གསར་དུ་བྱས་ཡོད་ན་ཡི་གེ་ཇི་ལྟར་བཟོས་ཚུལ་ཐོན་མི་རང་གིས་ལོ་རྒྱུས་ཞིབ་ཕྲ་ཡིག་ཐོག་ཏུ་བྲི་དགོས་ངེས་ཡིན་ཡང་དེ་སྟོན་རྒྱུ་མེད་པ་མ་ཟད། ཐོན་མི་དེ་འདྲ་བྱས་རྗེས་ཅན་གྱི་བློན་པོ་ཞིག་ཡིན་ན་རྒྱལ་པོས་གཟེངས་བསྟོད་ཀྱི་བྱ་དགའ་གསལ་བའི་མེ་ལོང་རྡོ་རིང་ཞིག་ཡོད་ངེས་ཀྱང་དེ་སྟོན་རྒྱུ་མེད།་སྐབས་དེའི་དུས་བྱ་བཞག་རག་ཙམ་གསལ་བའི་ཏོན་ཧུང་ཡིག་རྙིང་ལས་ཐོན་མི་ཟེར་བའི་མིང་ཙམ་ཡང་མཐོང་རྒྱུ་སོགས་བལྟས་ན་རྣམ་དཔྱོད་དང་ལྡན་པ་དག་གིས་བོད་ཡིག་ཐོན་མིས་གསར་དུ་བྱས་ཟེར་བ་དེ་ལ་ཐེ་ཚོམ་མི་ཟ་ཀ་མེད་རེད། ཐོན་མིའི་གོང་དུ་བོད་ཡིག་ཡོད་པའི་བསམ་ཚུལ་འདི་ནི་བོན་པོ་གཅིག་པུས་རང་ལྟ་མཁྲེགས་བཟུང་བྱས་པ་མ་ཡིན་པར་འཛམ་གླིང་ཞི་བདེའི་དད་དཔོན་ཆེན་པོ་༧གོང་ས་སྐྱབས་མགོན་རིན་པོ་ཆེ་གཙོས་པའི་བན་དྷེའི་མཁས་དབང་དུ་མས་གསལ་བཤད་གནང་དང་གནང་བཞིན་པ་ཡིན་པས་ཉི་མ་རི་ལུང་གང་པར་ཤར་དུས་དྲག་ཕུག་ཁ་བྱང་བལྟས་མ་གཏོགས་གསལ་ཝལ་ལེ་འགྲོ་བ་དངོས་པོའི་རང་གཤིས་ཡིན། འདིར་དགེ་རབ་ཀྱིས་མཁས་པ་ཚེ་ཏན་ལགས་ཀྱིས་དགོངས་པ་ཡིན་ཁུལ་བྱས་ནས་ལུང་དུམ་ཞིག་དྲངས་ཀྱང་ཁོང་གི་དགོངས་པ་མ་ཡིན་པར་གོང་དུ་ཨ་ལགས་བོན་རྒྱས་ཚེ་ཏན་རིན་པོ་ཆེས་སྲོང་བཙན་གོང་དུ་བོད་ལ་ཡི་གེ་ཞིག་ཡོད་པར་བཞེད་ཚུལ་གསུང་པས་གསལ་ལ་ད་དགེ་རབ་ཁྱེད་རང་གིས་བོད་ཡིག་ཐོན་མིས་གསར་བཟོ་བྱས་པའི་ཚུལ་ལུང་དང་རིགས་པ་འདྲ་ཡོད་ན་འདིར་བྲིས་ཤོག་ལ་མེད་ན་ལྐུགས་ཐབས་སུ་གནས་ན་ལེགས་པས་ཐུགས་འཇག་མཚལ།
༡༢༥༽ གངས་སེང་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༨ གི་ཆུ་ཚོད་ ༡༡ སྐར་མ་ ༢༩
དབང་ཆེན་ལགས། ངས་གོང་དུ་མཁས་པ་ཚེ་ཏན་ཚང་གིས་གསུང་ཚུལ་དེ་ནི་དྲང་དོན་དགོངས་པ་ཅན་རེད་ཟེར་ནས་བཤད་ཚར་ཡོད། གལ་སྲིད་ཁྱོད་རང་གི་འདོད་པ་ལྟར་ཚེ་ཏན་རང་གི་བཞེད་ཚུལ་དོན་དངོས་ཡིན་ན་ཁོང་གི་གསུང་ཚུལ་ལ་ནང་འགལ་དུ་མ་འདུག་སྟེ། བོད་ཡིག་འདི་ཐོན་མིས་བཟོས་པའི་རྒྱུ་མཚན་ནི་བསམ་ཡས་དང་ལྷ་སའི་རྡོ་རིང་ཏུན་་ཧོང་ནས་ཐོན་པའི་ཡི་གེ་སོགས་བོད་ཡིག་ཐོག་ཏུ་བྲིས་ཡོད་པ་དང་། གལ་སྲིད་ཐོན་མིའི་གོང་དུ་ཡི་གེ་ཞིག་ཡོད་ན་དེ་ནི་རྡོ་རིང་སོགས་ཀྱི་ཐོག་ཏུ་ངེས་པར་དུ་འབྱུང་དགོས་ཚུལ་བཤད་པ་དང་། ཡང་ཚེ་ཏན་ཁོང་གིས་གནའ་དང་བོ་བོན་པོ་ཁོ་རང་རྣམས་ཀྱིས་ཆོས་འདོན་སྤྱད་ཀྱི་ཡི་གེ་ཞིག་ཡོད་ཐང་ཡང་དེ་ཁྱབ་གདལ་ཅན་ཞིག་གཏན་མ་ཡིན་ཞེས་ཐོན་མིའི་གོང་དུ་བོན་པོའི་ཆོས་འདོན་གྱི་ཡི་གེ་ཡོད་པར་ཁས་བླངས། དེ་རྡོ་རིང་ཐོག་ཏུ་མི་འབྲི་བའི་རྒྱུ་མཚན་མེད་པ་ཁོང་གིས་རྒྱུ་མཚན་བཤད་པའི་ཤུགས་ཀྱིས་གྲུབ། དེས་ན་རྡོ་རིང་ཐོག་ཏུ་ཡོད་པའི་ཡི་གེ་དེ་གནའ་བོའི་བོན་པོའི་ཆོས་འདོན་གྱི་ཡི་གེ་ཡིན་པ་དོན་གྱིས་གྲུབ་འདུག་པས། དེ་ལ་རིག་པ་སྨྲ་བ་སུས་ཀྱང་བསྙོན་དུ་མེད་དམ་སྙམ། དེས་ན་ཁོང་གིས་བཤད་པའི་རྒྱུ་མཚན་དེ་དག་ངེས་པ་མེད་པའི་མཚན་མ་ཅན་དུ་སོང་བས་དེ་ལ་ཁྱོད་ཀྱིས་ག་རེ་ཟེར་གྱི་ཡིན། གཞན་ཡང་རྡོ་རིང་ཐོག་ཏུ་བྲིས་པའི་ཡི་གེ་དང་། ཏུན་ཧོང་ཡིག་རྙིང་སོགས་ནི་ཐོན་མིས་བོད་ཡིག་བཟོས་པའི་རྒྱུ་མཚན་མ་ཡིན་པ་དེ་ལས་ལྡོག་སྟེ་ཐོན་མིས་བོད་ཡིག་མ་བཟོས་པའི་རྒྱུ་མཚན་རེད་འདུག་སྙམ། གང་ཡིན་ཟེར་ན་གལ་སྲིད་བོད་ཡིག་འདི་ཐོན་མིས་བཟོས་ཡོད་ན་རྡོ་རིང་དང་ཏུན་ཧོང་ཡིག་རྙིང་སོགས་ནི། བརྡ་སྤྲོད་ཀྱི་འགྲོས་དང་། སྙན་ངག་གི་ཉམས། རྩོམ་ཚུལ་གྱི་གཤིས་གང་ཅིའི་ཐད་ནས་ཐོན་མིའི་ཡིག་ཕུད་ཟེར་བའི་ཤོ་ལོ་ཀ་འགའ་ཤས་ཤིག་འདུག་པས་དེ་དང་གཉིས་སུ་མེད་པར་གྱུར་དགོས་པ་ལས། དེ་དག་རྩ་བ་ནས་མི་འདྲ་འདུག་པས་རྡོ་རིང་དང་ཏུན་ཧོང་གི་ཡི་གེ་ཁོ་རང་རང་གིས་ཁ་གྲག་པ་ལྟ་བུ་ང་ནི་ཐོན་མིའི་ཤུགས་རྐྱེན་གཏན་ནས་མེད་ཟེར་གྱིན་མི་འདུག་གམ། ཡཱ་དབང་ཆེན་ལགས། དེ་ལ་ག་རེ་ལབ་ཀྱི།
ཁང་གསར་རྡོ་རྗེ་ཟེར་བ་དེ་ཡི་སྐད་ཆ་ལ་དངོས་གནས་ལྗིད་ཚད་འདུག མི་དེ་ལ་དྲང་ཚུགས་ཤིག་ཡོད་སྣང་བྱུང་། སྐད་ཆ་ཉུང་ཉུང་དེ་ལ་བལྟས་ན་མི་གཤིས་དང་ཀུན་སློང་ཡོད་ཚད་ཀྱི་སྡོམ་ཚིག་ཅིག་ཀྱང་ལྷང་ལྷང་འཆར་འོང་། སྲིད་པའི་དྲང་རྒན་ཟེར་བ་འདི་འདྲ་རེ་གཉིས་ཤིག་དགོས་ངེས་རེད། འདི་རང་གཞན་གཉིས་ཀའི་མིག་དཔེར་ཞོག
མཆན ༡༨༦ པར་དྲི་བ།
༡ ་་ཐོན་མིས་བོད་ཡིག་གསར་གཏོད་ཀྱི་རིག་པ་འཛམ་གླིང་སྤྱི་ཡོངས་ཀྱི་ཡི་གེའི་སྒིག་གཞི་དང་བསྟུན་ཚུལ་་ ཟེར་བ་དེའི་དོན་ག་རེ་རེད། མགོ་ཚོས་ཀྱི་མི་འདུག འཛམ་གླིང་ཐོག་གཟུགས་མི་འདྲ་བ། ཕྲད་སྦྱོར་སྟངས་མི་འདྲ་བ། ཚིག་སྦྱོར་མི་འདྲ་བའི་ཡི་གེ་ཇི་འདྲའི་མང་པོ་ཞིག་ཡོད་པ་རེད་ཨང་།
ཀ ཐོན་མིས་བོད་ཡིག་གསར་གཏོད་བྱས་ཟེར་བར་བདེན་དཔང་དང་ཁུངས་སྐྱེལ་ག་ཚོད་ཅིག་ཡོད་པ་རེད།
༢ ་་ཕྲད་དང་རྣམ་དབྱེའི་རྐྱེན་ལས་ཚིག་སྒྲུབ་བཟོ་སྟངས། དེ་ལ་བརྟེན་ནས་དུས་གསུམ་རྣམ་བཞག་ཕྱེ་ཚུལ་སོགས་བྱཱ་ཀ་ར་ནའི་བསྟན་བཅོས་ཀྱི་སྤྱི་ཁོག་ཙམ་སྒྲོམ་གཞིར་གཏན་འབེབས་བྱས།་་ ཟེར་བའི་ནང་།
ཀ བྱཱ་ཀ་ར་ནའི་བསྟན་བཅོས་ཟེར་བ་དེ་རྒྱ་གར་གྱི་སྒྲ་མདོ་ཆེན་པོ་བརྒྱད་དམ་བྱྰ་ཀ་ར་ནའི་བསྟན་བཅོས་བརྒྱད་ཡོད་པར་གྲག་པ་དེར་གོ་བ་ཡིན་ནམ་ཡང་ན་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་ལ་གོ་བ་ཡིན།
ཁ ཐོན་མིས་དུས་གསུམ་རྣམ་གཞག་ཕྱེས་པ་ཞིག་གང་དུ་ཡོད་པ་རེད། དུས་གསུམ་གྱི་ཁྱད་པར་དེ་ཚོ་བོད་མིའི་སྐད་ཀྱི་ནང་རང་ཤུགས་ཀྱིས་ཡོད་པ་གསལ་བོ་མ་རེད་དམ།
༣ ་་ང་ཚོའི་སྐད་ཡིག་ལ་རོགས་བྱེད་མཁན་གཙོ་བོ་ལེགས་སྦྱར་དང་། དེ་དང་ཕྱོགས་མཚུངས་རྒྱ་ནག་དང་། ཞང་ཞུང་། ཡུ་གུར། ཏ་ཟིག་སོགས་་ ཟེར་ནས
ཀ གཙོ་བོ་ལེགས་སྦྱར་སྐད་འཇོག་པར་བདེན་དཔང་ག་ཚོད་ཅིག་ཡོད། ནང་ཆོས་མ་དར་སྔོན་བོན་ཆོས་དར་ཚུལ་དང་དེ་ཡང་ཞང་ཞུང་གི་སྐད་ནས་སྒྱུར་ཚུལ་སོགས་མང་པོ་ཞིག་བོན་དཔེ་དག་གི་ནང་ས་ཁྱབ་རྡོ་ཁྱབ་ཏུ་ཡོད་པ་དེ་བདེན་པར་མ་བཟུང་བ་རེད་དམ།
ཁ སྲོང་བཙན་ནས་ལོ་བརྒྱ་ཕྲག་དུ་མའི་རྗེས་སུ་བྲིས་པའི་བོད་ཀྱི་རྒྱལ་རབས་དེ་ཚོ་ཡོངས་སུ་བདེན་པར་འཛིན་ཐུབ་བམ།
ག ནང་ཆོས་ཀྱི་རྗེས་འཇུག་གི་མཁས་པ་དུ་མ་ཞིག་ནས་ནྰ་ག་རའི་ཡི་གེ་ལ་བལྟས་ནས་བོད་ཡིག་བཟོས་ཚུལ་ཡོད་ཀྱང་འདིར་དེའི་མིང་ཙམ་ཡང་བཀོད་མེད་དོན་ཅི་རེད། ད་དུང་ལི་ཡི་ཡི་གེ་ཡང་བཀོད་མེད་དོན་ཅི་རེད།
༤ ་་ཞང་ཞུང་གི་སྐད་ནས་བོད་སྐད་བྱུང་བ་དང་། ཡང་ཞང་ཞུང་གི་སྐད་དང་བོད་སྐད་གཅིག་པ་ཡིན་པ། ་་་
ཀ ཞང་ཞུང་གི་སྐད་ནས་བོད་སྐད་བྱུང་ཚུལ་ཇི་འདྲ་རེད།
ཁ ཞང་ཞུང་གི་སྐད་དང་བོད་སྐད་གཅིག་པ་ཡིན་ན། ་་ བོད་དང་ཞང་ཞུང་གི་ཚིག་གི་ཚོམ་བསྡེབས་ནས་སྣང་སྲིད་གཏན་ལ་ཕབ་་ ཟེར་བ་དང་། ཞང་ཞུང་སྟོང་རྒྱུད་མཐུ་ཆེན་གྱིས་བོད་ཤ་རི་དབུ་ཆེན་ལ་བོན་ཁྲི་སྡེ་བཤད་ཅིང་བསྒྱུར་་་ ཟེར་བ་སོགས་ཞང་ཞུང་ནས་བོད་དུ་བསྒྱུར་བའི་ལོ་རྒྱུས་ཡོད་པ་དེ་ཚོ་ཅི་འདྲ་རེད།
༥ ་་ཐོན་མིའི་སྔོན་ལ་བོད་ལ་ཡི་གེ་ཡོད་ཟེར་བ་རྣམས་ཀྱིས་སྒྲུང་འདྲ་བོ་ཞིག་བྱས་ནས་བཤད་ཀྱི་ཡོད་པ་་ ལྟར་ཐོན་མིས་བོད་ཡིག་བཟོས་ཚུལ་དེའང་སྒྲུང་འདྲ་བའི་བཤད་ཚུལ་མི་མཐུན་པ་སྐོར་ཞིག་རྒྱལ་རབས་ཁག་འགར་བཀོད་པ་ཙམ་མ་ཡིན་ནམ།
༦ ཐོན་མིའི་སྔོན་ཕར་ཞོག ཐོན་མིའི་སྐབས་ཀྱི་ཡི་གེ་འདི་རེད་ཟེར་ནས་ད་ལྟ་ང་ཚོ་ལ་ཁུངས་ཕེར་བའི་ཡིག་རྡོག་གཅིག་སྟོན་རྒྱུ་ཡོད་པ་རེད་དམ།
༧ རྡོ་རིང་ཁག་འགའ་དང་ཏུན་ཧོང་གི་གཏེར་ཡིག དགའ་ཐང་འབུམ་པ་ནས་བྱུང་བའི་བོན་གྱི་དཔེ་རྙིང་དེ་ཚོ་ལས་གཞན་ཆོས་རྒྱལ་ཚོའི་སྐབས་བྲིས་པའི་དཔེ་ཆ་ངོ་མ་ཞིག་ཀྱང་རྩ་ནས་མཐོང་རྒྱུ་མེད་པ་དེ་རྒྱུ་ཅི་ལ་ཐུག
ཚེ་ཏན་ཞབས་དྲུང་ཚང་གིས་ཨ་ལ་པོའི(Arabia)ཡི་གེ་དེ་བེད་སྤྱོད་ཆེན་པོ་མེད་པ་ལྟ་བུ་ཞིག་བཤད་པ་དེ་ཡ་མཚན་རེད། ཡི་གེ་འདི་འཛམ་གླིང་ཐོག་རྒྱུག་ཆེ་ཤོས་གྲས་ཀྱི་ཡི་གེ་ཞིག་མ་ཡིན་ནམ། ཡི་གེ་འདི་བེད་སྤྱོད་གཏོང་མཁན་རྒྱལ་ཁབ་ག་ཚོད་ཅིག་ཡོད་པ་རེད།
༡ ་་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་བཞེངས་པའི་སྐར་ཆུང་རྒྱལ་སྡེའི་གཙུག་ལག་ཁང་གི་རྡོ་རིང་གི་ཡིག་གཟུགས་་ སྐར་ཆུང་རྒྱལ་སྡེ་ཟེར་བ་འདི་ག་རེ་རེད་སུ་ཞིག་ནས་འགྲེལ་བཤད་ཅིག་གནང་རོགས། ཁྲི་སྲོང་ལྡེ་བཙན་གྱི་སྲས་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་འཇིང་ཡོན་གྱི་སྐབས་བཞེངས་པའི་སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་གཙུག་ལག་ཁང་དང་དེའི་རྡོ་རིང་ཡིན་རྒྱུ་མ་རེད་པ།
༢ ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་བཞེངས་ཞེས་པའི་གཤམ་འོག་ཏུ་ ་་དེའི་སྲས་ཁྲི་རལ་བ་ཅན་་་ཟེར་ནས་ཁྲི་རལ་བ་ཅན་ཁྲི་སྲོང་ལྡེ་བཙན་གྱི་སྲས་ཡིན་པར་བཤད་འདུག་པ་དེ་ནོར་བ་མ་རེད་དམ། ཁོང་ཁྲི་ལྡེ་སྲོང་བཙན་གྱི་སྲས་ཡིན་པ་དེ་ད་ཆ་གསལ་པོ་མ་རེད་དམ།
༣ ་་ཤམ་བྷ་ལ་ཆགས་སའི་གནས་ནི་ཡོ་རུབ་ཀྱི་གླིང་ཡིན། བོན་པོ་རྣམས་ཀྱིས་ཤམ་བྷ་ལ་ད་ལྟའི་དབྱི་ལང་ཡིན་ཟེར་ཏེ་ར་མགོ་ལུག་སུག་སྦྱར་བའི་གཏམ་རེད།་་ གསུངས། ཤམ་བྷ་ལའི་སྐོར་ལ་རང་ཅག་རྣམས་མཁས་པ་རེ་རེ་བཞིན་གཏམ་རྒྱུད་ཡ་མཚན་པ་མང་དུ་བསྲེས་ཏེ་ཨ་མདོའི་ཉོག་གཡོ་གཡོ་དང་སྤྲང་པོའི་རྩམ་ཁུག་བཞིན་བྱས་འདུག་སྟེ། ཅུང་གཞི་རྩ་ཡོད་པ་ཞིག་ནི་དགེ་ཆོས་ཀྱི་གསུང་སྟེ། ་་ ཁྱབ་འཇུག་གི་འཇུག་པ་བཅུ་པ་ཀལཀིའམ་རིགས་ལྡན་ཞེས་བྱ་བ་དེ་རྒྱ་གར་བྱང་གི་གྲོང་ཁྱེར་ཤམབྷ་ལ་གྲ་མ་བྱ་བ་འདིར་སྐྱེས། རྡོའི་རྟ་ལ་ཞོན། ཀུ་ཤུའི་མདུང་ཐོགས་ཏེ་ཀླ་ཀློ་རྣམས་ཁ་དག་ནས་ས་ཐམས་ཅད་བྲམ་ཟེའི་ཞིང་དུ་བྱས་ན་རྫོགས་ལྡན་ཆུང་ངུ་བྱ་བ་མགོ་འཛུགས་ཟེར། ད་ལྟ་རྩོད་ལྡན་ལོ་ལྔ་སྟོང་ཙམ་སོང་ཟིན། ཤམབྷལའི་གྲོང་དེ་རང་རེའི་ལྷ་ས་ལས་ཆུང་ཙམ་སྣང་ཞིང་། མུ་སྟེགས་ཀྱི་ལྷ་ཁང་མང་ཞིང་གནས་ཆེན་དུ་བརྩི་་ ཞེས་ཤམ་བྷ་ལའི་མཚན་ཅན་གྱི་གྲོང་བརྡལ། རིགས་ལྡན་གྱི་མཚན་ཅན་སྐྱེས་ས་ཞིག་ལ་ཁོང་སླེབས་འདུག་པ་འདི་ནི་གཏམ་རྒྱུད་ངོ་མ་ཞིག་ལས་ང་ཚོའི་རྒྱལ་རབས་ཁག་ལྟར་རྟོག་བཟོའི་གཏམ་རྒྱུད་ནི་ཅང་མ་རེད་འདུག་ན། འདི་ནི་བརྟག་གཞི་ཅན་ཞིག་མ་རེད་དམ།
ད་ཁྱེད་ཚོས་མཁས་མདོག་བསྟན་བསྟན་སོང་དེ་མཐའ་མ་ངས་གོང་དུ་(༡༽ གཅོད་ཡུལ་ཞི་བྱེད་ཅེས་པའི་དཔེ་ཆ་དེ་སུས་མཛད་དམ། ༢༽ དེ་དུས་རབས་ག་དུས་མཛད་དམ། ༣༽ དེ་ཉིད་ཀྱི་སྐོར་སྔ་ཕྱིར་རྩོད་པ་དེ་འདྲ་བྱུང་ཡོད་དམ། ༤༽ ང་ཁེ་ན་ཌར་ཡོད་དུས་བོད་པའི་བླ་མ་ཞིག་གིས་དེ་སྔོན་སྔགས་གསར་རྙིང་དབར་རྩོད་པ་ཞེ་བོ་ཅིག་བྱུང་རེད་གསུངས་སོང་དེ་བདེན་པ་རེད་དམ། གལ་སྲིད་ཡིན་ན་དེ་དུས་རབས་དང་དང་ཡང་ན་སྤྱི་ལོ་ག་ཚོད་ནང་ལ་བྱུང་བ་ཡིན་ནམ། དེ་སྐབས་མི་སྣ་གཙོ་བོ་སུ་སུ་ཡོད་དམ་བཅས་དྲི་བ་བཞི་པོ་དེ་ལན་གནད་ལ་ཁེལ་བ་སུས་གསུངས་ན་ངས་བརྔན་པ་ཞིག་ཏན་ཏན་སྟེར་རྒྱུ་ཡིན་)ཞེས་དྲི་བ་ཞིག་དྲིས་ཀྱང་ལན་ཕོག་མཁན་མི་འདུག་འདི་འདྲ་བསམ་དུས་ཁྱེད་ཚོའི་ཐོས་རྒྱ་ལ་ངས་ཚོད་དཔག་གང་མཚམས་ཤིག་ཐུབ་སོང་„། ད་ནས་རང་ས་རུ་སློབ་སྦྱོང་ལ་རྒྱུགས་ཞེས་སྐུལ་མ་བྱས་པ་ཡིན།
མགོན་པོ་ཕྱག་གཉིས་པ་ལགས།
ཉིད་ཀྱིས་དྲིས་ལན་ཁ་ཤས་ལ་རང་བློས་དཔག་ཚོད་ཅིག་འབུལ་ན།
དང་པོ། འཛམ་གླིང་སྤྱི་ཡོངས་ཀྱི་ཡི་གེའི་སྒྲིག་གཞི་ནི། ཡི་གེ་དུ་མ་འདུས་པ་ལས་མིང་དང་། མིང་དུ་མ་འདུས་པ་ལས་ཚིག །དེ་ལ་བརྟེན་ནས་དུས་གསུམ་གྱི་རྣམ་བཞག་འདི་གཙོ་བོར་འཛིན་དགོས་པ་རེད་སྙམ།
གཉིས་པ། ཐོན་མིས་བོད་ཡིག་གསར་གཏོད་བྱས་པའི་ཁུངས་སྐྱེལ་དགོས་ཟེར་ན། ཆོས་རྒྱལ་མེད་དབོན་རྣམ་གསུམ་སྐབས་ཀྱི་ཡིག་ཆ་ཁག་ལས་ཁུངས་བཙལ་དགོས་པ་རེད། སྲོང་བཙན་སྒམ་པོའི་མ་ནི་བཀའ་འབུམ་དང་། དུས་འཁོར་འགྲེལ་ཆེན་དྲི་མེད་འོད། བཀའ་ཐང་སྡེ་ལྔ་སོགས་ན་གསལ་ཐིང་ཐིང་རེད་ལགས།
གསུམ་པ། བྱཱ་ཀ་ར་ནའི་བསྟན་བཅོས་ཟེར་བ་དེ་རྒྱ་གར་གྱི་སྒྲ་མདོ་ཆེན་པོ་བརྒྱད་དམ་བྱྰ་ཀ་ར་ནའི་བསྟན་བཅོས་བརྒྱད་ཡོད་པར་གྲག་པ་དེར་གོ་བ་ཡིན་ནམ་ཡང་ན་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་ལ་གོ་བ་ཡིན།
བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་སུམ་ཅུ་བའི་དབུར་ཁུངས་བཙུན་པར་བསྟན་པའི་ཕྱིར་རྒྱ་གར་སྐད་སྨོས་ནས་བོད་རང་སྐད་ཀྱི་ལུང་སྟོན་པའམ་བརྡ་སྤྲོད་པའི་གཞུང་ཟེར་གི་ཡོད་པ་རེད།
བཞི་པ། ཐོན་མིས་དུས་གསུམ་རྣམ་གཞག་ཕྱེས་པ་ཞིག་གང་དུ་ཡོད་པ་རེད། དུས་གསུམ་གྱི་ཁྱད་པར་དེ་ཚོ་བོད་མིའི་སྐད་ཀྱི་ནང་རང་ཤུགས་ཀྱིས་ཡོད་པ་གསལ་བོ་མ་རེད་དམ། ཟེར་ན། རྟགས་ཀྱི་འཇག་པ་ལས། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར།།མ་ནིང་གཉིས་ཀ་ད་ལྟར་ཆེད།།མོ་ནི་བདག་དང་མ་འོངས་ཕྱིར།།ཤིན་ཏུ་མོ་ནི་མཉམ་པས་སོ།།ཞེས་པ་གཙོ་བོར་སྔོན་འཇུག་གི་ནུས་པས་དུས་གསུམ་གྱི་རྣམ་བཞག་སྟོན་པ་འདི་ཤེས་དགོས་པའི་གནད་འགག་ཅིག་ཡིན།
ལྔ་པ། གཙོ་བོ་ལེགས་སྦྱར་སྐད་འཇོག་པར་བདེན་དཔང་ག་ཚོད་ཅིག་ཡོད། ཟེར་ན། བཀའ་བསྟན་རྣམས་བོད་སྐད་དུ་བསྒྱུར་བའི་ཚེ། དཔེར་ན། དཀོན་མཆོག་གསུམ། སངས་རྒྱས། ཆོས། དགེ་འདུན་སོགས་ཆོས་ཚིག་ཕལ་ཆེ་བ་ལེགས་སྦྱར་སྐད་ནས་བོད་སྐད་དུ་བསྒྱུར་ནས་སྔ་ན་མེད་པའི་མིང་ཚིག་མང་པོ་ཞིག་བོད་སྐད་ཐོག་གཏན་འབེབས་བྱས་ཡོད་པ་དེ་རེད།
