Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཡིག་བེད་སྤྱོད་ཐད་བཀའ་ཤག་གིས་འབོད་སྐུལ་གནང་འདུག

Posted on 2011-03-09 By དབང་ཕྱུག་ 13 Comments on བོད་ཡིག་བེད་སྤྱོད་ཐད་བཀའ་ཤག་གིས་འབོད་སྐུལ་གནང་འདུག

༼བོད་གཞུང་དྲ་རྒྱ་ནས་འདྲེན་བཀོད་ཞུས༽

ཡོངས་ཁྱབ་འབོད་སྐུལ་གསལ་བསྒྲགས།

༄༅། །སྔ་ལོ་མེའི་སོར་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་བོད་གཞུང་མང་རྒྱལ་ཡོངས་ ཚོགས་ཆེན་ཐེངས་དང་པོ་གནང་བའི་མཐའ་དོན་བསམ་འཆར་ཕྱོགས་བསྡོམས་སྙན་ཐོའི་ཤེས་ ཡོན་དང་འབྲེལ་བའི་སྐོར་གྱི་དོན་ཚན་ ༦ པར་༼བོད་མིའི་ཐུན་མོང་མ་ཡིན་པའི་ཤེས་རིག་གཙོ་གྱུར་རང་གི་སྐད་ཡིག་དང་། རིག་གཞུང་སོགས་ལ་རག་ལས་སྟབས་ད་ཆ་གཉན་འཕྲང་ཆེ་བའི་དུས་སྐབས་འདིར་འབྲེལ་ཡོད་ཁག་ནས་རང་རེའི་རྩ་ཆེའི་སྐད་ཡིག་རིག་གཞུང་སྲུང་སྐྱོབ་སླད་ལག་བསྟར་བྱ་སའི་ཁོར་ཡུག་བསྐྲུན་རྒྱུ་དང། ཆེ་མཐོང་དགོས་ངེས་ཀྱི་རྒྱབ་སྐྱོར་སོགས་གནང་གལ་ཆེ༽ ཞེས་སྤྱི་མོས་གྲོས་འཆམ་བྱུང་བ་བཞིན། བཙན་བྱོལ་བོད་གཞུང་གིས་སྐད་ཡིག་བདག་གཅེས་ཀྱི་རྩ་འཛིན་སྲིད་བྱུས་གཏན་འབེབས་ཡོད་པ་ལྟར་འཛིན་སྐྱོང་ཚན་པའི་དབུས་དང་ཕྱོགས་མཐའི་ལས་ཁུངས་ཕན་ཚུན་དབར་གཞུང་འབྲེལ་གནས་འབྲེལ་རྣམས་བོད་ཡིག་ཁོ་ནའི་ཐོག་གནང་དང་གནང་བཞིན་དུ་ཡོད། དེ་བཞིན་གཞིས་བཞུགས་བོད་རིགས་རྒྱལ་གཅེས་པ་སྤྱི་དང་ལྷག་པར་བཙན་གནོན་འོག་འཚར་ལོང་བྱུང་བའི་གཞོན་སྐྱེས་མང་པོས་རང་གི་སྐད་ཡིག་གི་དོན་དུ་རྒྱ་གཞུང་དབང་འཛིན་པས་ཐབས་བྱུས་སྣ་ཚོགས་ཀྱི་ལམ་ནས་འགོག་རྐྱེན་མུ་མཐུད་བཟོས་པར་ངལ་བ་བརྒྱ་ཕྲག་ཁྱད་བསད་དང་མཐར་གཅེས་པའི་སྲོག་ཚུན་བློས་བཏང་གིས་ཞི་བའི་འབོད་སྐུལ་གནང་བཞིན་པ་ཚང་མས་མཁྱེན་ཆུབ་ལ་སོང། རྒྱལ་ཁབ་དང་མི་རིགས་ཤིག་གི་ངོ་བོ་མཚོན་པའི་སྲོག་རྩ་ཉག་གཅིག་ནི་དེའི་སྐད་ཡིག་དང་ལེགས་བྱང་ཡིན་པས་དེ་དག་སྲུང་སྐྱོབ་དང་དར་སྤེལ་བྱ་རྒྱུ་ནི་མི་རིགས་དེའི་ལོ་རྒྱུས་ཀྱི་འགན་འཁྲི་ཡིན་པར་ངོས་འཛིན་ཐུབ་པ་བྱས་ཏེ། བཙན་བྱོལ་བོད་མིའི་སྤྱི་ཚོགས་སྤྱི་དང་ལྷག་པར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཅས་ནས་ཕྱི་མིར་འབྲེལ་ལམ་ཕུད་པའི་ནང་ཁུལ་གནས་འབྲེལ་རྣམས་བོད་ཡིག་ཁོ་ནའི་བརྒྱུད་ལམ་སྤྱོད་རྒྱུ་ཚོགས་ཆེན་གྱི་སྤྱི་མོས་དགོངས་འཆར་ལྟར་ཕྱག་བསྟར་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན་པའི་གསལ་བསྒྲགས་སུ། བོད་གཞུང་བཀའ་ཤག་ནས་ ༢༠༡༡ ཟླ་ ༣ ཚེས་ ༣ ལ།། །།

