ཨེ་མ་ཧོ།
ན་མོ་མ་ཧྰ་གུ་རུ་སཾ་བྷོ་ཊ་ཡེ།
ཞལ་གསལ་ལ་རང་མདངས་གང་བ་བཟང་།།
གདམས་ངག་ཟབ་ལམ་མ་ཆད་ཐ་དད་རངས།།
ལས་ངན་བག་ཆགས་མཐའ་དག་བསལ་མཛད་པ།།
འཕགས་པ་མ་ཕམ་ཡང་དག་དམ་པ་ལགས།།
ཞེས་སློབ་དཔོན་བཀའ་དྲིན་ཅན་ཐོན་མི་ལ་རྗེས་སུ་དྲན་ནས་གང་གླེང་བར་བྱ་བ་ནི་འདི་ལྟར། དེ་ཡང་འཛམ་གླིང་ཡུལ་གྲུ་ཡོངས་ལ་ཐོར་བའི་བོད་རིགས་སྤུན་ཟླ་རྣམ་པ་ལགས། དེ་རིང་འདི་ན་དགའ་འོས་པའི་གསར་འགྱུར་ཞིག་ལ་འཛམ་གླིང་རྒྱལ་སྤྱིའི་རྩེད་ཐང་དུ་བཤམས་པར་ང་ཚོའི་ཚེ་སྲོག་ལ་གཟི་བརྗིད་ཅིག་བྱིན་པ་རེད། དགའ་འོས་པའི་གསར་འགྱུར་རེད། དེ་ཡང་སྲིད་སྐྱོང་སངས་རྒྱས་དང་རྒྱུག་རྩལ་པ་ཆོས་དབྱངས་དང་སྟོབས་རྒྱལ་གྱི་རྐང་རྒྱུག་གི་ནུས་པ་མིན་པར་དཔལ་ལྡན་འབྲུག་གི་རྒྱལ་ཁབ་ཅིག་ཡོད་པའི་བཀའ་དྲིན་གྱིས་བོད་ཡིག་རྒྱལ་སྤྱིའི་རྩེད་ཐང་དུ་བཤམས་པ་རེད་འདུག
བཀའ་དྲིན་ཆེའོ་འབྲུག་པའི་རྩེད་མོ་མཁན་ཚོ་དང་རྒྱལ་སྤྱིའི་རྩེད་བདག་པ་ཚོ། འབྱུང་འགྱུར་ལ་ང་ཚོ་བོད་མིའི་སྤྱི་དམངས་ལ་རྒྱལ་ཁབ་དང་། དམག་དོན་དང་དཔལ་འབྱོར་དང་སྲིད་དོན་སོགས་རྒྱ་ཆེན་པོ་ཞིག་མ་འགྲུབ་ན་ཡང་བོད་ཀྱི་སྐད་ཡིག་འདི་ནི་ང་ཚོ་བོད་མི་སོ་སོའི་སྲོག་རྩ་ལ་འཛིན་དགོས་པར་སྙིང་ནས་གདམས་པར་ཡིན། གཟིགས་མཁན་ཚང་མ་ལ་བཀའ་དྲིན་ཆེ་ཞུ།
ཨེ་ཝྃ་དབྱངས་གསལ་སྲོག་རྩ་རྒྱུན་དུ་རྟག།
བཀའ་གཏེར་ཟབ་དགུའི་གདམས་པ་སེམས་ལ་བརྟན།།
ཆོས་སྲིད་མི་ནུབ་གཡང་དྲུང་རྡོ་རྗེའི་དཔལ།།
འཛམ་གླིང་རྒྱན་དུ་བོད་ཡིག་རྒྱལ་གྱུར་ཅིག།
ཅེས་པ་འདི་ཡང་རབ་གནས་མེ་སྤྲེལ་ཟླ་ཚེས་དགེ་བར་གངས་ཅན་བོད་ཡིག་གི་བདག་པོ་ཤྲྰིཿཨེ་མ་ཧོས་མན་ཆི་སི་ཏྲར་རྒྱལ་སྤྱི་གནམ་ཐང་དུ་དགའ་སྐྱོ་འདྲིས་མས་བྲིས་པར་དགེའོ།། །།