ད་ཁྱོད་ཚོས་བོན་པོ་ནང་པ་ཡིན་རབས་དང་ཐོན་མིས་བོད་ཡིག་གསར་བཟོ་མིན་ཚུལ་འདྲ་ཅིག་བཤད་སྡད་ཀྱི་འདུག་སྟེ། སྒྲུབ་བྱེད་རྣལ་མ་ཞིག་ནི་མི་འདུག བཀའ་གྱོན་རང་བཏང་གི་འདུག་སྙིང་རྗེ་བྱེའུ་མཆུས་རྡོ་ལེབ་མི་ཐེག་པའི་དཔེ་རེད་འདུག འཇམ་མགོན་བླ་མ་སོགས་སྔོན་གྱི་སྐྱེས་བུ་དམ་པ་རྣམས་ཕར་ཞོགས། ཉེ་དུས་འདིར་༸གོང་ས་༸ཡིད་བཞིན་ནོར་བུ། མཁས་དབང་ཚེ་རྟན་ཞབས་དྲུང་། དོར་ཞི་གདོང་དྲུག་སྙེམས་བློ། ཟམ་གདོང་མ་ཧ་པཎྜི་ཏ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས། ཡ་ཡ་སྟེའུ་གདན་རྡོ་བྱས་ན། ཐུབ་ས་སྟ་རེ་ཟེར་བ་དེ་རེད།
མིག་བརྒྱད་པར།
༡ སྲོང་བཙན་སྒམ་པོའི་མ་ནི་བཀའ་འབུམ་དང་། དུས་འཁོར་འགྲེལ་ཆེན་དྲི་མེད་འོད། བཀའ་ཐང་སྡེ་ལྔ་སོགས་ཏུན་ཧོང་གི་ཡི་གེ་དང་ལྷག་པར་དུ་གཞུང་འབྲེལ་གྱི་ཡི་གེ་རྡོ་རིང་ལ་བརྐོས་པ་དེ་ཚོ་དང་མི་མཐུན་པའི་རྒྱུ་མཚན་ཅི་རེད། དེ་ཚོ་ཆོས་རྒྱལ་ཚོའི་སྐབས་རང་བྲིས་པའི་དཔེ་རྙིང་འཁྲུལ་མེད་ཡིན་པར་ཁྱེད་ལ་ཁུངས་སྐྱེལ་དོན་ཚན་ག་ཚོད་ཅིག་ཡོད།
༢ ཆོས་རྒྱལ་ཚོའི་སྐབས་ཀྱི་དཔེ་རྙིང་ཞིག་རྙེད་རྒྱུ་རྩ་ནས་མི་འདུག་ཟེར། སྲོང་བཙན་སྐབས་བཞེངས་པའི་རྡོ་རིང་ཞིག་ད་སྔ་རྙེད་སོན་བྱུང་ཡོད་པ་མ་རེད། ཁྲི་སྲོང་ལྡེ་བཙན་ཡར་མར་གྱི་ཅོང་རྙིང་དང་རྡོ་རིང་གི་ཡི་གེ ཏུན་ཧོང་ནས་རྙེད་པའི་ཡི་གེ་དེ་ཚོ་ནི་དགའ་ཐང་འབུམ་པ་ཆེ་ནས་རྙེད་པའི་བོན་གྱི་ཆོས་དཔེ་དག་དང་གཅིག་མཚུངས་སུ་འདུག་ན་དེ་ག་རེ་རེད། དེས་ན་ཆོས་རྒྱལ་ཚོའི་སྐབས་ཀྱི་འབྲི་སྤྱོད་བྱེད་པའི་ཡི་གེ་དེ་ཡང་རྡོ་རིང་སོགས་སུ་བྲིས་པའི་གནའ་བོའི་བོན་གྱི་ཡི་གེ་དང་གཅིག་མཚུངས་ཡིན་པ་དེ་ཚོ་མ་ཡིན་ནམ།
༣ སུམ་རྟགས་གཉིས་དེ་བསྟན་པ་ཕྱི་དར་སྐབས་བྲིས་པ་ཞིག་ཡིན་པར་བརྗོད་པ་དེ་ཚོ་དེ་བཞིན་མིན་པའི་སྒྲུབ་བྱེད་ག་ཚོད་ཅིག་ཁྱེད་ལ་བགྲང་རྒྱུ་ཡོད།
ཡ་ད་མགོན་པོ་ཕྱག་གཉིས་པ་ངར་འདུག ངས་ཁོང་ནི་ལོ་རྒྱུས་ཡི་གེ་ལ་མཁས་པ་ཞིག་ཏུ་མཐོང་བཞིན་ཡོད་པས། བློ་བསྐྱེད་ལེན་པའི་ཆེད་དུ་ལན་ཆ་ལ་ཆོ་ལེ་ཞིག་རྒྱག་རྒྱུ་ཡིན། ཁོང་གི་དྲི་བ་ཚོར་ལན་མ་བརྒྱབ་པའི་སྔ་རོལ་ཏུ་ཁོང་གི་མཆན་ཨང་ ༡༧༢ པ་ལ་ལན་ཞིག་འདེབས། དྲི་བ། ༼ཚེ་ཏན་ཞབས་དྲུང་ཚང་གིས་ཨ་ལ་པོའི(Arabia)ཡི་གེ་དེ་བེད་སྤྱོད་ཆེན་པོ་མེད་པ་ལྟ་བུ་ཞིག་བཤད་པ་དེ་ཡ་མཚན་རེད། ཡི་གེ་འདི་འཛམ་གླིང་ཐོག་རྒྱུག་ཆེ་ཤོས་གྲས་ཀྱི་ཡི་གེ་ཞིག་མ་ཡིན་ནམ། ཡི་གེ་འདི་བེད་སྤྱོད་གཏོང་མཁན་རྒྱལ་ཁབ་ག་ཚོད་ཅིག་ཡོད་པ་རེད།༽
ལན། འདི་ཉིད་ཀྱིས་གོང་དུ་རབ་གསལ་གྱི་བཀོད་པའི་རྩོམ་ཡིག་ཡག་པོ་མ་ཀློག་པའི་སྐྱོན་རེད། ཡང་ན་རགས་མོ་བྱེད་རྒྱུ་མང་སོང་པའི་སྐྱོན་རེད། མ་རྩོམ་ན་ས་ཆ་གཅིག་གཞི་ལ་བཞག་ནས་དཔེ་བཞག་འདུག ཁྱེད་ཀྱིས་འཛམ་བུ་གླིང་ཡོང་ལ་གོ་བ་བླངས་ནས་སྐྱོན་བརྗོད་བྱས་འདུག ཞིག་ཏུ་བལྟས། ༼དཔེར་ན་ཞུང་ཧྭ་ཤན་ན་ནུབ་ཕྱོགས་ནས་རུ་ཡོང་པའི་ཟ་ལར་ཚོས་ཨ་རབ་ཡི་གེ་སྟེང་ནས་ཁོ་ཚོའི་ཆོས་འདོན་པ་མ་གཏོགས། ཡི་གེ་དེའི་སྟེང་ནས་ཟིན་བྲིས་འདེབས་པ་དང་ཟོན་གྲངས་རྒྱག་སྤྱད་ལ་བཀོལ་མི་ཐུབ་ཅིང་གོ་མི་ཆོད་པ་དེ་ལྟ་བུ་རེད་སྙམ།༽ གཟིགས་དང་། ཞུང་ཧྭ་ས་ཆ་གཅིག་བུའི་ཨ་རབ་ཡི་གེ་བེད་སྤྱོད་གཏོང་དཔེ་ལ་བཞག་འདུག འཛམ་བུ་གླིང་ཡོངས་རྫོགས་ན་ཨ་རབ་ཡི་གེ་བེད་སྤྱོད་གཏོང་སྟངས་སྐོར་དཔེ་ལ་བཞག་མི་འདུག
དེ་ནས་ལན་དངོས་འདེབས་པར་བྱ། ༼༡༧༡༽ མགོན་པོ་ཕྱག་གཉིས་པ་ནས། སྤྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༠ གི་ཆུ་ཚོད་ ༩ སྐར་མ་ ༣༠ མཆན ༡༨༦ པར་དྲི་བ།༽ ཉིད་ཀྱི་མཆན་འདི་མཆན་ཨང་ ༡༧༡ རེད། དྲི་བ་མཆན་ཨང་༡༨༦ པར་བཀོད་འདུག འདི་ཅི་རེད། མཆན་ཨང་ ༡༨༦ ད་དུང་རྗེས་ནས་སླེབས་རྒྱུ་རེད།
དྲི་བ། ༼༡ ་་ཐོན་མིས་བོད་ཡིག་གསར་གཏོད་ཀྱི་རིག་པ་འཛམ་གླིང་སྤྱི་ཡོངས་ཀྱི་ཡི་གེའི་སྒིག་གཞི་དང་བསྟུན་ཚུལ་་ ཟེར་བ་དེའི་དོན་ག་རེ་རེད། མགོ་ཚོས་ཀྱི་མི་འདུག འཛམ་གླིང་ཐོག་གཟུགས་མི་འདྲ་བ། ཕྲད་སྦྱོར་སྟངས་མི་འདྲ་བ། ཚིག་སྦྱོར་མི་འདྲ་བའི་ཡི་གེ་ཇི་འདྲའི་མང་པོ་ཞིག་ཡོད་པ་རེད་ཨང་།༽ ལན། འཛམ་གླིང་སྤྱི་ཡོངས་ཀྱི་ཡི་གེ་ཟེར་ན་རྒྱ་ཡང་ཆེ་དྲག་པ་རེད་ལ། དོགས་པ་ཡང་ཡོད་དོན་མེད་ཀི སུམ་རྟགས་རྩ་བར་གསུངས་པ་ལྟར་རྒྱ་གར་གྱི་དབྱངས་གསལ་ལས་བླངས་པར་མཁས་པ་མང་པོས་མགྲིན་གཅིག་ཏུ་བཞེད་ཀྱི་ཡོད་པ་རེད།
དྲི་བ། ༼ཀ ཐོན་མིས་བོད་ཡིག་གསར་གཏོད་བྱས་ཟེར་བར་བདེན་དཔང་དང་ཁུངས་སྐྱེལ་ག་ཚོད་ཅིག་ཡོད་པ་རེད།༽ བོད་ཡིག་ཡོད་ན་སྲོང་བཙན་སྒམ་པོ་ཡན་གྱི་རྒྱལ་རབས་ལོ་རྒྱུས་ཞིག་ཡོད་དགོས་པ་ལ། རྩ་ནས་མེད་དོན་ཅི། གལ་ཏེ་རྒྱ་གར་གྱི་ཡི་གེ་དཔེར་བླངས་ནས་བཟོས་པ་མིན་ན། དབྱངས་གསལ་སོ་བཞི་ཕལ་ཆེ་བ་རྒྱ་གར་གྱི་དབྱངས་གསལ་ན་ཡོད་དགོས་པའི་རྒྱུ་མཚན་ཅི། ཐོན་མིས་བཟོས་པ་མིན་ན་བཟོ་མཁན་གཞན་ཞིག་སུ་ལ་ཡང་མི་རྙེད་དོན་ཅི། གལ་ཏེ་ཐོན་མིས་བཟོས་པ་མིན་ན་ལོ་རྒྱུས་མང་པོར་ཐོན་མིས་བཟོས་པ་ཡིན་ཟེར་དོན་ཅི། ཡང་ཐོན་མིས་བཟོས་པ་མིན་ན་སུམ་རྟགས་རྩ་བར་ཐོན་མི་ཨ་ནུས་མཛད་པ་རྫོགས་སོ་ཟེར་དགོས་དོན་ཅི། སོགས་ཡོད་དོ།
དྲི་བ། ༼༢ ་་ཕྲད་དང་རྣམ་དབྱེའི་རྐྱེན་ལས་ཚིག་སྒྲུབ་བཟོ་སྟངས། དེ་ལ་བརྟེན་ནས་དུས་གསུམ་རྣམ་བཞག་ཕྱེ་ཚུལ་སོགས་བྱཱ་ཀ་ར་ནའི་བསྟན་བཅོས་ཀྱི་སྤྱི་ཁོག་ཙམ་སྒྲོམ་གཞིར་གཏན་འབེབས་བྱས།་་ ཟེར་བའི་ནང་།
ཀ བྱཱ་ཀ་ར་ནའི་བསྟན་བཅོས་ཟེར་བ་དེ་རྒྱ་གར་གྱི་སྒྲ་མདོ་ཆེན་པོ་བརྒྱད་དམ་བྱྰ་ཀ་ར་ནའི་བསྟན་བཅོས་བརྒྱད་ཡོད་པར་གྲག་པ་དེར་གོ་བ་ཡིན་ནམ་ཡང་ན་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་ལ་གོ་བ་ཡིན།༽
ལན། འདི་ནི་རྒྱ་གར་གྱི་སྒྲ་མདོ་ཆེན་པོ་བརྒྱད་ལས། བོད་ལ་མཁོ་པ་གཉིས་ཙམ་གཞི་ལ་བཞག་ནས་གཏན་ལ་ཕེབས་ཟེར་དགོས་པ་མིན་འགྲོ་བསམ།
དྲི་བ། ༼ཁ ཐོན་མིས་དུས་གསུམ་རྣམ་གཞག་ཕྱེས་པ་ཞིག་གང་དུ་ཡོད་པ་རེད། དུས་གསུམ་གྱི་ཁྱད་པར་དེ་ཚོ་བོད་མིའི་སྐད་ཀྱི་ནང་རང་ཤུགས་ཀྱིས་ཡོད་པ་གསལ་བོ་མ་རེད་དམ།༽
ལན། དུས་གསུམ་གྱི་ཁྱད་པར་བོད་མིའི་སྐད་ཀྱི་ནང་ལ་རང་ཤུགས་ཀྱིས་ཡོད་པ་བདེན་མོད། འོན་ཀྱང་ཡི་ཐོག་ཏུ་ཕབས་དུས་དབྱེ་བ་གསལ་བོར་མ་ཕྱེས་ན། སྒྲ་འདྲ་བའི་དབང་གིས་ཁྱད་པར་འབྱེད་མི་ཐུབ་པས། ཡིག་ཐོག་ལ་ཕབ་དུས་དུས་གསུམ་དབྱེ་བ་འབྱེད་སྟངས་དེ་ཐོན་མིས་བཟོས་པའི་དོན་ལོས་ཡིན། ངག་ཐོག་དང་ཡིག་ཐོག་མི་འདྲ་བ་ལོས་མཁྱེན། འོ་ན་བསྟན་བཅོས་གང་ན་ཡིག་ཐོག་གི་དུས་གསུམ་ཕྱེས་ཡོད་པ་རེད་དམ་ཟེར་ན། རྟགས་འཇུག་རྩ་བར་རོབ་ཙམ་ཕྱེས་ཡོད་པ་གོང་དུ་ཁ་ཤས་ཀྱིས་དྲངས་པ་ལྟར་ལ། ཁ་མ་གསལ་བའི་རིགས་ལག་ལེན་ཐོག་ནས། ཁྲིད་རྒྱུན་ཐོག་ནས་རིམ་གྱིས་ཇེ་གསལ་ལ་སོང་པ་འགྲེལ་བཤད་རྣམས་ལས་ཤེས་སོ།
ལན་རྗེས་མ་རྣམས་རིམ་གྱིས་ཕུལ་ཆོག། དགོང་ཟས་ཟ་རན་སོང་།།
ལན།
གངས་ཅན་བོད་ཀྱི་ཡི་གེ་ལ་་་བོན་ཡིག་་་་བོན་གྱི་ཡི་གེ་་་་བརྗོད་ན་ལོ་རྒྱུས་དོན་དང་མཐུན་པ་ཞིག་ཡིན་འགྲོ་སེམས། གང་ལྟར་བོད་ཡིག་འདི་བོན་པོ་ཚོས་བརྗོད་ན་བོན་པོས་བཟོས་པ་ཡིན་ཟེར། བན་དེ་ཚོས་བརྗོད་ན་བན་དེས་བཟོས་པ་ཡིན་ཟེར།
དོན་ངོ་ཐོག་བོད་ཡིག་འདི་ཕྱི་ལོའི་དུས་རབས་བདུན་པ་ནས་དངོས་སུ་ཡོད་པ་བོན་བན་གཉིས་ཀས་མཉམ་མཐུན་དུ་བཞེད། དུས་རབས་བདུན་པ་ནས་ཡོད་པ་ཞིག་ཡིན་ན་དེ་ནི་ཕལ་ཆེར་བོན་པོ་ཚོས་བཟོས་པ་ཡིན་པ་བདེན་ཁ་རགས་ངེས་རེད་དྲན། དེ་ནི་འཛམ་གླིང་གཞན་གྱི་ཡིག་རིགས་ཚོའི་ལོ་རྒྱུས་ལ་བསམ་ནའང་བོད་ཡིག་འདི་ནི་ཆེས་རྙིང་པ་ཞིག་ཆགས་པ་རེད། གལ་སྲིད་བོད་ཡིག་འདིའི་བྱུང་ཁུངས་རྒྱ་གར་ཡིན་ན་དུས་རབས་བདུན་པའི་སྐབས་སུ་རྒྱ་གར་ཁོ་རང་ཚོ་ལའང་ཡི་གེ་ག་འདྲ་ཞིག་ཡོད་དང་རྣམ་དབྱེ་སོགས་ཀྱི་འགྲོ་སྟངས་ག་འདྲ་ཞིག་ཡོད་ང་ཚོས་གསལ་པོ་བྱས་ནས་ཤེས་དགོས་པ་འདུག། སམ་ཀྲི་ཏའི་ཡི་གེ་ནས་དཔེ་བླངས་ཏེ་བཟོས་པ་ཡིན་ན་དུས་རབས་བདུན་པའི་སྐབས་སུ་རྒྱ་གར་དུ་སམ་ཀྲི་ཏའི་ཡི་གེ་ཟེར་བ་ག་འདྲ་ཞིག་ཡོད་པ་དེ་ཡང་གསལ་པོ་བྱས་ནས་ཤེས་དགོས་པ་འདུག། དུས་རབས་བདུན་པའི་སྐབས་སུ་རྒྱ་གར་ལ་སམ་ཀྲི་ཏའི་རྣམ་དབྱེ་ཕུན་སུམ་ཚོགས་པ་ཞིག་ཡོད་པ་རྒྱ་གར་བས་ཁས་ལེན་ནམ། དགེ་འདུན་ཆོས་འཕེལ་ལ་རྣམ་རྟོག་ཞིག་བཟའ་ནས་བོད་ཡིག་འདི་གུབ་ཏའི་ཡི་གེ་ལ་དཔེ་བླངས་ནས་བཟོས་རབས་ཤོད་དགོས་པ་ཅི་ཡིན་ནམ། གུབ་ཏའི་ཡི་གེ་ལ་དཔེ་བླངས་ཡོད་ན་དེ་བས་ཀྱང་བོན་པོ་ཚོ་ལ་བདེན་ཁ་རགས་ངེས་རེད་དྲན། གུབ་ཏའི་རྒྱལ་རབས་ཕྱི་ལོ་༣༢༠ནས་༥༥༠་བར་གནས་རབས་ཤོད་ཀྱི་འདུག་བ། གུབ་ཏའི་ཡི་གེ་དེ་རྣམ་དབྱེ་ཕུན་སུམ་ཚོགས་པའི་ད་ལྟའི་བོད་ཡིག་དང་འདྲ་བའི་ཡིག་རིགས་ཤིག་ཡིན་ནམ། བན་དེ་ཚོས་བོད་ཡིག་རྒྱ་གར་ལས་བྱུང་རབས་ཤོད་པ་འདི་བོད་ཡིག་བོན་པོས་མ་བཟོས་པའི་ཁུངས་སྐྱེལ་ཡིན་ནམ། ཡང་ན་གང་ཞིག་རྒྱ་གར་ལས་བྱུང་བ་ཙམ་གྱིས་བོན་པོས་མ་བཟོས་པའི་བསྒྲུབ་བྱེད་དུ་འཇོག་ཐུབ་བམ། ད་གང་ལྟར་ལོ་ཚིགས་དང་དུས་རབས་སོགས་ལ་བསམ་ན། གུབ་ཏ་དང་སམ་ཀྲི་ཏ་གང་ལས་དཔེ་བླངས་ཡོད་ནའང་བོད་ཡིག་འདི་ཐོག་མར་བོན་པོ་ཚོའི་དུས་སྐབས་སུ་བཟོས་པ་དེ་བདེན་ཆ་ཆེ་བར་སེམས།
བོད་ཡིག་རིན་ཆེན་ནོར་བུའི་ཕྲེང་། །
བོན་ནས་དར་ཡང་མིན་སྐྱོན་ལ། །
ཐོན་མས་མཛད་ཅིང་ཁྱད་མེད་པར། །
བོད་མའི་སྲོག་རྩར་ཤེས་ན་ལེགས། །
བོད་ཡིག་ཤ་ཚ་ཡོད་མདོག་ལ། །
ཟ་དང་ཟུར་ནས་ཆོས་ལུགས་དང་། །
དགོས་མེད་ཆོལ་ཁའི་འཐེན་ཁྱེར་སོགས། །
གླེང་བར་ཡ་རབས་མིན་ལས་ཆེ། །
གཞོན་ནུ་ཟླ་མེད་ལགས། མང་པོ་ལབ་པ་ལས་དོན་དངོས་དང་འབྲེལ་བའི་ཞིབ་དཔྱོད་བྱེད་ཡ་གལ་ཆེན་པོ་རེད། ༼བོད་ཡིག་ཡོད་ན་སྲོང་བཙན་སྒམ་པོ་ཡན་གྱི་རྒྱལ་རབས་ལོ་རྒྱུས་ཞིག་ཡོད་དགོས་པ་ལ། རྩ་ནས་མེད་དོན་ཅི། ༽ཟེར་འདུག་པའི་དོན་དེ་ཁྱོད་ཀྱིས་མ་མཐོང་ན་མེད་པར་བདེན་ན་མ་གཏོགས་དེའི་གོང་ན་ཞང་བོད་ཀྱི་ཁྱོན་དུ་སྟོན་པ་བྱོན་ཚུལ་དང་དེས་ཀྱང་བསྟན་པ་སྤེལ་ཚུལ་དེ་ཙམ་ཟད་ཞང་བོད་ཀྱི་རྒྱལ་རབས་དུ་མས་རྒྱལ་སྲིད་སྐྱོང་ཚུལ་དང་། དེའི་སྐབས་ཀྱི་ཆོས་དང་ཤེས་རིག་གི་ངོ་བོ་ཇི་ལྟར་འཕེལ་རྒྱས་བྱུང་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་རྣམས་བོན་གྱི་བཀའ་བརྟེན་འགྱུར་གྱི་གསུང་རབ་པོད་བརྒྱ་ཕྲག་དུ་མའི་ཁྲོད་དུ་མཇལ་རྒྱུ་ཡོད་བཞིན་འདུག་གོ ༼གལ་ཏེ་ཐོན་མིས་བཟོས་པ་མིན་ན་ལོ་རྒྱུས་མང་པོར་ཐོན་མིས་བཟོས་པ་ཡིན་ཟེར་དོན་ཅི། ༽དེའི་རྒྱུ་མཚན་ནི་དྲི་བ་བྱས་པའི་ཁུལ་ལས་ཁྱོད་ཀྱིས་ཀྱང་ཤེས་མདོག་ཁག་པོ་རེད་བཱ། སྲིད་དབང་དགོས་མཁོར་དམིགས་ཏེ་རང་གི་ཕ་མེས་ཀྱི་ཆེ་བ་ཉམས་སླད་ཡོད་ཚད་རྒྱ་གར་ལ་ཁུངས་བཅོལ་བར་བསམ་པས་རེད།
གོང་དུ་སུམ་རྟགས་གཞུང་དང་དེའི་རྟེན་གཞི་བོད་ཡིག་འདི་ནི་ཐོན་མི་ཟེར་བས་མ་བྱས་པའི་དཔང་རྟགས་མངོན་གསལ་དོད་པོ་ཞིག་ཡོད་པ་དེ་ནི་དུས་རབས་བརྒྱད་པ་དང་དགུ་པ་སོགས་ཀྱི་སྐབས་ན་བྱུང་བའི་རྡོ་རིང་སོགས་ཀྱི་ཡི་གེ་དེ་དག་ཡིན་པར་བཤད་ཡོད། དེ་ལ་འདི་ཡིན་འདི་མིན་གྱི་ལན་མེད་ནས་སྒྲུབ་བྱེད་འཐད་ལྡན་ཅི་ཡང་མེད་པར་བསྐོར་ནས་བསྡད་པས་ཐོན་མིས་བྱས་ཟེར་ཟེར་ཀུན་རྫུན་རྐུབ་དོར་བར་དབང་མེད་དུ་ཁས་བླངས་གྲུབ་ཡོད་དོ།
ལོ་རྒྱུས་མང་དག་ནང་ཐོན་མིས་བྱས་པར་བཤད་དགོས་དོན་ནི་གོང་དུ་རྒྱུ་མཚན་བཤད་པ་དེས་ཀྱང་ངེས་སོ། དེས་ན་ཁྱོད་ཀྱིས་སླར་ཡང་ཐོན་མིས་བྱས་ཏེ་དེའི་མཇུག་བྱང་དུ་ཨ་ནུས་མཛད་དོ། ཞེས་པས་གྲུབ་ཅེས་ནན་གྱིས་ཟེར་ན་དེ་ཙམ་གྱིས་མི་གྲུབ་སྟེ་ཐོན་མི་ཨ་ནུ་་དང་སམ་བྷོ་ཊ་ཟེར་བ་དེ་གཉིས་སུ་ཕ་དང་བུ་ཡིན་མིན་ལ་ཡང་ངེས་པ་མེད་པར་ལོ་རྒྱུས་ཁག་ལས་བཤད་སྲོལ་མང་པོ་ཞིག་ཡོད་པས་ཡིད་སྟོན་མི་རྙེད་དོ། དེ་ལྟར་བཤད་ཚུལ་མི་མཐུན་པ་ལ་གཞིགས་ཚེ་ལོ་རྒྱུས་ཐོག་ལ་དཔེ་བསྣུབས་རབས་དང་བཤུས་རབས་དང་རྐུས་རབས་མང་པོ་ཡོད་པས་ཕྱིས་སུ་མཛད་པོ་དངོས་དེའི་མཚན་བྱང་ཡང་བསྣུབས་ཡོད་པར་ངེས་ཤེས་སྐྱེ་བ་ཞིག་གོ བདེན་དཔང་དེའང་རྡོ་རིང་སོགས་ཀྱི་ཡིག་རྙིང་དེ་དག་བཞག་ན་འཐད་ལྡན་དུ་འགྲོ་བར་སྙམ། ད་དུང་ངས་འདི་ལྟར་བཤད་ཕྱོགས་དང་མཐུན་པ་གཞན་ཞིག་འདྲེན་རྒྱུ་ཡོད་པ་ནི་གཤམ་གསལ་ལྟར་ཡིན་ལགས།
མཁས་དབང་མཁར་རྨེའུ་བསམ་གཏན་ལགས་ཀྱིས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་ཟླ་གཅིག་རིང་སློབ་ཁྲིད་གནང་ཚར་རྗེས་ངོ་རོ་རྩོམ་སྒྲིག་ཁང་གི་འཐུས་མིས་༢༠༡༠ལོའི་ཟླ༡༠བའི་ཚེས༡༢་ལ་ཁོང་གི་སྐུ་མདུན་དུ་བཅར་འདྲིར་ཕྱིན་སྐབས་དྲི་བ་དྲིས་ལན་གཤམ་གསལ།
རྩོམ་སྒྲིག་ཚོགས་མིའི་དྲི་བ། ཐོན་མིས་ཡི་གེ་མ་བཟོས་གོང་། བོད་དུ་ཞང་ཞུང་སྨར་ཆེན་དང་སྨར་ཆུང་གི་ཡི་གེ་ཡོད་པར་ཡོངས་གྲགས་སུ་བཞེད། ཡིན་ཙང་ཐོན་མིས་ཞང་ཞུང་ཡི་གེར་དཔེ་ལྟོས་དང་ཇེ་ལེགས་སུ་གཏོང་བའི་བཞེད་པ་མ་བྱུང་བར། ངེས་པར་དུ་ས་ཐག་རིང་བོ་འགྲིམས་ནས་རྒྱ་གར་ཡི་གེར་དཔེ་ལྟོས་དགོས་དོན་གང་ཡིན་ནམ།