གསལ་བསྒྲགས།

Post navigation

Previous Post: སྒྱུ་རྩལ་དང་མི་གཤིས།
Next Post: གཡུང་དྲུང་བོན་གྱི་དྲ་རྒྱ་སྒོ་འབྱེད།

Comments (13) on “བོད་ཡིག་བེད་སྤྱོད་ཐད་བཀའ་ཤག་གིས་འབོད་སྐུལ་གནང་འདུག”

  1. མེ་ཏོག་དཀར་པོ། says:
    2011-03-09 at 3:24 am

    འབོད་ཅིང་བསྐུལ་བར་གྱུར་ན་ཡང། །
    ལྟོ་བ་འབྲང་པའི་ལས་མེད་ཕྱིར། །
    བོད་ཡིག་ད་དུང་ཉམ་ཆུང་ངང་། །
    ལུས་པར་གྱུར་ལ་ཐེ་མི་ཚོམ། །

  2. BBC says:
    2011-03-09 at 4:07 am

    ད་ལན་བཀའ་ཤག་གི་གསལ་བསྒྲགས་འདི་གཉིད་སད་ཁར་ཉལ་གཅིན་ཤོར་ཞེས་པ་དང་ཅི་འདྲའི་འདྲ་བ་ལ་ཨང་། བཀའ་ཤག་འཁྱུར་ཁར་གཞི་ནས་གནས་ལུགས་འདི་ཧ་གོ་བ་འདྲ། དེ་སྔོན་ལོ་བཅུའི་རིང་འདི་མི་དྲན་པ་གང་ཡིན། ད་དབང་ཆ་རྩིས་སྤྲོད་ཁར་བསམ་ཚུལ་ལེགས་པོ་ཞིག་འཁོར་འདུག་ཀྱང་ནུས་པ་ཐོན་དཀའ། ད་རྩིས་སྤྲོད་ཡག་པོ་ཞིག་ཡོང་བ་ལ་ཧུར་བསྐྱེད་གནང་རོགས། བཀའ་ཤག་ལགས།

  3. ཤར་ཕྱོགས་ཁུག་རྟ། says:
    2011-03-09 at 4:29 am

    དྲ་གྲོགས་དོན་ལྡན་BBCལགས།

    བསམ་ཚུལ་ཅུང་ཙམ་ཞུ་རྒྱུ་ཡིན། བཀའ་ཤག་འདིས་ལོ་བཅུའི་རིང་ཤེས་ཡོན་སྲིད་བྱུས་ཀྱིས་མཚོན་འཛིན་སྐྱོང་ཁོངས་གཏོགས་དང་བཅས་པར། གནས་འབྲེལ་གནང་ཕྱོགས་བོད་ཡིག་དགོས་པའི་བཀོད་ཁྱབ་མང་པོ་བཏང་འདུག་ལ། དེ་བཞིན་གཏན་འཇགས་ཀྱིས་འགྲོ་བཞིན་པ་ཞིག་རེད། ད་རེས་དམིགས་བསལ་གཞུང་འབྲེལ་མ་ཡིན་པ་དང་བཅས་པར་གྲོས་འཆམ་དགོངས་དོན་ལྟར་གསལ་བསྒྲགས་གནང་བ་ཞིག་ཡིན་པར་ཁོ་བས་བསམས། ལྷག་ཏུ་བཀའ་ཤག་སྐབས་སྔོན་མ་དང་དག་དང་བསྡུར་ན་བོད་སྐད་ཡིག་གི་མེ་རོ་གསོས་ཚུལ་ཞུ་མ་དགོས་པ་ཞིག་གདའ་བསམ་བཞིན་ཡོད་ལགས།