ཨེ་མ་ཧོ་ལགས། དཔལ་ལྡན་འབྲུག་པ་ཚོས། (Thank you) འདིའི་ཚབ་ཏུ་ནམ་རྒྱུན་འབྲུག་པའི་ཁ་སྐད་ལ་བེད་སྤྱོད་གང་གཏོང་གི་ཡོད། །
འབྲུག་པར་བཀྲིན་ཞུ་དགོས་ས་ངོ་མ་དེ་བོད་པ་ཉམས་ཆུང་རྣམས་འབུར་ཏི་རྒྱག་པའི་ཁྲིམས་ལུགས་དེར་རེད། གཞན་ཨོ་རྩེད་ཐོག་བཀའ་དྲིན་ཆེ་ཟེར་བ་དེ་འབྲུག་པས་འཇོན་ནུས་ཨེ་ཡིན་ནམ།
དུས་རབས་བདུན་པའི་ནང་བོད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་བོད་པའི་སྐད་ཡིག་དང་རིག་གཞུང་སོགས་ལུང་པ་མང་པོའི་ནང་དར་རྒྱས་ཕྱིན་ཡོད་ནའང་དེ་དག་མ་ཉམས་རྒྱུན་གནས་ཐུབ་པ་ལ་བོད་པའི་སྐད་ཡིག་བོད་མིའི་བསྐོལ་སྤྱོད་དགོས་པ་ལས་ཕྱི་ལ་མཐོང་ཐུབ་པ་ཙམ་གྱི་སྐད་ཡིག་ནམ་ཡང་ཡར་རྒྱས་འགྲོ་མི་ཐུབ་ལ་བོད་ཡིག་བསྐོལ་སྤྱོད་བྱེད་མཁན་དེ་སྔ་བོད་ཀྱི་འོག་ཏུ་ཚུད་པའི་རྒྱལ་ཁབ་བམ་ལུང་པ་མང་པོ་ཡོད་པ་དེ་ཚོ་ཚང་མས་བོད་ཡིག་བེད་སྤྱོད་བྱེད་བཞིན་པ་ནས་
རྩེད་ཐང་དུ་བོད་ཡིག་མཐོང་བ་ཙམ་གྱི་དགའ་འོས་པ་དང་མ་མཐོང་བ་ཙམ་གྱི་སྡུག་དགོས་པ་དེ་འདྲ་ཨ་ཡིན་ནམ་ཧ་ཧཧཧཧ།
འབྲུག་པའི་སྐད་དང་ཡིག་གེ་ཆོས་དང་རིག་གཞུང་རྣམས་བོད་པའི་་དཀའ་ལས་རྒྱབ་ནས་བྱུང་བ་རེད་བཙན་བྱོལ་ནང་ལ་མི་རབས་རྒན་པ་ཚོས་དཀའ་ལས་རྒྱབ་ནས་འབྲུག་དང་ལ་དྭགས་མོན་ག་ཤ་པེ་ཏེས་ཁུ་ནུ་ཤར་པ་རྟ་མང་སོགས་དགོན་སྡེ་ཁག་ལ་ཡོད་པའི་ཧེ་མ་ལ་ཡིན་གྲ་རྒྱུན་ཚང་མར་བོད་པའི་དགོན་པ་གྲྭ་ཚང་ཁག་གིས་གསོ་ནས་བསྡད་ཡོད་རེད་བོད་རིགས་ཟེར་ཡ་འདི་ལས་སླ་བོ་ཡོད་མ་རེད།
གར་ཤ་དང་ ཁུ་ནུའི་ནང་བོད་དགོན་ཨ་ཡོད་མང་ཆེ་བ་ཧིན་འདུ་མ་རེད་དམ་།
མ་རེད། མང་ཆེ་བ་ནང་པ་རེད། གར་ཞ་འཕགས་པའི་ཕར་ཕྱོགས་པ་མང་ཆེ་བ་ཕྱི་པ་རེད། དེ་མི་བརྒྱ་ཆ་བུན་ཅུ་ཙམ་ནང་པ་མིན་འགྲོ་ཏག་ཏག་ཁུངས་མཐོང་ས་ོང་ང་དེར་ལོ་གསུམ་བསྡ་པ་དང་། མཐོང་བའི་གྲངས་ནི་དེ་ཙམ་མོ།།