མཁར་རྨེའུའི་ལན། བཤད་ལུགས་སྤྱི་ལ་ཐོན་མིས་ཡི་གེ་བཟོས་པ་རེད་ཅེས་ལབ་ཀྱིན་ཡོད། དེ་ཡང་ཁོང་རྒྱ་གར་དུ་ཕེབས་ཏེ་གུཔྟའི་ཡི་གེར་དཔེར་བླངས་ནས་བོད་ཡིག་བཟོས་པ་རེད། དེ་ནས་བོད་དུ་ཕེབས་ནས་མདོ་སྡེ་བསྒྱུར་བ་ལ་སོགས་པའི་སྐད་ཆ་མང་བོ་ཞིག་འདུག འདིའི་ཐད་ལ་ཞིབ་འཇུག་པ་ཚོས་ཕྱག་ལས་མང་བོ་ཞིག་གནང་ཡོད་པ་རེད། དོན་དམ་དུ་བཤད་ན་ཐོན་མི་སམྦྷོ་ཊ་ཟེར་བའི་བོད་མི་ཞིག་དུས་རབས་བདུན་པའི་ནང་རྒྱ་གར་དུ་ཕེབས་ཡོད་མདོག་ཁག་པོ་རེད། ཕེབས་ནས་ལས་ཀ་ཞིག་བྱས་ཡོད་ཅེས་བཤད་ཁག་པོ་རེད། ཐོན་མི་ནི་ངེད་ཅག་དང་འདྲ་བའི་མི་སྤྱིར་བཏང་བ་ཞིག་གི་དབང་དུ་བཏང་ན་ཚེ་གཅིག་ལུས་གཅིག་གི་དུས་ཡུན་ཐུང་ངུ་དེའི་རིང་རྒྱ་གར་དུ་ཕར་ཕྱིན་ཅིང་། དེ་ནས་རྒྱ་གར་དུ་བཞུགས་ཏེ་རྒྱ་གར་གྱི་སྐད་ལ་སློབ་སྦྱོང་བྱས་ནས་རྒྱ་གར་གྱི་གནས་ཚུལ་རྒྱུས་ལོན་ཟབ་མོ་བྱུང་བ་གཞི་བཅས། དེ་ནས་ཡི་གེ་ཞིག་བཟོས་ཏེ་བོད་དུ་ཕེབས་ནས་སུམ་རྟགས་བྲིས་ཏེ་མདོ་བསྒྱུར་བ་ལ་སོགས་པའི་འཕྲིན་ལས་འདི་འདྲ་ཞིག་མི་རང་ག་བ་ཞིག་གིས་དུས་ཡུན་ཐུང་ངུ་འདི་ལྟ་བུར་ཡོང་མི་སྲིད་པ་ཞིག་རེད་ཅེས་བསམ། དེང་སང་ལ་མཚོན་ནའང་ང་ཚོ་མི་ཞིག་གིས་མི་རིགས་གཞན་གྱི་སྐད་ཙམ་སྦྱང་བ་ལའང་དཀའ་ངལ་ཅི་ཙམ་འདུག ཐོན་མི་སམྦྷོ་ཊ་ཡང་ང་ཚོ་ནང་བཞིན་མ་གཏོགས་མི་ཡ་མཚར་བ་ཞིག་ཡིན་རྒྱུའི་རློམ་ཐབས་བྲལ། ཁོང་ཡང་འགྲོ་བ་མི་ཞིག་ཡིན་ཕྱིན་དུས་ཡུན་ཐུང་ངུ་དེར་ཕྱག་ལས་དེ་འདྲ་བ་ཡོང་གི་མ་རེད་བསམ། དེ་ལྟར་དྲན་པའི་རྨང་གཞིའི་སྟེང་ནས་ང་ཚོས་ཐོན་མི་སམྦྷོ་ཊའི་ཡར་སྔོན་དུ་ཡི་གེ་ཞིག་ཡོད་པ་གཞིར་བཞག་ནས་ཁོང་གིས་དེ་ཡར་རྒྱས་སུ་བཏང་བར་ཆ་འཇོག་བྱས་ཆོག་གི་རེད་སྙམ། འདི་འདྲ་སྐད་ཆ་མང་བོ་ཡོད་པ་རེད། བོན་པོ་ཚོས་ཀྱང་མ་བཅོས་མ་སླད་པའི་ཡི་གེ་ཡོད་ཅེས་ཟེར་ཡང་ཡི་གེ་དེ་དངོས་གནས་གང་འདྲ་ཞིག་ཡིན་པའི་སྐད་ཡིག་དེ་ཚོའི་ཐོག་ཏུ་བྲིས་པའི་དཔེ་ཆ་གཅིག་ཀྱང་ད་བར་མཐོང་མ་སོང་། ཡིན་ནའང་མ་འོངས་པར་ས་བརྐོ་རྡོ་སློག་བྱས་ནས་སྨར་ཆེན་སྨར་ཆུང་ཟེར་བའི་དཔེ་ཆའི་རིགས་ཀྱང་རྙེད་འོང་བ་ཆ་མ་འཚལ་བས་ཐག་གཅོད་པ་ངལ་བའི་རྒྱུ། ཞེས་པ་འདི་ནི་གང་དྲན་མ་ཡིན་པར་དེའི་སྐབས་ཀྷི་སྤི་ཚོགས་ཀྱི་འཚོ་བ་དངོས་ལ་གཞིགས་ཏེ་བཤད་པ་ཞིག་རེད་འདུག་པས་བྲོ་བ་འདུག་བཱ།
མཆན་ཨང་༨༢པར་དེའི་སྐབས་ཀྱི་་་་་་་སྤྱི་ཚོགས་་་་་་་ཞེས་བཅོས་རོགས།
ལ་སྟོད་ལགས། ངས་ཁྱེད་ཀྱིས་གསུངས་པ་དེ་ལ་གསལ་ཁ་ཞིག་བཟོ་འདོད་བྱུང་། དེ་ཡང་ཁྱོད་ཀྱི་གོང་དུ་ མཆན་༡༠༦ ཏུ་”རྙིང་མའི་གཏེར་སྟོན་པདྨ་གླིང་པས་ཙོང་ཁ་པ་བདུད་ཀྱི་སྤྲུལ་པ་ཡིན་པ་དང། ཙོང་ཁ་པས་ཇོ་བོ་ཤཱཀྱ་མུ་ནེར་རིན་པོ་ཆེའི་རྒྱན་ཆ་ཕུལ་སྟབས་ཉི་ཟླ་གཉིས་འདོམ་གང་ཙམ་དམའ་རུ་ཕྱིན་པ་དང། བོད་ལ་ས་གཡོམ་དང་ནད་ཡམས་མང་པོ་བྱུང་བ་རེད་ཟེར་བ་དང། ཙོང་ཁ་པ་ནི་ཤཱཀྱ་མུ་ནེའི་སྐུ་མཆེད་དགེ་སློང་ལེགས་པའི་སྐར་མ་ཟེར་བའི་སྐྱེ་བ་རེད་ཟེར་བ་སོགས་བཤད་འདུག་གཱ།” ཞེས་པ་ཞིག་བྲིས་འདུག
པདྨ་གླིང་པའི་ཐང་ཡིག་ཏུ་དེ་འདྲ་གསུངས་པ་མེད། འོ་ན་ཇི་ལྟར་གསུངས་ཡོད་སྙམ་ན། ཡང་ཅིག་ཤར་ཕྱོགས་ཙོང་ཁའི་ཡུལ་ནས་སུ། །ལེགས་སྐར་སྐྱེ་བ་བློ་བཟང་མིང་ཅན་བྱུང་། །ཞེས་པ་ལ་སོགས་པས་ཙོང་པ་དེ་དགེ་སློང་ལེགས་པའི་སྐར་མའི་སྐྱེ་བ་ཡིན་པ་དང་། ཨོ་རྒྱན་རིན་པོ་ཆེ་ལ་དད་པ་མེད་ཚུལ། ཨོ་རྒྱན་རིན་པོ་ཆེས་བསམ་ཡས་ཀྱི་སྒོ་ཐེམ་འོག་ཏུ་དམ་སྲི་སྤུན་བདུན་མནན་པ་ལ་ཇོ་བོ་ཤཱཀྱ་མུ་ནི་སྤྲུལ་སྐུའི་སྐུ་ལ་ལོངས་སྐུའི་རྒྱན་བཏགས་ཡོད་ཚུལ་གསུངས་ཡོད་པ་ལས་བདུད་ཀྱི་སྤྲུལ་པ་ཡིན་པར་གསུངས་པ་མེད། དེ་བཞིན་ཙོང་ཁ་པས་ཇོ་བོ་ཤཱཀྱ་མུ་ནེར་རིན་པོ་ཆེའི་རྒྱན་ཆ་ཕུལ་བས་ཉི་ཟླ་གཉིས་འདོམ་གང་ཙམ་དམའ་རུ་ཕྱིན་པ་དང་བོད་ལ་ས་གཡོམ་དང་ནད་ཡམས་མང་པོ་བྱུང་ལུགས་ནི་དེ་བས་ཀྱང་གསུངས་པ་མེད་དོ༎
ཡང་ཅིག་ཞུ་ན་ རྙིང་མའི་རྫོགས་ཆེན་བོན་པོ་ནས་བརྐུས་ཚུལ་གྱི་རྩོ་པ་ནི་དེང་སང་གསར་དུ་བྱུང་བ་ཞིག་མིན་པར་སྔར་ནས་ཡང་ཡང་བྱུང་འདུག་པས་དེ་ལ་ལན་ཡང་རྙིང་མའི་མཁས་པ་དུ་མ་ཞིག་གིས་སྔར་ནས་བཏབ་ཟིན་ཡོད་ཚོད་འདུག། དེ་ཡང་ཀུན་མཁྱེན་ཀློང་ཆེན་རབ་འབྱམས། སོག་བཟློག་པ་བློ་གྲོས་རྒྱལ་མཚན། དགེ་སློང་ཡོན་ཏན་ལྷུན་གྲུབ། རྒྱལ་བ་བསྟན་འཛིན་གྲགས་པ། སྣ་ཚོགས་རང་གྲོལ་སོགས་ཀྱིས་བརྩམས་པའི་རྩོད་པ་བཟློག་པའི་བསྟན་བཅོས་དུ་མ་ཞིག་འདུག་པ་དེ་ཚོ་ལ་བལྟས་དུས། སྔར་འགའ་ཞིག་གིས་རྫོགས་པ་ཆེན་པོ་རྒྱ་གར་ནས་བསྒྱུར་བ་མ་ཡིན་ཏེ། དེའི་སྐད་དོད་རྒྱ་གར་གྱི་ལེགས་སྦྱར་སྐད་དུ་མེད་པའི་ཕྱིར་ཞེས་བརྗོད་ཡོད་པ་འདྲ། དེ་ལ་རྫོགས་ཆེན་པ་དེ་དག་གིས། རྫོགས་པ་ཆེན་པོའི་སྐད་དོད་ལེགས་སྦྱར་གྱི་སྐད་དུ་མེད་པ་མ་གྲུབ་སྟེ། ལེགས་སྦྱར་གྱི་སྐད་དུ་མ་ཧཱ་སནྟི་ཞེས་བརྗོད་པའི་ཕྱིར་རོ་ཞེས་ལན་བཏབ་པ་ཙམ་དུ་མ་ཟད། རྒྱ་དཔེར་ཛྙཱ་མུརྟི་མ་ཧཱ་སནྟི་ཞེས་ཡོད་པ་དེ་ལས་སྔོན་གྱི་ལོ་ཙཱ་བ་དག་གིས་རྫོགས་པ་ཆེན་པོ་ཡེ་ཤེས་ཀྱི་གཟུགས་ཅན་ཞེས་བསྒྱུར་ཚུལ་དང་དེ་ཡང་སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པའི་འཇམ་དཔལ་ཞལ་ལུང་དུ་ཡོད་ཚུལ་གྱི་ཁུངས་དང་བཅས་པ་གསལ་པོར་གསུངས་གནང་འདུག།
དེ་བཞིན་རྙིང་མ་རྫོགས་ཆེན་པའི་རྒྱུད་གསང་བའི་སྙིང་པོ་སོགས་ཀྱི་རྩ་ཚིག་རྣམས་རྒྱ་གར་ནས་བསྒྱུར་བར་གྲགས་པའི་གསར་མའི་རྒྱུད་གཞུང་དག་ཏུའང་ལུང་འདྲེན་བྱས་ཡོད་ཚུལ་གསུངས་པར་བལྟས་ན་རྫོགས་ཆེན་གྱི་ཆོས་དེ་དག་རྒྱ་གར་ནས་བསྒྱུར་བ་ཡིན་པ་ལ་ཐེ་ཚོམ་དགོས་པ་མིན་འདུག་སྟེ། ཅི་ནས་ཀྱང་རྫོགས་ཆེན་རྒྱ་གར་ནས་བསྒྱུར་བ་མིན་པར་བོན་ནས་བསྒྱུར་བ་ཡིན་ཞེ་ན་བོད་ཀྱི་ནང་པའི་གྲུབ་མཐའ་བཞི་ཀ་བོན་ལས་བསྒྱུར་བར་ཁས་ལེན་དགོས་པར་འགྱུར་ལ། རྒྱ་གར་གྱི་པཎྜི་ཏ་དང་བོད་ཀྱི་ལོ་ཙཱ་བ་དག་གིས་རྒྱ་གར་ནས་བསྒྱུར་ཚུལ་གྱི་ལོ་རྒྱུས་རྣམས་ཚང་མ་རྫུན་དུ་འདོད་དགོས་པར་འགྱུར་བར་གདོན་མི་ཟའོ༎
ཡང་མཁས་དབང་མཁར་རྨེའུ་ལགས་ཀྱིས་སམ་བྷོ་ཊས་རྒྱ་གར་གྱི་ཡི་གེ་བསླབས་ནས་བོད་ཀྱི་ཡི་གེ་གསར་དུ་བརྩམས་པ་དང་རྒྱ་གར་གྱི་སྐད་ཀྱི་སྟེང་ནས་བོད་སྐད་དུ་ཆོས་བསྒྱུར་བ་སོགས་དུས་ཡུན་ཐུང་ངུའི་ནང་དུ་མི་སྲིད་ཚུལ་གསུངས་ཡོད་ལུགས་ཤིག་བཀོད་འདུག། དེ་ནི་མཁས་དབང་ཁོང་གི་གསུང་དངོས་ཡིན་མིན་དོགས་པ་འདུག གང་ཡིན་ཞེ་ན་ཁོང་ལྟ་བུའི་མཁས་དབང་ཞིག་གིས་སྔར་གྱི་ལོ་རྒྱུས་གསུངས་ཚེ་ད་ལྟའི་གནས་སྟངས་དང་བསྡུར་ནས་གསུངས་མི་སྲིད་སྙམ། གལ་ཏེ་ད་ལྟའི་གནས་སྟངས་ལ་དཔགས་ན་ཡང་དེ་ལྟར་མི་སྲིད་པ་ཞིག་ག་ལ་ཡིན་ཏེ། དཔེར་ན་དེང་སང་སྔོན་ལ་སྐད་ཡིག་གཞན་ཞིག་སྦྱངས། དེའི་རྗེས་ད་དུང་སྐད་ཡིག་གཞན་ཞིག་སྦྱངས་ནས་སྐད་ཡིག་གཅིག་ནས་གཅིག་ཏུ་བསྒྱུར་མཁན་དུ་མ་ཞིག་ཡོད་པ་བཞིན་ནོ།
དེར་མ་ཟད་སངས་རྒྱས་ཤཱཀྱ་ཐུབ་པས་སྔར་ཧིན་དུ་བསླབས་ཤིང་དེའི་རྗེས་ཧིན་དུ་དང་འགལ་བའི་ཆོས་ལུགས་གསར་དུ་བརྩམས་ནས་ལོ་༤༥ འི་ནང་དུ་ཁྱབ་སྤེལ་གནང་འདུག་པ་ལ་བལྟས་པས་ཀྱང་ཐུ་མིས་ཡི་གེ་གསར་དུ་མཛད་ནས་དེའི་ནང་དུ་ཡིག་བསྒྱུར་གནང་བ་ལ་མི་འོས་པ་དང་མི་སྲིད་པ་ཞིག་མ་མཐོང་ངོ། གལ་ཏེ་སངས་རྒྱས་ནི་གང་ཟག་ཁྱད་པར་ཅན་ཞིག་ཡིན་སྙམ་ན་ནི་ཐུ་མི་ཡང་དེ་ལྟ་བུ་ཞིག་ཡིན་མི་ཆོག་པ་ག་ལ་ཡོད། དེས་ན་བོད་ཡིག་ཐུ་མིས་མཛད་པ་མིན་ཏེ་དུས་ཡུན་ཐུང་ངུའི་ནང་དུ་མཛད་མི་ནུས་པའི་ཕྱིར་ཞེས་པ་ནི་གཏན་ཚིགས་ཡང་དག་ཅིག་ཏུ་བཟུང་བར་འོས་པ་མ་མཐོང་ངོ་༎
དེ་ནི་ཁོ་བོའི་བསམ་ཚུལ་ཙམ་བརྗོད་པ་ལས། མཁས་དབང་ལ་སྟོད་ལགས་དང་མཁར་རྨེའུ་ལགས་ལ་རྩོད་པའི་ཚུལ་དུ་བྲིས་པ་མིན་པས་ཀུན་གྱིས་དེ་དོན་དགོངས་འཇགས་ཡོང་བར་ཞུ་ཞུ་ལགས།
གཡུ་འབྲུག་མགོ་ཐོམ་སྡོད་འདུག་ག ལ་སྟོད་རྩ་དགོངས་ཞུས་ནས་ཕྱིན་ཚར་སོང་། མ་འགྲོ། ང་ཚོ་མཉམ་དུ་སྐྱིད་གཏམ་སྡུག་གཏམ་འདྲ་ཤོད་ནས་སྡོད་རོགས་ཞེས་བཤོལ་བཏབ་ཀྱང་ཉན་མ་སོང་།
བདེ་བ་ལགས། ཁྱེད་ཀྱིས་དྲིས་པའི་དྲི་བ་དང་པོ་གསུམ་ལ་ལན་ཞུ་སྤོབས་བྲལ་ཡང་བཞི་པར་ལན་ཞིག་ཞུ་ན་འདོད། ངའི་ལན་དེ་ཁྱེད་ཀྱི་དྲི་བའི་ལན་དུ་ཁེ་སོང་ན་བརྔན་པ་བཞི་ཆ་ལས་གཅིག་སྤྲོད་དགོས་ཡིན་ད། དེ་ཡང་སྔགས་གསར་རྙིང་གཉིས་ཀྱི་བར་དུ་རྩོད་པ་ཞི་བོ་ཞིག་བྱུང་བ་བདེན་པ་ཡིན་མིན་དང་དེ་དུས་རབས་ག་དུས་ལ་བྱུང་བ་རེད་ཟེར་ན་། དུས་རབས་༡༤ པ་ནས་མ་མཐའ་ཡང་དུས་རབས་༡༨ པའི་བར་དུ་བྱུང་འདུག། རྒྱུ་མཚན་གང་གིས་ཤེས་ཟེར་ན་དུས་རབས་༡༤ པའི་ནང་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས་གསང་སྔགས་རྙིང་མ་དང་རྫོགས་ཆེན་པ་ལ་ལོག་པར་རྟོགས་པའི་འཁྲུལ་པ་ངན་པ་འཇོམས་པའི་བསྟན་བཅོས་ཟེར་བ་ཞིག་བརྩམས་འདུག་པ་དང་། དུས་རབས་༡༦ པ་དང་༡༧ པའི་ནང་ཀརྨ་པ་སྐུ་ཕྲེང་བརྒྱད་པ་མི་བསྐྱོད་རྡོ་རྗེས་གསང་སྔགས་རྙིང་མ་པའི་རྒྱུད་རྣམས་རྒྱ་གར་ནས་བྱུང་བ་ཡིན་མིན་ལ་དོགས་པ་ཡོད་ཚུལ་དང་རྫོགས་ཆེན་ཞེས་པ་བོན་ལུགས་ཡིན་ཚུལ་སྐོར་བཀོད་པའི་ཆབ་ཤོག་ཅིག་གནང་འདུག་པ་དེའི་ལན་དུ་གཏེར་སྟོན་པདྨ་གླིང་པའི་སྐྱེ་བ་དེ་མ་ཐག་པར་གྲགས་པའི་ལྷོ་པ་བྱ་བྲལ་བའམ་རྒྱལ་དབང་བསྟན་འཛིན་གྲགས་པ་དང་། པདྨ་གླིང་པའི་སློབ་མའི་གཙོ་བོ་སྔགས་འཆང་ཆོས་རྣམ་གཉིས་ཀྱི་ཡ་གྱལ་ཕྱག་རྫོགས་གཉིས་ཀྱི་རྣལ་འབྱོར་པ་སྣ་ཚོགས་རང་གྲོལ་ལམ། རྒྱལ་བ་རྒོད་ཚངས་པ་གཉིས་ཀྱིས་མཛད་པའི་དྲིས་ལན་ལུང་རིག་འབྲུག་སྒྲ་ཞེས་པ་སོགས་བརྩམས་འདུག་པ་དང་། དེ་བཞིན་སོག་བཟློག་པ་བློ་གྲོས་རྒྱལ་མཚན་གྱིས་ཀྱང་འབྲི་གུང་དཔལ་འཛིན་གྱི་རྩོད་བཟློག་ཅེས་པ་ཞིག་བརྩམས་འདུག་པ་དེ་དག་ལ་བརྟེན་ནས་ཤེས་སོ༎
བདེ་བ་ཡང་དགོངས་པ་ཞུས་ནས་ཕྱིན་ཡོད་ན་གང་ཤེས། གལ་ཏེ་ཕེབས་མེད་ན་བརྔན་པ་བཞི་ཆར་བགོས་པའི་གཅིག་མྱུར་དུ་གནང་རྒྱུར་བསྒུག་ནས་ཡོད་པ་དགོངས་འཇགས་ཡོང་བར་ཞུ་ཞུ་ལགས།
ཕྱོགས་སྔ་བ་ཚོས་བོད་ཡིག་ཐོན་མིས་བྱས་པའི་སྒྲུབ་བྱེད་འཐད་ལྡན་ཅི་ཡང་འགོད་རྒྱུ་མེད་ཁར་ད་དུང་ལྐུགས་པའི་ཨུ་ཚུགས་ལྟར་ནན་གྱིས་ཐོན་མིས་བྱས་ཏེ་མཇུག་བྱང་ལ་གསལ་ཞེས་པ་འདྲ་བོ་དང་ཡང་ལོ་རྒྱུས་ཀྱི་དཔེ་མང་པོ་ནས་བཤད་ཀྱི་འདུག་ཅེས་པ་འདྲ་བོ་དང་ཡང་ཐོན་མི་སྤྲུལ་པ་ཅན་ཡིན་ཆོག་འདྲ་བོ་འདི་འདྲའི་སྒྲུབ་བྱེད་སྲབ་ཅིང་བརྟག་ན་འཇིག་སླ་བས་སྨྲ་རྒྱུ་ཟད་ནས་ཚིག་ཚོགས་སྤྲོས་པའི་ངལ་བ་ཁུར་དུ་བླངས་པ་ཙམ་ལས་གཞན་ཅི། སྔར་མཆན་པ་མང་པོ་ནས་ཐོན་མིས་བོད་ཡིག་མ་བྱས་རབས་ཀྱི་སྒྲུབ་བྱེད་གང་མང་བཀོད་པ་དག་ལ་ད་བར་རྒོལ་གཏམ་གནད་སྨིན་ཅི་ཡང་གདོན་དུ་མེད་པས་སྨྲ་རྒྱུ་ཟད་པ་ཡིན་ནམ། དེ་མིན་འཇམ་འཇམ་ཐིང་ཐིང་འདུག་བཟོ་འདྲ་ཡོད་དོན་ཅི། ཀུ་རེའི་ཚུལ་དུ་སྨྲས་ཐལ། མཁར་རྨེའུ་ལགས་ཀྱིས་གསུངས་པ་ཡིན་མིན་ལ་རག་མི་ལས་ཤིང་འདིར་རྒྱུ་མཚན་རྣལ་མ་ཞིག་ཏུ་གྱུར་པས་དེས་ཆོག་པར་སྙམ། ཅིས་ཀྱང་དྭོགས་པ་ཟློག་དགོས་ན། http://www.himalayabon.com/འདིར་འཇུག་རོགས་གནང་།
མཇུག་ཏུ་ངས་རིག་པ་ཐེབས་ཆག་ཅིག་གཏོང་གི་ཡིན། སློབ་དཔོན་ཐོན་མིས་‘‘བོད་ཡིག་གསར་གཏོད་གནང་’’ཞེས་པ་འདི་བདེན་ཚེ། ‘‘ཐོན་མིས་ཡིག་རིགས་དུ་མར་མཁས་པར་སྦྱངས་’’སའི་ཡུལ་དེ་ དཔལ་ནཱ་ལན་ཊ་ཡིན་ནམ། དུས་རབས་བདུན་པའི་སྐབས་ཀྱི་དཔལ་ནཱ་ལན་ཊའི་ལོ་རྒྱུས་ནང་དུ་ཐོན་མི་ཞེས་པའི་བོད་མི་ཞིག་ཕེབས་པའི་ལོ་རྒྱུས་ཡོད་དམ། བོད་མཁས་པའི་དམ་ཆོས་གླེགས་བམ་སྒྲུབ་ཚུལ་ལས། ‘‘ཐོན་མི་རྒྱ་གར་དུ་བརྟོལ་བའི་རྗེས་སུ་རྒྱ་གར་རྒྱལ་པོས་ཐུགས་ལ་བཏགས་ཏེ་’’ཞེས་པ་ཞིག་འབྱུང་། དུས་རབས་བདུན་པའི་སྐབས་ཀྱི་རྒྱ་གར་གྱི་རྒྱལ་པོ་འདི་སུ་ཡིན་ནམ། ཐོན་མི་དང་འབྲེལ་བའི་ལོ་རྒྱུས་དུམ་བུ་ཞིག་རྒྱལ་པོ་འདིའི་ལོ་རྒྱུས་ནང་དུ་ཡོད་དམ།
དུས་རབས་བདུན་པའི་ནང་དུ། སློབ་དཔོན་ཐོན་མིས་‘‘བོད་ཡིག་གསར་གཏོད་གནང་’’ཡོད་སྲིད་ཀྱང་། བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་བཀས་བཅད་དང་པོ་གནང་དགོས་པའི་རྒྱུ་མཚན་ག་རེ་ཡིན་ནམ། སྲོང་བཙན་ནས་ཁྲི་སྲོང་ལྡེའུ་བཙན་གྱི་བར་བརྒལ་གྱི་སྤྱི་ཚོགས་ནང་བོད་སྐད་ལ་འཕོ་འགྱུར་ཆེན་པོ་ཞིག་བྱུང་བ་ཡིན་ནམ། ཡིན་ནའང་ཐོན་མིས་བོད་ཡིག་གསར་བཏོད་གནང་ནས་ལོ་ངོ་ཞེ་དྲག་འགོར་མི་འདུག
སྲོང་བཙན་གྱིས་བློན་པོ་མགར་རྒྱ་ནག་ཏུ་བཙུན་མོ་བསུ་བར་ཕེབས་ཁར་བཀའ་ཤོག་གསུམ་བཏང་ཡོད་ཟེར། རྒྱ་ནག་གི་ལོ་རྒྱུས་ནང་དུ་སྲོང་བཙན་གྱི་བཀའ་ཤོག་བཏང་བའི་ལོ་རྒྱུས་ཡོད་དམ། བཀའ་ཤོག་ྐློག་མཁན་བློན་པོ་མགར་ཡིན་ནམ། བློན་པོ་མགར་གྱིས་བོད་ཡིག་མཁྱེན་པའི་ལོ་རྒྱུས་མི་འདུག
ཏུན་ཧོང་གི་ཡིག་རྙིང་གི་ནང་དུ། རྒྱལ་པོ་སྲོང་བཙན་གྱི་སྐབས་སུ་བོད་ཡིག་བྱུང་བའི་ལོ་རྒྱུས་ཡོད་པ་རེད། རྒྱའི་ལོ་རྒྱུས་ལས་བྱུང་བའི་བོད་ཀྱི་སྐོར་ཞེས་པའི་བོད་འགྱུར་མའི་ནང་དུའང་འདི་དང་འདྲ་སེ་ཞིག་ཡོད་པ་དྲན། བོད་ཡིག་ནི་‘‘རྒྱལ་པོ་འདིའི་རིང་དུ་བྱུང་སྟེ་’’ཞེས་པ་ཙམ་གྱིས་འཐུས་པར་བྱས་ཡོད་ནའང་། བྱུང་སྟངས་སོགས་ངོ་སྤྲོད་ཕྲན་བུ་ཙམ་ཡང་བྱས་མེད་སྟབས་མགོ་རྙོག་བཟོས་ཡོད།
ཁྱེད་ཅག་གིས་མ་ཎི་བཀའ་འབུམ་དང་། བཀའ་ཐང་སྡེ་ལྔ་སོགས་གླེང་སོང་། སྔོན་ཆད་ངས་བོད་ཀྱི་མཁས་པ་ཞིག་གིས་བེ་རོའི་འདྲ་འབག་ཆེན་མོར་གསལ་བའི་ཚིག་ཅིག་ལུང་དྲངས་ཡོད་པ་མཐོང་བྱུང་། ཚིག་དེ་ནི་‘‘བྲམ་ཟེ་ལི་བྱིན་ཀ་ར་བོད་དུ་སྤྱན་དྲངས། ཐོན་མིས་ཡི་གེ་བསྒྱུར་’’ཞེས་པ་ལྟ་བུ་ཞིག་རེད། ཚིག་འདིར་ངས་བསམ་བློ་ཅི་ཙམ་བཏང་ཡང་འཁྲུན་ཐག་གཅོད་མ་ཐུབ། ཁྱེད་ཅག་གི་ནང་དུ་མཁྱེན་མཁན་ཡོད་དམ།
ད་ནི་བོན་པོ་ཚོའི་ནང་དུ་ཞང་ཞུང་གི་སྨར་ཆེན་སྨར་ཆུང་ཞེས་གྲགས་པ་འདི་ཁུངས་གང་ལ་བརྟེན་ནས་བཟོས་པའི་ལོ་རྒྱུས་གསུང་ཐུབ་མཁན་ཡོད་དམ། སྨར་ཆེན་སྨར་ཆུང་ཟེར་བའི་ཡི་གེ་ཞིག་ཡོད་སྲིད། དེ་མིན་བོན་གྱི་ལོ་རྒྱུས་ནང་དུ་‘‘སྦིར་གྲགས་’’ཆེན་པོ་འདི་འདྲ་ཞིག་བྱུང་གི་མ་རེད་སྙམ། ཏུན་ཧོང་གི་ཡིག་རྒན་དེ་ཚོའང་མི་ལོ་བརྒྱ་ཕྲག་མང་པོར་བྲག་ཕུག་ཏུ་ཉལ་བ་རེད། ཞང་ཞུང་གི་ཡིག་རྒན་དག་ཀྱང་ས་འོག་ཏུ་ཉལ་ཡོད་སྲིད།