  4. ཅོ་རི་ཉི་མ། says:
    2011-03-09 at 7:09 am

    ཁ་བརྡ་ཚང་ལ་རེ་བ་ཞུ་རྒྱུ་ཞིག་ལ་བོད་མིའི་བླ་སྲོག་ཞེས་པའི་གཞས་འདི་ལན་ཚན་འདིའི་ནང་དུ་བཞག་རོགས་ཞེས་རེ་བ་ཞུ།

    http://www.youtube.com/watch?v=4UkiyX4ZYJ0&feature=related

  5. loemosilsil says:
    2011-03-09 at 8:46 am

    ད་རེས་ཀྱི་གསལ་སྒྲགས་འདི་སྐབས་རྗེས་མའི་བཀའ་ཤག་གིས་མུ་འཐུད་ནས་བོད་ཀྱི་སྲོག་རྩ་བོད་ཡིག་འདིའི་སྟེང་ཤུགས་རྒྱག་དགོས་པའི་རེ་བསྐུལ་དང་དྲན་གསོ་ཡིན་རྒྱུ་རེད།

  6. ༜࿋དབྱངས་བུ། says:
    2011-03-09 at 10:23 am

    དྲ་གྲོགས་ཤར་ཕྱོགས་ཁུག་རྟ་དགེ་འདུན་ཆོས་འཕེལ་གྱི་ཡང་སྲིད་ཡིན་ཚུལ་བརྗོད་མཁན་ལགས། ཉིད་ཀྱིས་bbc ལ་བརྗོད་པ་བདེན་ཀྱང། ཉིད་རང་དྲན་དབང་དགེ་འདུན་ཆོས་འཕེལ་གྱི་ཡང་སྲིད་ཡིན་པར་ཁས་ལེན་བྱེད་ཀྱི་ཡོད་དམ། ཡོད་ན་ཁོང་གིས་གནང་རྒྱུར་ལུས་པའི་ལས་དོན་གང་ཞིག་གནང་བཞིན་ཡོད། ལན་འདེབས་ཡོང་བར་འཚལ།

  7. ཀརྨ says:
    2011-03-09 at 12:41 pm

    བོད་གཞུང་བཀའ་ཤག་གི་འབོད་སྐུལ་འདི་ཡག་པོ་རེད།
    ང་ཚོའི་གཞུང་འབྲེལ་ཡིན་མིན་ཚོགས་པ་ཚང་མས་འབོད་སྐུལ་དེ
    ལག་ལེན་དོན་ཐོག་གནད་ལ་འཁེལ་ཐུབ་པ་ཞིག་བྱེད་རྒྱུ་ནི་གལ་ཆེའི་
    ནང་གི་དོན་ཆེན་རེད། ང་ཡང་མི་དཀྲུས་མ་ཞིག་གི་ངོས་ནས་སོར་བཅུ་
    སྙིང་ཁར་སྦྱར་ཏེ་བོད་ཡིག་གི་ལས་དོན་འདིའི་ཐོག་ལ་འབོད་སྐུལ་
    སྙིང་ནས་ཞུ་གི་ཡོད། བོད་ཀྱི་སྲོག་རྩ་སྐད་དང་ཡི་གེ་འདི་དུས་ནམ
    ཡང་ནུབ་པ་མེད་པར་སྨོན།།