གར་ཞ་དང་ཁུ་ནུའི་ནང་བོད་དགོན་ཡོད་དམ་ཡོད་ན་ཆོས་བརྒྱུད་གང་གི་བོད་དགོན་ཡོད་དམ་
གསུང་རྒྱུ་ཡོད་ན་ཁུངས་ལུང་དང་བཅས་གསུང་དང་ངས་ནི་ལུང་པ་དེ་ཚོའི་ནང་བོད་དགོན་ཡོད་པ་ཤེས་མ་སོང་ནང་ཆོས་ལ་དད་པ་ནི་འདུག་ལ་ཁྱིམ་ཚང་སོ་སོའི་ནང་རྟེན་སྐུ་གསུང་འདུག་དགོན་པ་ཡོད་པ་གོ་མ་བྱུང་མཆོད་རྟེན་དང་མ་ཎི་ལྷ་ཁང་ནི་རེ་ཙམ་མཇལ་མྱོང་།
ཨོ། གར་ཞྭ་ནི། ནང་ཆོས་དད་མཁན་སྤྱི་དང་། ལྷག་བོད་ཆོས་འབྲུགམཔ་བཀའ་བརྒྱད་དད་མཁན་ཅིག་གི་ངོ་ལ། གར་ཞྭ་ལྷ་ཡི་ཡུལ་རེད། ད་ལྟ་ཨིན་སྐད་དུ་ལའ་ཧུལ་ལམ། (Lahaul -Sipiti) གཞུང་ཡིག་ཆར་འཁོད་པ་འདི་ཡང་བོད་སྐད་མ་དག་པ་སྟེ། བོད་སྐད་ལྷ་ཡུལ་དེ། ཟུར་ཆག་ནས་ལ་ཧུལ་འདྲ་པོར་ཆགས་པ་རེད།
བོད་དགོན་གསར་པའི་གྲས་ལོ་བརྒྱ་ལྷག་ཙམ་བླ་མ་ནོར་མཚན་ཅན་གྱིས་བཞེངས་ཤ་ཤུར་དགོན་པ། དེ་ཡང་བོད་ཀྱི་གྲུབ་ཐོབ་ཆེན་པོ་རྒྱལ་བ་རྒོད་ཚང་པས་པུས་མོ་གཉིས་དང་། ལིངྒའམ་ཕོ་མཚན་གྱི་རྗེས་རྡོར་བཞག་པ་དུས་ད་ལྟའང་ལ྄ཅིག་གིས་ནང་ལ་ཡོད་རེད། རྡོ་དེ་ག་རང་ལ་རྒྱལ་པོའི་སྲས་མོ་མཁའ་འགྲོ་ཅིག་རྒོད་ཚང་པས་རིག་བཀུག་དུས་བྱ་ཕུག་རོན་ལ་བསྒྱུར་ནས་བྲོས་པ་ན། བླ་མས་ཀྱང་རང་ཉིད་བྱ་ཁྲ་ལ་སྤྲུལ་ནས་དེད་དེད་ནས། མཐག་ཐག་རིང་དུ་ད་ལྟའི་ས་བསླེབས་དུས་ཕུག་རོན་ཁྲ་ཡི་ཟིན་ལ་ཉེ་དུས། ཕུག་རོན་མོ་དེ་རང་བྱ་ཡི་ཞབས་རྗེས་བཞག་ནས། རྡོར་ཐིམ་པ་རེད། གྲུབ་ཐོབ་དེ་ལ་བྱ་ཐབས་མ་རྙེད་ནས། དེ་རྡོར་རང་ལ་རྩ་རླུང་བསྒོམས་སྦྱོར་བ་གནང་ཙང་། རང་གི་མཚན་མ་དང་། པུས་པོའི་ཞབས་རྗེས་ཕྱི་འབྱུང་གདུལ་བྱ་ང་ཚོ་ཆེད་དུ་འཇོག་གནངས་དུ་ལྟ་ཡང་གནས་གཟིགས་འགྲོ་སོང་རྩ་བ་ནས་མི་རག་ཁ་ཏ་བྱའོ།