ཁ་ཅིག་ན་རེད། བོད་ཡིག་སྲོང་བཙན་སྒམ་པོའི་སྔ་རོལ་ཏུ་ཡོད་དེ། ༼དེའི་གོང་ན་ཞང་བོད་ཀྱི་ཁྱོན་དུ་སྟོན་པ་བྱོན་ཚུལ་དང་དེས་ཀྱང་བསྟན་པ་སྤེལ་ཚུལ་དེ་ཙམ་ཟད་ཞང་བོད་ཀྱི་རྒྱལ་རབས་དུ་མས་རྒྱལ་སྲིད་སྐྱོང་ཚུལ་དང་། དེའི་སྐབས་ཀྱི་ཆོས་དང་ཤེས་རིག་གི་ངོ་བོ་ཇི་ལྟར་འཕེལ་རྒྱས་བྱུང་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་རྣམས་བོན་གྱི་བཀའ་བརྟེན་འགྱུར་གྱི་གསུང་རབ་པོད་བརྒྱ་ཕྲག་དུ་མའི་ཁྲོད་དུ་མཇལ་རྒྱུ་ཡོད་བཞིན་འདུག་གོ༽ ཟེར་ན། འོ་ན་བོད་ཡིག་ཆོས་ཅན། བསྐལ་བ་གྲངས་མེད་པའི་སྔ་རོལ་ཏུ་ཡོད་པར་ཐལ། ཆོས་གཞུང་དག་ན་བསྐལ་བ་གྲངས་མེད་པའི་སྔ་རོལ་ནས་བསྐལ་བ་བཟང་པོའི་སངས་རྒྱས་སྟོང་གི་ཐུགས་བསྐྱེད་ཚུལ་སོགས་མཇལ་རྒྱུ་ཡོད་པས་སོ།། འདི་འདྲ་ལ་ལན་བརྒྱབ་རིན་ཅང་ཡོད་པ་རེད་དམ།
༼ཞང་བོད་ཀྱི་རྒྱལ་རབས་དུ་མས་རྒྱལ་སྲིད་སྐྱོང་ཚུལ་དང་། དེའི་སྐབས་ཀྱི་ཆོས་དང་ཤེས་རིག་གི་ངོ་བོ་ཇི་ལྟར་འཕེལ་རྒྱས་བྱུང་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་རྣམས་བོན་གྱི་བཀའ་བརྟེན་འགྱུར་གྱི་གསུང་རབ་པོད་བརྒྱ་ཕྲག་དུ་མའི་ཁྲོད་དུ་མཇལ་རྒྱུ་ཡོད་བཞིན་འདུག་གོ༽ སྲོང་བཙན་སྔོན་གྱི་རྒྱལ་རབས་དུ་མས་སྲིད་སྐྱོང་ཚུལ་ཞིབ་ཅིང་ཕྲ་བ་བཀོད་ཡོད་པའི་པོད་བརྒྱ་ཕྲག་མི་དགོས། གསལ་ཁ་ཡོད་པའི་པོད་གཅིག་གསུངས་རྒྱུ་ཡོད་པར་མཁྱེན།།
སྙན་བཟང་།
ཐང་ཡིག་རྙིང་པར་བློན་པོ་མགར་གྱིས་ཡི་གེ་མི་ཤེས་ཚུལ་བཀོད།
ཏུན་ཧོང་ནང་། ཡོས་བུའི་ལོ་ལ་བབ་སྟེའ། བཙན་པོ་མེར་ཁེ་ན་བཞུགས་ཤིང་། བློན:ཆེ་སྟོང་སྟོང་རྩན་གྱྀས། འགོར་ཏྀར། བཀའ། གྲྀམས:གྱྀ་ཡི་གེ:བྲྀས་ཕར:ལོ་གཆིག།
བཀའ་ཆེམས་ཀ་ཁོལ་མར། བོད་དུ་དམ་པའི་ཆོས་བསྒྱུར་པའི་ལོ་ཙྪ་པ་ཆེན་པོ་གཉིས་ནི། ཐོན་མི་སྃ་བྷོ་ཊ་མི་ཆུང་དང་། འགར་སྟོང་བཙན་ཡུལ་བཟུང་གཉིས་ཡིན་ཅིང་རྒྱལ་པོ་སྲོང་བཙན་སྒམ་པོའི་སྤྱན་སྔར་བསྒྱུར་པའི་ལོ་ཙྪ་པ་ཆེན་པོར་གྲགས་སོ།
ཆོས་འབྱུང་མཁས་པའི་དགའ་སྟོན་ནང་། དེ་འཕྲལ་མགར་གྱིས་ཟངས་ཀྱི་གླེགས་བུར་བྲིས།། མཆིམས་ཕུའི་དཀོར་མཛོད་ནང་དུ་བཞག་པར་གྱུར།།
སྦ་བཞེད་ཞབས་བཏགས་མ་དང་སྦ་བཞེད། ཆོས་འབྱུང་གི་ཡི་གེ་ཞིབ་མོ་ཞེས་པ་གསུམ་གྱི་ནང་།
བཙན་པོ་ཁྲི་ལྡེ་གཙུག་བཙན་གྱིས་མེས་སྲོང་བཙན་གྱི་བཀའ་ཆེམས་ཀྱི་ཡི་གེ་མཆིམ་ཕུའི་ཕྱག་མཛོད་ན་བློན་པོ་མགར་གྱིས་ཟངས་ཀྱི་བྱང་བུ་ལ་བྲིས་ནས་སྦས་པ་དེ་བལྟས་པས་་་་ཞེས་གསལ། འདི་གསུམ་ནང་མཆིམ། འཕྱིང་ཟེར་ནས་དག་ཆ་དང་ཚིག་གི་གཅོད་མཚམས་སོགས་ལ་ཁྱད་པར་ཅུང་ཟད་རེ་འདུག ནང་དོན་གཅིག་པ་རེད།
བརྒྱ་བཤད་སྟོང་གི་རྩ་བ་གང་ལྟར་༼ བོད་ཡིག་གསར་གཏོད༽་ཅེས་བའི་ཆོ་ལོ་འདི་ཐོན་མི་ལ་འོས་པ་ལས་གཞན་སུལང་འོས་མེད་པ་ཤེས་བར་མཛོད། དེ་མིན་ཆོ་ལོ་དེ་ཐོན་མི་ལ་མི་དབང་བར་བཤད་པ་དག་གིས་ཕྱོགས་གཅིག་ལ་འཐོམས་ནས་ཉོག་བཤད་ལུང་བ་གང་བཟོས་བ་ལས་ཁ་ཡོད་ལག་ཡོད་ཀྱི་རིགས་པའི་སྒྲུབ་བྱེད་དང་ལྡན་པ།་གཏན་ཚིགས་དང་མཐུན་པ། ལོ་རྒྱུས་དང་མཐུན་པ། ལོ་ཚིགས་དང་མཐུན་པ་ཞིག་འགོད་རྒྱུ་མི་འདུག །ཐོན་མི་ལས་གཞན་བོད་ཡིག་གསར་གཏོད་ཅེས་བའི་ཆོ་ལོ་དེ་སུ་ལ་དབང་། མཚན་ལ་ཅི་ཟེར། དུས་རབས་ནམ་ཞིག །ཅི་ཞིག་གི་ཕྱིར་གསར་གཏོད་མཛད་ཅེས་པ་ངེས་བར་འགོད་དགོས་པ་དག་རི་བོང་རྭའི་སྤུན་ཟླར་སོང་འདུག །
མགོན་པོ་ཕྱག་གཉིས་པས་དྲངས་བའི་ལུང་འདི་ཚད་མར་འཛིན་འོས། བཀའ་ཆེམས་ཀ་ཁོལ་མར། བོད་དུ་དམ་པའི་ཆོས་བསྒྱུར་པའི་ལོ་ཙྪ་པ་ཆེན་པོ་གཉིས་ནི། ཐོན་མི་སྃ་བྷོ་ཊ་མི་ཆུང་དང་། འགར་སྟོང་བཙན་ཡུལ་བཟུང་གཉིས་ཡིན་ཅིང་རྒྱལ་པོ་སྲོང་བཙན་སྒམ་པོའི་སྤྱན་སྔར་བསྒྱུར་པའི་ལོ་ཙྪ་པ་ཆེན་པོར་གྲགས་སོ།
ཁ་ཅིག་གིས་ཞང་ཞུང་སྨར་ཆེན་དང་སྨར་ཆུང་བོད་ཡིག་གི་གཞི་མོ་ཡིན་ཏེ་བོན་ལ་གྲགས་པའི་ཕྱིར་ཟེར་བ་དང། ཁ་ཅིག་གིས་ནི་བོད་ཡིག་ཐུ་མི་སམ་བྷོ་ཊས་བཟོས་པ་ཡིན་ཏེ་ནང་པ་ལ་གྲགས་པའི་ཕྱིར་ཟེར། ཞང་ཞུང་སྨར་ཆེན་དང་སྨར་ཆུང་གིས་བྲིས་པའི་ཡིག་རྙིང་ཞིག་གང་དུ་ཡོད་དྲིས་ཚེ་ས་འོག་ཏུ་ཡོད་སྲིད་དཔེར་ན་ཏུན་ཧོང་གི་ཡི་གེ་བཞིན་ཟེར། རྩོད་པ་དེ་དག་གད་མོའི་གནས་སུ་མིན་འདུག་གམ།
ཁ་ཅིག་གིས་ངའི་བསམ་ཚུལ་ལ་དགག་པ་འདྲ་ཞིག་རྒྱབ་ཁུལ་བྱས་འདུག་ཀྱང་ངས་བལྟས་ན་ངའི་བསམ་ཚུལ་གྱི་ཡང་སྙིང་ཡང་གོ་ཐུབ་མེད་ཚོད་འདུག། ངའི་བསམ་ཚུལ་གྱི་ཡང་སྙིང་ནི་ཐུ་མི་སམ་བྷོ་ཊ་སྤྲུལ་པ་ཞིག་ཡིན་པར་བཤད་འདོད་པ་མིན་ལ། བོད་ཡིག་ཐུ་མིས་མ་བཟོས་པར་བཤད་པའི་འདོད་པ་དེ་མཁར་རྨེའུའི་འདོད་པ་མིན་པར་སྒྲུབ་འདོད་པ་ནི་དེ་བས་ཀྱང་མ་ཡིན། འོ་ན་ག་རེ་ཡིན་ཟེར་ན་ཐུ་མིས་དུས་ཡུན་ཐུང་ཐུང་གི་ནང་དུ་བོད་ཡིག་བཟོས་མི་ཐུབ་ཅེས་པ་བདེན་གྱི་མ་རེད། གང་ཟག་ཁ་ཤས་ཀྱིས་ཆོས་ལུགས་ཀྱང་གསར་དུ་བཏོད་ནས་དར་སྤེལ་གནང་ཐུབ་ན་ཡི་གེ་གསར་དུ་བཟོས་ནས་དར་སྤེལ་དང་ཡི་གེ་དེའི་ནང་དུ་ཡིག་བསྒྱུར་བྱེད་མི་ཐུབ་པ་ག་ལ་ཡོད་ཟེར་བ་དེ་རེད།
ཡང་ཅིག་བཤད་ན་ཐུ་མིས་དུས་ཡུན་ཐུང་ཐུང་ནང་ལ་ཡི་གེ་གསར་དུ་བརྩམས་ཤིང་ཡིག་བསྒྱུར་བྱེད་མི་ནུས་ཏེ། ང་ཚོས་དེ་ལྟར་བྱེད་མི་ནུས་པའི་ཕྱིར་ཏེ་ཐུ་མི་ཡང་ང་ཚོ་ནང་བཞིན་མི་ཡིན་པས་སོ་ཟེར་བ་ནི་ཤིན་ཏུ་གད་བྲོ་བའི་གནས་ཤིག་རེད་མིན་འདུག་གམ། དེ་ལྟར་ན་སྔོན་དབྱིན་ཡུལ་ནས་བོད་ལ་རྐང་ཐང་གིས་ཕྱིན་པ་ཡང་མི་བདེན་པར་ཐལ་ཏེ་དེང་སང་ང་ཚོས་དེ་ལྟར་འགྲོ་མི་ནུས་པའི་ཕྱིར་ཟེར་ན་ཅི་ཟེར། མང་དུ་འབྲི་རྒྱུ་འདུག་ཀྱང་ཤེས་ཚད་ཀྱི་མ་ལྡང་སྟབས་འབྲི་མ་ནུས་པས་དེ་ལ་བསམ་བློ་ཞིག་གཏང་ན་ངེས་པར་གོ་བ་ལོན་རྒྱུ་ཡོད་དོ༎
བོད་ཡིག་རྙིང་མ་འཇིག་རྟེན་བཀོད་པོ་མཆོག །
ཚངས་པ་མི་ཡི་རྣམ་ཅན་གཤེན་རབ་ཀྱིས།།
གདོད་ནས་བོན་གྱི་འགྲོ་བའི་ཆབ་དཔལ་རིག །
གོང་དུ་སྤེལ་སླད་གསར་གཏོད་མཛད་དོ་ལོ།།
མཆན་ཨང་༡༨༧ནང་ཕྱོགས་སྔ་བ་ཚོས་སུམ་རྟགས་ཀྱི་གཞུང་དེ་དང་བོད་ཡིག་་་ཅེས་པར་བཅོས་རོགས།
གཞོན་ནུ་ལགས་ཀྱིས། ༼ཁ་ཅིག་ན་རེད། བོད་ཡིག་སྲོང་བཙན་སྒམ་པོའི་སྔ་རོལ་ཏུ་ཡོད་དེ། ༼དེའི་གོང་ན་ཞང་བོད་ཀྱི་ཁྱོན་དུ་སྟོན་པ་བྱོན་ཚུལ་དང་དེས་ཀྱང་བསྟན་པ་སྤེལ་ཚུལ་དེ་ཙམ་ཟད་ཞང་བོད་ཀྱི་རྒྱལ་རབས་དུ་མས་རྒྱལ་སྲིད་སྐྱོང་ཚུལ་དང་། དེའི་སྐབས་ཀྱི་ཆོས་དང་ཤེས་རིག་གི་ངོ་བོ་ཇི་ལྟར་འཕེལ་རྒྱས་བྱུང་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་རྣམས་བོན་གྱི་བཀའ་བརྟེན་འགྱུར་གྱི་གསུང་རབ་པོད་བརྒྱ་ཕྲག་དུ་མའི་ཁྲོད་དུ་མཇལ་རྒྱུ་ཡོད་བཞིན་འདུག་གོ༽ ཟེར་ན། འོ་ན་བོད་ཡིག་ཆོས་ཅན། བསྐལ་བ་གྲངས་མེད་པའི་སྔ་རོལ་ཏུ་ཡོད་པར་ཐལ། ཆོས་གཞུང་དག་ན་བསྐལ་བ་གྲངས་མེད་པའི་སྔ་རོལ་ནས་བསྐལ་བ་བཟང་པོའི་སངས་རྒྱས་སྟོང་གི་ཐུགས་བསྐྱེད་ཚུལ་སོགས་མཇལ་རྒྱུ་ཡོད་པས་སོ།། འདི་འདྲ་ལ་ལན་བརྒྱབ་རིན་ཅང་ཡོད་པ་རེད་དམ།༽
འདི་འདྲ་ལབ་ཡོང་དུས་རང་ཉིད་ཀྱིས་དྲི་བའི་ལན་གང་ཡིན་མ་བརྟག་པར་གཡམ་རྒྱུག་བྱེད་བཞིན་ཡོད་པའི་སྣང་ཚོར་ཞིག་ངང་གིས་མངོན་བཞིན་འདུག ངས་གོང་དུ་དེ་ནི་སྲོང་བཙན་གོང་དུ་ལོ་རྒྱུས་ཅི་ཡང་མེད་པར་བཤད་པའི་ལན་བརྒྱབ་པ་ལས་ཐད་ཀར་ཡི་གེ་ཡོད་པའི་སྒྲུབ་བྱེད་དུ་བཀོད་པ་ཞིག་མིན་ཀྱང་། གནའ་རབས་ཀྱི་ལོ་རྒྱུས་དང་ཤེས་རིག་དེ་དག་གཏིང་ཟབ་ཅིང་ཕུགས་ཐག་རིང་བ་ཞིག་ཡིན་པས་དེས་ན་དེ་རྣམས་ཡིག་ཐབས་ལ་བརྟེན་དགོས་པ་ལྟ་ཅི་སྨོས། བོད་ཡིག་ལ་མ་བརྟེན་ན་གཞན་པའི་ཡི་གེར་བརྟེན་པར་རློམ་ཐབས་བྲལ་བས། ཤུགས་ལའང་ཡི་གེའི་སྒྲུབ་བྱེད་ཀྱང་ལོས་འགྲོ།
༼སྲོང་བཙན་སྔོན་གྱི་རྒྱལ་རབས་དུ་མས་སྲིད་སྐྱོང་ཚུལ་ཞིབ་ཅིང་ཕྲ་བ་བཀོད་ཡོད་པའི་པོད་བརྒྱ་ཕྲག་མི་དགོས། གསལ་ཁ་ཡོད་པའི་པོད་གཅིག་གསུངས་རྒྱུ་ཡོད་པར་མཁྱེན།། ༽དོན་ངོ་མ་༼ད་བར་བོད་ཀྱི་ཀླད་མེད་སྙིང་ཞེན་ཅན་མང་པོ་ཞིག་གིས་ཁ་བརྡའི་དྲྭ་བར་དཔེར་ན་ཀརྨ་ཡེ་ཤེས་དང་རྫ་ཕྲུག་མེ་ཏོག་དཀར་པོ་དབང་ཆེན་ཟེར་བ་སོགས་ཀྱི་མིང་རྫུན་འོག་ནས་༽ཕྱོགས་གཅིག་བདེན་པར་རློམ་ནས་དད་ལྡན་སྟོང་ཕྲག་མང་པོའི་སེམས་ལ་རྨ་ཁ་གཏོད་པའི་གཞན་ལ་ཁྱད་གསོད་དང་གཞི་མེད་ཀྱི་སྒྲོ་སྐུར་སྐྱོན་འཚོལ་བའི་རིགས་དྲིལ་བསྒྲགས་ཁོ་ན་ལྟར་མ་ཡིན་པར་བོད་ཀྱི་ཆོས་དང་རིག་གཞུང་ལ་རྔོ་ཐོགས་པ་དང་བོད་ཆིག་སྒྲིལ་གྱི་རེ་འདུན་མངོན་དུ་གྱུར་བར་བསམ་པའི་ལ་རྒྱ་ཅན་ཞིག་ཕྱོགས་གཉིས་ཀའི་ལོ་རྒྱུས་སོགས་ལ་ཉམས་ཞིབ་བྱེད་པར་འདོད་ན་འདིར་དཔེ་ག་གེའི་མོའི་མཚན་བྱང་སྨོས་ཀྱང་སྤྱིར་བོན་དཔེ་རྣམས་ཁྱབ་བདལ་དེ་ཙམ་མེད་པ་མངོན་གསལ་རེད། དེ་བས་བོན་གྱི་གནད་ཡོད་ཀྱི་དགོན་པ་དཔེར་ན་རྒྱ་གར་སྨན་རི་དགོན་དང་བལ་ཡུལ་ཁྲི་བརྟན་ནོར་བུ་རྩེའི་དགོན་པ་བོད་དུ་མདོ་སྨད་སྣང་ཞིག་དགོན་པ་སོགས་ལ་དངོས་སུ་ཕྱོགས་ཕེབས་གནང་ཐུབ་ན་ཕེབས་བསུའི་དགའ་བསུ་ཡང་ཞུ་ངེས་རེད་ལ་དེར་བོན་དཔེ་ཕུན་སུམ་ཚོགས་པ་ཙམ་མ་ཟདརིས་སུ་མ་ཆད་པ་ཆོས་རྒྱུད་དག་གི་དཔེ་ཆ་ཡང་ཕུན་སུམ་ཚོགས་པ་ཡོད་པས་སྔར་གྱི་འདོད་དོན་མང་པོ་ཞིག་ཡིན་མིན་གྱི་འཁྲུན་ཐག་ཆོད་ངེས་རེད།
ཞ་ལུ་ལོ་ཙཱ་བ་རིན་ཆེན་ཆོས་སྐྱོང་བཟང་པོས་མཛད་པའི་བོད་ཀྱི་བརྡའི་བསྟན་བཅོས་ལེགས་པར་བཤད་པ་རིན་པོ་ཆེའི་ཟ་མ་ཏོག་བཀོད་པ་ཞེས་པ་ལས། ངེས་པར་རྒྱལ་བའི་འཕྲིན་ལས་པ།།གངས་ཅན་ཁྲོད་པའི་བླ་མ་མཆོག།སམྦྷོ་ཊ་ཞེས་རབ་གྲགས་པའི།།བསྟན་པ་སྡུད་མཛད་ཞབས་ལ་འདུད།།ཞེས་པའི་མཆན་ཡིག་ཆུང་ཏུ་བཀོད་པ་ལས་ཀྱང་དཔལ་དུས་ཀྱི་འཁོར་ལོའི་འགྲེལ་ཆེན་ཁྲི་ཉིས་སྟོང་བ་ལས་སྡུད་པ་པོ་རྣམས་ཀྱིས་ཐེག་པ་གསུམ་བོད་ཀྱི་ཡུལ་དུ་ནི་བོད་སྐད་ཀྱིས་བྲིས་ཞེས་གསུངས་པས་འདི་སྡུད་པ་པོར་བསྟན་གསུངས། ཞ་ལུ་ལོ་ཙཱ་བ་རིན་ཆེན་ཆོས་སྐྱོང་བཟང་པོ་ནི་རབ་བྱུང་བདུན་པ་སྤྱི་ལོ་༡༤༤༤་ལོར་སྐུ་འཁྲུངས་ཤིང་། རབ་བྱུང་དགུ་པའི་ཤིང་བྱི་ལོར་དག་ཡིག་ཟ་མ་ཏོག་བརྩམས།
མིང་འོག་ནས་རྫུས་ཟེར་སྨྱུག་མིང་ལ་ཟེར་གི་ཡོད་དམ། ཀོང་རྗེ་དཀར་པོ་ཟེར་བ་དངོས་མིང་རེད་དམ།
ད་འདིའི་ནང་ལ། དམྱལ་བ་ལ་ང་འགྲོ་ཁོ་འགྲོ་ཤ་སྟག་འཛོམས་ནས། རེ་ཞིག་ཨ་ཁུ་གཤིན་རྗེ་བྲེལ་ཟིང་ཆེན་པོ་བཟོ་རྒྱུ་རེད་འདུག ཁྱོད་ཚོ་མི་སྡོད་དམྱལ་བ་ཤོར་འགྱུར་ན། བུ་ཆུང་ང་ཡང་མ་ཞོག་ཁྲིད་པར་མཛོད་ཅེས་ཞུ་བ་ཐེན་ནས། པད་མ་གླིང་པར་ལན་འགའ་ཤས་བསྟེར་བར་བྱ་སྟེ།
གཏེར་སྟོན་པད་མ་གླིང་པར་གྲགས་པ་དེས། ཙོང་ཁ་པ་བདུད་ཀྱི་སྤྲུལ་པ་རེད་ཟེར་སྟངས་འདིར་བལྟས་ན། ལྟས་ངན་ཁོ་ཡང་བདུད་ཀྱི་ཆོ་འཕྲུལ ནག་ཕྱོགས་ཀྱི་ཟས་ཤ་སྟག་བཟས་ནས་འཚོ་མཁན་གྱི་བདུད་ཀྱི་འཚོ་འཕྲུལ་ཞིག་ཁོ་ན་ལགས། ཁོ་འདི་ལྟར་ཙོང་བ་བ་དགེ་སློང་ཞིག་ལ་བདུད་ཀྱི་འཆོ་འཕྲུལ་ཟེར་དུས། ཁོས་ཉམས་ལེན་བྱེད་པའི་ཆོས་དེ་ལ་གཏན་གཏན་སྐྱོན་ཞུགས་འདུག ཁོ་ཆོས་ག་རེ་ཉམས་ལེན་བྱེད་ཀྱི་ཡོད་པ་འདི་རྩད་གཙོད་གཏོང་དགོས་ཀྱི་འདུག ཁོས་ཆོས་གང་ཞིག་ཉམས་ལེན་བྱེད་ཀྱི་ཡོད་པ་འདིས། འཕྲལ་མར་དམྱལ་བར་ཁྲིད་པའི་ལས་འདི་ལྟ་བུ་གསོག་གི་ཡོད་སྟབས། ཁོས་ཉམས་ལེན་བྱེད་པའི་ཆོས་འདི་ལ་རྩད་གཅོད་བཏང་ནས། འདི་བདུད་ཀྱི་ཆོས་ཤིག་ཡིན་མིན་དཔྱད་དགོས། རྒྱུ་མཚན་ནི། དགེ་སློང་འདུལ་བ་འཛིན་པ། བྱང་སེམས་སྡོམ་པ་སྲུང་མཁན། སྔགས་ཀྱི་དངོས་གྲུབ་གཞི་མ་རྡོ་རྗེའི་དམ་ཚིག་སྲུང་མཁན་གྱི་དགེ་སློང་ཞིག་བདུད་ཀྱི་སྤྲུལ་པ་ཟེར་དུས། ཁོས་ཉམས་ལེན་བྱེད་པའི་ཆོས་འདི་ལ་གཏན་གཏན་དྭོགས་པ་ཟ་དགོས་ཀྱི་འདུག འདི་རྫོགས་ཆེན་ཡིན་ནའང་འདྲ། ཨ་ཏི་ཡོ་ག་ཡིན་ནའང་འདྲ། གང་ལྟར་པད་མ་གླིང་པ་ཆོས་འདི་དག་ཉམས་ལེན་བྱས་པའི་འབྲས་བུར། སངས་རྒྱས་ཀྱི་རྗེས་འཛིན་པ་དགེ་སློང་ཞིག་ལ་བདུད་རེད་ཟེར་དུས། ཁོ་སངས་རྒྱས་ཀྱི་ཆོས་ལ་དད་པ་ཡོད་པ་མ་རེད། ཁོ་དད་པ་མེད་པ་འདི་ག་ནས་བྱུང་བ་རས། རྙོག་འདྲ་འདི་ལ་ཐུག་གི་འདུག
པད་མ་གླིང་པ་འདྲ་བའི་རྙིང་མའི་སྐྱབས་མགོན་འདི་ཚོའི་བྱེད་སྟངས་ཀྱིས།ཁོང་ཚོས་ཉམས་ལེན་བྱེད་པའི་ཆོས་འདི་ལ་མི་རྣམས་དྭོགས་པ་ཟ་བཞིན་ཡོད། པད་མ་གླིང་པའི་གཏེར་ཆོས་ནང་ལ། མི་ཤ་དང་གླང་ཤ་དང་ཁྱི་ཤ་དང་རྟ་ཤ་བཟས་པའི་རྨི་ལམ་བཏང་བ་འདི་དངོས་གྲུབ་ལ་རྩིས། སངས་རྒྱས་ཀྱི་བཀའ་འཕྲུལ་མེད། མདོ་སྔགས་ཀྱི་སྙིང་པོ། ངེས་འབྱུང་། བྱང་སེམས། ཡང་དགས་ལྟ་བ་རྣམས་བཀའ་རིམ་པ་རྣམས་དང་ཡང་དག་འགྲེལ་མཁན་འདི་ལ་བདུད་ཟེར་དུས། ཁོས་བྲིས་པའི་རྨི་ལམ་ལྟ་བུ་དང་སྨན་ནོར་ནས་བཟས་པའི་འཁྲུལ་འཛིན་དེ་དག་ཡང་དག་བཀའ་ལ་རྩིས་དགོས་སམ།
བལྟས་མོ་ལྟོས་ཨང་། ཞིབ་ཕྲ་ཞིབ་ཕྲ་བྱས་ནས་གཏེར་སྟོན་པད་མ་གླིང་པར་ལན་བསྟེར་ཆོག ལན་མང་པོ་ཡོད། ཁྱོད་པད་མ་གླིང་པས་ལོ་རྒྱ་ཕྲག་འགའ་ཤས་མགོ་བཙུགས་འདུག ང་ཚོ་མི་རབས་གསར་པའི་ནང་ཆོས་པ་རྣམས་ཀྱིས་རྩོད་ཆོག བདུད་ལ་བདུད་ལན་མ་སློག་ན། སངས་རྒྱས་བྱོན་ཡང་དགའ་རྒྱུ་མེད་ཟེར་བ་ལྟ་བུ་རེད།
བོད་ཀྱི་དག་ཡིག་གི་ཐོག་མ་ཟ་མ་ཏོག་ཡིན་ནམ་སྙམ། དུང་དཀར་ཚིག་མཛོད་ན་དགུང་ལོ་གྱ་བདུན་ཐོག་སྐུ་གཤེགས་པར་བཤད་ཀྱང་སྤྱི་ལོ་༡༤༤༡་སྐུ་འཁྲུངས་ལོ་དང་༡༥༢༧་འདས་ལོ་བཤད་པ་དང་། བོད་རྒྱ་ཚིག་མཛོད་དུ་ཤིང་བྱི་ལོར་དག་ཡིག་ཟ་མ་ཏོག་བརྩམས་པར་བཤད་པ་ལྟར་ན་ཕལ་ཆེར་དགུང་ལོ་བརྒྱ་དང་ཞེ་ལྔ་ཙམ་བཞུགས། ལོ་ཙཱ་བ་རིན་ཆེན་བཟང་པོ་སྔ་ཕྱི་གཉིས་བྱུང་བ་ལས་ཕྱི་མ་ཡིན་ནམ།
དྲང་པོ་ལགས། ཁྱེད་རང་དྲང་པོ་རང་ཡིན་ས་མ་རེད་གོ ཁྱེད་རང་དྲང་པོ་རང་ཡིན་ན་པདྨ་གླིང་པའི་གསུང་ནི་ཁྱེད་རང་གིས་ཀྱང་མང་པོ་ཞིག་གཟིགས་ཡོད་ཚོད་འདུག། དེར་ཙོང་ཁ་པ་བདུད་སྤྲུལ་ཡིན་པར་གསུངས་པ་ཞིག་ག་ན་འདུག། ཁྱེད་ཀྱིས་མཐོང་བྱུང་ངམ། མི་གཅིག་གཅིག་གཉིས་གཉིས་ཀྱི་ཁ་ལ་ཉན་ནས་དེ་འདྲ་ཟེ་རེ་བྱེད་མི་ཉན། པདྨ་གླིང་པའི་གསུང་མཐོང་མྱོང་མེད་ན་ངས་བྲིས་པའི་མཆན་༡༨༤ ལ་གཟིགས། དེས་ཀྱང་ཁྱེད་ཀྱི་དོགས་པ་སེལ་ངེས།