  8. རིན་པོ་ཆེ། says:
    2011-03-09 at 12:50 pm

    འདིར་འབྲེལ་ཆགས་བཀའ་ཡིག་ཅིག་གཅེས་ཉར་བྱས་ཡོད་པས་འདིར་བཀོད་ཡོད།

    ༄༅༎ ཀུན་གཟིགས་ཐམས་ཅད་མཁྱེན་པའི་སྙན་དྲུང་དུ།
    གུས་ཞུ།
    ཐམས་ ཅད་མཁྱེན་པ་ཉིད་ནས་རང་རེ་བོད་གངས་ཅན་གྱི་མི་རིགས་སྤྱི་དང་། ཁྱད་པར་དུ་མཚོ་སྔོན་དང་། ཀན་སུའུ། ཟི་ཁྲོན་གསུམ་གྱི་ཞིང་ཆེན་ན་འཁོད་པའི་ཨ་མདོ་བོད་རིགས་རྣམས་སྔོན་ཐོན་མི་ རིགས་རྣམས་དང་འདྲ་བར་རིག་གནས་ཡོན་ཚད་མཐོ་རུ་བཏེགས་ནས་ཚན་རིག་ལག་བསྟར་བྱེད་ ཐུབ་པ་བྱ་དགོས་ན། བོད་རང་རྐྱང་གི་སློབ་གྲྭ་ཆེན་མོ་ཞིག་ངེས་པར་འཛུགས་དགོས། དེ་མིན་ནུབ་བྱང་མི་རིགས་སློབ་གྲྭ་དང་། མཚོ་སྔོན་མི་རིགས་སློབ་གྲྭ་ལྟ་བུ་ཡིན་ན། རྒྱ་རིགས་རྣམས་ཀྱིས་དབང་བཟུང་བའི་འོག་ཏུ་བོད་ཡིག་སློབ་ཚུལ་རྣམས་ནི་གཟུགས་ བརྙན་ཁོ་ན་ལས་བོད་རང་གི་སྐད་ཡིག་གོང་འཕེལ་དུ་འགྲོ་ཐབས་མེད། དཔེར་ན་དགེ་རྒན་རྒྱ་མི་བོད་ཡིག་ཅུང་ཟད་ཤེས་ལ་བོད་སྐད་གདངས་མི་ཐོན་པ་དག་གིས་ འབྲོག་ཕྲུག་ཚོར་ཀ་ཁ་དང་སུམ་རྟགས་སློབ་པ་ལྟ་བུ་སྟེ། དེ་ནི་ཚུལ་དང་མཐུན་པ་ཞིག་ག་ལ་ཡིན། འདི་འདྲའི་སྣང་ཚུལ་ཞིབ་པར་ཞུས་ན་ཚིག་ཉུང་ངུ་ཞིག་གིས་ཞུས་པས་མི་ཚར། དེ་དོན་ཐུག་ལ་ངེས་པར་བསྣམ་རྒྱུ། ཞེས་རང་རེ་བོད་གངས་ཅན་གྱི་རིག་གཞུང་ལ་ཤ་ཞེན་ཆེ་བའི་དགེ་སྦྱོང་རྒན་པོ་གུས་པ་ ཚེ་ཏན་ཞབས་དྲུང་ནས་སྙིང་ལ་བརྣགས་པའི་ཞུ་ཚིག་སྤྱི་ལོ་བརྒྱད་ཅུ་ཐམ་པ་ལོའི་ཟླ་ བ་བཅུ་གཅིག་པའི་ཚེས་ཉེར་གཅིག་ལ་ཕུལ༎

    ༼གུས་པས་ཚེ་ཏན་ཞབས་དྲུང་ཚང་གི་གསུམ་འབུམ་ཀློག་སྐབས།
    གསུང་འབུམ་གླེགས་བམ་དང་པོའི་ཤོག་ངོས་ ༣༠༨ ཐོག་འདི་འདྲ་ཞིག་གསལ་འདུག་པ།
    འདིར་ བཀོད་པ་ཡིན། བོད་ཀྱི་ཤེས་ཡོན་ནམ་སློབ་གསོའི་གནད་དོན་འདི་ཡང་ང་ཚོའི་ཁ་བརྡའི་ཁྲོད་དུ་ཡང་ ཡང་དགོས་གལ་ཆེ་བར་མངོན་ནོ༎དགེ་འདུན་རབ་གསལ་གྱིས།