དེ་མིན་ཏན་དི་དགོན་པ་སྔགས་ཀྐྱི་དཀྱིལ་འཁོར་ཡོད་སོགས་དང། དེ་མར་མ་ནི་ལམ་ཕྱོགས་ཀོག་གཟར་དགོན་པ་དང་། མཚམས་ཁ་ཤས་ཡོད་རེད། དེ་མ་ཡིན་པ་ཁུ་ནུ་རིན་པོ་ཆེ་པོ་་འ།ིག་གཤེགས་སའི་མཚན་མི་དྲན། དེར་ཁོང་གདུང་རྟེན་མཆོད་དཀར་པོ་ཅིག་ཡོད་ངས་ཚར་ལྔ་དྲུག་མཇལ་མྱོང་བ་དང་། ༸གོང་ས་མཆོག་དེར་ཐུབ་ཡོད་རེད། མོ་ཊ་ལམ་གཞུང་ཡོད་མཇལ་ལས་སླ། ད་དུང་དྲིལ་བུ་རི་བདེ་མཆོག་མཚོད་བྱེད་དུ་རང་བརྩིས་གནས་སྐོར་འགྲོ་ས་ཡོད་རེད། ཡུལ་མི་ནང་པ་ཕྱི་པ་དབང་ཕྱུག་དང་ལྷ་མོ་དབུ་མ་གཉིས་འཁྲུངས་ས་སྐྱོན་ས་ལྟ་བུར་གྲག ད་ུང་ནུ་མ་རང་བྱོན། གར་ཞྭ་ཡུལ་སྐད་དུ་རས་འཕགས་སྤྱན་གིགས་རྡོ་ཀར་མ་རོལ་པ་པོར་རང་དེ་དེར། ཞལ་བོད་ལྷ་ས་ཕྱོགས་འཁོད་པས་། ལྷ་སའི་ཐོ་བོ་དང་། རས་འཕགས་དེ་གཉིས་བར་གྱི་སེམས་ཅན་འགྲོ་མཛད་པར་གྲགས། ཡ་མཚནགནགཅིག་རྡོ་དེ་རྒྱབ་ལོགས་ནས་བཟུང་རྒྱ་གར་ངོ་གདོང་ཅན་རྐྱང་རྐྱང་ཡོད་པ་ཧིན་དུའི་ཆོས་པ་རྐྱང་གཞིས་ཆགས་འདུག ཧིན་ཆོས་པ་ཚོས། སྤྱན་རས་གཟིགས་ཀྱི་དཀར་པོ་ཕྲུ་གང་པ་དེ། ཕྱི་དབང་ཤིབ་ཇི་ཡིན་པར་ཁས་བླངས་ཕྱི་ནང་གཉིས་དད་དུ་གྱུར། རྡོ་སྐུ་དེའི་དབུ་ཐོད་དུ་འོད་དཔག་སྐུ་ཆུང་ཆུང་དེ་ཕྱི་རོལ་པས། དབང་རལ་པ་ལྷ་མོ་གངྒ་ཡིན་པར་དད། ཁོ་ཚོ་ཕྱི་རིས་རྩོད་མེད་ཆགས་འདུག
དེ་ཕར་གཙང་པོ་བརྒལ་ནས་ཕྱིན་ཡུལ་མིང་ཨུ་རྡའི་ུཔུར་ཞེས་པ་དེ་ལ། ནང་པས་རྡོ་རྗེ་རྣལ་རང་བྱོན་བཞུགས་དགོན་རྙིང་ཡོད་ཀྱང་། གང་ནས་ཕྱི་རོལ་ལྷ་ཁང་དགོན་་ནང་གི་སྐུ་བཞུགས་སའི་རྒྱལ་སྒོ་དེར་བཟོ་བོའི་རྒྱལ་བི་ཤུ་ཀརྨས་བཞེངས་པར་ཤིང་སྡོང་གཅིག་གྲུབ་པར་གྲགས། དེར་སྟབས་མ་ལེགས་པ་ཆིག་ལ་ཕྱིས་དེར། དུས་སུ་ར་ལུག་གི་དམར་ཕུབར་མ་མཐོང་ཡང་ཕུལ་བར་གྲགས།