ད་དུང་ཁྱེད་ཀྱིས་མང་པོ་ཞིག་བཤད་འདུག་པས་དེ་དག་ཐམས་ཅད་ལ་ལན་རེ་སྟེར་རྒྱུ་འདུག་ཀྱང་། ཆོས་ལུགས་ཕན་ཚུན་དབར་ལ་འཁོན་པའི་རྒྱུར་དོགས་པས་རེ་ཞགི་བཞག་ལ། མདོ་དོན་སྙིང་པོར་དྲིལ་ཏེ་བཤད་ན། ཁྱེད་ཀྱིས་པདྨ་གླིང་པ་ཆོས་ཅན། སངས་རྒྱས་ཀྱི་ཆོས་ལ་དད་པ་མེད་དེ། སངས་རྒྱས་ཀྱི་ཆོས་ཉམས་སུ་ལེན་མཁན་ལ་ཁ་ཟེར་བའི་ཕྱིར་ཟེར། འོ་ན་སངས་རྒྱས་ཁོ་རང་ཆོས་ཅན། སངས་རྒྱས་ཀྱི་ཆོས་ལ་དད་པ་མེད་པར་ཐལ། སངས་རྒྱས་ཀྱི་ཆོས་ཉམས་སུ་ལེན་མཁན་ལ་ཁ་ཟེར་བའི་ཕྱིར། རྟགས་གྲུབ་སྟེ་སངས་རྒྱས་ཀྱི་ཆོས་གླང་པོའི་ཁལ་ལྔ་རི་བ་ལ་མཁས་པའི་དགེ་སློང་ལེགས་སྐར་ལ་ཁ་ཟེར་བའི་ཕྱིར་ཟེར་ན་ཅི་ཟེར། པདྨ་གླིང་པ་མི་དགོས་ང་ལ་ཡང་ལན་སྟེར་ཐུབ་ས་མ་རེད་གོ་དྲང་པོ་ལགས།
གཏེར་སྟོན་པདྨ་གླིང་པས་ཙོང་ཁ་པ་བདུད་ཀྱི་སྤྲུལ་པར་བཤད་ཚུལ།
དུང་དཀར་གྱི་གྲུབ་མཐའི་རྣམ་བཤད་ཅེས་པ།
Buddha Educational Foundation
ཟེར་བ་་་་་ཐཱའི་ཝན་ནང་པའི་ཤེས་ཡོན་བདེ་རྩ་ལྷན་ཚོགས་ཞེས་པས་དཔར་དུ་སྐྲུན།
སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་ནས་འགྲེམས་སྤེལ་གནང་གི་འདུག
རིན་མེད་དུ་ཆོས་སྦྱིན་གནང་གི་འདུག
དེབ་དེ་ཡི་ཤོག་ངོས་༣༤༩་དང། ཡིག་འཕྲེང་༡༩་པའི་ནང་དུ་གཟིགས་ན་གསལ་གསལ་ཐིང་ཐིང་འདུག
ཡ་ད་པདྨ་གླིང་པས་ག་རེ་གསུངས་ཡོད་མེད་གཟིགས་འདོད་ན་འདིར་གཟིགས་ཤིག།
རྟ་ཤངས་མཚམས་གྱིས་གཡག་ལུང་ཞེས་པ་རུ༔ དཔལ་སེང་སྤྲུལ་པ་བྱ་སྟོན་རྣལ་འབྱོར་འབྱུང་༔ དབུ་རུ་འབྲུག་ཏུ་གཙང་པ་རྒྱ་རས་ཞེས༔ སྙིང་སྤར་འཁྲུང་དུ་གང་པ་ཤག་མགོན་ཞེས༔ ཡང་དག་དོན་དང་ལྡན་པའི་སྤྲུལསྐུ་ཡིས༔ པད་འབྱུང་བསྟན་པ་མི་ནུབ་རྒྱལ་མཚན་འཛིན༔ ཡང་ཅིག་དབུ་རུ་སྟོད་ཀྱི་འབྲི་ཞེས་པར༔ ལམ་ནི་ཁྲ་མིའི་སྐྱེ་བ་དཔལ་འཛིན་ཞེས༔ སྨོན་ལམ་དབང་གི་ཕྲག་དོག་རླུང་ལྟར་འཚུབ༔ མདོ་སྔགས་བསམ་ཡས་འགྱུར་བ་ཀུན་ལ་འཁུ༔ རྫོགས་ཆེན་སྙིང་པོའི་ཆོས་ལ་རྩ་འགེགས་བྱེད༔ རྒྱུད་ལུང་མན་ངག་ཀུན་ལ་སུན་འབྱིན་བྱེད༔ པད་འབྱུང་མཚན་ཐོས་ཞེས་སྡང་མེ་ལྟར་འབར༔ རང་གཞན་ { 409v } ཐམས་ཅད་ངན་སོང་གནས་སུ་འཁྲིད༔ ལྕེ་ནི་སྡིག་པར་གྱུར་ནས་དམྱལ་དབར་འགྲོ༔ གཡོན་རུའི་སྟོད་ནས་ཉང་སྨད་ཞ་ལུ་རུ༔ འཕྲུལ་བོན་གསང་རིང་སྐྱེ་བ་རིན་ཆེན་གྲུབ༔ གསང་སྔགས་བླ་མེད་རྣམས་དང་རྫོགས་ཆེན་ལ༔ ཡིད་གཉིས་ཐེ་ཚོམ་སྐྱེས་ནས་གཡང་ལ་འདོར༔ གཞན་གྱི་མདོ་སྔགས་ཀུན་བརྐུས་རང་འདོད་རྩོམ༔ དེ་ལ་བདེན་པར་འཛིན་པ་མང་དུ་འབྱུང་༔ དེ་ཚེ་སྐྱེད་སྨད་གངས་རིགས་ཐོད་དཀར་ལ༔ ལྷ་ལྕམ་སྐྱེ་བ་སྙིང་པོའི་ཉི་ཟེར་ཞེས༔ བདེ་ཆེན་གླིང་དུ་བདེ་བའི་རྡོ་རྗེ་ཞེས༔ རྒྱལ་མཆོག་སྤྲུལ་པ་འགྲོ་བའི་དོན་དུ་འབྱོན༔ ཉང་སྨད་མགུར་ནས་རྡོ་རྗེ་དཔལ་བཟང་བཞེས༔ མུ་ཏིག་སྤྲུལ་པས་མདོ་སྔགས་གསལ་བར་བྱེད༔ སྤན་ཕུ་ཤར་དུ་བྱམས་པ་སེང་གེ་ཅེས༔ པད་འབྱུང་སྤྲུལ་པས་ཐེག་ཆེན་སྒྲོན་མེ་འདེགས༔ གཡས་རུ་རྟ་ནག་བསམ་གྲུབ་རྡོ་རྗེ་ཞེས༔ བཻ་རོའི་སྤྲུལ་པའི་སྟན་པ་རྒྱས་པར་བྱེད༔ ཤངས་ལུང་བྲག་ལ་རྒྱལ་མཚན་དཔལ་བཟང་ཞེས༔ གཡས་རུ་བཞང་དུ་བཟང་པོ་དཔལ་ཞེས་པ༔ འཕགས་པའི་རྣམ་སྤྲུལ་ལྷག་པའི་ངེས་ [དེས] འབྱུང་ཅན༔ དོལ་པོའི་ཡུལ་ནས་མཁར་ཆེན་དཔལ་དབང་དང་༔ ལོ་ཆེན་གཙང་པ་རིངས་མོའི་སྤྲུལ་པ་ { 410r } ནི༔ རོག་ཚང་ཇོ་ནང་ཞེས་པའི་དགོན་གནས་ [མགོན་ནས] སུ༔ དོལ་བུ་སངས་རྒྱས་་་་་་ཇོ་ནང་པ་ཡི། ཀུན་དགའ་་་་་་་་རོག་ཚང་པ། ལེགས་ཞེས་འབྱུང་༔ མདོ་རྒྱུད་ཀུན་གསལ་སྙིང་པོའི་དོན་ལྡན་འབྱུང་༔ གཡོན་རུ་སྣར་དུ་འཕགས་པ་མ་འགགས་པའི༔ སྤྲུལ་པ་ནམ་མཁའ་གྲགས་ཞེས་བྱ་བ་འབྱུང་༔ མཁས་གྲུབ་མང་པོས་པད་འབྱུང་བསྟན་པ་འཛིན༔ ཡང་ཅིག་ཤར་ཕྱོགས་རྩོང་ཁའི་ཡུལ་ནས་སུ༔ ལེག་ཀར་སྐྱེ་བ་དབུས་གཙང་ལྗོངས་སུ་རྒྱུ༔ དབུ་རུ་སྟོད་སྨད་སོ་མཚམས་འབྲོག་རི་ལ༔ གནས་བཅས་སེམས་ཅན་དཔག་མེད་ལོག་པར་འཁྲིད༔ དགེ་སློང་ཆས་འཛིན་མངོན་པའི་ང་རྒྱལ་ཅན༔ སྤྲུལ་པའི་སྐུ་ལ་ལོངས་སྐུའི་རྒྱན་ཆ་འདོགས༔ སངས་རྒྱས་སྤྲུལ་པའི་འགྲོ་དོན་བསུབ་ཐབས་བྱེད༔ སངས་རྒྱས་གཙུག་ཏོར་མཐོང་བས་སྙིང་མི་དགའ༔ དམ་སྲི་སྤུན་དགུའི་སྲོག་གི་སྙིང་པོ་དེ༔ པདྨས་ར་སའི་ཐེམ་འོག་མནན་བཞག་པའི༔ སྲོག་སྙིང་བཏོན་ནས་ནད་ཡམས་ཆར་དུ་འབེབས༔ མོས་གུས་སུས་བྱས་དྲག་གཞན་མི་བརྒྱུད་སྟོངས༔ པད་འབྱུང་བི་མ་གྲུབ་ཐོབ་ཉི་ཤུ་ལྔའི༔ མཚན་ཐོས་སེམས་མི་དགའ་ཞིང་མགོ་བོ་འཕུར༔ བསམ་ཡས་མཐོང་དང་དཔེ་ཧར་མཚན་ཐོས་ན༔ མགོས་ལྤགས་འདུས་ནས་ཕྱི་ལྟས་ { 410v } མི་བྱེད་འགྲོ༔ དམ་སྲི་སྤུན་དགུའི་སྤྲུལ་པས་གྲུབ་མཐའ་སྐྱོང་ [བསྐྱོང་] ༔ ལས་མ་དག་པའི་སེམས་ཅན་དཔག་མེད་དུ༔ རྗེས་འཇུག་ཕྱི་སེར་ནང་ནག་རློམས་སེམས་ཅན༔ གོ་གྱོན་མཚོན་ཐོགས་ཐུབ་པའི་བསྟན་པ་འཇོམས༔ ཁྱིའི་ལུད་ལ་སྦྲང་བུ་འདུས་འདྲ་འོང་༔
་་་་་་་་་་་་་་་་་་་་་་་་་གཏེར་སྟོན་ཆེན་པོ་པདྨ་གླིང་པས་ལྷོ་བྲག་ལྷ་ལུང་དུ༔ པདྨ་བཀའ་ཆེམས་དང་༔ ཤེལ་བྲག་མ་དང་༔ གནམ་ལྕགས་བྲག་མ་དང་གསུམ་གནང་ནས༔ དེ་ལས་རྒྱས་པ་ཞིག་ཡོད་དེ༔ སྤྱི་ལ་མི་ཡོང་༔ ཁྱོད་ལ་ཤོག་སེར་གྱི་སྟེང་ནས་ཟིན་བྲིས་བྱས་ནས་བཤད་ཀྱི་གསུངས༔ ཟིན་བྲིས་གནང་གྱིན་བདག་ལ་གནང་བ་ཡིན༔ ཨོ་རྒྱན་ལ་མོས་གུས་ཡོད་ངེས་མིན་པ་གཞན་མ་ཀུན་ལ་མ་སྟོན་གསུངས༔ བདག་གིས་ [གི] ཞིབ་ཏུ་བལྟས་པས་དོན་གོ་སྟེ་འདི་ནི་ཤིན་ཏུ་གསང་ཞི་སྦ་བར་བྱས༔ གཙང་གཡས་རུ་ཉུག་གི་བན་ཆུང་མཁའ་སྤྱོད་རྣམ་རྒྱལ་གྲགས་པ་རྡོ་རྗེ་ལ་གནང་བའོ༔
དེ་འདྲ་ཞིག་གསུངས་འདུག
དགེ་ལུགས་པ་ཚོ་ཁྱོད་ཚོས་བོན་པོ་ལ་དམོད་དུས་ཁ་བདེ་མོ་ལྕེ་བདེ་ག་ཚོད་ཡོད་དེ་རིང་ན་ཚ་རང་གི་ཐོག་དུ་བྱུང་དུས་ག་འདྲ་འདུག་ཧཧཧཧཧཧཧཧ་་ཁ་བདེ་མོ་ལྕེ་བདེ་མོ་ན་ད་ཤོད་དང་ལུང་རིག་གིས་བསྒྲུབ་དང་ངས་མིག་ཆེ་པོ་བྱས་ནས་ལྟ་གྱི་ཡིན།
གཏེར་སྟོན་ཆེན་པོ་པདྨ་གླིང་པའི་ལུང་བསྟན་ངོ་མ་ཡིན་མིན་དོགས་པའི་གནས་རེད། གཏེར་སྟོན་ཆེན་པོ་པདྨ་གླིང་པ་རྗེ་ཙོང་ཁ་བའི་རྗེས་སུ་བྱོན་པས་གཏེར་སྟོན་འབྱུང་བའི་དུས་དང་འགལ།
དགེ་སློང་ལེགས་སྐར་ཟེར་བ་རང་རྒྱུད་ལུང་གིས་ཁེངས་བའི་ང་རྒྱལ་གྱིས་སྟོན་པའི་མཛད་པ་ལ་ལོག་ལྟས་སྨད་ཚུལ་པདྨ་ཐང་ཡིག་སོགས་ལས་འབྱུང་མོད། དེ་རྗེ་ཙོང་ཁ་བའི་སྐྱེ་རྒྱུད་ཅིག་མ་ཡིན་ཡང་ཕྲག་དོག་གིས་མྱོས་བའི་མཁས་པ་ཤཀ་མཆོག་གིས་དགེ་སློང་ལེགས་སྐར་དང་རྗེ་རིན་པོ་ཆེས་ལྷ་སའི་ཇོ་བོ་ལ་དབུ་རྒྱན་ཕུལ་བ་གཉིས་སྦྱར་ནས་ལུང་བསྟན་རྫུན་མ་ཞིག་བྲིས། པདྨ་གླིང་བར་བརྫུས་བའི་གྲུབ་རྫུན་དེས་ཡར་འབྲོག་མཚོ་འགྲམ་དུ་གཏེར་བཏོན་ཁུལ་བྱས་པ་མཁས་གྲུབ་རིན་པོ་ཆེའི་གསུང་ཐོར་བུ་ལས།
སྤྲུལ་བའི་སྐྱེས་མཆོག་པདྨ་འབྱུང་གནས་ཀྱིས།།ང་སྤྲུལ་ཡིན་ཞེས་གཏེར་མིན་གཏེར་འདྲ་འདོན།།དམ་ཉམས་གར་ཡང་མ་བྲིན་ཁྱུ་གཅིག་ཚོགས།།ཉ་མའི་མགོ་སྐོར་འབྲེལ་མེད་ཆོས་བཤད་བྱེད།།ལུང་བསྟན་འདི་ཡང་ད་ལྟའི་གཏེར་སྟོན་མཁན།།པད་གླིང་ཐོལ་ལ་བརྟེན་པའི་སྟེང་དུ་འབབ།།ཅེས་སློབ་དཔོན་བཀའ་དྲིན་ཅན་གྱིས་ལུང་བསྟན་པ་ལྟར་གཏེར་སྟོན་རྫུན་མ་འདོན་མཁན་དང་དམ་ཉམས་དང་སློབ་མའི་ཚོགས་ལ་འབྲེལ་མེད་ཆོས་བཤད་བྱེད་མཁན་པདྨ་གླིང་པའི་མིང་ཁུར་ནས་ཆོས་ལུགས་ནང་ཁུལ་ལ་གཏོར་བརླག་མཁན་དེ་ཡིན་པ་ཤེས་དགོས། པདྨ་བཀའ་ཐང་ལས་གསུངས་པའི་གཏེར་སྟོན་དུ་ལུང་བསྟན་པའི་པདྨ་གླིང་པ་དེ་ནི་གྲུབ་ཐོབ་ཚད་ལྡན་ཞིག་ཡིན་པ་ཡོངས་གྲགས་རེད། འདི་གཉིས་ཀྱི་ཁྱད་པར་མ་ཤེས་བར་མགོ་བོ་འཐོམས་ཏེ་གཏེར་སྟོན་པདྨ་གླིང་བར་འཁྲུལ་མཁན་མང་པོ་ཡོད་ཚོད་འདུག །རྒྱལ་དབང་ཆོས་རྗེས་མཛད་པའི་རྗེའི་རྣམ་ཐར་རྒྱས་པ་ནའང་ཡོད་པས་མཁས་གྲུབ་རིན་པོ་ཆེའི་གསུང་དེ་ལས་གསལ་བོ་བསྟན་འདུག་པ་འདི་ལྟར། དེ་ལ་བསམ་ནས་ཆེན་པོ་ཤཱཀ་མཆོག་དང་།།པདྨ་གླིང་པར་འཆོས་པའི་སྙིང་ཆེན་གཉིས།།རྗེ་བཙུན་བླ་མའི་འཕྲིན་ལས་ཉིན་བྱེད་འོད།།ཕྲག་དོག་སྦྲང་བུའི་གཤོག་པས་སྒྲིབས་སྙམ་དུ།།ཁོ་བོ་མཁས་པ་ཡིན་པས་འདི་བརྩམ་ཞིང་།།ཁྱོད་ནི་གྲུབ་ཐོབ་ཡིན་པས་འདོན་དགོས་ཞེས།།གྲོས་ངན་བཤམས་ཤིང་དགེ་སློང་བཞི་བཏང་སྟེ།།ཡར་འབྲོག་མཚོ་ཡི་འགྲམ་དུ་གཏེར་དུ་སྦས།།དེ་ཉིད་པད་གླིང་བརྫུས་མས་བཏོན་པས་ན།།ཞེས་སྙིང་ཆེན་ཞེས་པ་སྙིང་སྟོབས་སམ་བློ་ཁོག་ཆེན་པོ་ཡོད་པ་ལ་གོ །རྗེ་རིན་པོ་ཆེའི་མཛད་པ་འཕྲིན་ལས་ལ་ཕྲག་དོག་གི་སྒྲིབ་པའི་མཁས་པ་ཤཱཀ་མཆོག་གིས་ལུང་རྫུན་བརྩམས་པ་དང་པདྨ་གླིང་བར་བཅོས་བའི་གྲུབ་བརྫུས་དེས་འདོན་དགོས་ཞེས་རྣམ་པ་གཉིས་ཀྱིས་གྲོས་ངན་བཤམས་ཏེ། དགེ་སློང་བཞི་བཏང་ནས་ཡར་འབྲོག་མཚོའི་འགྲམ་དུ་གཏེར་དུ་སྦས་བ་པད་གླིང་བརྫུན་མས་བཏོན་ཁུལ་བྱས་ཚུལ་གསལ་བོར་གསུངས་འདུག། པད་གླིང་རྫུན་མ་དང་གཏེར་བཏོན་པདྨ་གླིང་བ་གཉིས་ཀྱི་བར་ལ་མི་རབས་གཉིས་སོང་བས་དུས་མི་མཚུངས་བས་གཏེར་བཏོན་འབྱུང་དུས་དང་འགལ་བའི་སྐྱོན། ལུང་བསྟན་དུ། ལ་སྟོད་སྟག་རིར་དུག་གི་ཚོང་དུས་འོང་།།མེ་སྦར་མཚོ་ལ་སྦས་པའི་གཏེར་ཁ་འདི།།མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འོང་།།ཨུ་རྒྱན་པདྨ་གླིང་བ་ཞེས་བྱ་འབྱུང་།།ཞེས་མེ་སྦར་མཚོ་ལ་འདོན་པར་གསུངས་བ་དང་པད་གླིང་བརྫུན་མས་ཡར་འབྲོག་མཚོ་ནས་བཏོན་པས་འདོན་པའི་ཡུལ་དང་འགལ་བའི་སྐྱོན། གཞན་ཡང་ལེགས་སྐར་སོགས་ཀྱིས་སྟོན་པ་ལ་ལོག་ལྟས་སྨད་པ་ངེས་དོན་ཡིན་ན་འདུལ་བ་ལུང་ལས་སངས་རྒྱས་ལ་སྨད་པའི་རྣམ་སྨིན་གྱི་འབྲས་བུར་བསྐལ་བར་མནར་མེད་དུ་གནས་བར་གསུངས་པས་དགེ་སློང་ལེགས་སྐར་དང་རྒྱལ་བ་བློ་བཟང་གྲགས་པའི་བར་བསྐལ་ཆེན་ལྟ་ཅི་སྨོས།། བར་བསྐལ་གཅིག་གི་སྟོད་ཆ་ཡང་མ་རྫོགས་པས་འདུལ་བ་ལུང་དང་འགལ། གསུང་ཐོར་བུ་ལས། ཐང་ཡིག་ནང་དུ་འདྲ་མིན་མང་བཤད་ཀྱང་།།ཆོས་སྐྱོན་མ་ཡིན་རྗེས་འཇུག་འཕྲི་བསྣན་ལྷད།།ཡང་ན་ཕྱི་མོ་མ་དག་རིམ་བརྒྱུད་སྐྱོན།།ཞེས་རྗེས་འཇུག་རྣམས་ཀྱིས་འཕྲི་བསྣན་གྱིས་ལྷད་ཞུགས་པའམ་ཡང་ན་ཕྱི་མོ་མ་དག་པའི་རྒྱུན་འབྱམས་སུ་སོང་བའི་སྐྱོན་འདུག་ཅེས་གསུངས། རྗེ་རིན་པོ་ཆེ་རང་གིས་ཆོས་ལུགས་གཞན་ལ་དེ་འདྲར་མཛད་པ་ཕར་ཞོག་དང་བླ་མ་མཁས་པ་གཞན་གྱི་གསུང་ལ་དཔྱད་པ་མཛད་ཚེའང་མིང་བཟུང་མི་མཛད་པར་ཕྱིས་ཀྱི་ཁ་ཅིག་དང་སྔོན་གྱི་ཁ་ཅིག་ཞེས་ཁོང་གི་གསུང་རྩོམ་དག་ཀློག་ན་ཤེས་ཐུབ། འདི་ནི་བློ་གཟུ་བོར་གནས་པ་རྣམས་ཀྱིས་ངེས་བར་མཁྱེན་དགོས།
རྙིང་མ་བ་འགས། ཨ་ཏི་ཤ་ཡི་སྤྲུལ་པ་བློ་བཟང་གྲགས: སྐྱེས་བུ་དེར་བྱོན་བོད་ལ་བདེ་སྐྱིད་འཆར: དེ་དུས་དཀར་ཕྱོགས་རྣམས་ཀྱི་སྤོབས་པ་ཐོབ: ཅེས་པ་ག་གེ་མོས་བཅུག་པས་གཏེར་མ་དངོས་མིན་ཟེར།
དགེ་ལུགས་པས། གོང་གི་པད་གླིང་པའི་ལུང་དེ་བསླད་བཅུག་པས་གཏེར་མ་དངོས་མིན་ཟེར།
ང་ལ་གཉིས་ཀ་ལ་དོགས་པ་ཡོད།
ད་བན་དེ་ཚོས་ནང་འཁྲུག་གྱིས་ཨཱ།
གངས་སེང་རྐུབ་ལ་ཉི་མ་ཤར་སོང་།
མཁས་གྲུབ་དགེ་ལེགས་དཔལ་བཟང་པོའི་གསུང་། བྱང་བདག་པོ་རྣམ་རྒྱལ་གྲགས་པའི་དྲིས་ལན་རྒོལ་ངན་ཚར་གཅོད་ཅེས་པ་ལས།
དེ་ལ་རྒྱལ་པོའི་བཀའ་ཆེན་བཀའ་ཁོལ་མར།།དེ་ནས་ཁྱད་པར་བསྙེན་བཀུར་ཆེར་མཛད་པས།།དེ་ཡི་ཤར་ཕྱོགས་ཞེས་པ་ཙོང་ཁར་ངེས།།སྙིང་པོའི་མཐའ་རྟེན་ཞེས་པ་བླ་མའི་མཚན།།ཀུན་དགའ་སྙིང་པོར་རོལ་པའི་རྡོ་རྗེས་གསོལ།།ཞལ་ཡང་བསྒྱུར་ཞིང་ཞེས་པ་ཇོ་བོ་ལ།།དབུ་རྒྱན་ཕུལ་བའི་ཁུངས་སུ་འཁྲུལ་བ་མེད།།བསྙེན་བཀུར་དམ་པ་མཛད་ཅེས་གསུངས་པའི་དོན།།ཐུབ་པའི་དབང་པོས་རྒྱ་གར་འཕགས་ཡུལ་དུ།།ཁྲ་ཟླ་ཡར་ངོའི་ཚེས་གྲངས་བཅོ་ལྔའི་བར།།ངོ་མཚར་ཆོ་འཕྲུལ་མི་འདྲ་བཅོ་ལྔ་བསྟན།།དེ་དང་རྗེས་མཐུན་རྒྱལ་བ་གཉིས་པས་ཀྱང་།།འཕགས་ཡུལ་གཉིས་པ་ཆོས་འཁོར་ལྷ་ས་རུ།།ཡོངས་ལ་གྲགས་པའི་དུས་ཆེན་བཅོ་ལྔ་ཡི།།དཀར་པོའི་ཕྱོགས་ལ་མཐོང་ཐོས་དྲན་རེག་ཀུན།།དོན་དང་ལྡན་པའི་ཇོ་བོ་རྣམ་གསུམ་ལ།།སྣ་ཚོགས་རིན་ཆེན་འདུས་པའི་དབུ་རྒྱན་སོགས།།མཆོད་པའི་བྱེ་བྲག་མི་འདྲ་བཅོ་ལྔས་མཆོད།།དེ་བཞིན་དགེ་འདུན་ཁྲི་ཕྲག་བསྙེན་བཀུར་ཞིང་།།སྟོན་པའི་འཁྲུངས་རབས་ལ་སོགས་ཆོས་ཆར་ཕབ།།དེ་ཡི་མཐུ་ལས་ངོ་མཚར་ཆོ་འཕྲུལ་ལྟས།།བརྗོད་བྲལ་བསམ་གྱིས་མི་ཁྱབ་བྱུང་ཚུལ་རྣམས།།ཕྱོགས་ཙམ་རྣམ་ཐར་དཀར་ཆག་གསུམ་དུ་གསལ།།དེ་ལྟར་རཏྣ་གླིང་པའི་གཏེར་ཡིག་ཏུ།།དགེ་ལྡན་ཞེས་བྱའི་དགོན་གནས་དམ་པ་རུ།།ཞེས་སོགས་ལུང་བསྟན་མཐའ་ཡས་འཁྲུལ་བ་མེད།།དཔྱོད་ལྡན་རྣམས་ལ་ཐེ་ཚོམ་མི་འཚལ་མོད།།ཀུན་སློང་སྐྱོན་ཅན་གཏེར་ཡིག་འདི་འདྲ་ཡིས།།རྟོགས་བརྗོད་མེད་པའི་སྐྱེ་བོ་བསླུ་མཐོང་བས།།འདི་ནི་བརྫུན་མ་ཁོ་ནར་བཤད་པར་སྣང་།།ཞེས་དང་།
འོན་ཀྱང་བློ་གསལ་པདྨའི་ངང་ཚུལ་གྱིས།།རྒྱ་ནག་མཁན་པོ་རིགས་པས་མཐར་བསྐྲད་ཚེ།།མཆིལ་ལྷམ་ཟུང་གཅིག་ལུས་པས་མ་འོངས་དུས།།གངས་ཅན་ཁྲོད་འདི་ཁོ་བོའི་རིང་ལུགས་ཉིད།།འཛིན་པ་མང་དུ་འབྱུང་ཞེས་ལུང་བསྟན་ལྟར།།ཕྱི་རུ་པཎ་གྲུབ་བཞེད་སྲོལ་བརྫུ་ལ་བརྟེན།།ནང་ན་ཧ་ཤང་ལྟ་སྒོམ་ཉམས་ལེན་པའི།།སྒོམ་ཆེན་མང་པོས་གངས་ཁྲོད་གང་བར་འགྱུར།།ཞེས་དང་།
ནག་ཕྱོགས་དུས་འཁྲུག་ནད་སྡིག་དར་བའི་སྐབས།།ཆོས་པ་ཕལ་ཆེར་ཆོས་བཞིན་མི་སྤྱོད་པར།།ཆོས་མཛད་རྣམས་ལ་ཆོས་མིན་སྐུར་བ་འདེབས།།ཞེས་པ་སོགས་མང་། ཚིག་འགྲེལ་གོ་སླ། སློབ་དཔོན་པདྨའི་ངང་ཚུལ་གྱིས་རྒྱ་ནག་ཧ་ཤང་རིགས་པས་ཚར་བཅད་ནས་མཐར་བསྐྲོད་བྱས་པའི་ཚེ་ཧ་ཤང་གི་ལྷམ་ཡ་གཅིག་བོད་དུ་ལུས་བའི་རྟེན་འབྲེལ་གྱིས་བོད་ལ་ཧ་ཤང་གི་ལྟ་ངན་དར་ནས་སྒོམ་ཆེན་ཕལ་ཆེ་དེའི་ཕྱོགས་སུ་འབྲངས་བ་དང་། ཤར་རྒྱལ་བ་ཙོང་ཁ་བ་མདོ་ཁམས་སྨད་ནས་བྱོན་ཏེ་བསྟན་པ་དག་ཐེར་གནང་བ་སོགས་རྒྱས་བར་རྣམ་ཐར་སོགས་ལས་ཤེས། རྗེ་ཀརྨ་རོལ་བའི་རྡོ་རྗེ་དགུང་ལོ་ཉེར་བཞིའི་ཐོག་མདོ་སྨད་ཙོང་ཁའི་ཕྱོགས་སུ་ཕེབས་སྐབས། ཙོང་ཁ་བ་དགུང་ལོ་གསུམ་སྐབས་ཡུམ་གྱིས་ཁྲིད་ནས་མཇལ་ཁ་ཞུས། ཀརྨ་རོལ་བས་སྐྱེས་མཆོག་བསྟན་འཛིན་དམ་པར་ལུང་བསྟན་ཅིང་དགེ་བསྙེན་གྱི་སྡོམ་པ་ཕོག་ཏེ་མཚན་ལ་ཀུན་དགའ་སྙིང་པོ་གསོལ་བ་སོགས་བོད་ཀྱི་མཁས་གྲུབ་ཕལ་མོ་ཆེས་རྗེ་འདི་ལ་བསྟོད་བསྔགས་ཀྱི་རོལ་མོ་ལྡིར་བཞིན་པ་འདིའོ།
