ཨེ་མ་ཧོ།
དཔལ་ཐོན་མི་སྃ་བྷོ་ཊ་ལ་ཕྱག་འཚལ་ལོ།།
གདོད་མིའི་བོད་ལུས་གྲུབ་པའི་རྩ་རླུང་དཔལ།།
རང་བྱུང་ཡི་གེ་སྤྲིན་གྱི་སྒྲ་དབྱངས་ཅན།།
སྣང་སྲིད་གསལ་བར་སྟོན་པའི་དབྱངས་གསལ་ཆོས།།
ནམ་ཡང་ཉམས་པ་མེད་པའི་སྨོན་གསོལ་འདེབས།།
འཇིག་རྟེན་བཟང་ངན་ཤེས་པའི་བརྡ་སྤྲོད་གཞུང་།།
མྱང་འདས་བྱང་ཆུབ་ཐོབ་པའི་རིག་གནས་མཆོག།
གངས་ཅན་བརྡ་སྤྲོད་ཡིད་བཞིན་ནོར་བུའི་གཟུགས།།
འཁོར་འདས་རྒྱན་དུ་ཡུན་རིང་ཞབས་བརྟན་ཤོག།
གདོད་ནས་ལྷུན་གྲུབ་ངོ་མཚར་རྨད་ཀྱི་ཆོས།།
ཇི་བཞིན་འཇལ་བའི་གཟུངས་སྤོབས་བློ་གྲོས་གཏེར།།
མཁས་གྲུབ་དམ་པའི་སྙིང་དུ་གཏམས་པའི་མཛོད།།
བོད་ཡིག་གཉུག་མའི་བསྟན་པ་དར་རྒྱས་ཤོག།
སྔ་འགྱུར་རྒྱལ་བའི་བསྟན་པ་ཡི་གེས་འཛིན།།
གངས་ཅན་སྨྲ་བསམ་བརྗོད་པ་ཡི་གེས་སྐྱོང་།།
གངས་རིའི་ར་བས་བསྐོར་བའི་བོད་ཡུལ་ནས།།
དབྱངས་གསལ་ཡི་གེའི་བསྟན་པ་སྤེལ་གྱུར་ཅིག།
ཕ་ཆོས་རྒྱལ་བ་བའི་བསྟན་པ་རྒྱས་གྱུར་ཅིག།
ཕ་སྐད་དབྱངས་གསལ་བོད་ཡིག་དར་གྱུར་ཅིག།
ཕ་མ་སེམས་ཅན་ཐམས་ཅད་བདེ་གྱུར་ཅིག།
བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་གྱུར་ཅིག།
ཅེས་པ་འདི་ཡང་རབ་གནས་མེ་སྤྲེལ་གྲོ་བཞིན་ཟླ་བ་ཉ་ཡོངས་སུ་གང་བའི་སྐབས་སུ་ཨ་ཏིའི་དགོན་པར་ཤྲྰིཿཨེ་མ་ཧོས་བགྱིས་པས་གངས་ཅན་བོད་པའི་སྐད་ཡིག་གི་འགྲོ་དོན་ནམ་ཡང་ཉམས་པར་མེད་པར་གྱུར་ཅིག་གུ།། །།
ཨེ་མ་ཧོས་བོད་ཡིག་གི་བསྟན་རྒྱས་སྨོན་ལམ་འདི་བྲིས་པར་རྗེས་སུ་ཡི་རངས་དང་རྒྱབ་སྐྱོར་ཡོད། དབང་ལུང་མན་ངག་བོད་སྐད་གཅིག་པུའི་ནང་དགོས་ཟེར་ན་ཅུང་མི་བདེ་བ་འདུག བོད་སྐད་མ་ཤེས་མཁན་ཚོར་ནང་པའི་ཆོས་ཀྱི་བསྐལ་བ་ཐོབ་པར་བར་ཆད་བྱེད་སྙམ། ང་རང་དྲང་པོ་བྱེད་ཀྱི་ཡོད་ལགས།
༅༅།བཀྲིས་བདེ་ལེགས་ཡོད།