དེ་མིན་པ་ལྷ་འདྲེ་མི་གསུམ་གྱི་ཕྱི་ནང་གཉིས་ཀའི་ལོ་རྒྱུས་ཤོད་ཚར་ཡ་་མེད་པ། ཆིད་ཆེ་་མང་པོ་ཤོད་རྒྱུ་འདུག དྲ་གྲོགས་ལོ་གཞོན་མ་ཟི་ཚེ་རིང་སྔོན་ལ། གར་ཞྭར་གནས་སྐོར་ཅིག་ཕེབས་ནས། རང་བྱོན་དེ་ཡི་ལོ་རྒྱུས་ཉན་དུ་དང་། རིལ་རིར་བསྐོར་ར་ལན་ཅིག་གམ། ཐང་མ་གཅིག་རང་ཅིག་དད་པའི་ཀུན་ས་བསླངས་ནས་ཕེབས་ཐུབ་ན། ཁྱེད་ཚོས་ཚེ་འདིར་ག་ཚོད་བསགས་ཡོད་ན་ཡང་། གནས་སྐོར་དེ་སྐྱེ་བ་ཕྱི་གཅིག་གི་རིང་ངན་སོང་མི་འགྲོ་བར་ང་རབ་འབྱམས་པ་ཀརྨ་རྗེ་ཁག་བྱ་ཐུབ་སྙམ་མོ། ད་འགྲོ་རན་སོང་སྐྱར་དུ་མི་འདུག དགོངས་དག
ད་ལྟ་ལས་ཀ་ནས་ལོག་ཚར་ཙམ་ནས་རང་གི་མཚན་བུ་བརྒྱད་པ་འདི་ཚར་ཅིག་བཀླགས་པས།། ཡིག་ནོར་དང་ཆད་ལྷག་གི་ཕུང་པོར་གྱུར་འདུག དགོངས་དག་ཞུའོ། ད་དུང་ཡང་ངས་ནོར་བཅོས་མི་བྱེད འོནད་ཀྱང། སུ་རུང་ཞིག་གིས། དྲི་བ་གནངས་ན། ལན་གང་ཐུབ་ཕུལ་ངེས་ལགས། དེ་དོན་དགོངས་འཇག་འཚལ།། །།
ཐུགས་རྗེ་ཆེ་བཀྲིན་ཆེ་འབྲེལ་བཤད་ཡག་པོ་གནང་འདུག་
བཀྲིན་ཆེ་།
ཀརྡོ་ལགས་ད་དུང་ཁྱེད་ཀྱི་མཆན་བུ་༩ པའི་ནང་དུའང་ཡིག་ནོར་ཤོར་འདུག
༼༡རང་གི་མཚན་བུ༽ མཆན་བུར་བཅོས།
༼༢དྲི་བ་གནངས་ན༽ དྲི་བ་གནང་ཞེས་པར་བཅོས།
༼༣ ཚར་ཅིག་བཀླགས་པས༽ ཚར་གཅིག་ཅེས་པར་བཅོས།
ཧཧཧཧ་དགོངས་པ་མ་འཚོམས་རོགས།
ཁྱུང་སེ་ལགས།
ཁྱེད་བདེན། ང་ སེམས་ཤུགས་ ཆེ་དྲག ཤེས་བྱ་ ཡོན་ཏན་ དམན་དྲག དུས་ཚོད་ ཉུང་དྲག་པས་ལན་པ་རེད། དགོངས་དགོངས་ཀྱི་གསལ་བཤད་ཚར་གཉིས་ཙམ་ཞུས་ཟིནད་ཏོ།།
དགོངས་དགོངས་ཀྱི་གསལ་བཤད་ཚར་གཉིས་ཙམ་ཞུས་ཟིནད་ཏོ།།
འདི།
དགོངས་དག་གི་གསལ་བཤད་ཚར་གཉིས་ཙམ་ཞུས་ཟིནད་ཏོ།།