  9. རིན་པོ་ཆེ། says:
    2011-03-09 at 12:57 pm

    འདི་སྔོན་མ་གཞུང་ལུགས་སྨྲ་བ་རབ་གསལ་ཚང་གིས་ཟུར་བཏོན་བྱས་འདུག་པ་གཅེས་ཉར་བྱས་ཡོད་པ་དང་། གྲོགས་ཨ་རིག་དགེ་མཐོང་ཚང་གིས་མཚོ་སྔོན་པོའི་ཟིན་བྲིས་སུའང་སྤེལ་འདུག་པ་མ་ཟད། བོད་ནང་གི་སྒྱུ་རྩལ་པ་འཇམ་དབྱངས་བློ་གྲོས་སོགས་རྐང་འཛིན་ཟིན་བྲིས་པ་མང་པོས་ཡི་རངས་ཞུས་འདུག འདི་ཡི་དགེ་བའི་རྩ་བ་གང་ཡོད་པ་དེ་རབ་གསལ་ཚང་གི་ཡིན། ང་ལ་ཨ་ལགས་ཚང་གི་གསུང་འབུམ་མེད།

  10. BONPO says:
    2011-03-09 at 1:13 pm

    ་་་་་་ལེགས་བྱང་་་་ཞེས་པའི་ཚིག་གསར་འདི་ལ་འགྲེལ་བརྗོད་ཇི་ལྟར་བྱེད་དགོས་སམ། ཚིག་གསར་འདི་ལ་གཞི་བཅོལ་ས་་་་རྒྱ་གར་གྱི་ཚིག་གཅིག་་་ཡོད་དམ།

  11. ཤར་ཕྱོགས་ཁུག་རྟ། says:
    2011-03-09 at 1:27 pm

    བཀུར་འོས་རྡོ་རྗེ་དབང་ཕྱུག་གིས་བཀོད་ཁྱབ་འདི་བཞིན་དྲ་ངོར་བཞག་པ་ནི་ཤིན་ཏུ་ནས་བཀའ་དྲིན་ཆེན་པོ་རེད། རང་རེའི་གཞུང་གི་ལས་དོན་གནང་ཕྱོགས་ལ་སྒྲིག་འཛུགས་ཀྱི་ནང་དུ་ཡོད་མེད་ལ་མ་ལྟོས་པར། འདི་ལྟར་དོ་སྣང་གནང་། དགོངས་ཚུལ་གསུངས་པ་ཡིན་ན་ཏན་ཏན་གཞུང་མང་མཉམ་རུབ་ཀྱི་ནུས་པ་དེ་སྔར་ལས་གོང་འཕེལ་དུ་འགྲོ་རྒྱུ་རེད། སྒྲིག་འཛུགས་ཤིག་གི་ཕྱི་ནས་ལྟོས་པ་དང་ནང་དུ་ཞུགས་ནས་ཉམས་མྱོང་བསགས་པ་གཉིས་ལ་བར་ཁྱད་ཆེན་པོ་ཡོད་པ་ལྟར། གཞུང་གིས་གང་གནང་དགོས་པ། གང་གནང་གི་ཡོད་པ་མཐའ་དག་གསལ་བོར་ཤེས་ཐུབ་པ། རང་ལ་བསམས་རྒྱུ་ཡོད་པ། མི་ལ་ཤོད་རྒྱུ་ཡོད་པ་ཞིག་བྱེད་ཐུབ་ན། རྒྱ་གར་ལ་བྲོས་ནས་ཡོང་བ་ཡིན་ཟེར་མཁན་ང་རང་ལྟ་བུ་མང་པོ་ཞིག་གིས་དོན་དམ་པས་ཁུར་བླངས་བ་རེད་བསམ་གྱི་ཡོད། ཡིན་ནའང། ཁུར་ལེན་སྟངས་འདི་ལས་གཞན་མེད་ཟེར་གྱི་མེད། སྐད་ཡིག་ལ་ཁོར་ཡུག་བསྐྲུན་སྟངས་འདི་ལྟར་བྱེད་དགོས་ཀྱི་འདུག འདི་ལྟར་བྱས་མི་འདུག འདི་བྱས་ནས་འདི་ལ་གྲུབ་འབྲས་མ་ཐོན་པ་རེད་ཅེས་རྣམ་རིག་འདོན་ས་ཡོད་པས། ཕར་བཤད་ཚུར་ཉན། དེ་ནས་རིམ་པས་ཅིག་ཤེས་རྒྱུའི་བློ་རིག་རྒྱས་ཡོང་བ་དང་མཉམ་ཏུ་དགེ་སྐྱོན་ཡང་རེ་མོས་ཀྱིས་མཐོང་ཡོང་བའི་ཚོར་བ་སླེབས་མཚམས། ང་ཚོ་འཐབ་རྩོད་པའམ། སེམས་ཁུར་ཅན་ཞིག་ཆགས་རྒྱུ་རེད། རང་གིས་བསམ་ཚུལ་གང་བཏོན་པ་རྣམས་ལམ་སེང་བདག་སྤྲོད་བྱེད་དགོས་པའང་ཡོད་པ་མ་རེད། དེ་དོ་སྣང་གནང་མཁན་ཞིག་གིས་ག་དུས་ཡིན་ནའང་མཁྱེན་གི་ཡོད་པ་རེད། དེ་བས་ཤེས་ཡོན་པའི་སྡེ་དང་མི་མང་གིས་བསམ་ཚུལ་སྤུངས་རྒྱུ་ཤིན་ཏུ་གལ་ཆེན་རེད་ལ། རྡོར་དབང་གིས་འདི་ལྟའི་ལམ་ཁ་ཞིག་ལ་དམིགས་གཟས་ལྟ་བུ་བྱས་པ་འདུག་པ་ནི་རླབས་ཆེན་རེད།