ད་བོན་པོ་ཚོ་ངལ་གསོ་རོགས། ཧ་ཤང་གི་རྗེས་འབྲངས་བ་ཚོ་ལོངས་ཤོག །
༄༅།།གཙང་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོས་མཛད་པ་བསྟན་འཛིན་ཆེན་པོ་འགྲན་ཟླ་དང་བྲལ་བ་བློ་བཟང་གྲགས་པའི་དཔལ་གྱི་ངང་ཚུལ་མདོ་ཙམ་དུ་བརྗོད་པ་དད་པའི་པདྨོ་རྒྱས་པར་བྱེད་པའི་བསྟོད་ཚིག་གི་ཉི་མ་ཞེས་བྱ་བ་བཞུགས་སོ།།
ན་མོ་མཉྫུ་གྷོ་ཥཱ་ཡ།
བློ་ཆེན་རྒྱལ་བ་རྣམས་ཀྱི་སྤྱན་སྔ་རུ།།བཟང་པོའི་སྨོན་ལམ་རླབས་ཆེན་གྲུབ་པའི་མཐུས།།
གྲགས་པའི་སྒྲ་ཆེན་ཐུབ་བསྟན་འགྲོ་བའི་དཔལ།།བློ་བཟང་གྲགས་པའི་དཔལ་ལ་གུས་ཕྱག་འཚལ།།དཔག་ཡས་ཚོགས་གཉིས་ཀུན་གྱི་རྩེ་མོར་སོན།།བགྲང་ཡས་རྒྱལ་བ་ཀུན་གྱི་རིང་ལུགས་འཛིན།།མཐའ་ཡས་འགྲོ་བ་ཀུན་གྱི་དགེ་བའི་བཤེས།བསམ་ཡས་ཡོན་ཏན་ཀུན་གྱི་གཏེར་ལ་འདུད།།གངས་ཅན་ཤར་ཕྱོགས་ཙོང་ཁའི་སྐྱེད་ཚལ་དུ།།དལ་འབྱོར་ཡོངས་འདུའི་རྩ་བ་རབ་བརྟན་ཅིང་།།ཡོན་ཏན་ཡལ་གས་ཕྱོགས་ཀྱི་མཐའ་འཇལ་བ།།སྙན་གྲགས་དྲི་བསུང་འཕྲོ་བ་ཁྱོད་ལ་འདུད།།དྲི་མེད་མཁྱེན་ཡངས་འཇིགས་བྲལ་གཞོན་བློ་སོགས།།གངས་ཅན་མཁས་པའི་མཁས་པ་ཀུན་བསྟེན་ནས།།སྤྱི་དང་ཁྱད་པར་གཞུང་ལུགས་མཐའདག་ལ།།རྨོངས་པའི་མུན་ཀུན་སངས་པ་ཁྱེད་ལ་འདུད།།སྙོག་བྲལ་ཚུལ་ཁྲིམས་བརྟུལ་ཞུགས་རྒྱ་མཚོ་ཆེར།།མང་ཐོས་ལུང་རིགས་ནོར་བུས་ལྷག་པར་གཏམས།།མཁས་མཆོག་ཀླུ་དབང་ཀུན་གྱིས་གུས་པས་སྟེན།།རྣམ་དཔྱོད་གཏིང་མཐའ་མེད་ལ་གསོལ་བ་འདེབས།།ཁྱོད་བློའི་ཉི་མ་གཞོན་ནུའི་དུས་ཀྱི་ཚེ།།མདོ་དང་རྒྱན་གྱི་པད་ཚལ་རྒྱས་མཐོང་ནས།།བདག་བློ་ཁེངས་བའི་ཀུ་མུད་ལྷག་པར་ཟུམ།།ཟབ་ཡངས་མཁྱེན་པའི་གཏེར་ལ་གསོལ་བ་འདེབས།།བྱང་ཕྱོགས་འདི་ན་ཚིག་ཙམ་བྱང་བའང་དཀོན།།དོན་ལ་སྒྲོ་འདོགས་ཆོད་པ་དེ་བས་དཀོན།།བསྟན་དོན་ཉམས་སུ་ལེན་པ་སྲིད་མཐའ་ཙམ།།འདི་གསུལ་མཐར་ཕྱིན་ཁྱོད་ལ་སྙིང་ནས་འདུད།།ལ་ལ་རིགས་བྲལ་ལུང་གིས་གྲུབ་མཐའ་འཇོག།ཁ་ཅིག་ལུང་མེད་རིགས་པ་ལྟར་སྣང་རྩོམ།།ལུང་རིགས་གཉིས་ཀས་རྒྱལ་བའི་གསུང་རབ་ཀུན།།ལེགས་པར་འབྱེད་པ་ཁྱོད་ལ་གུས་ཕྱག་འཚལ།།ཁ་ཅིག་འདུལ་བ་གཙོར་བྱེད་གསང་སྔགས་སྤོང་།།གཞན་དག་སྔགས་ལ་མོས་བློས་འདུལ་བ་འགོག།རྒྱལ་བའི་བསྟན་པ་མཐའ་དག་འགལ་མེད་དུ།།རྫོགས་པར་ཉམས་སུ་ལེན་མཁས་ཁྱོད་ལ་འདུད།།མཚན་ཉིད་ཕྱོགས་བཟུང་གསང་སྔགས་ཟབ་ཆོས་དང་།།སྔགས་ཀྱི་ཁེངས་ནས་མཚན་ཉིད་ཁ་བཤད་ཙམ།།མདོ་སྔགས་མཐའ་དག་མ་ཚང་རྫོགས་བྱང་དུ།།བགྲོད་ཐབས་མེད་པར་གཟིགས་པ་ཁྱོད་ལ་འདུད།།ལ་ལ་སྤྱོད་པ་ཞིབ་མོས་ལྟ་བ་འགོག།ཁ་ཅིག་ལྟ་བ་མཐོན་པོས་སྤྱོད་པ་འདོར།།ལྟ་སྤྱོད་ཕན་ཚུན་གྲོགས་སུ་ཤར་ནས་ནི།།དོན་འདི་ལྷག་པར་འདོམས་པ་ཁྱོད་ལ་འདུད།།འགའ་ཞིག་བཤད་པ་གཙོར་བྱེད་སྒོམ་ལ་སྨོད།།ལ་ལ་སྒོམ་གྱིས་ཆོག་འཛིན་ལུང་ལ་སྨོད།།བཤད་སྒྲུབ་གཉིས་ནས་ལུང་རྟོགས་དམ་པའི་ཆོས།།འཛིན་ཚུལ་གསལ་མཛད་ཁྱོད་ལ་གུས་པས་འདུད།།མདོ་སྔགས་མཐའ་དག་ཁྱད་པར་རྡོ་རྗེ་ཐེག།རྒྱུད་སྡེ་མཐའ་དག་ཁྱད་པར་བླ་མེད་དོན།།རིམ་གཉིས་མཐའ་དག་ཁྱད་པར་སྒྱུ་ལུས་ལ།།སྔོན་མེད་ལེགས་བཤད་གཏེར་ཆེན་ཁྱོད་ལ་འདུད།།མདོར་ན་ཐུབ་བསྟན་མཐའ་དག་མ་ལུས་པར།།བཤད་སྒྲུབ་གཉིས་ཀྱིས་ཆེས་ཆེར་གསལ་མཛད་པ།།གངས་ཅན་འདི་ན་བསྟན་འཛིན་མཐའ་དག་གིས།།རྟག་ཏུ་བསྔས་པར་འོས་པ་ཁྱོད་ལ་འདུད།།བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ།།བདག་ཉིད་ཆེན་པོ་ཁྱོད་བཞིན་རྒྱལ་བའི་བསྟན།།བདག་པས་གཞན་གཅེས་ལྷག་བསམ་ཕུལ་བྱུང་གིས།།བདག་གིས་སྲོག་ལྟར་བསྲུང་བར་བྱིན་གྱིས་རློབས།།ཁྱོད་ལ་གཙོར་བྱས་ཧ་ཅང་མཆོག་འཛིན་གྱིས།།ཕྱོགས་ལྷུང་གདོན་གྱིས་ཐུབ་བསྟན་དཀྲུགས་པ་ཡང་།།དག་སྣང་ཕྱོགས་མེད་འབྱོངས་བ་ཁྱོད་ཉིད་ཀྱིས།།མྱུར་དུ་བསལ་ནས་བསྟན་འཛིན་མཐུན་གྱུར་ཅིག།།
ཅེས་་གཙང་སྟག་ཚང་གི་ལོ་ཙཱ་བ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོས་དགེ་འཕེལ་ཆོས་འཁོར་སྒར་དུ་སྦྱར་བའོ།།
མགོན་ཕྱག ངས་དཔེ་ཆ་མང་བོ་བསྡུར་ནས་མགར་སྟོང་བཙན་གྱིས་བོད་ཡིག་མཁྱེན་མིན་སྐོར་ལ་རྩོད་པ་བྱེད་འདོད་མ་བྱུང་། མི་རིགས་དཔེ་སྐྲུན་ཁང་གིས་དཔར་བསྐྲུན་བྱས་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་གྱི་ཤོག་ངོས་༩༩ན་ལོ་ཙཱ་བ་ཐོན་མི་དང་། དེའི་མཆན་བུ་ངྷ་རྨ་ཀོ་ཥ་དང་ལྷ་ལུང་རྡོ་རྗེ་དཔལ་སོགས་ཀྱིས་འདུས་པ་རིན་པོ་ཆེ་ཏོག་གི་གཟུངས། ཟླ་བ་སྒྲོལ་མ། དམོན་མཆོག་སྤྲིན་སོགས་བསྒྱུར་ཅིང་ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་ཡང་བསྒྱུར་པར་གྲགས་ཞེས་གསལ། སོགས་སྒྲའི་ནང་དུ་མགར་ཡོད་མེད་ངས་མི་ཤེས། བཀའ་ཆེམས་ཀ་ཁོལ་མ་སོགས་ཀྱིས་གཙོས་པའི་ལོ་རྒྱུས་དེབ་ཐེར་ཁ་ཤས་ཀྱི་ནང་དུ་སྲོང་བཙན་གྱིས་བློན་པོ་མགར་རྒྱ་ནག་ཏུ་ཕེབས་ཁར་བཀའ་ཤོག་གསུམ་སྩལ་ཡོད་ཅེས་གྲགས་ནའང་། རྡ་སའི་དཔེ་མཛོད་ཁང་གིས་དཔར་བསྐྲུན་བྱས་པའི་ཆོས་འབྱུང་མེ་ཏོག་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་ཀྱི་ཤོག་ངོས་༢༠༦ན་བཀའ་ཤོག་སྒྲོམ་བུ་ལྔ་གཏད་ནས་རྒྱལ་པོ་དེས་ཁྱོད་ལ་བཀའ་ལུང་མི་འཐད་པ་གསུང་དུ་འོང་གི་དེའི་དུས་བཀའ་ཤོག་སྒྲོམ་བུ་འདི་རྣམས་རིམ་པ་བཞིན་དུ་ཕུལ་ལ་འདི་ལྟར་གྱིས་བྱ་བའི་ཞལ་ཏ་བསླབས་བཏང་ངོ་ཞེས་གསལ། ད་ཐག་མི་ཆོད་པ་ཞིག་ལ་དུས་ཚོད་མང་པོ་གཏོང་བར་སེར་སྣ་ཞིག་འདུག
ཕྱོགས་སྔ་བ་ཚོ་ཉོན་ཅིག
འཇིག་རྟེན་སྲིད་ཀྱི་གནས་བབ་དང་མཐུན་པའི་ལོ་རྒྱུས་ཤིག་འཆད་པའི་སྐབས་གང་ནའང་ལོ་རྒྱུས་དེ་འཇིག་རྟེན་པ་ཐུན་མོང་གི་སྣང་ངོར་འོས་འཚམས་སུ་བཤད་དགོས་པ་ཞིག་རེད། དེ་ལས་བརྒལ་བའི་ཆོས་ཀྱི་ཉམས་ལེན་གྱི་མཐུ་ལས་སྤྲུལ་སྒྱུར་གྱི་རྣམ་བཞག་མང་པོ་ཡོད་རིགས་དང་བསྲེས་སླད་བྱས་ཚེ་ཐུན་མོང་གིས་སྣང་ངོར་མི་འགྲུབ་པས་འདིར་དེ་རིགས་ཟུར་དུ་འཇོག་དགོས་པར་ཤེས་དགོས། ཁྱེད་ཅག་གིས་ཐོན་མིས་བོད་ཡིག་གསར་བཏོད་བྱས་མང་པོར་ཟེར་ཡང་དེ་ནི་ཞེན་གོག་གི་གཏམ་མམ་ཡང་ན་ཁ་ཕོད་ཅན་གྱི་གྲགས་ཚོད་ཙམ་དུ་ཟད་པ་ལས་དོན་དངོས་ཀྱི་རྣམ་པ་ལས་ཆེས་རྒྱང་ཐག་རིང་བར་གྱུར་ཡོད། ཅིས་ཀྱང་ཐོན་མིས་བྱས་ཟེར་ན། བོད་ཀྱི་ལོ་རྒྱུས་སྔ་ཕྱི་གང་གི་སྐབས་སུ་འདོད་ཚུལ་དེ་ལ་མི་འཐད་པར་རིགས་པའི་སྒྲུབ་བྱེད་དང་ལྡན་པ་སྔར་མང་དུ་བཀོད་ཟིན་པས་ཁྱོད་ཀྱིས་དེ་ལན་སུན་འབྱིན་ཐབས་འཐད་ལྡན་ཞིག་སྨྲ་རྒྱུ་དཀའ་ཁག་འཕྲད་བཞིན་པའི་སྐབས་དེར། གོང་དུ་ངས་ལན་དགོས་རབས་ནན་གྱིས་སྐུལ་ལྕག་བཏང་བ་ལྟར་སོང་འདུག་པས་ཁྱོད་ཀྱིས་འདིར་སླར་ཡང་འཚབ་འཚུབ་ཀྱིས་བྲེལ་ནས་ཅི་བཤད་མེད་པ་༼བརྒྱ་བཤད་སྟོང་གི་རྩ་བ་གང་ལྟར་༼ བོད་ཡིག་གསར་གཏོད༽་ཅེས་བའི་ཆོ་ལོ་འདི་ཐོན་མི་ལ་འོས་པ་ལས་གཞན་སུལང་འོས་མེད་པ་ཤེས་བར་མཛོད།༽ ཅེས་པ་འདི་རིགས་ཇི་འདྲའི་ལྐུགས་པའི་ཨུ་ཚུགས་ཀྱི་གཏམ་ཟེར་བའང་འདི་ལས་གཞན་པ་ཞིག་གང་ན་ཡོད།
ཡང་༼དེ་མིན་ཆོ་ལོ་དེ་ཐོན་མི་ལ་མི་དབང་བར་བཤད་པ་དག་གིས་ཕྱོགས་གཅིག་ལ་འཐོམས་ནས་ཉོག་བཤད་ལུང་བ་གང་བཟོས་བ་ལས་ཁ་ཡོད་ལག་ཡོད་ཀྱི་རིགས་པའི་སྒྲུབ་བྱེད་དང་ལྡན་པ།་གཏན་ཚིགས་དང་མཐུན་པ། ལོ་རྒྱུས་དང་མཐུན་པ། ལོ་ཚིགས་དང་མཐུན་པ་ཞིག་འགོད་རྒྱུ་མི་འདུག ༽ཟེར་བ་ངོ་མ་ཇི་སྐད་དུ། འཁོར་བའི་མ་རིག་པ་ཞེས་གསུངས་པ་འདི། ཇི་འདྲའི་གནད་སྡོམ་ཆེན་པོ་ཞིག་རེད་ཨང་།
འདིར་སླར་ཡང་གལ་པོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་ཅུང་ཟད་གསལ་ཁ་འདོན་པར་འདོད། བོད་ཡིག་ཐོན་མིས་བཟོས་ཟེར་བ་དེ་རིགས་ཨུ་ཚུགས་ཀྱིས་བདེན་པར་རློམ་ན། རྒྱལ་རབས་གསལ་བའི་མེ་ལོང་ལས་༼རྒྱལ་བློན་༼སྤུ་ལྡེ་དང་རུས་ལས་སྐྱེས་༽འདི་གཉིས་ཀྱི་དུས་སུ་གཡུང་དྲུང་གི་བོན་བྱུང་སྟེ། སྟོན་པ་གཤེན་རབ་མི་བོ་ཆེ་བྱ་བ་སྟག་གཟིག་འོལ་མོ་ལུང་རིང་ན་སྐུ་འཁྲུངས། ཁམས་ཆེན་པོ་བརྒྱད་ལ་སོགས་བོན་པོའི་ཆོས་ཐམས་ཅད་ཞང་ཞུང་གི་ཡུལ་ནས་བསྒྱུར་ཏེ་དར་ཞིང་རྒྱས་པར་མཛད། ༽ཅེས་པའི་སྔོན་གྱི་ལོ་རྒྱུས་ཀྱི་བབ་དང་མཐུན་པ་རིག་པ་རྣལ་དུ་ཕབས་ཏེ་བརྟག་ན་ལོ་རྒྱུས་ཀྱི་བཤད་པ་དེས་སྔར་གྲི་གུམས་ཀྱི་ཚེ་སྨད་དུ་བོན་ཆོས་བསྣུབས་ཀྱང་སླར་རྒྱལ་བློན་དེ་གཉིས་རིང་དུ་ཞང་ཞུང་ནས་བོན་ཆོས་རྣམས་སྤྱན་དྲངས་ཏེ་བོད་ཡུལ་དུ་བསྒྱུར་བའི་ལོ་རྒྱུས་དངོས་ཀྱི་རྣམ་པ་དེ་བཤད་ཡོད། དེ་ཉིད་ལས་༼བོན་པོའི་ཆོས་ཐམས་ཅད་ཞང་ཞུང་གི་ཡུལ་ནས་བསྒྱུར་ཏེ་༽ཅེས་པའི་དོན་ནི་བོན་ཆོས་རྣམས་ཞང་ཞུང་གི་ཡུལ་དུ་དར་རྒྱས་ཆེ་བས་ཞང་ཡིག་ཐོག་ཏུ་ཡོད་ཀྱང་སྐབས་དེར་ཞང་ཡིག་དེ་བོད་རྒྱལ་གྱི་ཆབ་འོག་ཏུ་བཀོལ་སྤྱོད་དེ་ཙམ་མི་ཐུབ་པས་བོད་མིའི་དགོས་མཁོ་སྐོང་ཆེད་བོན་ཆོས་རྣམས་བོད་ཀྱི་སྐད་ཡིག་ཏུ་བསྒྱུར་བའི་དོན་ཡིན་པ་ལས་སྐད་ཡིག་དེ་གཉིས་ལས་ཕུང་གསུམ་གྱི་སྐད་ཡིག་ཞིག་ཏུ་བསྒྱུར་བར་རློམ་ཐབས་བྲལ་ཡོད། དེས་ན་བཤད་པ་འདི་ནི་བོད་ཡིག་ནི་སྲོང་བཙན་གོང་དུ་ཡོད་པའམ་ཐོན་མིས་གསར་བཏོད་མ་རེད་ཅེས་པའི་སྒྲུབ་བྱེད་འཐད་ལྡན་ལོ་ཚིགས་དང་མཐུན་པའམ་ལོ་རྒྱུས་དང་མཐུན་ལ། གང་གིས་མནོ་བསམ་རེ་བྱས་ན་བློ་ངོར་འཆར་བདེ་ཞིག་ཅིས་ཀྱང་མ་རེད་ཨང་། དེ་ལས་ཨུ་ཚུགས་ཀྱིས་ཐོན་མིས་བྱས་ཟེར་ན་སྔར་གྱི་ལོ་རྒྱུས་དང་ལོ་ཚིགས་གང་ཐད་ནས་མི་མཐུན་པ་མངོན་བཞིན་པ་འདི་ལགས་སོ།
གཞན་ཡང་སུམ་རྟགས་ཀྱི་རྩ་གཞུང་གཉིས་དང་བོད་ཡིག་ཐོན་མིས་གསར་བཏོད་བྱས་ཟེར་བར་དེ་ལྟར་ན། རྒྱལ་བློན་རྣམས་ཀྱི་བཀའ་འོག་ནས་སྐད་ཡིག་གསར་བཅད་རིམ་པ་མང་དག་བྱས་རབས་བཤད་པ་དེ་རིགས་ཡིག་སྲོལ་ལག་ལེན་དེ་ཉིད་སུམ་རྟགས་ཀྱི་དགོངས་དོན་རྩ་བར་བཞག་པའི་བཀས་བཅད་ཅིག་ཡིན་དགོས་པ་ནི་ཐོན་མིས་ཡི་གེ་དང་བརྡ་སྤྲོད་ཀྱི་གཞུང་གསར་བཏོད་བྱས་རབས་བཤད་པའི་ཕྱོགས་ཀྱི་ལོ་རྒྱུས་ཀྱི་བབ་དང་མཐུན་དགོས་པའི་གལ་གནད་ཅིག་མངོན། དེས་ན་སྲོང་བཙན་མཇུག་ནས་དུས་རབས་བཅུ་པའི་བར་དུ་རྒྱལ་བློན་དག་གིས་གཏན་འབེབས་བྱས་པའི་ལོ་རྒྱུས་ཀྱི་རྡོ་རིང་ངོས་ཀྱི་བརྐོས་ཡིག་དང་ཁྲིམས་ཡིག་རྣམས་སུམ་རྟགས་ཀྱི་སྒྲིག་སྲོལ་དང་འགལ་བའི་འབྲི་སྲོལ་ཡན་གར་བ་ཞིག་ཡོང་དོན་གཏན་ནས་མེད་དགོས་པ་ལྟ་ཅི་སྨོས་ཏེ། དེའི་སྔར་ཐོན་མིས་ཡི་གེ་དང་བརྡ་སྤྲོད་ཀྱི་གཞུང་སྲོལ་ཕྱེས་ཤིང་ཕྱིས་སུ་དེའི་དགོངས་དོན་དང་མཐུན་པའི་རྒྱལ་བློན་དག་གིས་བཀས་བཅད་ཀྱི་རིམ་པ་མང་དུ་བྱས་པས་སོ། དེ་ལས་ཆེས་ཡ་མཚར་བ་ཞིག་ལ་ད་ལྟ་ངེད་ཅག་གི་མཐོང་བ་མངོན་འགྱུར་དུ་ལགས་པའི་གནའ་བོའི་རྡོའི་བརྐོས་ཡིག་དང་ཁྲིམས་ཡིག་གི་འབྲི་སྲོལ་སོགས་ཐོན་མིས་གསར་བཏོད་བྱས་རབས་མང་དུ་གྲགས་པའི་བརྡ་སྤྲོད་གཞུང་སྲོལ་དང་འགལ་འདུའི་རྣམ་པ་ཞིག་འུ་ཅག་གི་མིག་སྔར་གསལ་ལྷམ་མེར་གཤམ་སྟོན་ལགས་པ་འདི་ནི། ཐོན་མིས་ཡི་གེ་དང་བརྡ་སྤྲོད་ཀྱི་གཞུང་གསར་བཏོད་བྱས་རབས་བཤད་པའི་ཕྱོགས་ཀྱི་སྒྲུབ་བྱེད་དང་འགལ་ཞིང་ལོ་རྒྱུས་ཀྱི་གཞུང་བབ་དང་ལོ་ཚིགས་སྔ་ཕྱིའི་ནང་གི་བྱ་བཞག་དང་མ་མཐུན་པ་ཞིག་རེད་ཨང་། དེས་ན་བསྟན་པ་ཕྱི་དར་སྐབས་ཀྱི་ལོ་རྒྱུས་ཀྱི་བབ་དང་བསྟུན་ཏེ་བཤད་ན་ཐོན་མིས་བོད་ཡིག་དང་བརྡ་སྤྲོད་ཀྱི་གཞུང་སྲོལ་གསར་ཕྱེས་མ་ཡིན་པའི་སྒྲུབ་བྱེད་རྣལ་མ་ཞིག་དང་ཕྱི་རབས་བོད་ཀྱི་ལོ་རྒྱུས་རང་འགྲོས་དང་མཐུན་པའི་བདེན་དཔང་ལོག་སྨྲ་ཡོངས་ལས་རྣམ་པར་རྒྱལ་བ་དེ་ནི། ད་ལྟ་འུ་ཅག་གི་མིག་སྔར་བཤམས་སྟོན་དུ་ཡོད་བཞིན་པའི་རྡོ་བརྐོས་ཡི་གེ་དང་ཁྲིམས་ཡིག་སོགས་ལས་ལྷག་པ་ཞིག་དགོས་པའི་འབད་རྩོལ་གྱི་ངལ་བར་ཅི་ཡང་བསྟེན་མི་དགོས་པ་ཤེས་པར་མཛོད་ཅིག །
ཇི་སྐད་དུ། འཁོར་བའི་སེམས་ཅན་མ་རིག་པ། ཞེས་པར་བཅོས་རོགས།
སྙན་བཟང་།
ཁྱེད་ཀྱིས་བཤད་པ་ལྟར། ང་ཡང་རྩོད་པ་བྱེད་འདོད་ཅིག་སེམས་ཀྱི་ཟུར་ལ་སླེབས་ཙམ་ཡང་བྱས་མ་སོང་། རྒྱུ་མཚན་ནི་བློན་པོ་མགར་གྱིས་ཡི་གེ་ཤེས་ཀྱི་ཡོད་དང་མེད་དེ་སུ་གང་གིས་ཀྱང་ཐག་མི་ཆོད་པ་ཞིག་རེད། ང་ལ་མཚོན་ན་དེའི་སྐོར་ཐག་གཅོད་ཐུབ་པའི་གདེང་ཚོད་གང་ཡང་མེད། གལ་སྲིད། རྩོད་པ་བྱེད་དགོས་བྱུང་ནའང་ངས་ལངས་ཕྱོགས་གང་འཛིན་དགོས་པ་དེ་ཡང་གློ་བུར་དུ་ཐག་ཆོད་དཀའ་བ་ཞིག་རེད། ངས་གོང་གི་མཆན་དེ་འབྲི་དགོས་དོན། ཁྱོད་ཀྱིས་བློན་པོ་མགར་གྱིས་ཡི་གེ་ཤེས་ཀྱི་མ་རེད་ཟེར་ནས་ཐག་བཅད་ནས་བཤད་འདུག་སྟབས། ཡི་གེ་ཤེས་པའི་སྐོར་གྱི་བཤད་ཚུལ་བོད་ཀྱི་ལོ་རྒྱུས་རྙིང་ཤོས་གྲས། ཏུན་ཧོང་། སྦ་བཞེད་དང་སྦ་བཞེད་ཞབས་བཏགས་མ། ཆོས་འབྱུང་གི་ཡི་གེ་ཞིབ་མོ། བཀའ་ཆེམས་བཀའ་ཁོལ་མ་སོགས་ནང་བཀོད་འདུག་པ་དེ་དག་ཀྱང་དཔྱད་གཞིར་བཀོད་པ་ཡིན།
དོན་དག་གང་ཞིག་ཐག་བཅད་ནས་མ་བཤད་སྔོན། ཕྱོགས་གཉིས་ཀྱི་བཤད་ཚུལ་གྱི་རྒྱབ་རྟེན་ལ་ཡིག་ཆ་གང་མང་མང་ཞིག་ཀློག་ཅིང་། དེ་ནས་གང་ཞིག་ཁུངས་བཙུན་མིན། རྒྱུ་མཚན་ཡོད་མེད། ཁུངས་སྐྱེལ་ཐུབ་མིན། དཔང་རྟགས་ཡོད་མེད་ལ་བལྟས་ནས་ཐག་བཅད་ན་ཅུང་ལན་པོར་མཐོང་།
མགོན་པོས་འཁྲིད་འཁྲིད་ནས་འདི་ལ་སླེབས་དུས་ངའི་རིག་པ་འགག་ཚར་སོང་། དེ་རིང་ཝ་འཐིས་ཞེས་པའི་ཚིག་ལ་བསམ་བློ་དྲུག་གསུམ་བཅོ་བརྒྱད་བཏང་ཡང་དྲན་རྒྱུ་གཅིག་ཀྱང་མི་འདུག ངས་རྩོམ་ཡིག་དེ་འདྲ་མཐོང་མ་མྱོང་ཡང་དེང་སང་ཚིག་འདི་འདྲ་ལ་ཞང་ཞུང་གི་སྐད་རེད་ཅེས་བཤད་ཀྱི་ཡོད་དམ། ངས་རྩེད་མོའི་ཚུལ་དུ་ཡིག་ཐོག་ན་བྲི་སྲོལ་མེད་མོད་ཚིག་རྩ་ཆེན་དེ་ཚོ་ཞང་ཞུང་གི་སྐད་རེད་ཅེས་བརྗོད་ཀྱིན་ཡོད། དཔེར་ནི། ཧི་རྫེ། ཧ་པ། ༼ཁྱི་ཕྲུག་༽ ལྟ་བུ། ད་ཚིག་འདི་དག་ཡིག་ཐོག་ལ་བཀོད། ཚིག་མཛོད་དེ་ཚོའི་ནང་འཇུག་རན་པ་རེད། དེ་ལ་དགའ་བསུ་ཡོད།
ང་ཚོ་མངའ་རིས་འབྲོག་སྐད་དུ་ཡང་། སྲོག་རྩ་ལ། ཧྲོག་རྩ་ཟེར་ཡང་། སྲོག་རྩ་གཅིག་ཉིད་སྤྱི་སྐད་དུ་བཀོལ་དགོས།
ང་ཚོའི་ཡུལ་སྐད་དུ། བུ་སྤུན་རྒན་པ་ལ་ཅོ་ཅོ་དང་། ཨ་ཡོ་ཡང་ཟེར། ལོ་གཅིག་ལོ་གཉིས་ཁྱད་པར་མེད། ། ལོ་གསུམ་ཡིན་ན་ཨ་ཡོ་ཡིན། འདི་ནི་ཡུལ་སྐད་དུ་གཏམ་དཔེ་ལ་ཡང་དེ་ལྟར་གྲགས།
ཀརྡོས་བཤད་པ་ལྟར། ཨམ་སྐད་དུའང་། སྲོག་ལ་ཧྲོག སྲན་མ་ལ་ཧྲན་མ། མེ་བསྲོ་ལ་མེ་ཧྲོ། སྲིང་མོ་ལ་ཧྲིང་མོ། སྲིད་པ་ལ་ཧྲིད་པ། སྲང་ལ་ཧྲང་། བསྲན་ལ་ཧྲན། བསྲང་ལ་ཧྲང་། སྲུང་ལ་ཧྲུང་། སྲ་ལ་ཧྲ། བསྲེག་ལ་ཧྲེག་སོགས་མདོར་ན་ས་ར་བཏགས་ཅན་ཚང་མར་ཧྲ་ཡི་སྒྲ་ལྟར་སྐད་ཆ་བཤད། ཨོ་དེ་ལྟར་མིན་པའང་ཡོད་ན་ཐང་ད།
ཨ་མདོ་དང་རྒྱལ་རོང་། ཁམས་པ་དང་འབྲོག་པ། སྟོད་པ་དང་གཙང་པ། དབུས་པ་དང་ལྷོ་པ། སུ་ཡིན་ནའང་སོ་སོའི་ཁ་སྐད་གཙང་མ་དེའི་ཐོག་ལ་སློབ་སྦྱོང་ཡག་པོ་བྱོས་དང་། གཞི་ནས་ང་ཚོའི་བོད་ཀྱི་རིག་གཞུང་གི་རྩ་བ་དེ་བོད་རང་ལ་ཐུག་འདུག་དང་རྒྱ་གར་ཁོ་ལ་ཐུག་འདུག་གསལ་པོ་བྱས་ནས་ཤེས་ལེ་རེད། དེ་འདྲ་ཡིན་དུས་ཁ་སྐད་དང་ལུང་སྐད། ཡུལ་སྐད་དང་ཕ་སྐད་བཅས་ལ་ངེས་པར་དུ་སློབ་ཚན་གསར་པ་ཞིག་བཟོས་ནས་སློབ་གྲྭ་ཁག་གི་ནང་དུ་སློབ་དགོས་པ་འདུག། ཡང་ན་སློབ་ཕྲུག་ཚོ་ལ་རྒྱུས་ལོན་གྱི་ཆེད་དུ་སྟོན་དགོས་པ་འདུག། ཕལ་ཆེར་ང་ཚོ་བོད་མི་ཚོས་ཉིན་མ་དེ་རིང་གི་བར་བོད་རང་གི་སྐད་ཡིག་དྭངས་མ་དེ་ལ་སློབ་སྦྱོང་གནང་མྱོང་ངམ། སློབ་ཚན་བཟོ་མྱོང་ངམ། འདི་མི་ཉམས་རྒྱུན་འཛིན་བྱེད་རྒྱུར་གཞུང་སྒེར་སུས་ཀྱང་བསམ་བློ་གཏོང་མྱོང་ངམ། །
བོན་པོ་འདི་ཨ་མ་བཤད་དུས་ཀྱང་ཨ་ཕ་བཤད། ཨ་ཞང་བཤད་དུས་ཀྱང་ཨ་ཕ་བཤད། ཞང་ཞང་ཞུང་ཞུང་རྐྱང་རྐྱང་བཤད་གི་འདུག ཁ་སྐད་ཚང་མ་སོ་སོ་ཕྱོགས་སྒྲིག་བྱས་ཏེ་སྦྱང་། སྤྱི་སྐད་མེད་པ་བྱས། དེ་ནི་དབྱིན་ཇིས་རྒྱ་གར་ཟ་སྟངས་དང་རྒྱ་མིས་བོད་ཟ་སྟངས་འདྲ་པོ་རེད་འདུག
ཁ་སྐད་ཟེར་མཁན་དེ་རྒྱ་ལ་དར་སོང་ན་བོད་ལ་ནི་ཆིག་སྒྲིལ་གྱི་ནུས་ཉམ་འགྲོ་རྒྱུ་ཏན་ཏན་རེད
ཆིག་སྒྲིལ་དགོས་ན་བོད་སྐད་སློབས། །
ཁ་ཐོར་དགོས་ན་ཁ་སྐད་སློབས། །
བོད་པ་མང་ཆེ་བ་ཆིག་སྒྲིལ་རེད། ཁྱོད་རང་གཅིག་པུ་ཆིག་སྒྲིལ་མིན་ན་ཆོག། ཆིག་སྒྲིལ་གྱི་ངོ་བོར་གནས་ཡོད་པ་དེ་༢༠༠༨་ལ་ཁྱོད་ཀྱིས་མ་མཐོང་ངམ། སྡུག་པོ་བྱུང་དུས་ཆོལ་ཁ་དང་ཆོས་ལུགས་ཀྱི་དབྱེ་བ་མེད་པར་མི་རིགས་གོང་བུ་གཅིག་གྱུར་ལ་སྡོད་ཐུབ་དགོས་པ་རེད། རང་གི་ཁ་སྐད་ཡུལ་སྐད་ཀྱིས་མི་རིགས་ཀྱི་ཆིག་སྒྲིལ་མེད་པ་བཟོ་བར་སེམས་མཁན་དེ་ཚོ་ཧ་ཆང་བློ་རྒྱ་ཆུང་སོང་བ་མིན་ནམ། དེ་འདྲ་ཡིན་ན་རྒྱ་གར་རྒྱལ་ཁབ་དུས་ནམ་ཡང་ཆིག་སྒྲིལ་ཡོང་ས་མ་རེད། རྒྱ་གར་ནི་ཁྱེད་ཚོས་དཔེ་བལྟ་ས་ཡག་ཤོས་དེ་རེད་བ། ཞང་ཞུང་ལོས་ཤོད་དགོས་ཞང་ཞུང་དང་བོད་གཉིས་སྔ་རབས་ནས་མཉམ་གཤིབ་ཏུ་གནས་ཤིང་ང་ཚོའི་མེས་པོ་གོང་མ་རྣམས་ཀྱི་ཕ་ཡུལ་རེད། བོད་ཀྱི་ས་ཁྲ་དེ་གུང་ཁྲན་ཚང་གིས་ཆུང་ཆུང་བཟོས་ཚར་འདུག་བ། ད་ཡང་སྐྱར་དུ་དེ་བས་ཆུང་ཙམ་བཟོ་འདོད་ཡོད་ན་ཞང་ཞུང་མི་དགོས་ལོབ། དེ་ནས་ཁྱོད་ལ་རགས་རྒྱུ་དེ་བོད་དབུས་གཙང་རུ་བཞི་གཅིག་པོ་དེ་ཡིན་འགྲོ། དེ་ནས་ས་སྤར་མོ་གང་ལ་རྒྱལ་ཁབ་ཚུགས་ཤོག་ཨ། །
གང་ལྟར་བོད་ཀྱི་རིག་གཞུང་གི་ཁུངས་ཡང་ན་རྒྱ་གར་ཡང་ན་ཞང་ཞུང་ལ་བཏུགས་གི་འདུག བོད་རང་ལ་ཅང་ཡོད་བཟོ་མིན་འདུག
ཁྱེད་ཚོ་འདི་ནང་ལ་ཕེབས་མཁན་གྱི་མཁས་པ་ང་ཡིན་ཁོ་ཡིན་ཟེར་མཁན་ཚང་མས། བློ་གཟུ་བོར་གནས་ནས་བལྟས་ན། ཁྱེད་ཚོ་ཚང་མ་ནོར་གྱི་འདུག། ཁྱེད་ཚོས་བོན་པོ་དང་། ཞང་ཞུང་། མཐོ་བོད། བཙན་པོ། བན། ཚང་མ་བསྲེས་ནས། བསྡོམས་ཤིག་རྒྱག་ཐབས་བྱེད་ཀྱི་འདུག་རུང་། དེ་ནོར་འཁྲུལ་རེད། མགོན་པོ་དང་དགེ་རབ། དེ་བཞིན་ཁ་བརྡ་བ་གྲོགས་གཞན་པ་རྣམས་ལ་ངས་གཤམ་གྱི་འདྲི་བ་གསུམ་འདྲི་བར་བྱ་སྟེ། དེ་ལ་ལན་བསྟེར་ཐུབ་ན། གཞི་ནས་ཁྱོད་ཚོས་མགོ་ག་པར་ལྟ་བ་དེ་འགྲིག་མེད་ཤེས་ཐུབ།
འདྲི་བ་དང་པོ། ཞང་ཞུང་གི་ས་ཁོངས་མགོ་ག་ནས་འཛུགས། མཇུག་ག་ལ་སྒྲིལ།
འདྲི་བ་གཉིས་པ། ཞང་ཞུང་སྤྱི་ལ་དབང་བའི་རྒྱལ་པོ་དང་པོ་དེ་དུས་རབས་ནམ་བྱུང་། རྒྱལ་པོ་མཐའ་མ་དེ་སུ་ཡིན། ལོ་དུས་ནམ་རེད།
འདྲི་བ་གསུམ་པ། ཞང་ཞུང་གི་ཡི་གེ་སྨར་ཡིག་རེད་ཟེར་བ་འདི་ལ། ཁུངས་ག་པར་གཏུགས། དེ་ཤོད་མཁན་རྩོམ་པ་པོ་དང་པོ་དེ་སུ་རེད།
གོང་གི་རྙོག་འདྲ་དེ་དག་གསལ་པོ་བཟོ་ཐུབ་ན། གཞི་ནས། ཞང་ཞུང་ཟེར་བའི་རིག་གཞུང་སྐོར་ལ་སྐད་ཆ་ཤོད་ཐུབ། ང་ཚོར་དང་པོ་ཞང་ཞུང་གི་གནས་ཚུལ་ཡག་པོ་མ་ཤེས་པ་དང་གཅིག། ཚོད་དཔག་དང་རྨོངས་ཚོད་ཀྱིས་གཏན་འབེབ་བྱས་པའི་ལྐོག་འགྱུར་གྱི་ཤེས་བྱ་མང་བ་དང་གཉིས། གདུང་བཞེན་དང་ལ་རྒྱ་ཆེ་བའི་འུར་སྒྲ་ཆེ་བའི་དཀའ་ངལ་དང་གསུམ་བཅས་ཀྱིས་ང་ཚོའི་མིག་ཚང་མ་གྲིབ་ཡོང་གི་འདུག
ཞང་ཞུང་ཡི་གེ་དེ་ལ་ཤེ་རྟོག་གསལ་པོ་ཞིག་བྱུང་རྗེས། ད་གཟོད་བོད་ཡིག་གམ་ཐོན་མིའི་ཡི་གེ་དེ་ཇི་ཡིན་གསལ་པོར་རྟོགས་ཐུབ། དགེ་རབ་ལགས། ངའི་ཤེས་ཚོར་ལ། བོད་ཡིག་ཟེར་བའི་ཐ་སྙད་འདི་ཕྱིས་སུ་བེད་སྤྱོད་བྱས་པ་ལས། ལོ་རྒྱུས་ཐོག་ལ་སྔོན་མ་བོད་ཡིག་ཟེར་མཁན་གྱི་ཐ་སྙད་བཀོལ་བའི་ཡི་གེ་ཞིག་བསྟན་རྒྱུ་མིན་འདུག། ཏུན་ཧོང་གི་ཡིག་ཆའི་ནང་ལ་བོད་ཡིག་ཟེར་བའི་ཐ་སྙད་ཁྱེད་ཀྱི་གཟིགས་བྱུང་ངམ། རྙོག་འདྲ་འོ་འདི་ཚོ་རེད།
བོད་ཡིག་ཟེར་བའི་ཐ་སྙད་དེ་ཐོག་མ་བེད་སྤྱོད་སུས་བཏང་འདུག་གམ། དེ་གལ་ཆེན་པོ་རེད།
ཀོང་རྗེ་དཀར་པོ་ལགས།
ཆོས་རྒྱལ་སྲོང་བཙན་སྐབས་བོད་ཡིག་གསར་གཏོད་ཅེས་པའི་ཆོ་ལོ་འདི་ཐོན་མི་ལ་ཕུལ་ཡོད་པ་ལས་གཞན་སུ་ལའང་ཕུལ་མེད། འཁོར་བའི་སེམས་ཅན་མ་རིག་པ།།ང་དང་ཁྱོད་ཡང་འཁོར་བའི་གནས་སུ་འཕྱན།།ཨ་ལེ་རྩེད་མོ་ཡིན་ད། ཁྱེད་ཅག་གིས་བཤད་བཤད་ནས་ཐོན་མི་ནི་ཅི་ཡང་མ་ཡིན་པ་དང་གང་ཡང་མེད་པ་ཞིག་བཟོ་གི་འདུག །གཏན་ཚིགས་འགོད་པའི་ཚེའང་། དཔེར་ཅིག་བཞག་ན། ཐོན་མིས་བོད་ཡིག་གསར་གཏོད་མ་བྱས་པའི་ཁུངས་ལུངས་སྣ་གཅིག་སྟོན་རྒྱུ་མེད་ཁར་མི་དགོས་པའི་ཚིག་ཉོག་མང་པོ་ཞིག་དྲངས་ནས་སྒྲུབ་བྱེད་འཐད་ལྡན་ཞིག་གང་ཡང་མཐོང་མ་སོང་། དུ་ལྡན་ལ་ལ་ཆོས་ཅན། དུ་བ་མེད་དེ། ཤིང་མེད་པའི་ཕྱིར། ཟེར་བ་འདྲ་བོ་སྒྲུབ་བྱེད་མ་ངེས་པ་དང་། རྡོ་རིང་གི་ཡིག་རྙིང་བཀོད་ནས་ཅི་ཕན། སྒྲ་སྦྱོར་བམ་གཉིས་སྐབས་ཡི་གེའི་གཟུགས་འགྱུར་གྱི་འགྲོས་དེ་ཟོར་ཡངས་པའི་ཕྱིར་ཡིན་པ་དང་ཕྲད་དང་རྣམ་དབྱེ་སོགས་ལ་འགྱུར་བ་ཕྱིན་མེད། ཐོན་མིའི་སྔོན་ལ་ཡི་གེ་མེད་ཅེས་ནམ་ཡང་ཟེར་མ་མྱོང་། བོད་ལ་གཟུགས་མཚོན་དང་སྒྲ་མཚོན་ཡི་གེ་གཉིས་བྱུང་བ་ཡོངས་གྲགས་རེད། ཕྱི་མ་ནི་ཡི་གེའི་སྐྱེ་གནས་བརྒྱད་ཀྱི་རང་ཤུགས་ལས་ཡི་གེའི་རང་གདངས་ཐོན་ཚུལ་དང་སྔ་མ་ནི་ཅ་དངོས་ཀྱི་རྣམ་པ་ཡི་གེའི་གཟུགས་སུ་འཕོས་བ་ཞང་ཡིག་ལྟ་བུ་རེད། ཐང་ཡིག་ལས། རྒྱ་གར་ཆོས་རྣམས་བོད་ལ་བསྒྱུར་མ་ཐུབ།།ཅེས་པའི་ཡི་གེ་ཡང་ཞང་ཡིག་ཡིན་པ་ལས་གཞན་གང་མིན། ཞང་ཡིག་བོད་ཡིག་ཡིན་ནམ་ཟེར་ན་ལོས་ཡིན། དེས་བོད་རང་གི་སྐད་ལ་རང་ཆས་སུ་ཡོད་པའི་ཕྲད་དང་རྣམ་དབྱེ་སོགས་མཚོན་མ་ཐུབ་པས་ལེགས་སྦྱར་ལ་དཔེར་མཛད་དགོས་བྱུང་བ་རེད། དབྱངས་གསལ་གྱི་རྨང་གཞི་ལས་ཕྲད་དང་རྣམ་དབྱེ་སོགས་ཀྱི་རྣམ་བཞག་སྟོན་པའི་སུམ་ཅུ་བ་སོགས་མཛད། དེས་ན་དེང་གི་བོད་ཡིག་གི་འགྲོས་འདིའི་ཡིག་གཟུགས་དང་བོད་སྐད་ཀྱི་གདངས་མཚོན་པ་གཉིས་ཀ་རྒྱ་གར་ལ་དཔེར་མཛད་ནས་བོད་ལ་སྔ་ན་མེད་པའི་བོད་ཡིག་གསར་གཏོད་མཛད་པས་ན་ཆོ་ལོ་འདི་ཐོན་མི་ལ་ཕུལ། ཕྱིས་སུ་ཡང་མཁས་པ་རྣམས་ཀྱིས་ཐོན་མིའི་བཞེད་སྲོལ་གཞིར་བཞག་ནས་འགྲོ་དང་འགྲོ་བཞིན་པ་རེད།
ད་ངས་ཀྱང་དྲི་བ་ཞིག་དྲི། བོན་པོའི་བཀའ་འགྱུར་དང་བརྟེན་འགྱུར་རྣམས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྔ་རོལ་ནས་ཡོད་པ་མིན་ཏེ། ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་བཙུགས་པའི་རྡོ་རིང་གི་ཡི་གེ་དང་མ་འདྲ་བའི་ཕྱིར། ཟེར་ན་ཅི་ཟེར།
དེ་ནི་སུམ་ཅུ་པ་ཐོན་མིས་བརྩམས་པ་མིན་ཏེ་ཆོས་རྒྱལ་སྲོང་བཙན་གྱི་སྐབས་སུ་བཙུགས་པའི་རྡོ་རིང་གི་ཡི་གེ་རྣམས་སུམ་ཅུ་པ་དང་མ་མཐུན་པའི་ཕྱིར་ཟེར་མཁན་རྣམས་ལ་རིགས་མཚུངས་ཀྱི་རིག་པ་མདོར་བསྡུས་ཤིག་རེད།
ཡང་བོད་ལ་ཡི་གེ་ཡོད་ན་བོད་ཡིག་དང་ཞང་ཞུང་གི་ཡི་གེ་གཉིས་གང་རུང་ལས་གཞན་ཡོད་མི་ཆོག་གམ་ཅི། དེ་ནི་སྲོང་བཙན་གྱི་སྐབས་སུ་ཡི་གེ་ཡོད་ཚུ་གྱི་ལོ་རྒྱུས་གསལ་བ་དེ་བོད་ཡིག་ཐུ་མིས་བཟོས་པ་མིན་པའམ་ཞང་ཞུང་གི་ཡི་གེ་སྔར་ནས་ཡོད་པའི་སྒྲུབ་བྱེད་དུ་བཀོད་པ་རྣམས་ལ་དྲིས་པ་ཡིན།
ཞང་ཞུང་གི་བརྡ་སྤྲོད་པའི་བསྟན་བཅོས་ཤིག་ཡོད་དམ་མེད། གལ་ཏེ་མེད་ན་དེ་དུས་ཞང་ཡིག་ཏུ་བྲི་དུས་བརྡ་སྤྲོད་པའི་བསྟན་བཅོས་མེད་པར་ཇི་ལྟར་བྲིས། དེ་ནི་སྲོང་བཙན་གྱི་སྐབས་སུ་རྒྱ་ནག་རྒྱལ་པོ་དང་བལ་པོ་རྒྱལ་པོ་ལ་བསྐུར་བའི་ཡི་གེ་ཞང་ཞིག་ཏུ་བྲིས་པར་འདོད་མཁས་རྣམས་ལ་དྲིས་པ་ཡིན།
དེ་ནས་པདྨ་གླིང་པ་དང་ཙོང་ཁ་པའི་སྐོར་ལ་གོང་དུ་མིག་བརྒྱད་པས་བཤད་པར་བསམ་བློ་གཏོང་ས་མང་པོ་འདུག། དཔེར་ན་ཙོང་ཁ་པ་ཆེན་པོ་མཆོག་ལེགས་སྐར་གྱི་སྐྱེ་བ་ཡིན་པར་འདུལ་བ་ལུང་དང་འགལ་ཚུལ་ལྟ་བུ་དང་གཏེར་སྟོན་པདྨ་གླིང་པར་ངོ་མ་རྫུན་མ་ཞིག་བྱུང་ཡོད་ཚུལ་རྣམས་རེད། པདྨ་གླིང་པའི་བཀའ་ཐང་དེ་ཉིད་པདྨ་གླིང་པའི་གཏེར་ཆོས་དངོས་ཡིན་མིན་ཞིབ་འཇུག་ངེས་པར་བྱེད་དགོས་ཡོད། གང་ཡིན་ཟེར་ན་པདྨ་གླིང་པ་རང་ཉིད་ཀྱི་རྣམ་ཐར་དུ་ཡང་སུའི་གཏེར་ཁ་ཡིན་གསལ་ཁ་མེད་པའི་བཀའ་ཐང་ཞིག་གི་ལུང་གནང་ཚུལ་ཙམ་གསལ་ཡོད་པ་ལས་བཀའ་ཐང་ཞིག་གཏེར་ནས་བཞེས་པའི་ལོ་རྒྱུས་གསལ་ཡོད་མ་རེད། འོན་ཀྱང་གོང་དུ་མིག་བརྒྱད་པས་དྲངས་པའི་ལུང་ཚིག་དག་ལ་བལྟས་ན་བཀའ་ཐང་དེ་ཉིད་ཡོད་ནི་སྔ་མ་ནས་ཡོད་ས་རེད།
མིག་བརྒྱད་པས་ཨོ་རྒྱན་གླིང་པའི་པདྨ་བཀའ་ཐང་ནས་གསུངས་པའི་པདྨ་གླིང་པ་དང་གོང་གི་བཀའ་ཐང་གཏེར་བཞེས་མཁན་པདྨ་གླིང་པ་གཅིག་པ་མིན་པའི་སྒྲུབ་བྱེད་དུ་གཏེར་བཞེས་པའི་ཡུལ་ནོར་བ་རྒྱུ་མཚན་དུ་བཀོད་པ་ནི་ཅུང་མི་རིགས་སྙམ། གང་གིས་ཕྱིར་ན་ཐང་ཡིག་ཏུ་གཏེར་གནས་གཅིག་མ་གཏོགས་མི་གསལ་ཡང་གཏེར་སྟོན་པས་གཏེར་བཞེས་དུས་ཐང་ཡིག་ནས་གསལ་བའི་གཏེར་གནས་གཅིག་པུ་ནས་མ་ཡིན་པར་གཏེར་གནས་གཞན་ནས་ཀྱང་བཞེས་འདུག། པདྨ་གླིང་པ་ལ་མཚོན་ན་ཡང་ཐོག་མར་མེ་འབར་མཚོ་ནས་བཞེས་ཤིང་དེ་རྗེས་ལྷོ་བྲག་སྨན་མདོ་དང་བྲག་དམར་དོ་བོ་ལུང་། བསམ་ཡས་ཀྱི་མཆོད་རྟེན་དང་ཐར་པ་གླིང་གི་བྲག་སོགས་ཕལ་ཆེར་གཏེར་གནས་༣༢ ཙམ་ནས་གཏེར་བཞེས་པ་གསལ་ཡོད།
ཡང་པདྨ་གླིང་པ་གཏེར་སྟོན་རྫུན་མ་ཡིན་པའི་རྒྱུ་མཚན་དུ་མཁས་གྲུབ་ཆེན་པོས་གསུངས་ཟེར་བའི་ལུང་གང་མང་ཞིག་དྲངས་འདུག། མཁས་གྲུབ་ཆེན་པོ་ཟེར་བ་སུ་ཡིན་མི་ཤེས། གལ་ཏེ་དགེ་ལུགས་པའི་བླ་མ་ཞིག་ཡིན་ན་ནི་མཐའ་སྡོམ་ལ་པདྨ་གླིང་པ་གཏེར་སྟོན་རྫུན་མ་ཡིན་ཏེ་དགེ་ལུགས་པའི་བླ་མས་གསུངས་པའི་ཕྱིར་ཟེར་བ་ལས་མ་འདས། དེ་ལྟར་ན་ཙོང་ཁ་པ་ལེགས་སྐར་གྱི་སྐྱེ་བ་ཡིན་ཏེ་པདྨ་གླིང་པས་གསུངས་པའི་ཕྱིར་ཟེར་བ་དང་གཅིག་པ་གཅིག་རྐྱང་ལས་ཁྱད་པར་མཐོ་གང་མིན་འདུག་སྙམ། དེ་བཞིན་རྙིང་མ་པ་རྣམས་ཧ་ཤང་ཡིན་ཚུལ་ཡང་དེ་དང་འདྲ་བར་འདུག།
ཡང་རྒྱལ་བ་ཙོང་ཁ་པ་ཆེན་པོ་མཆོག་སྐྱེས་བུ་དམ་པ་ཡིན་པའི་རྒྱུ་མཚན་དུ་ཀརྨ་པ་རོལ་པའི་རྡོ་རྗེས་སྐྱེས་བུ་དམ་པ་ཡིན་གསུངས་པ་སྒྲུབ་བྱེད་དུ་དྲངས་འདུག་པ་ནི་པདྨ་གླིང་པ་ཡང་ཀརྨ་པ་ཆོས་གྲགས་རྒྱ་མཚོས་སྐྱེས་བུ་དམ་པ་ཡིན་པར་ལུང་དུ་བསྟན་པ་ཙམ་དུ་མ་ཟད་སྐྱེ་བ་གསུམ་གྱི་བླ་མ་ཡིན་ཚུལ་གསུངས་ཏེ་བླ་མར་བསྟེན་ཡོད་ཚུལ་གསལ་བས་མཉམ་པར་སོང་། འོན་ཀྱང་དེ་དང་བཀའ་ཐང་གཏེར་ནས་བཞེས་མཁན་གཉིས་མི་འདྲ་ཞེ་ན་ལབ་རྒྱུ་མེད།
གང་ལྟར་ངས་བལྟས་ན་གོང་གི་བཀའ་ཐང་གཏེར་ནས་བཞེས་མཁན་དེ་པདྨ་གླིང་པ་དངོས་དང་རྫུན་མ་སུ་ཡིན་རུང་། དེ་དུས་ཙོང་ཁ་པའམ་དེའི་རྗེས་འཇུག་ཚོས་ཨོ་རྒྱན་པདྨ་འབྱུང་གནས་ལ་དད་པ་བྱེད་ཀྱི་མེད་པ་འདྲ་ལ། དེ་ལ་བརྟེན་ནས་ལུང་བསྟན་འདི་བྱུང་བ་ཡིན་ཚོད་འདུག་བསམ། དེ་ལྟར་བསམ་དགོས་དོན་ཡང་གང་ཡིན་ཟེར་ན་ལུང་བསྟན་དེའི་གོང་དུ་གཙང་པ་རྒྱ་རས་སོགས་ཀྱིས་པད་འབྱུང་གི་བསྟན་པ་འཛིན་ཚུལ་ཞིག་གསལ་འདུག་པ་མ་ཟད། ཙོང་ཁ་པས་པད་འབྱུང་དང་རྗེ་འབངས་ཉེར་ལྔ་ལ་དད་པ་མེད་པ་ཞིག་དངོས་སུ་བསྟན་འདུག་པའི་ཕྱིར་རོ༎
རང་གི་སྟོན་པ་ལ་དད་པ་མ་བྱས་དུས་ཕ་རོལ་པོར་ཁ་གཏོང་བ་ནི་རང་གཞན་ཀུན་གྱིས་གཤིས་ཀ་ཞིག་ཡིན་འདུག་སྟེ། ནང་པ་སངས་རྒྱས་པ་རྣམས་ཀྱིས་ཀྱང་རང་གི་སྟོན་པ་ཤཱཀ་ཐུབ་ལ་དད་པ་མེད་མཁན་ཧིན་དུ་དང་ཁ་ཆེ་བ་རྣམས་ལ་བདུད་ཀྱི་ཆོས་དང་ལོག་པའི་ཆོས་མུ་སྟེགས་པ་སོགས་ཀྱིས་མིང་གིས་བོས་ཏེ་ག་ཚོད་ཅིག་ཁ་གཏོང་གི་ཡོད་པ་གསལ་པོ་མ་ཡིན་ནམ། དེ་བཞིན་འཛམ་གླིང་མཛེས་པའི་རྒྱན་དྲུག་སོགས་ལ་དད་པ་མེད་པའམ་དེའི་རྗེས་སུ་མ་འབྲེངས་མཁན་ཚོར་ཐེག་པ་དམན་པ་ཞེས་བརྗོད་པ་མིན་ནམ། གོང་དུ་ཁྱེད་ཀྱིས་དྲངས་པའི་མཁས་གྲུབ་ཆེན་པོའི་གསུང་ལས་པཎ་ཆེན་ཤཱཀྱ་མཆོག་ལྡན་ལ་ཁ་གཏོང་བ་ཡང་རྒྱུ་མཚན་རྩ་བ་ཐུག་ས་ནི་ཙོང་ཁ་པ་ལ་དད་པ་མ་བྱས་པ་ཞིག་ལ་ཐུག་འདུག་ག།
དེ་ཡིན་དུས་ངས་བལྟས་ན་པདྨ་གླིང་པའི་ལུང་བསྟན་དང་མཁས་གྲུབ་ཆེན་པོའི་གསུང་རྣམས་ཚང་མ་དགོངས་པ་ཅན་ཞིག་ཡིན་ཚོད་འདུག་པས། སོ་སོའི་སྡེ་ནང་དུ་བཞག་རྒྱུ་ལས་ཕྱིར་སྒྲོག་བྱེད་རྒྱུ་ཞིག་རེད་མིན་འདུག་སྙམ། པད་གླིང་གི་ལུང་བསྟན་ནང་དུ་ཡང་འདི་ཉིད་བཀའ་རྒྱ་མ་ཞིག་ཡིན་པས་སུ་ལ་ཡང་མ་བསྟན་ཟེར་བ་ཞིག་འདུག་ག། འོན་ཀྱང་ངས་འདིར་ཁྱེར་འོངས་དགོས་དོན་ནི་འགའ་ཞིག་གིས་པདྨ་གླིང་པས་ཙོང་ཁ་པ་བདུད་སྤྲུལ་ཡིན་ཚུལ་གསུངས་ཡོད་ལུགས་ཤིག་ཡང་ནས་ཡང་དུ་གསུངས་ཙང་། དེ་འདྲ་ཞིག་གསུངས་མེད་ཚུལ་གསལ་པོ་བཟོ་ཆེད་ཁུར་སླེབས་པ་ལས། པད་གླིང་གི་རྗེས་འཇུག་དང་ཙོང་ཁ་པའི་རྗེས་འཇུག་ཚོའི་བར་དུ་ཕུང་ཁྲོལ་བཟོ་ཆེད་མིན།
ད་ཤཱཀྱ་ཐུབ་པའི་སྐུ་མདུན་ལ་ཀུན་དགའ་བོས་ཙབ་ཙུབ་བྱས་པ་ལྟ་བུ་ཞིག་ཐལ་སོང་བས་ཚང་མ་ལ་དགོངས་པ་མ་ཚོམས་རོགས་ཞུ།
གཡུ་འབྲུག་དཀར་པོས་ཡག་པོ་གཅིག་བཤད་འདུག
བྱས་ཙང་ཆོས་ལུགས་གཅིག་གིས་གཅིག་ལ་རང་གི་ལྟ་སྤྱོད་དང་མ་མཐུན་པ་ལ་ངན་སྨྲས་བྱེད་ཀྱང་རེད། དེ་ལ་མིང་འདོགས་སྣ་ཚོགས་འདོགས་ཀྱི་རེད། དགའ་སའི་དབུ་ལ་འོད་དཔག་མེད། མི་དགའ་སའི་མགོ་ལ་གླང་གི་རྭ།
དེ་འདྲ་རང་རེད། ད་མིག་བརྒྱད་པས་མིག་བརྒྱད་ཀར་ཕྱེ་ནས་གཅིག་ཡིན་དཱ། གཡུ་འབྲུག་གིས་ལུང་དང་རིག་པ་རྒྱུ་མཚན་དང་བཅས་ཏེ་བྲིས་འདུག
འདི་འདྲ་ལ་བལྟས་ན་དེང་སང་ཧི་མི་འདི་ཚོ་ལ་ཡོན་ཏན་དགའ་རབས་ཤིག་འདུག་དཱ།
ད་ཧ་ཤང་གི་སྐོར་ལ་ཡིན་དཱ།
ངས་ནི་ཧ་ཤང་གི་སྐོར་ལ་ཅང་རྒྱུས་མངའ་མེད། ཀུན་མཁྱེན་ཀློང་ཆེན་པ་ནི་སངས་རྒྱས་དངོས། ཧ་ཤང་ཧོ་ཤང་གང་བཏགས་ཀྱང་སངས་རྒྱས་ན་དེ་ཀས་ཆོག་པཱ།
བན་དེ་བས་ང་ལ་བསྟོད་པ་ཞིག་བྱས་འདུག ད་སེམས་པ་དགའ་སོང་། ཁ་བརྡ་སྒང་ལ་ང་ལ་བསྟོད་པ་བྱེད་མཁན་ཁྱོད་དང་པོ་ཡིན་ད། ཡིན་ན་ཡང་ཁྱེད་ཀྱིས་མིག་བརྒྱད་པ་ལ་མིག་བརྒྱད་ཀ་ཕྱེ་ཤོག་ཟེར་བས་ང་ཏོག་ཙམ་སྐྲག་སོང་། གལ་ཏེ་ཁོ་བོས་མིག་བརྒྱད་ཀར་ཕྱེ་ནས་སླེབས་ན་དེ་དུས་ངའི་རྒྱབ་རྩར་ཁྱེད་རང་ལངས་དགོས་རེད་ལོ། ཧ་ཧ་ཀུ་རེ་ཡིན།
སློབ་དཔོན་སངས་རྒྱས་གཉིས་པ་དང་རྒྱལ་འབངས་ཉེར་ལྔ་ལ་བཤད་ཡ་ཅང་མེད། གླང་དར་གྱིས་བསྟན་པ་ནུབ་རྗེས་སྦྱོར་སྒྲོལ་ཞེས་པའི་ཆོས་ལོག་དར་བ་དང་སྔགས་པ་ཚད་ལྡན་མིན་པས་རྒྱུད་རྩོམ་པ་དང་བོན་བསྲེས་ཀྱི་ཆོ་ག་འདྲ་མིན་ཞིག་བྱུང་ཡོད་པ་ཁས་མ་བླངས་ཐབས་མེད་རེད། གཡུ་འབྲུག་དཀར་པོ་ལགས། གཏེར་སྟོན་རྫུན་མ་མེད་ཟེར་ན་ཁྱེད་རང་གི་འདོད་པ་རེད། ཡོད་པའི་སྒྲུབ་བྱེད་འགོད་དགོས་པའི་རྒྱུ་མཚན་གང་ཡང་མེད། སློབ་དཔོན་བཀའ་དྲིན་ཅན་གྱིས། ལྐོག་ཏུ་ཤ་ཆང་བུད་མེད་བསྟེན།།བོད་བཙུན་རྣམས་དང་ང་མི་མཐུན།།ཞེས་དང་། ང་སྤྲུལ་ཡིན་ཞེས་གཏེར་མིན་གཏེར་འདྲ་འདོན།།དམ་ཉམས་གར་ཡང་མ་བྲིན་ཁྱུ་གཅིག་ཚོགས།།ཉ་མའི་མགོ་སྐོར་འབྲེལ་མེད་ཆོས་བཤད་བྱེད།།ཞེས་མ་འོངས་ལུང་བསྟན་ལྟ་བུར་གསུངས་འདུག་པ་འདི་ལ་དགོངས་པ་བཞེས་དགོས་པ་རེད། བཀའ་ཆེན་བཀའ་ཁོལ་མ་དང་རཏྣ་གླིང་པ་སོགས་ཀྱིས་དགོན་གནས་དང་མཚན་སོགས་གསལ་བོར་ལུང་བསྟན་པ་བསྟན་པ་ཁྱེད་ཚོས་ཤེས་རབ་ཀྱི་མིག་གིས་མཐོང་ཡོད་ས་མ་རེད། གཏེར་སྟོན་གླིང་པ་དགུ་རིམ་པར་བྱུང་བའི་ནང་གཏེར་སྟོན་པདྨ་གླིང་པ་ཙོང་ཁ་བའི་རྗེས་སུ་བྱོན་པ་རེད་དམ་སྔོན་ནས་བྱོན་པ་རེད། མཁས་པ་ཤཀ་མཆོག་དང་པད་གླིང་རྫུན་མ་གཉིས་ཀྱི་གྲོས་ངན་བཤམས་ནས་གཏེར་རྫུན་བཏོན་པ་ཡོངས་གྲགས་རེད། སོ་སོའི་སྡེ་ནང་སྦས་སྐུང་བྱེད་དགོས་པའི་རྒྱུ་མཚན་འདུག་གམ། ཁྱེད་ཚོས་ད་དུང་ཡུལ་དུས་དང་འགལ་མེད་ཟེར་ནས་ཨུ་ཚུགས་བྱེད་བསྡད་ན་ཕན་ཐོགས་ཅི་ཡོད། ས་སྐྱའི་སྡོམ་གསུམ་རབ་དབྱེ་དང་རྔོག་གི་གཟེ་མ་ར་མགོ །འབྲི་གུང་དཔལ་འཛིན་སོགས་ཀྱིས་དངོས་སུ་དགག་པ་བརྒྱབ་ཡོད་པ་གཏེར་སྟོན་རྫུན་མ་དེ་ཚོ་མིན་ན་རྙིང་མ་ལ་མི་དགའ་བ་ཡིན་སྲིད་ཀྱི་མ་རེད།
མིག་བརྒྱད་པས་བཤད་པ་འདི་སྔ་མོ་གོ་མྱོང་བ་འདྲ་ཞིག་འདུག ལྟོས་ཨ། ལྟོས་ཨ། ཨོ་དྲན་སོང་། ཏག་ཏག་རེད། ཐེའུ་བཀྭན་གྲུབ་མཐར་མདོ་སྒྱུ་སེམས་གསུམ་ཀ་དག་གདོད་མའི་དབྱིངས་སུ་ཐིམ་ནས་རིང་ཞིག་ལོན་པས། ད་ལྟའི་རྙིང་བ་རྣམས་ནི་ལས་བྱང་གྱེར་བ་དང་མནན་སྲེག་འཕང་གསུམ་སོགས་ཅིག་ཅིག་གཟུགས་བརྙན་ཙམ་མོ། ། ཟེར་བ་འདྲ་ཞིག་ལྷང་ལྷང་དྲན་གི མིག་བརྒྱད་པ་དང་སྐུ་ཞབས་ཐེའུ་བཀྭན་ཐུགས་སྣང་གཤིམ་པོ་ཡོད་འདྲའོ།།
འོ་ད་མིག་བརྒྱད་པ་ཕེབས་འདུག། མིག་བརྒྱད་ཀ་ཕྱེ་ནས་ཕེབས་པ་ཡིན་ནམ། གལ་ཏེ་མིག་བརྒྱད་ཀ་ཕྱེ་ན་ཕེབས་པ་ཡིན་ན་ངས་ཁྱེད་ལ་ལན་རྒྱག་གི་ཡིན། མིག་གཉིས་མ་གཏོགས་ཕྱེ་མེད་ན་ལན་རྒྱག་རྒྱུ་མཚམས་འཇོག་གི་ཡིན།
གང་ལྟར་གཞན་མང་པོ་ཞུ་དགོས་མིན་འདུག། འབྲི་གུང་དཔལ་འཛིན་པའི་རྩོད་བཟློག་སོགས་ལ་གཟིགས་དང་། སྦྱོར་སྒྲོལ་ཞེས་པ་ཆོས་ལོག་མིན་ཚུལ་དང་། དེའི་ཐ་སྙད་སྔགས་གསར་མ་སྟེ་ཁྱེད་དགེ་ལུགས་པར་ཡོད་ཆོག་མེད་ཆོག་ཡིན་པའི་དུས་འཁོར་གྱི་རྒྱུད་དུ་ཡང་ཡོད་ཚུལ་གསུངས་འདུག།
པདྨ་གླིང་པ་ཙོང་ཁ་པའི་རྗེས་སུ་བྱུང་བ་ཏན་ཏན་རེད། རཏྣ་གླིང་པ་ཡང་ཙོང་ཁ་པའི་རྗེས་སུ་བྱུང་བ་རེད། སྦྱོར་སྒྲོལ་ཆོས་ལོག་ཡིན་ཚུལ་དང་། དགེ་ལུགས་པའི་དགོན་པ་སོགས་ཀྱི་ལུང་བསྟན་བྱུང་བས་གཏེར་སྟོན་དངོས་ཡིན་ཚུལ་དང་། དེ་མ་བྱུང་བས་གཏེར་སྟོན་རྫུན་མ་ཡིན་ཚུལ་གསུངས་ལུགས་ལ་བལྟས་ན་མིག་བརྒྱད་ཀ་ཕྱེ་ཡོད་ས་མ་རེད། ད་ང་བཞེད་སོང།
ཨོ་ང་མ་བྲོས་གོང་ལ་ཁྱེད་ལ་གཅིག་ཞུ་དགོས་འདུག། ཁྱེད་ཀྱིས་པད་གླིང་རྫུན་མ་ཞེས་ཡང་ཡང་གསུངས་ཀྱི་འདུག པད་གླིང་ལ་དངོས་དང་རྫུན་མ་གཉིས་བྱུང་ཡོད་རེད་པས། དེ་འདྲ་བྱུང་ཡོད་ན་དུས་ཚོད་ག་དུས་ལ་བྱུང་ཡོད། སྤྱི་ལོ་༡༤༥༠ ལ་འཁྲུངས་ཏེ་༡༥༢༡ ལ་འདས་པ་དེ་པད་གླིང་རྫུན་མ་རེད་དངོས་རེད། དེའི་སྐོར་ཞིག་ཁ་གསལ་པོ་གསུངས་རྒྱུ་ཡོད་ན་གསུངས་རོགས་སྐུ་མཁྱེན། གལ་ཏེ་དུས་ཚོད་ཏན་ཏན་གསུངས་རྒྱུ་མེད་ན་མིག་བརྒྱད་ཀ་ཕྱེ་ནས་གཟིགས་རོགས། དེ་ནས་ང་ལ་གསུངས་རོགས།
ངས་མིག་བརྒྱད་པ་ལས་མིག་གཉིས་གཡར་ནས་མིག་བཞིའི་སྒོ་ནས་ཐེངས་གཅིག་བལྟས་པ་ཡིན། དེ་ལྟར་བལྟས་པས་གོང་གི་ལུང་ཚིག་དེ་པདྨ་གླིང་པའི་གཏེར་མ་གསང་བའི་ལུང་བསྟན་གཞན་ན་ཡང་ཡོད་པ་མཐོང་། དེ་ཡིན་དུས་གོང་གི་རྩོད་གཞི་ཆོས་ཅན་གྱི་བཀའ་ཐང་དེ་ནི་པདྨ་གླིང་པའི་གཏེར་མ་ཡིན་མིན་ཞིབ་འཇུག་བྱེད་དགོས་དོན་མེད་པར་གྱུར། ལུང་བསྟན་དེར་ལུང་ཚིག་དེ་ལ་སྟོད་ལགས་ཀྱིས་བཀོད་པ་དང་འདྲ་ཆགས་སེ་བ་ཞིག་འདུག འོན་ཀྱང་དེར་ཙོང་ཁ་པའི་བསྟན་པ་འཛིན་མཁན་གྱི་གྲལ་དུ་འགོང་པོའི་སྤྲུལ་པ་འབྱུང་བར་གསུངས་པ་ཙམ་ལས་ཙོང་ཁ་པ་བདུད་སྤྲུལ་ཡིན་པ་ཞིག་ནི་མིན་འདུག་གོ། ད་མིག་བརྒྱད་པ་ཁྱེད་རང་པདྨ་གླིང་པ་གཏེར་སྟོན་རྫུན་མ་ཡིན་པར་སྒྲུབ་ན་སྒྲུབ་ཡ་རང་རེད་མ་གཏོགས། བཀའ་ཐང་དེ་པད་གླིང་རྫུན་མའི་གཏེར་མ་ཡིན་པར་སྒྲུབ་ཐབས་མིན་འདུག་གོ། ད་དུང་གཅིག་ཞུ་རྒྱུ་ལ་ངས་བལྟས་ན་ས་སྐྱ་པའི་ཤཱཀ་མཆོག་དང་པད་གླིང་གཉིས་མཉམ་རུབ་ཀྱིས་ལུང་རྫུན་དང་གཏེར་རྫུན་བཟོ་ཡོད་རབས་བཤད་པ་ནི་རྫུན་གཏམ་ཞིག་ཡིན་ནམ་སྙམ། གང་ཡིན་ཞེ་ན་པདྨ་གླིང་པ་དང་ས་སྐྱ་པ་ཡང་འཆམ་པོ་རང་ཡོད་ཡོད་མ་འདྲ་སྟེ། པད་གླིང་གི་ལུང་བསྟན་དང་བཀའ་ཐང་རྣམས་སུ་ས་སྐྱ་པན་ཆེན་ཡང་པདྨ་འབྱུང་གནས་ལ་དད་པ་མེད་མཁན་གྱི་གྲངས་སུ་བགྲངས་ཏེ་འགོང་པོ་འམ་གཅིག་གཅིག་གཉིས་གཉིས་ཀྱི་སྤྲུལ་པ་ཡིན་པར་གསུངས་འདུག་པའི་ཕྱིར་རོ༎
ཐང་ཡིག་ལས། ང་སྤྲུལ་ཡིན་ཞེས་གཏེར་མིན་གཏེར་འདྲ་འདོན།།དམ་ཉམས་གར་ཡང་མ་བྲིན་ཁྱུ་གཅིག་ཚོགས།།ཉ་མའི་མགོ་སྐོར་འབྲེལ་མེད་ཆོས་བཤད་བྱེད།།ཞེས་པའི་ལུང་བསྟན་འདི་གཏེར་རྫུན་ཚོ་ལ་གསུངས་བ་རེད། ང་སྤྲུལ་ཡིན་ཞེས་པས་སློབ་དཔོན་རིན་པོ་ཆེའི་སྤྲུལ་བ་ཡིན་མདོག་གིས་གཏེར་འདྲ་མི་འདྲ་བཏོན། བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ལ་ཕུང་དཀྲུགས་བསམ་སྦྱོར་ངན་པས་སློབ་མའི་ཚོགས་ལ་མགོ་སྐོར་ཆོས་བཤད་བྱེད་མཁན་མང་པོ་ཡོད་ཚོད་འདུག །འགྲོ་མགོན་འཕགས་པ་ཀུན་དགའ་རྒྱལ་མཚན་ཞེས།།ས་སྐྱ་པཎ་ཆེན་ནི་སློབ་དཔོན་རིན་པོ་ཆེའི་ཡང་སྤྲུལ་ཡིན་པར་བཀའ་བསྡུས་ལས་གསུངས་འདུག་ཀྱང་། འགོང་པོའི་སྤྲུལ་པ་ཡིན་པར་བཤད་པ་ནི་གཏེར་སྟོན་རྫུས་མ་རྣམས་ཀྱིས་ལྷད་བཅུག་པའི་བྱས་ཉེས་རེད། ཤཀ་མཆོག་ནི་ས་སྐྱ་བའི་དེ་ཡིན་མིན་མི་ཤེས།
གཡུ་འབྲུག་ལགས་ནས།
༼ད་ངས་ཀྱང་དྲི་བ་ཞིག་དྲི། བོན་པོའི་བཀའ་འགྱུར་དང་བརྟེན་འགྱུར་རྣམས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྔ་རོལ་ནས་ཡོད་པ་མིན་ཏེ། ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་བཙུགས་པའི་རྡོ་རིང་གི་ཡི་གེ་དང་མ་འདྲ་བའི་ཕྱིར། ཟེར་ན་ཅི་ཟེར། དེ་ནི་སུམ་ཅུ་པ་ཐོན་མིས་བརྩམས་པ་མིན་ཏེ་ཆོས་རྒྱལ་སྲོང་བཙན་གྱི་སྐབས་སུ་བཙུགས་པའི་རྡོ་རིང་གི་ཡི་གེ་རྣམས་སུམ་ཅུ་པ་དང་མ་མཐུན་པའི་ཕྱིར་ཟེར་མཁན་རྣམས་ལ་རིགས་མཚུངས་ཀྱི་རིག་པ་མདོར་བསྡུས་ཤིག་རེད།༽
ལན་དུ། ཁྱེད་ཀྱིས་བཀོད་གནང་བའི་རིགས་པ་གཉིས་དེ་རགས་མཐོང་ཙམ་ན་ཕྱོགས་མཚུངས་རིགས་པ་ཞིག་གི་སྣང་བརྙན་འདུག ཡིན་ནའང་། འདིར་གནད་འགག་ནི། ཕྱིས་ཁྲི་སྲོང་སྐབས་ན་བཙུགས་པའི་རྡོ་རིང་གི་ཡི་གེ་རྣམས་བོན་གྱི་བཀའ་དང་བཀའ་བརྟེན་ལ་ལྟོས་དགོས་མིན་དང་། རྡོ་རིང་གི་ཡི་གེ་དེ་སུམ་རྟགས་གཞུང་ལ་ལྟོས་དགོས་མིན་ལ་མནོ་བསམ་གཏོང་དགོས། དེས་ན་ཕྱིས་ཀྱི་རྡོ་རིང་གི་ཡི་གེ་དེ་བོན་གྱི་བཀའ་དང་བཀའ་བརྟེན་ལ་ལྟོས་དགོས་པའི་གནད་ཅིག་མེད་པས་དེ་དང་མ་འདྲ་བ་ཙམ་གྱིས་སྔར་མེད་པར་ཐལ་བའི་གནད་འགག་ཅིག་མེད་མོད། རྡོ་རིང་ཡི་གེ་དེ་སུམ་རྟགས་གཞུང་ལ་ལྟོས་དགོས་པའི་གནད་ཅིག་ཆགས་ཡོད། དེས་ན་སུམ་རྟགས་རྡོ་རིང་ཡི་གེ་དང་མ་འདྲ་བ་ཙམ་གྱིས་གཞུང་དེ་ཐོན་མིས་མ་བརྩམས་པར་ཐལ་བར་ངང་གིས་འགྱུར་བ་ཞིག་རེད་དོ། དེ་ཡང་སུམ་རྟགས་གཞུང་དེ་ཐོན་མིས་བརྩམས་པར་སྨྲ་བའི་ལུགས་ལྟར་བརྗོད་པ་ཡིན་ནོ།
༼ཡང་བོད་ལ་ཡི་གེ་ཡོད་ན་བོད་ཡིག་དང་ཞང་ཞུང་གི་ཡི་གེ་གཉིས་གང་རུང་ལས་གཞན་ཡོད་མི་ཆོག་གམ་ཅི། དེ་ནི་སྲོང་བཙན་གྱི་སྐབས་སུ་ཡི་གེ་ཡོད་ཚུ་གྱི་ལོ་རྒྱུས་གསལ་བ་དེ་བོད་ཡིག་ཐུ་མིས་བཟོས་པ་མིན་པའམ་ཞང་ཞུང་གི་ཡི་གེ་སྔར་ནས་ཡོད་པའི་སྒྲུབ་བྱེད་དུ་བཀོད་པ་རྣམས་ལ་དྲིས་པ་ཡིན།༽
ལན་དུ། ཡི་གེ་ནི་སྤྱིར་བཏང་སྤྱི་ཚོགས་གང་ཞིག་ལ་དགོས་མཁོར་དམིགས་ཏེ་དེའི་སྐད་ལའང་ངེས་པར་དུ་ལྟོས་པའི་གསར་བཏོད་ཀྱི་ཤེས་རིག་ཅིག་རེད། དེ་ལྟར་ན་སྔར་ཞང་བོད་ཀྱི་ལྗོངས་སུ་ཞང་རྒྱལ་དང་བོད་རྒྱལ་ཆབ་འབངས་སྤྱི་ཚོགས་དེ་གཉིས་གང་རུང་སྐད་ཀྱིས་དགོས་མཁོར་སྐོང་མ་ཐུབ་པ་ཞིག་ཡོད་ཚོད་མི་སྣང་བས་སྐད་ཡིག་གཞན་པ་ཞིག་ཡོང་དགོས་མ་རེད་སྙམ།
༼ཞང་ཞུང་གི་བརྡ་སྤྲོད་པའི་བསྟན་བཅོས་ཤིག་ཡོད་དམ་མེད། གལ་ཏེ་མེད་ན་དེ་དུས་ཞང་ཡིག་ཏུ་བྲི་དུས་བརྡ་སྤྲོད་པའི་བསྟན་བཅོས་མེད་པར་ཇི་ལྟར་བྲིས། དེ་ནི་སྲོང་བཙན་གྱི་སྐབས་སུ་རྒྱ་ནག་རྒྱལ་པོ་དང་བལ་པོ་རྒྱལ་པོ་ལ་བསྐུར་བའི་ཡི་གེ་ཞང་ཞིག་ཏུ་བྲིས་པར་འདོད་མཁས་རྣམས་ལ་དྲིས་པ་ཡིན།༽
ལན་དུ། ཞང་ཞུང་ཤེག་རིག་གི་ལོ་རྒྱུས་ཀྱི་ཕུགས་ཐག་ཆེས་རིང་ཞིང་ལོ་རབས་དུ་མར་གཉན་འཕྲང་དོག་པོར་ཡང་རྒྱུ་མྱོང་བས་ཞང་ཞུང་གི་བརྡ་སྤྲོད་པའི་གཞུང་དམིགས་བསལ་འདི་ཞེས་པ་ཞིག་ནི་ལོགས་སུ་ཡོད་མེད་ད་ཆར་སྨྲ་བའི་མཐའ་སྡོམ་ཞིག་རྒྱག་སྤོབས་བྲལ། འོན་ཀྱང་ཞང་ཞུང་སྐད་ཡིག་གམ་སྐད་དང་མཉམ་དུ་བརྡ་སྤྲོད་འཕྲུལ་ཐབས་དེ་ནི་རང་ཤས་སུ་ཡོད་པས་ཡིག་འཕྲིན་སོགས་འབྲི་བ་ལ་བརྡ་སྤྲོད་གཞུང་ཞིག་ལོགས་སུ་ཡོད་དགོས་པའི་གནད་ཅིག་མེད་པར་སྣང་ངོ་།
ལ་སྟོད་བུ་ལགས་དངོས་གནས་མཇལ་རྒྱུ་མི་འདུག། ཁྱེད་མཁྱེན་པའི་བདག་ཉིད་ཅན་ཡིན་པས་དགོས་པ་ནམ་བྱུང་ལ་ངེས་པེར་དུ་ཕེབས་པར་འཚལ། ང་ཚོ་བོན་པོ་ཚང་ལ་ཁྱེད་ལྟ་བུ་མཁྱེན་རྒྱ་ཅན་དགོས་པ་གལ་ཆེན་ཡིན་ནོ། ང་ཚོའི་གོ་སྐབས་གསེར་འདྲ་བ་དེ་གཞན་གྱི་དབང་དུ་མ་སོང་བ་ཞིག་ངེས་པར་དུ་དགོས། རང་དབང་དང་ལྡན་པའི་ངང་ནས་ཁ་བརྡར་ལུང་རིགས་ཀྱི་བགྲོ་གླེང་ལ་མྱུར་བར་ཕེབས་པའི་སྨོན་འདུན་ཞུ། །
ལ་སྟོད་ལ་མ་འགྲོ འདིར་སྡོད་ཅེས་རེ་བསྐུལ་བྱས་མོད། དེང་སང་མཐོང་ས་ན་མིན་འདུག གང་ལྟར་ཕེབས་ཤོག ཁ་བརྡར་ཕེབས་ཤོག
ཀོང་རྗེ་ལགས། ཁྱེད་ཀྱིས་ངའི་དྲི་བར་ལན་དུས་ཐོག་ཏུ་གནང་བར་ཐུགས་རྗེ་ཆེ། དེ་ལ་གོ་རྒྱུ་རིག་རྒྱུ་ཞིག་འདུག སོ་སོས་བསམ་བློ་ཞིག་གཏང་ནས་གང་བསམ་ཤར་མར་ཡིག་ཐོག་ཏུ་བཀོད་ན་ཇི་སྲིད་བསྐལ་པ་མ་སྟོངས་ཀྱི་བར་དུ་རྣམ་རྟོག་ལ་ཟད་པའི་མཐའ་མེད་པས་རྣམ་རྟོག་གི་རི་མོ་ལ་ཡང་ཟད་པའི་མཐའ་ཞིག་ཡོད་ཡོད་མ་འདྲ། དེ་ཡིན་དུས་དེ་རིང་ནས་རྩོད་རྭ་འདི་ནས་ང་ཡང་ལ་སྟོད་ལྟར་རེ་ཞིག་ཕྱིར་བུད་བྱེད་ན་འདོད། ཚང་མ་བདེ་མོ་བྱོས།
ད་མཚམས་བཞག་འདུག་གཱ ཁ་རྩུབ་ཚིག་རྩུབ་ཀྱི་གླེང་གཞི་འདི།
ད་ཕྱིན་མི་ཡོང་བའི་སྨོན་ལམ་འདེབས།
བོན་བསྟན་བོན་ཡུལ་དུ་དར་བར་ཤོག
ཆོས་བསྟན་ཆོས་ཡུལ་དུ་དར་བར་ཤོག
དྲ་གྲོགས་མང་ཆེ་ཐོན་མིའི་སྔོན་བོད་ཡིག་ཡོད་པ་མི་འདོད་མཁན་རེད་འདུག་འོ་ན་དིང་བོད་ནང་མཚན་རིག་ལམ་ནས་རྙེད་པའི་ཡི་གེ་དེ་ཚོ་ཐོན་མིའི་སྔོན་གྱི་ཡི་གེ་ཡིན་པའི་ར་འཕྲོད་བྱུང་བའི་ཡི་གེ་དེ་བོད་ཀྱི་མིན་ན་རྒྱལ་ཁབ་གང་གི་ཡི་གེ་རེད་ཞུ་རྒྱུ་དང་། བོད་རང་གི་ལོ་རྒྱུས་ནང་ཐོག་མེས་སྔོན་བོད་ཡིག་ཡོད་མེད་བཤད་མཁན་མང་པོ་ཡོད་ནེ་རེད་དེ་རྣམས་ཀྱིས་གང་བཤད་ན་ཕྱོགས་ཞེན་ཅན་རེད་ཅེས་བཤད་ཀྱང་བྱེད་ཀྱི་འདུག་མོད།
གངས་ས་མཆོག་གིས་ཐོན་མི་སྔོན་བོད་ལ་བོད་རང་གིས་བེད་སྤྱོད་བཏང་མྱོང་བའི་ཡི་གེ་ཡོད་པ་ཞལ་བཞེས་གནང་འདུག་དེ་ལ་ཁྱོད་ཚོས་གང་ཤོད་རྩིས་ཡོད་ཞུ་རྒྱུ་ཡིན།