  12. ཤར་ཕྱོགས་ཁུག་རྟ། says:
    2011-03-09 at 1:42 pm

    རིན་པོ་ཆེ་མཆོག་གིས་མཁས་དབང་ཚེ་ཏན་ཞབས་དྲུང་ཚང་གི་ཕྱག་འཕྲིན་དེ་འདིར་བཀོད་པ་ཐུགས་རྗེ་ཆེ། ༼ སྙན་ངག་སྤྱི་དོན་༽ལ་ཚ་ཚ་འུར་འུར་གྱིས་དཔེ་བརྗོད་བཞག་པའི་ཕ་ཡུལ་གྱི་བན་ཕྲུག་དེ་ཚོའང་དྲན་ནི་ཞིག་རེད། ང་ཚོས་དཔེ་བརྗོད་དེ་ཚོ་ཀློག་སྐབས། ཨ་ལགས་ཚང་གི་གསུང་སྐད་ལྟར་ཀློག་གི་ཡོད། ཨ་ལགས་ཚང་ལ་མཇལ་མ་མྱོང་ཀྱང་། ཁོང་ཚང་གི་གསུང་ཁྲིད་སྒྲ་བཤུས་མ་དེ་ཚང་མའི་ཡ་མཚན་ཞིག་ཏུ་བཟུང་ནས་ཡང་ཡང་ཉན་གི་ཡོད། དེ་དུས་དཔེ་ཁྲིད་སྒྲ་བཤུས་ཀྱིས་ཉན་མཁན་ཞེ་དྲག་མི་འདུག བསམ་བློ་ཞིག་བཏང་ན་དེ་དུས་རྨ་ལྷོ་དགེ་ཐོན་སློབ་གྲྭ་དང་། སློབ་འབྲིང་གི་སློབ་མ་བཅས་སྐྱ་བོ་དེ་ཚོ་ཚུར་དགོན་པར་བཅར་ནས་དཔེ་ཁྲིད་ཞུ་གི་འདུག དེ་ནི་དངོས་གནས་སྐད་ཡིག་གི་ཁོར་ཡུག་ཅིག་མིན་འགྲོ་བསམ་གི

  13. lungtok says:
    2011-03-11 at 6:49 am

    ངོ་མ་དགའ་འོས་པ་ཞིག་རེད་། སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (60)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (30)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme