ཀུན་གླེང་གི་བོད་ཡིག་ལེགས་བཅོས་སྐོར་གྱི་བགྲོ་གླེང་ལ་ཅིག་ཉན་པ་ཡིན། ཕྱོགས་གཅིག་ནས་བསམ་ན་དགའ་དགོས་པ་ཞིག་རེད་ལ་ཡང་ཕྱོགས་གཞན་ཞིག་ནས་བསམ་ན་ངོ་མ་ངུ་ཤོར་གི་འདུག རྡོ་རྗེ་ཚེ་བརྟན་ལགས་ནས་བགྲོ་གླེང་འདི་གོ་སྒྲིག་གནང་བར་སེམས་གཏིང་ནས་དགའ་སྤྲོ་འཕེལ། དེ་ནས་བསྟན་འཛིན་བདེ་སྐྱིད་ལགས་ནས་བོད་ཕྲུག་ཚོའི་ནང་དངོས་སུ་ཟབ་ཞུགས་ཀྱིས་ཞིབ་འཇུག་དང་ཚོད་ལྟ། རང་གི་ཉམས་མྱོང་སོགས་གཞིར་རྩར་བཞག་དེ་བོད་ཡིག་ཡར་རྒྱས་ཀྱི་ཆེད་དུ་དགོངས་འཆར་གནང་བས་སེམས་ཤུགས་འཕར་ཡོང་གི་འདུག མོ་ལ་རྒྱབ་སྐྱོར་ཆ་ཚང་ཡོད།
དཀའ་ངལ་དེ་དངོས་ཡོད་ཡིན་པ་མིག་གིས་མཐོང་རྒྱུ་འདུག
མ་གཞི་བོད་ཡིག་ལ་དོ་སྣང་མེད་པ་དེར་རྒྱུ་རྐྱེན་ཁ་ཤས་ཤིག་ཡོད་པ་ལས་བར་སྟོང་འདི་དེའི་ནང་གི་གཅིག་རེད་ལ་གལ་ཆེན་པོ་ཞིག་ཀྱང་རེད། བོད་ཡིག་ཀློག་སྐབས་ཀློག་མཚམས་གཅོད་སྟངས་མི་ཤེས་པའི་དཀའ་ངལ་ཞིག་ཡོད་པ་དང་དེ་ལ་བརྟེན་ནས་ཚིག་དོན་གྱི་གོ་བ་མི་ལོན་པ་དང་གོ་བ་ཕྱིན་ཅི་ལོག་ཏུ་ལེན་པ་དེ་དངོས་ཡོད་རེད། དེ་ཡང་ལྷག་པར་དུ་བོད་ཡིག་གི་རྨང་གཞི་ཡག་པོ་མ་ཆགས་སྔོན་དཀའ་ངལ་དེ་ཕལ་ཆེར་མི་ཚང་མར་འཕྲད་གི་ཡོད་པ་རེད། དེར་མ་ཟད་བོད་ཡིག་ཡག་པོ་ཤེས་མཁན་ཞིག་ཡིན་ནའང་དཀའ་ངལ་དེ་ཆེ་ཆུང་ལ་མ་ལྟོས་པར་ཡོད་ནི་ཡོད་པ་རེད། དེ་ནི་བདེན་པ་དང་དངོས་ཡོད་རེད།
གཅིག ཀློག་མཚམས་ཀྱི་དཀའ་ངལ་སྐོར་ཁ་སང་རྡོ་རྗེ་ཚེ་བརྟན་གྱིས་སྒྲུང་གསོན་པོ་གཉིས་ཀྱི་ཐོག་ནས་གསལ་བོར་བསྟན་པ་དེ་ལྟར་རེད།
གཉིས། ངས་རང་ཐོག་གི་ཉམས་མྱོང་ཞིག་བཤད། ངས་ཆུང་དུས་དཔེ་ཆ་ཀློག་སྐབས་ཐེངས་གཅིག་ཀློག་ན་མ་གོ་བ་ཡོང་གི་འདུག ཐེངས་གཉིས། མཚམས་རེར་ཐེངས་གསུམ་ཀློག་ན་གཞི་ནས་དོན་གོ་ཡོང་གི་འདུག ཐ་ན་ད་ལྟའང་རྩོམ་རྙོག་འཛིངས་ཚ་བོ་རྗོད་པ་རིང་པོ་ཞིག་མགྱོགས་པོར་ཀློག་ཕྱིན་ན་མཚམས་རེར་ཚིག་དོན་རེ་ཟུང་རེ་སྐྱར་ཀློག་བྱེད་དགོས་པ་དེ་འདྲ་ཡོང་གི་འདུག དོན་དངོས་སུ་དེ་ནི་ཀློག་སྟངས་དང་ཀློག་མཚམས་གཅོད་ཉེས་ཀྱི་དབང་གིས་ཡིན་འདུག
གསུམ། དེ་ནས་གཞན་ཐོག་གི་ཉམས་མྱོང་ཞིག་བཤད། སྔོན་མ་ཞིག་ལ་བཤད་པ་ལྟར། བོད་ནང་ཡོད་སྐབས་ཤིག་ངའི་དགེ་གྲོགས་གཉིས་ཀྱིས་ཁོ་གཉིས་ལ་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་དཔེ་ཁྲིད་བྱས་དང་ཟེར། ངས་ཐོག་མར་དུམ་མཚམས་རེ་ཀློག་དེ་ནས་འགྲེལ་བཤད་རྒྱབ་ཕྱིན་པར། མཚམས་ཤིག་ཁོ་གཉིས་ཀྱིས་འགྲེལ་བཤད་རྒྱག་དགོས་པ་མི་འདུག ཁྱེད་རང་གིས་ཀློག་ན་ངེད་གཉིས་ཀྱིས་གོ་གི་འདུག མ་གཞི་ཁོ་གཉིས་ཀྱང་བོད་ཡིག་ཡག་པོ་མེད་པ་དེ་འདྲ་མ་རེད་དེ་ཀློག་སྐབས་དཀའ་ངལ་ཞིག་ཡོད་པ་དེ་དངོས་ཡོད་རེད། སྤྱིར་བཏང་གོ་བ་ལོན་མིན་དེ་ཀློག་བཟང་ངན་ལའང་ཁྱད་པར་ཡོད་རྒྱུ་རེད།
བཞི། དེ་ནས་སློབ་མ་ཚོར་གཅོད་མཚམས་ཀྱི་དཀའ་ངལ་ཡོད་པའི་དངོས་དཔེ་ཞིག་དྲངས། ཁོ་ཚོས་དོན་མི་གོ་བའི་མིང་ཚིག་དེ་ཚོར་རྟགས་རྒྱོབས་ཟེར་ནས་རྟགས་རྒྱག་བཅུག་ན་མིང་ཚིག་ཆ་སྡེབས་ཡ་སྡེབས་བྱས་རྟགས་རྒྱག་མཁན་ལ་ཡང་སེ་ཐུག་མྱོང་། ད་དེ་རེད། འདི་ཚོ་དངོས་ཡོད་ཀྱི་དཀའ་ངལ་ཞིག་ཡིན་པ་དེ་བཤད་མ་དགོས་པ་དང་རྩོད་རྒྱུ་མེད་པ་ཞིག་རེད་དེ་མི་གླང་གོག་འདྲ་བ་ཀླད་པ་བྲག་རྡོ་འདྲ་བ་དེ་འདྲ་འགའ་རེ་ལ་བདེན་པ་མདུན་ལ་བཞག་ནས་བཤད་ནའང་ད་དུང་ངོས་ལེན་མི་བྱེད་པ་དེ་འདྲ་མཐོང་ན་འུ་ཐུག་པའི་མི་ཚད་ངུ་ཤོར་གི་འདུག
བར་སྟོང་འཇོག་རོགས་ཟེར་ནས་བུ་གུ་ཚོའི་མིག་ནས་ཁྲག་བཞུར་གི་འདུག་ག
བར་སྟོང་བཞག་ན་དགོས་ཕན་ཡོད་མེད་སྐོར་ང་ཚོས་སྔོན་མ་ནས་མང་པོ་གླེང་བ་རེད། འདི་ལ་རྒྱབ་སྐྱོར་བྱེད་མཁན་དང་ངོ་རྒོལ་བྱེད་མཁན་གཉིས་ཀ་འདུག འདི་ལ་རྒྱབ་སྐྱོར་བྱེད་མཁན་གྲས། ཀརྨ་རྡོ་རྗེ་ལགས་ནས་ལོ་ཉི་ཤུའི་ཉམས་མྱོང་གཞིར་བཞག་ནས་བཤད་པ་རེད། ང་རང་གིས་ཀྱང་བོད་ཕྱི་ནང་གཉིས་སུ་དགེ་རྒན་བྱས་རིང་གི་རང་གཞན་རོགས་གསུམ་གྱི་ཉམས་མྱོང་གཞིར་བཞག་ནས་བཤད་པ་ཡིན། ངོ་རྒོལ་བྱེད་མཁན་ནང་དྲི་བ་ཁྱད་མཚར་པོ་དེ་འདྲ་ཡོང་གི་འདུག བར་སྟོང་བཞག་ན་བོད་ཡིག་ཀློག་མཁན་མང་དུ་འགྲོ་རྒྱུ་ཡིན་མིན། བོད་ཡིག་ཡར་རྒྱས་འགྲོ་གི་ཡིན་མིན་སོགས་བོད་ཀྱི་རིག་གཞུང་སྤྱི་ལ་འབྲེལ་བའི་དྲི་བ་ཆེན་པོ་རྐྱང་རྐྱང་དྲིས་ཡོང་བ་དེ་ཚོ་ལྐུགས་པའི་སྐད་ཆ་རེད། དེ་ཚོ་བར་སྟོང་གཅིག་པོ་མིན་པར་གཞན་དང་གཞན་ལ་ཡང་འབྲེལ་བ་ཡོད་པ་རེད། བར་སྟོང་གི་དགེ་ཕན་བར་སྟོང་རང་གི་ཐོག་ནས་ཤོད། བསྟན་འཛིན་བདེ་སྐྱིད་ལགས་ནས་འགན་རང་ཁུར་གྱིས་བོད་ཕྲུག་ཚོར་ཚོད་ལྟ་བྱས་པ་དེ་བར་སྟོང་འཇོག་དགོས་མིན་ལ་ལན་འདེབས་གསལ་པོ་ཞིག་རེད། བརྗོད་བྱ་གཅིག་པ་གཅིག་རྐྱང་ཡིན་པའི་སྒྲུང་ཞིག་ལ་གཅིག་ལ་བར་སྟོང་བཞག་པ་ཞིག ཅིག་ཤོས་ལ་བར་སྟོང་མ་བཞག་པར་ཀློག་བཅུག་དུས། བར་སྟོང་བཞག་ཡོད་པ་ཀློག་མྱུར་བ་བྱུང་ཡོད་པ་དང་། སློབ་ཕྲུག་ཚོར་གང་ལ་དགའ་བོ་ཡོད་མེད་དྲིས་དུས་ཚང་མས་བར་སྟོང་བཞག་ཡོད་པ་དེ་འདེམས་འདུག་ག ད་གསལ་པོ་མ་རེད་དམ།
འདིའི་སྐོར་ཁོ་བོས་ཀྱང་། བསྟན་འཛིན་བདེ་སྐྱིད་ཀྱི་རྩོམ་ ་་བོད་སྐད་ཇི་ལྟར་སྐྱོབས་པའི་འབྱུང་རྔུབ་ཀྱི་བར་སྟོང་་་ ཞེས་པའི་མཆན་༢༨ མཇུག་ཏུ་འདི་ལྟར་བཀོད་ཡོད། ཁྱེད་ཚོས་ རང་གི་སློབ་མ་ཚོར་ ཚོད་ལྟ་ཞིག་གནང་དང་། དང་པོར་ ཁོ་ཚོས་ གོ་ལ་མ་གོ་བའི་ སྒྲུང་ཞིག་ཀློག་ཆུག ཅིག་ལྟོས། དེ་ནས་ སྒྲུང་དེ་ ཚིག་གཉིས་གསུམ་རེ་བྱས་ནས་ གཅོད་མཚམས་ ལེགས་པོར་ཕྱེ་ལ་ ཐེངས་གཅིག་ཀློག་ཆུག དེ་ནས་ གང་གོ་བདེ་ མིན་ སྐད་ཆ་ཞིག་དྲིས། དེ་ནས་ཁྱེད་རང་གི་ ཡིད་ལ་ཨ་ལེ་ བསམ་ནས་ འཆར་རྒྱུ་ཞིག་ ཡོད་མདོག་ཁ་བོ་རེད།
ཉམས་མྱོང་དང་ ཚོད་ལྟ་སོགས་ གཞིར་བཞག་ནས་ བདེན་པ་ངོ་སྤྲད་ཀྱང་ ད་རུང་རྩོད་པ་རྒྱབ་ འདུག་དགོས་པ་འདི་ བཟང་རྟགས་ཤིག་ཡིན་ནམ་ ཡང་ན་ངན་རྟགས་ཤིག་ཡིན་ ཧ་གོ་གི་མི་གདའ
ད་བསྟན་འཛིན་བདེ་སྐྱིད་ཀྱིས་ཚོད་ལྟ་གནང་སྟེ་གྲུབ་འབྲས་ཇི་བྱུང་ཀུན་གྱི་མདུན་དུ་བཞག་པ་དེ་ལྟར་རེད། ཚོད་ལྟའི་འབྲས་བུ་འདི་ཚོད་ལྟའི་འབྲས་བུ་ཙམ་མ་ཡིན་པར། ཉན་ཤེས་ན་ཁྱེད་ཚོའི་རྩ་ཆེ་བའི་མི་རབས་རྗེས་མའི་སློབ་ཕྲུག་འདི་ཚོས་ཁྱེད་ལ་རེ་འདུན་ཞིག་ཞུ་གི་ཡོད་པ་རེད། ཚིག་མཚམས་མ་བཅད་པ་ལས་ཚིག་མཚམས་བཅད་ན་ངེད་ཚོ་ལ་ཀློག་འདོད་ཡོད། སྐུ་མཁྱེན། དགེ་ལགས། པ་ལགས། ཨ་མ་ལགས། སྐུ་མཁྱེན་ཟེར་གི་ཡོད་པ་རེད།
བྱིས་པ་ཚོའི་དཀའ་ངལ་ཤེས་པའི་ཐོག་ནས་ཁོ་ཚོའི་རེ་འདུན་ལ་བརྩི་འཇོག་བྱེད་གི་ཡིན་ཡང་ན་སྣང་མེད་ལ་འཇོག་གི་ཡིན། དེ་ཁྱེད་ཚོའི་འདོད་པ་རེད། བོད་ཀྱི་བུ་གུའི་སློབ་སྦྱོང་རྐུབ་ན་ཡོད་ཟེར་ནས་རྒྱུགས་རྡུང་གཏོང་གི་གཏོང་གི་སློབ་རྒྱུ་ཡིན་ནའང་རང་ཚོས་འདོད་པ་རེད།
ཀླད་རྙིང་མགོ་མི་ཚོས་མཁན་ཚོས་འདི་ལ་བྱུས་གཏོགས་མ་བྱེད།
མཐའ་མཇུག་ངས་རེ་བ་གཅིག་འདོན། སློབ་གསོའི་སྐོར་དང་སློབ་དེབ་ཀྱི་སྐོར་དེ་མགོ་ཚོས་མི་ཚོས་གཉིས་ཀྱིས་བྱུས་གཏོགས་མ་བྱས་ན་བཟང་། སློབ་གསོའི་སྐོར་སློབ་སྦྱོང་དམིགས་བསལ་ཡོད་མཁན་ཚོ་དང་ཉམས་མྱོང་ཡོད་མཁན་ཚོས་བཟོས་ན་བུ་གུ་ཚོའི་བློ་དང་འཚམས་པོ་ཞིག་ཡོང་གི་རེད་འདོད། བཙན་བྱོལ་སྤྱི་ཚོགས་ནང་ཤེས་རིག་སྐོར་སློབ་སྦྱོང་དང་ཉམས་མྱོང་ཡོད་པ་གང་འཚམས་ཤིག་ཡོད་པ་རེད་འདོད། ང་ཚོའི་སྤྱི་ཚོགས་ནང་ཁོང་མཁས་དབང་རེད་ལབ་དུས་ཚང་མ་ཧ་གོ་གི་རེད་བསམ་གི་ཡོད་པ་རེད། དོན་དངོས་སུ་དེ་ནི་ནོར་འཁྲུལ་ཞིག་ཡིན་པ་རེད། བྱིས་པའི་སློབ་དེབ་བཟོ་སྟངས་ཧ་གོ་གི་མ་རེད། མཁས་དབང་ཡིན་པ་ཙམ་གྱིས་ཚང་མ་ཤེས་ཀྱི་ཡོད་ན། ང་ཚོས་གེ་རྒན་ཟབ་སྦྱོངས་ཟེར་བའི་དུས་ཡུན་རིང་བོའི་སློབ་སྦྱོང་འདི་ཚོ་དགོས་པ་ཡོད་མ་རེད། སློབ་གསོ་རིག་པ། སེམས་ཁམས་རིག་པ་ཟེར་བ་འདི་ཚོའང་དགོས་པ་ཡོད་མ་རེད། དགོན་པ་ཞིག་ནས་དགེ་བཤེས་ཤིག་གདན་དྲངས་ན་འགྲིགས་ཚར་རེད། ཡིན་ནའང་། དེས་ཡོང་གི་མེད་པ་དེ་བཤད་མ་དགོས་པ་ཞིག་རེད། འདིའི་སྐོར་ཤེས་རིག་ལས་ཁུངས་ནས་འགན་མང་ཟིག་ཁུར་ན་ཡག་པོ་རེད་འདོད། ཤེས་རིག་གི་སྐོར་འདི་བཙན་བྱོལ་བོད་གཞུང་གི་ལོ་ལྔ་བཅུའི་འཆར་གཞིའི་ནང་གི་གལ་ཆེ་ཤོས་སུ་བཟུང་སྟེ་འགྲོ་སོང་མང་ཟིག་གཏོང་བའི་རེ་བ་ཡོད།
བར་སྟོང་བཞག་མ་བཞག་སྐོར་ལ་ལྡོག་ཕྱོགས་ནས་དྲི་བ་ཡོད་ན་ཁོ་བོས་རེ་རེ་བཞིན་འགན་འཁྱེར་ཏེ་ལན་འདེབས་ཞུ་གི་ཡིན། ལེགས་བཅོས་སྐོར་ངོ་རྒོལ་བྱེད་མཁན་མཐོ་བླ་མ་དགེ་བཤེས་དང་བཅས་པ་ཚང་མ་དཔུང་སྒྲིག་ནས་ཕེབས་ན་དགའ་བསུ་ཡོད། ང་ཚོས་བགྲོ་གླེང་ཚ་ཐག་ཆོད་ཅིག་བྱེད། མི་རབས་རྗེས་མ་བོད་ཡིག་ལ་དོ་སྣང་སླེབས་མ་སླེབས་དེ་བོད་ཡིག་འདི་གནས་མ་གནས་ཀྱི་སྲོག་རྩ་ལ་ཐུག་ཡོད་པས་ཀླད་པ་རྡོ་འདྲ་བ་རེ་ཟུང་རེ་ཡར་འཇོག་བྱས་པ་ཡིན་ནའང་ཅི་སྐྱོན།
དགོངས་པ་མ་འཚོམ། ཡིན་ནའང་འདི་རྙོག་གཏམ་རྐྱང་རྐྱང་རེད། གཙོ་བོ་རང་རང་གི་མ་བསླབ་པའི་རྐྱེན་རེད། བཤད་ཕྱོགས་འདིའི་རིགས་རྒྱ་ནག་གི་བཅའ་ཕྱོགས་དང་འདྲ་འདྲ་རེད། ཁོ་ཚོས་རྒྱ་ཡིག་བསྒྱུར་བཅོས་བྱས་པའི་རྣམ་པ་དང་འདྲ་འདྲ་རེད། དེའི་རྒྱུ་མཚན་གཙོ་བོ་ནི་སློབ་མར་དམིགས་པ་རེད། འོན་ཀྱང་ཐེ་ཝན་ལ་བལྟོས་དང་གནའི་རྒྱ་ཡིག་བཀོལ་སྤྱོད་བྱ་བཞིན་ཡོད་ཀྱང་དེ་འདྲ་དཀའ་བོ་བྱུང་མེད་པ་འདྲ། སྐད་བརྡ་རིག་པའི་ཕྱོགས་ནས་བཤད་ནའང་འདིར་གནད་དོན་གང་མང་འདུག གོང་དུ་བཀོད་ཡོད་པའི་རྒྱུ་ཆར་དཔེ་བླངས་ན།
ཁྱེད་ཚོས་ ཟེར་བར་ནང་དོན་སྣ་མི་འདྲ་བ་གསུམ་འདུས་ཡོད། གཅིག་ཡིན་ན་ ཁྱེད་ གཉིས་ཡིན་ན་ ཚོ གསུམ་ཡིན་ན་ ས་ སྟེ་བྱེད་སྒྲ་རེད། འདི་རེ་རེ་བཞིན་མ་ཤེས་ན་འདི་གསུམ་པོ་ཆབས་གཅིག་ཏུ་བཞག་པར་འང་ནང་དོན་མེད། དེ་བཞིན་དུ་ རང་གི་སློབ་མ་ཚོར་ ཟེར་བར་འང་སྣ་ལྔ་འདུས་ཡོད། རང་ ནི་མིང་ཚིག གི་ ནི་འབྲེལ་སྒྲ སློབ་མ་ ནི་མིང་ཚིག ཚོ ནི་མང་པོའི་དོན ར ནི་ལ་དོན་ནོ། འདི་རེ་རེ་བཞིན་བཞིན་མ་ཤེས་ན་འདི་ལྟར་བཀར་ན་ནང་དོན་གཅིག་ཀྱང་མེད་ལ་འདི་ལྟར་ཤེས་ཚེ་དེ་ཚོ་ཁ་དགར་དགོས་དོན་ཡང་མེད། དེའི་རྐྱེན་གྱིས་འདི་ལྟར་ཕྱོགས་གཅིག་ཏུ་འཇོག་པར་ནང་དོན་ཅི་ཡང་མེད། འདི་ཚང་མ་གནས་ལུགས་མེད་པ་དང་བོད་ཡིག་མ་ཤེས་པའི་ཆ་ནས་བཞག་པ་རྐྱང་རྐྱང་ཡིན་པས། རྣམ་པ་ཚོས་ངོ་མ་ཕན་ཐོག་ཡོད་པའི་ལས་ཤིག་ལ་འབད་ན་འགྲིག
གོང་གི་དཔྱད་གཏམ་དེ་ཀློག་ཐུབ་མ་སོང་ཡང་། ཁ་སང་བཅའ་འདྲི་དེར་ཆ་ཚང་ཞིག་ཉན་པ་ཡིན། ཁོང་རྣམས་པ་གཉིས་ཀྱི་དགོང་ཚུལ་ལ་འདོད་པ་ཕྱོགས་འཚུང་རེ་བྱུང་། དང་པོ་རྒན་ཉི་འོད་གྲོང་ཁྱེར་དུ་བཞུག་མཁན་མ་དེས་དགོང་ཚུལ་དེ་བྱེད་ཐབས་ཞིག་རེད་བསམ་། ཡིན་ན་ཡང་སྟོང་ཆ་འཇོག་རྒྱུ་དེ་བོད་ཡིག་བྲིས་ཚད་ལ་འཇོག་དགོས་པས་ངེས་བ་མེད་དེ་། དཔེར་ན་བོད་ཡིག་གི་འཛིན་་གྲྭ་དམའ་རིམ་ནས་བཅས་དེ་། སྟོང་ཆ་བཞག་། འཛིན་རིམ་མཐོན་པར་སླེབ་ཚེ་མ་བཞག་ན་ཡག།
དཔེ་ཞིག་འཇོག་། བྱིས་བ་ཆུང་ཆུང་སྐབས་ཆུ་གདན་བཞག་ན་ཕྱོགས་མང་པོ་ཞིག་ལ་ཕན་པ་ཡོད་། སྐབས་ཞིག་ཁོ་ཆེ་རུ་སོང་ནས་ཆབས་ཁང་ལ་འདུག་ཐུབ་དུས་། ཆུ་གདན་མ་བཞག་ན་ཡག་། ཕོ་གསར་མོ་གསར་ཆགས་དུས་དེ་ལས་ཀྱང་ཆུ་གདན་མ་གང་ནས་འཇོག་། དེ་ལྟར་རེད་།
གཞན་རྡ་སའི་རྒན་ལགས་དེས་སྐད་དང་ཡི་གེ་གཅིག་འདོར་གཅིག་ལེན་བྱེད་དགོས་པའི་དུད་ལ་བབ་འདུག་གསུང་བ་དེ་ལ་རྒྱབ་སྐྱོར་ཡོད་། ཡིན་ན་ཐབས་ལམ་མི་ཤེས་། འོན་ཀྱང་རྒན་དེས་བོད་ཡིག་ལ་མཁོར་ཡུག་མི་འདུག་གསུང་དེ་ཅུང་ཙམ་འདོད་པ་མེད་།
ངས་སློབ་གྲྭ་ཁག་ཏུ་འཛིན་གྲྭ་དྲུག་པ་བར་གྱི་སློབ་དེབ་ཚོའི་ནང་དུ་མིང་ཚིག་དང་ཚིག་ཕྲད་སོགས་ལ་བར་སྟོང་འཇོག་དགོས་ཀྱི་འདུག དེ་ནས་བར་སྟོང་མེད་པ་དེས་འགྲིག་གི་རེད་བསམས་སོང་། ཚགས་པར་སོགས་ཡིན་ན་ཡང་ཤེས་ཡོན་དེ་ཙམ་མེད་པའི་རིགས་ལ་དམིགས་ནས་བར་སྟོང་ཡོད་པ་ཞིག་པར་སྐྲུན་བྱེད་ཐུབ་ན་ལེགས་པོ་འདུག ལོ་མང་སྔོན་ངའི་གྲོགས་པོ་ཝར་ན་ནས་སློབ་མཐར་ཕྱིན་པ་ཞིག་ཡོད་པ་དེས་ག་དུས་ཡིན་ཡང་ཡི་གེ་བར་སྟོང་ཡོད་པ་འདི་འབྲི་གི་རེད། ཁོང་གིས་འདི་ནི་ཀློག་བདེ་བ་དང་གོ་བདེ་བ་གཉིས་ཀའི་ཁྱད་ཆོས་ཡོད་པ་ཞིག་ཡིན་ཟེར་གིན་འདུག དེ་ནས་ད་དུང་གནད་འགག་གཞན་ཞིག་ཡོད་པ་ནི། འཛིན་གྲྭ་དམའ་བོ་ཚོར་སུམ་རྟགས་སློབ་དུས་ཡི་གེ་ཚོན་མདོག་ཅན་སློབ་དགོས་ཀྱི་འདུག མིང་གི་རིགས་ནག་པོ། ཚིག་གི་རིགས་སྔོན་པོ། ཚིག་ཕྲད་ཀྱི་རིགས་དམར་པོ་སོགས་བྱས་ན་ཡི་གེའི་ངོ་བོ་ལས་སླ་བོར་ངོས་ཟིན་པའི་དགེ་མཚན་འདུག འདི་ནི་དབྱིན་ཇིའི་འཛིན་གྲྭར་བེད་སྤྱོད་བྱེད་ཀིན་འདུག
ང་ཚོས་དང་པོར་སྦྱོར་ཀློག་བསླབས། དེ་ནས་ཐད་ཀློག་སློབ་པ་འདིས་ཀྱང་ལས་དང་པོ་བ་ཚོར་ཀློག་སྟངས་ཤིག་ཟུར་དུ་དགོས་པ་ཞིག་ལོ་ངོ་གཅིག་སྟོང་གི་སྔོན་ནས་བསྟན་མི་འདུག་གམ། ས་རའི་དགེ་རྒན་བསོད་ནམས་རྒྱལ་མཚན་གྱིས་བོད་ཡིག་ལ་བར་སྟོང་མི་དགོས་པའི་སྒྲུབ་བྱེད་དུ་རྒྱ་ཡིག་དྲངས་པ་ནི་མི་ཤེས་པའི་སྐད་ཆ་སྟེ། བོད་ཡིག་གི་དམར་པོ་ཞེས་པའི་པོ་དེ་ལ་ཚིག་གྲོགས་མེད་ན་དོན་ཅི་ཡང་སྟོན་མི་ཐུབ་པས། འདི་ཡིས་རྒྱ་ཡིག་གི་ཚིག་རེས་དོན་རེ་སྟོན་པ་དང་དཔེ་མཚུངས་སུ་ཇི་ལྟར་འགྲོ
གཅན་མེ་ལོང་།
༡ རེད། ཁྱོད་ཀྱིས་བཤད་པ་ལྟར་འདི་མ་བསླབས་པའི་རྐྱེན་ཞིག་རེད། ངས་གཅིག་བཤད། མཐར་དེད་ན། ག་རེ་བྱས་ནས་མ་བསླབས་པ་རེད། དྲི་བ་དེར་བསམ་བློ་ཐོངས།
༢ རྒྱ་ཡིག་གསར་རྙིང་གི་སྐོར་དེ་རྙིང་པ་དེ་འབྲི་ཁག་པོ་ཡོད་པ་རེད། དེའང་བདེན་པ་རེད།ཡིན་ནའང་། གཅིག་ནས་རྙིང་པ་དེ་ཕ་མེས་ཡང་མེས་ནས་གོམས་བསྡད་ཡོད་པ་རེད། གཉིས་ནས་དེ་རི་མོ་བྲིས་པ་ལྟ་བུ་ཞིག་ཡོད་པ་རེད། དེ་ནས་གཙོ་བོ་ཞིག་འདི་བཤད་སྐབས་རྩ་བའི་ཁོ་ཚོའི་སློབ་གསོའི་བྱེད་ཐབས་ཀྱི་ནང་དོན་ལ་ཁྱེད་རང་གིས་རྒྱུས་ལོན་བྱས་ཡོད་དམ་མེད། དེ་ངའི་དྲི་བ་ཡིན།
༣ ཁྱེད་ཀྱི་གཅོད་མཚམས་ཀྱི་དཔེ་དེ་དཔེ་རུ་མི་འོས། གཅོད་མཚམས་ཀྱི་དཀའ་ངལ་དེ་མགྱོགས་པོར་ཀློག་པ་དང་ཡང་ན་ཐ་སྙད་དང་ཚིག་གྲུབ་ལ་རྒྱུས་ཡག་པོ་མ་བྱུང་བའི་སྐབས་ཡོང་གི་ཡོད་པ་རེད། ལེའུ་དང་པོ་བ་ཚོར་མང་པོ་ཡོང་གི་ཡོད་པ་རེད། ང་ལ་མཚོན་ན་ད་ལྟའང་མཚམས་རེ་ཡི་གེ་མགྱོགས་པོར་ཀློག་སྐབས་མགོ་ཚོས་མ་ཚོས་བྱུང་ནས་འགའ་རེ་སྐྱར་ཀློག་བྱེད་དགོས་པ་ཡོང་གི་འདུག དེ་དངོས་ཡོད་རེད།
༤ བོད་ཡིག་མ་ཤེས་པའི་ཆ་ནས་བཞག་པ་དེའང་བདེན་པ་རེད། ཐབས་ལམ་འདི་བོད་ཡིག་གི་གོ་དོན་ལོན་ཐབས་ལ་རོགས་རམ་རེད།
༥ ཁྱེད་རང་ལ་གཅོད་མཚམས་ཡག་པོར་མ་ཤེས་པའི་དཀའ་ངལ་ཡོད་པ་རེད། ངེད་ཚོས་གཅོད་མཚམས་ལེགས་པོར་ཕྱེས་ནས་ཏག་ཏག་ཁྱེད་རང་གི་མིག་མདུན་དུ་འདི་འདི་དང་དེ་དེ་བྱས་ནས་བཞག་པ་རེད།
༦ མ་གཞི་འདི་ང་ཚོས་བགྲོ་གླེང་བྱེད་རྒྱུ་ཞིག་མ་རེད། འཛིན་རིམ་བཞིན་སློབ་ཕྲུག་ཚོར་དྲི་བ་འདྲི་རྒྱུ་ཞིག་རེད། སློབ་ཕྲུག་ཚོས་གཅོད་མཚམས་ཡག་པོ་འདུག་ཟེར་ན་ང་ཚོས་གཅོད་མཚམས་ཕྱེ་དགོས་པ་དང་སློབ་ཕྲུག་ཚོས་དེ་ཡག་པོ་མི་འདུག་ཟེར་ན་ང་ཚོས་ངེས་པར་མཚམས་འཇོག་དགོས་པ་རེད།
བོད་ཀྱི་རྩམ་པ།
སྟོང་ཆ་འཇོག་པ་འདིའི་དགོས་དམིགས་ག་རེ་རེད་ཟེར་ན། གཅོད་མཚམས་ཉེས་པ་དེ་ལས་སྐྱོབས་པའི་ཆེད་རེད། གཅོད་མཚམས་ཉེས་པ་ཡིན་ན་དོན་ག་བར་བར་ཆད་གཏོང་གི་ཡོད་པ་རེད། དོན་གོ་བར་བར་ཆད་བཏང་ན་བོད་ཡིག་ལ་དབྱིངས་ཞུགས་པར་ཡང་བར་ཆད་གཏོང་གི་ཡོད་པ་རེད། དེ་འདྲ་ཡིན་ཙང་བོད་ཡིག་བར་སྟོང་འཇོག་དགོས་གི་འདུག་ཟེར་གི་ཡོད་པ་རེད།
ཁྱེད་རང་གིས་བཤད་པ་ལྟར་སློབ་གྲྭ་གཅིག་པོར་དམིགས་པ་དང་། འཛིན་རིམ་མཐོ་རུ་ཕྱིན་ནས་མཚམས་བཞག་པ་ཡིན་ནའང་མ་འགྲིགས་པ་ཆེར་མི་འདུག ཡིན་ན་ཡང་། དཀའ་ངལ་དེ་སྤྱི་ཚོགས་ཐོག་ནའང་ཡོད་པ་རེད། ཡི་གེ་ཤེས་མ་ཤེས་དང་ཤེས་ཚད་འདྲ་མ་འདྲ་མང་པོ་ཞིག་ཡོད་པ་རེད། དེས་ན་ང་ཚོས་ཚགས་པར་དང་དུས་དེབ་ག་འདྲ་ཞིག་ཡིན་ཡང་གཅོད་མཚམས་ལེགས་པར་ཕྱེས་ནས་ཁོ་མཚོའི་མིག་མདུན་བཞག་པ་ཡིན་ན་གནོད་པ་ག་རེ་ཡོད་པ་རེད།
འབྲི་ཀློག་སླ་རུ་བཏང་བ་འདི་ཚོ་རྩ་བའི་བོད་ཀྱི་རིག་གཞུང་སླ་རུ་བཏང་བ་ཞིག་མིན་པར་མཁྲེགས་པོ་ཀློག་མ་འདོད་པ་དེ་ཚོ་ཀློག་པའི་རྐང་རྟེན་ཞིག་བཞག་པ་ཙམ་རེད།
རྒྱལ་ཁབ་ག་འདྲ་ཞིག་ཡིན་ནའང་བྱིས་པ་ཚོའི་ཆེད་དེབ་མང་པོ་ཞིག་ཐེམ་པ་རིམ་འཛེགས་ཀྱིས་འབྲི་གི་ཡོད་པ་ལས་སུ་ཞིག་གིས་དེབ་རྙིང་མཁྲེགས་པོ་དེ་ཚོའི་ཆེད་བྱིས་པའི་རྐུབ་ལ་རྟ་ལྕག་གཞུ་གི་འདུག
མགོ་རིལ་ལ་དམིགས་བསལ་ཅང་བཤད་རྒྱུ་མེད། སློབ་གྲྭ་གཅིག་པོ་མིན་པར་ཡོངས་ཁྱབ་ཀྱིས་བར་སྟོང་བཞག་པ་ཡིན་ན་བོད་ཡིག་གོ་གི་མི་འདུག་ཟེར་ནས་དང་ག་འགག་བསྡད་པ་དེ་ཚོའི་དང་གའང་ཕྱེ་སྲིད། ད་ངས་མགོ་མི་ཚོས་པ་ཞིག་ནི་བར་སྟོང་བཞག་པ་ཡིན་ན་དེ་ལ་གནོད་པ་ག་རེ་འདུག་དེ་རེད། གནོད་པ་ཆེན་པོ་ཞིག་ཡོད་ན་དངོས་གནས་ཁག་མི་འདུག གཅིག་བྱས་ན་ཤོག་གུ་འཕྲོ་བརླག་འགྲོ་གི་ཡོད་རྒྱུ་རེད། ཡིན་ནའང་དེ་ནི་ངེས་པར་དགོས་པ་ཆེ་ས་ཞིག་གི་ཆེད་དུ་རེད། ད་གཞན་པ་ག་རེ་འདུག ཁྱེད་ཚོས་ཤོད་དང་། ང་ཚོས་གྲོས་བསྡུར་བྱེད་གི་ཡོད་པ་རེད།
ད་སེམས་ཁམས་ཀྱི་ཐོག་ནས་མི་མང་པོ་ཞིག་ལ་ད་བར་ལག་ལེན་བསྟར་ཡོང་བའི་གོམས་སྲོལ་དེ་གཡུག་པར་ཕངས་སེམས་འདྲ་བ་ཞིག་དང་དེ་གང་འདྲ་ཞིག་ཡིན་ན་སྙམ་པ་ཞིག་ཏན་ཏན་ཡོད་པ་རེད། དེ་ང་རང་ལ་ཡིན་ནའང་འདུག ཡིན་ནའང་། དེ་ནི་ཞེན་ཆགས་ཤིག་ལས་གཞན་ཐུག་ས་མེད་པ་རེད། ཕྱོགས་གཞན་པ་ནས་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཞིག་ལ་ཐུག་ཡོད་པས་ང་ཚོས་མི་འདོད་ནའང་བསྒྱུར་བཅོས་གཏོང་བ་ལས་འོས་ཡོད་པ་མ་རེད། རྒྱལ་ཁབ་གཞན་པ་ཚོས་ཀྱང་དེ་ལྟར་བཏང་ཡོང་བ་རེད།
རེད་རེད་འདའ་ཚན་པས་གསུང་དེ་བདེན་པ་རེད། གང་ལྟར་མང་བཤད་ཉུང་བཤད་གང་བྱས་ཀྱང་གཙོ་བོད་ཡིག་མ་སྦྱང་བས་སྐྱོན་ཁོ་ན་རེད་། ང་རང་ཐེས་བས་། ཡིན་ཡང་འུ་ཐུག་ནས་དེ་འདྲ་ཞིག་བྱས་ན་བསམ་པ་ལས་། སྐད་ཡིག་ཐོག་དུ་སྐྱོན་ཅི་ཡང་མེད་། ད་མ་གཞི་ནས་མི་རིང་བར། བོད་ཡིག་འདི་ལྟར་བྲིས་ན་ལེགས་ཚུལ་ཡང་མི་བྱུང་བས་ངེས་བ་མེད། ཀ་ཁ་ག་ང་་། ལ་kha Ca Ga Nga། གང་ཡིན་ཟེར་ན་ད་ལྟ་ཕྱི་ལོགས་འདིར་ཆོས་ཚོགས་ཁག་གི་ཞལ་འདོན་དེབ་ཚང་མ་འདི་ལྟར་བྲིས་ཡོད་པས་། བོད་ཕྲུག་མང་པོ་ཞིག་གིས་བོད་ཡིག་ལས་། ལོགས་ཡིག་འདི་ལས་་སླ་པས་སྒོ་ནས་་ཀློག་པར་བྱེད་།
ཕྱི་ལོགས་ཀྱི་ཞལ་འདོན་དེབ་ཚང་མ་རྒྱལ་སྤྱིའི་སྒྲ་རྟགས་ཀྱིས་བྲིས་ཡོད་པའི་ངེས་པའང་མི་འདུག ངས་མཐོང་བའི་དེབ་མང་པོ་ཞིག་ཐོག་མར་བོད་ཡིག དེ་ནས་དེའི་སྒྲ་གདངས། དེ་ནས་དབྱིན་འགྱུར་བཅས་གསུམ་པོ་མཉམ་དུ་བཞག་ཡོད་པའང་གང་མང་ཞིག་འདུག གང་ལྟར་བོད་ཡིག་ལས་སླ་བོར་ཤེས་ཐུབ་པའི་འཛིན་གྲྭ་འདྲ་མིན་བསྡུས་ནས་བོད་ཡིག་བར་སྟོང་ཅན་འདི་གཞི་རིམ་མང་ཚོགས་དང་སློབ་ཕྲུག་ཚོའི་ཁྲོད་དུ་ཁྱབ་བརྡལ་དུ་གཏོང་དགོས་ཀྱི་འདུག
མདའ་ཚན་པ་ལགས།
ངས་ཁྱེད་ཀྱི་དྲི་བ་དག་ལ་འདི་ལྟར་ལན་བཏབ་ན་འདོད།
༡ རེད། ཁྱོད་ཀྱིས་བཤད་པ་ལྟར་འདི་མ་བསླབས་པའི་རྐྱེན་ཞིག་རེད། ངས་གཅིག་བཤད། མཐར་དེད་ན། ག་རེ་བྱས་ནས་མ་བསླབས་པ་རེད། དྲི་བ་དེར་བསམ་བློ་ཐོངས།
ངས་བལྟས་ན། དོན་དག་འདི་དེ་འདྲའི་སླ་མོ་མ་རེད། གལ་ཏེ་ཁྱེད་ཀྱིས་བཤད་པ་ལྟར་སློབ་མ་ཚོས་ཀློག་འདོན་ཐུབ་མིན་ལ་ཐུག་ཡོད་དུས། གཙོ་བོ་བོད་ཡིག་ལ་སྟོང་ཆ་ཡོད་མེད་ལ་ཐུག་མེད། དེ་ཕལ་ཆེར་ང་ཚོར་ཚད་ལྡན་གྱི་སྐད་ཡིག་དགེ་རྒན་དང་བསླབ་དེབ་མེད་པ་དེ་རེད་བསམས། གལ་ཏེ་ཞིབ་འཇུག་དང་མཉམ་མྱོང་སོགས་བརྒྱུད་ནས། སློབ་མའི་ཆུ་ཚད་དང་འོས་ཤིང་འཚམས་པའི་བསླབ་དེབ་རེ་པར་བསྐྲུན་བྱ་ཐུབ་ན། སློབ་མས་ཤེས་རྒྱུར་ཕན་ཐོག་ཆེན་པོ་ཡོད།
༢ རྒྱ་ཡིག་གསར་རྙིང་གི་སྐོར་དེ་རྙིང་པ་དེ་འབྲི་ཁག་པོ་ཡོད་པ་རེད། དེའང་བདེན་པ་རེད།ཡིན་ནའང་། གཅིག་ནས་རྙིང་པ་དེ་ཕ་མེས་ཡང་མེས་ནས་གོམས་བསྡད་ཡོད་པ་རེད། གཉིས་ནས་དེ་རི་མོ་བྲིས་པ་ལྟ་བུ་ཞིག་ཡོད་པ་རེད། དེ་ནས་གཙོ་བོ་ཞིག་འདི་བཤད་སྐབས་རྩ་བའི་ཁོ་ཚོའི་སློབ་གསོའི་བྱེད་ཐབས་ཀྱི་ནང་ དོན་ལ་ཁྱེད་རང་གིས་རྒྱུས་ལོན་བྱས་ཡོད་དམ་མེད། དེ་ངའི་དྲི་བ་ཡིན།
ངས་བལྟས་ན། ཁྱེད་ཀྱིས་བཤད་པ་ལྟར་གཙོ་བོ་སློབ་ཁྲིད་བྱ་སྟངས་དང་དེའི་རྒྱུ་ཆ་ལ་ཐུག་ཡོད་པ་ཙམ་ལས་བོད་ཡིག་ལ་སྟོང་ཆ་ཡོད་མེད་ལ་ཐུག་མེད།
༣ ཁྱེད་ཀྱི་གཅོད་མཚམས་ཀྱི་དཔེ་དེ་དཔེ་རུ་མི་འོས། གཅོད་མཚམས་ཀྱི་དཀའ་ངལ་དེ་མགྱོགས་པོར་ཀློག་པ་དང་ཡང་ན་ཐ་སྙད་དང་ཚིག་གྲུབ་ལ་ རྒྱུས་ཡག་པོ་མ་བྱུང་བའི་སྐབས་ཡོང་གི་ཡོད་པ་རེད། ལེའུ་དང་པོ་བ་ཚོར་མང་པོ་ཡོང་གི་ཡོད་པ་རེད། ང་ལ་མཚོན་ན་ད་ལྟའང་མཚམས་རེ་ཡི་གེ་མགྱོགས་པོར་ཀློག་སྐབས་མགོ་ཚོས་མ་ཚོས་བྱུང་ ནས་འགའ་རེ་སྐྱར་ཀློག་བྱེད་དགོས་པ་ཡོང་གི་འདུག དེ་དངོས་ཡོད་རེད།
ངས་བལྟས་ན་འདིར་གནད་དོན་གཉིས་འདུག གཅིག སྔར་བཤད་བཞིན་པ་ལྟར། ངོ་མ་སྐད་ཡིག་ཤེས་སྦྱོང་གི་གཞུང་ལུགས་ཅུང་ཤེས་པའི་ཤེས་ལྡན་པ་ཞིག་ལ་མཚོན་ན། གོང་གི་དཔེ་བརྗོད་དེ་དག་གཏན་ནས་འབྲི་རྒྱུ་མ་རེད། དབྱིན་ཡིག་བསླབ་དེབ་གྱི་སློབ་ཚན་དག་ལ་བལྟོས་དང་། དེའི་ཚིག་གྲུབ་རྣམས་ཤིན་ཏུ་ཐུང་ལ་ཚིག་གི་གྲུབ་ཆའི་སྟེང་ནས་འང་འོས་ཤིང་འཚམས་པ་དག་དག་རེད། དེ་ཚང་མ་ལོ་མང་གི་ཞིབ་འཇུག་གི་གྲུབ་འབྲས་དང་མཉམ་མྱོང་ལས་བྱུང་བ་རེད། དེའི་རྐྱེན་གྱིས། ངས་དཔེ་དེ་བཞག་པའི་དམིགས་ཡུལ་གཅིག་ཡང་གཙོ་བོ་འདི་ལ་ཐུག་ཡོད། ཡང་གཅིག་བཤད་ན། སྟོང་ཆ་འཇོག་སྟངས་དེའི་རིགས་ལ་གནས་ལུགས་དང་གཞུང་ལུགས་སོགས་གསར་བོར་མེད་པར་ཅི་ཡིན་འདི་ཡིན་མེད་པར་བཞག་ཡོད། གཉིས། ཁྱེད་ཀྱིས་བོད་ཡིག་བལྟས་ན་མི་གོ་ཚེ། དེ་བོད་ཡིག་གི་སྐྱོན་མ་རེད། གཅིག་ཡིན་རྒྱུ་ན་ཕལ་ཆེར་རྩོམ་པ་པོའི་སྐྱོན་ཡང་ཡིན་རྒྱུ་རེད། གཉིས་ཡིན་རྒྱུ་ན། སྣང་ཚུལ་དེ་འདྲ་གཞན་དབྱིན་ཡིག་སོགས་གང་ལ་བལྟས་ནའང་ཕལ་ཆེར་འབྱུང་སྲིད་པས། དེ་ནི་བོད་ཡིག་ལ་སྟོང་ཆ་དགོས་པའི་རྒྱུ་མཚན་དགའ་ཞིག་མ་རེད།
༤ བོད་ཡིག་མ་ཤེས་པའི་ཆ་ནས་བཞག་པ་དེའང་བདེན་པ་རེད། ཐབས་ལམ་འདི་བོད་ཡིག་གི་གོ་དོན་ལོན་ཐབས་ལ་རོགས་རམ་རེད།
ངས་བལྟས་ན། ཁྱེད་ཀྱིས་འདིའི་ཕྱོགས་གླེང་བ་ངོ་མ་བཟང་མོད། བོད་ཡིག་གི་གོ་དོན་ལོན་མི་ཐུབ་ན་གཙོ་བོ་སློབ་ཁྲིད་བྱ་སྟངས་དང་རྒྱུ་ཆ་སོགས་ལ་རག་ལས་ཡོད་པ་མ་ཟད། མི་རང་ཉིད་ཀྱི་ཡིག་རྩ་བཟང་ངན་ལ་ཡང་ཐུག་ཡོད། སྟོང་ཆ་འཇོག་པ་འདིར་གནས་ལུགས་གཞིར་བཟུང་མེད། གལ་ཏེ་སྟོང་ཆ་བཞག་ན་དེར་ཕན་པ་ཡོད་ཚེ། དེ་ཐབས་བཀོད་ནང་གི་ཆེས་སླ་མོ་དང་ཆེས་རྒྱུན་ཡུན་མེད་པ་ཞིག་རེད། དེ་ནི་སྐད་ཡིག་ཁྲིད་བསླབ་ཀྱི་གཞུང་དེ་མ་ཤེས་པའི་སྐྱོན་ཡང་རེད་འདོད་གི
༥ ཁྱེད་རང་ལ་གཅོད་མཚམས་ཡག་པོར་མ་ཤེས་པའི་དཀའ་ངལ་ཡོད་པ་རེད། ངེད་ཚོས་གཅོད་མཚམས་ལེགས་པོར་ཕྱེས་ནས་ཏག་ཏག་ཁྱེད་རང་གི་མིག་མདུན་དུ་འདི་འདི་ དང་དེ་དེ་བྱས་ནས་བཞག་པ་རེད།
ངས་བལྟས་ན། འདི་ལྟར་འཇོག་དགོས་ཟེར་བའི་མི་མང་ཆེ་བ་ཞིག་གིས་ཕལ་ཆེར་བསམ་བློ་གཏིང་ཕོག་གི་མེད་པ་འདྲ། ཅུང་ཙམ་ཡིན་ན་ཡང་། བོད་ཡིག་ལེགས་བཅོས་ཟེར་བ། བོད་ཡིག་དེང་གི་སྤྱི་ཚོགས་ལ་མི་མཐུན་ཟེར་བ་སོགས་རྨང་གཞི་མེད་པའི་སྐད་ཆ་ཏག་ཏག་བཤད་གི གལ་ཏེ་སྟོང་ཆ་འཇོག་པ་དེ་བོད་ཡིག་གི་ཀློག་འདོན་ལ་ཐུག་ཡོད་ན། གནད་དོན་དེ་སྟོང་ཆ་བཞག་པ་ཙམ་གྱིས་ཐག་གི་མི་ཆོད། ང་ཚོར་ཤེས་ལྡན་མི་སྣ་དགོས་པ་མ་ཟད་དེའི་ནང་ནས་ཡང་སྐད་ཡིག་བསླབ་ཁྲིད་ཀྱི་གཞུང་ལ་མཁས་པའི་མི་སྣ་དགོས། དོན་ངོ་མ་བཤད་ན་ང་ཚོ་ལན་པ་རེད། འདི་ཙམ་ཞིག་ངོ་མ་རེད།
༦ མ་གཞི་འདི་ང་ཚོས་བགྲོ་གླེང་བྱེད་རྒྱུ་ཞིག་མ་རེད། འཛིན་རིམ་བཞིན་སློབ་ཕྲུག་ཚོར་དྲི་བ་འདྲི་རྒྱུ་ཞིག་རེད། སློབ་ཕྲུག་ཚོས་གཅོད་མཚམས་ཡག་པོ་འདུག་ཟེར་ན་ང་ཚོས་གཅོད་མཚམས་ཕྱེ་དགོས་པ་དང་ སློབ་ཕྲུག་ཚོས་དེ་ཡག་པོ་མི་འདུག་ཟེར་ན་ང་ཚོས་ངེས་པར་མཚམས་འཇོག་དགོས་པ་རེད།
ངས་བལྟས་ན། ང་ཚོས་བགྲོ་གླེང་བྱས་ན་ལེགས་པོ་འདུག འོང་ཀྱང་བགྲོ་གླེང་ནང་དོན་དེ་སྟོང་ཆ་དགོས་མེད་ལ་ཐུག་མེད། དོན་ངོ་མ་སྐད་ཡིག་བསླབ་ཁྲིད་ཀྱི་ཆེད་ལས་མི་སྣ་ཧ་ཅང་ཉུང་བ་ཐུག་ཡོད།
བོད་ཕྲུག་ཚོ་བོད་ཡིག་ལ་དོ་སྣང་མེད་པ་དེ་ཆེད་ལས་པ་མེད་པས་མ་རེད། ཆེད་ལས་པས་བཀོད་སྒྲིག་བྱེད་མ་ཤེས་པས་རེད། མཐར་གཏུགས་ན་བོད་ཡིག་སློབ་དེབ་རྩོམ་སྒྲིག་བྱེད་མཁན་ཚོས་བྱིས་པའི་འདོད་བློ་དང་འཚམ་པའི་སློབ་དེབ་རྩོམ་སྒྲིག་བྱེད་མ་ཤེས་པས་རེད། འཛིན་གྲྭ་ལྔ་བ་དྲུག་པའི་ནང་དུ་ལོ་གཅིག་སྟོང་གི་སྔོན་ལ་མ་གཏོགས་བེད་སྤྱོད་མེད་པའི་བརྡ་རྙིང་དང་། ཆོས་དཔེའི་ནང་དུ་མ་གཏོགས་མི་རྙེད་པའི་ཐ་སྙད་གོ་དཀའ་བ་མང་པོས་ཁེངས་བསྡད་ཡོད་པའི་སློབ་དེབ་ཁྱེར་ཡོང་གིན་ཡོད་པ་རེད། བོད་ཡིག་ཉམས་རྒུད་དུ་གཏོང་མཁན་ཚོ་ནི་སློབ་དེབ་རྩོམ་སྒྲིག་པ་མཁས་རྟགས་འདོན་རྒྱུ་མ་གཏོགས་བྱིས་པའི་སེམས་ཁམས་མི་ཤེས་པ་དེ་དག་རེད། ཀརྨ་ཆོས་འཕེལ་སོགས་རེད། ཆུང་ཚེ་རིང་དང་སྐལ་བཟང་མཁས་གྲུབ་གཉིས་ལྟ་བུ་ཡིན་ན་ཅུང་ལེགས་ཀྱང་ཁོང་གཉིས་ལ་ལས་ཀ་འདི་འདྲའི་གལ་ཆེན་ཞིག་བསྐུལ་གི་མ་རེད།
གོང་ནས་མདའ་ཚན་པས་ངའི་མིང་ལ་མགོ་རིལ་ཞེས་བྲིས་འདུག དེ་ནོར་བ་རེད། ངའི་མགོ་འདི་དང་པོར་རྨོངས་པས་སྔོ་རྡོར་ལུས། དེ་ནས་ཤེས་ཡོན་གྱིས་ཅུང་ཟད་སྨིན་པའམ་ཚོས། མཐའ་མར་གང་བྱུང་མང་བྱུང་ཤེས་པས་རུལ་ཚར་བ་རེད། དེའི་ཕྱིར་ངའི་མིང་ལ་མགོ་རུལ་ཟེར།
ངས་དང་པོ་ནས་བོད་ཡིག་ལ་དོ་སྣང་མི་བྱེད་པའི་སྐོར་རྒྱུ་རྐྱེན་འགའ་ཤས་ཤིག་ཡོད་པར་བཤད་ཡོད། དེའི་ནང་གི་གཅིག་ཀློག་མཚམས་གཅོད་ཉེས་དེ་བཤད་ཡོད། དེ་རིང་ང་ཚོས་ཀློག་མཚམས་གཅོད་ཉེས་ཀྱི་སྐོར་ནས་བཤད་གི་ཡོད་པས་བརྗོད་གཞི་ལས་གཞན་ལ་འཕྲོས་མ་སོང་ན་བཟང་སྙམ།
དྲི་བ་གཙོ་བོ་དེ་ཚིག་གི་གཅོད་མཚམས་ལ་བར་སྟོང་བཞག་ན་གཅོད་མཚམས་མ་ཉེས་པར་ཀློག་པར་ཕན་ཐོགས་གི་རེད་མ་རེད།
ཡ་ཡ། ད་ཡང་ལག་པ་ཞིག་བརྐྱངས་ཆོག ང་ལ་སྐད་ཆ་གསར་པ་དེ་འདྲ་ཡང་མེད། བསྐྱར་བཤད་ཡང་བཤད་ཅིག་བྱེད། དོན་ཚན་འདི་ལྟར་ཡིན།
༡༽ བྱིས་པ་རྣམས་ལ་རང་རང་གི་ཕ་སྐད་འབྱོར་གི་མི་འདུག་ཅེས་པའི་ངུ་སྐད་དང་སྨྲེ་ངག་འདོན་མཁན་ནི་ང་ཚོ་གཅིག་པུ་མ་རེད། ཨ་རིའི་སློབ་གྲྭ་ཆེན་མོ་དག་ན་ཡང་སློབ་མ་ཚོའི་དབྱིན་ཇིའི་དག་ཆ་སྐྱོ་རབས་གོ་རྒྱུ་ཇེ་མང་རེད། དགེ་རྒན་ཆེན་མོ་ཞིག་གིས་ཁོང་གིས་ལས་ཀ་ཞིག་ཆེད་དུ་མི་ཞིག་གླས་པ་དང་། གླས་མ་དེས་ཁོང་ལ་ཡིག་འབྲེལ་བྱེད་སྐབས་ཀྱི་ཡི་གེའི་ནང་། རྒྱུན་ལྡན་གྱི་ཁྱད་ཆོས་ཀྱི་ཚིག་ཅིག་བྱ་ཚིག་གི་ཚུལ་དུ་བེད་སྤྱོད་བྱས་འདུག སྐྱོ་པོ་རེད་ཅེས་མགོ་བོ་གཡུགས་བཞིན་གདའ། ཨ་རིའི་སྲིད་འཛིན་སྔོན་མའི་དབྱིན་ཇིའི་སྐད་ཡིག་གི་ཆུ་ཚད་སྐྱོ་རབས་ཡོངས་གྲགས་སུ་ཡོད་པ་དེ་རེད། བྱས་ཙང་། བྱིས་པས་རང་གི་ཕ་སྐད་ཤེས་དཀའ་བ་འདུག་ཅེས་པ་དེ་བོད་ཀྱི་ཐུན་མོང་མ་ཡིན་པའི་དཀའ་ངལ་ཞིག་ཁྱོན་ནས་མ་རེད།
༢༽ དེ་ནས། བོད་ཡིག་གི་དཀའ་ངལ་ད་ལྟ་གླེང་བཞིན་པ་དེ་ཚོ་ ཀློག་ཐབས་ཀྱི་དཀའ་ངལ་གཅིག་པུའང་མ་རེད། ཀློག་ཤེས་ན་ སྐད་ཡིག་འགྲིག་འགྲོ་གི་ཡོད་ན། ཀློག་ཤེས་པ་ཞིག་ལོས་བྱེད། སྐད་ཡིག་གི་ཁྱད་ཆོས་དེ་ འབྲི་ཀློག་ཉན་བཤད་ བཞི་གའི་ཐོག་ནས་བལྟ་དགོས་པ་རེད། དེ་ནས་ཀློག་ཅེས་པ་དེ་ལའང་གོ་བ་གཉིས་ལེན་རྒྱུ་འདུག ཀློག་གི་ནུས་པའམ་ནུས་རྩལ་བརྗོད་དུས་ ཡིག་གཟུགས་ཀྱི་སྒྲ་འདོན་ཤེས་པ་དེ་གཅིག་རེད། དེ་ནས་ཚིག་དེ་དག་གི་གོ་བ་ལོན་པར་བྱེད་པ་དེ་རེད། དཔེར་ན། “བདག་ ནི་ སྟོན་པ་ གཞན་ སྤངས་ནས།། བཅོམ་ལྡན་ ཁྱེད་ལ་ སྐྱབས་མཆིས་པ།། དེ་ ཅིའི་སླད་དུ་ ཞེ་ན་ ཁྱོད།། སྐྱོན་མི་མངའ་ ལ་ ཡོན་ཏན་ལྡན།།” ཞེས་ཚིག་ཁ་ཕྲལ་ནས་ སློབ་ཕྲུག་ཚོར་ཀློག་བཅུག་ན་ གོ་དོན་ལོན་པ་ཞིག་ཡོད་དམ། དེས་ན། སྐད་ཡིག་ལ་ ནེ་ཙོའི་མ་ཎི་ ཙམ་ཞིག་གིས་འཐུས་གི་མེད་པ་དེ་གནད་དོན་འདི་རེད།
༣༽ དེ་ནས་ བོད་ཡིག་ཁ་ཕྲལ་ནས་འབྲི་དགོས་ཞེས་པའི་དགོངས་ཚུལ་འདི་ ཚད་ལྡན་ཞིག་ཡིན་མིན་ད་དུང་ཁ་ཚོན་ཆོད་མེད་པ་རེད། ཞིབ་འཇུག་ལེགས་པོ་ཞིག་བྱེད་རྒྱུ་བྱུང་མེད་པ་རེད། བོད་མི་ འབུམ་ ༦༠༠ ལྷག་གི་སྐད་ཆ་རེད། དེ་ལས་ འབུམ་གཅིག་དང་ཕྱེད་ཀ་ཙམ་ཞིག་བཙན་བྱོལ་དུ་ཡོད་པ་རེད། བརྒྱ་ཆའི་ཆ་གཅིག་ཀྱང་མེད་པའི་དཀའ་ངལ་ཞིག་གིས་ བརྒྱ་ཆ་བརྒྱའི་དཀའ་ངལ་ཡང་འདི་རེད་ཟེར་ན། དེ་ནི་མཛུབ་མོར་ཚེར་མ་ཟུག་སྟབས་གཟུགས་པོ་ཡོངས་ལ་གཤགས་བཅོས་བྱེད་དགོས་ཟེར་བ་དང་གཅིག་པ་རེད། དེའི་ཁར། ང་ཚོས་ཚན་རིག་དང་མཐུན་པའི་ཞིབ་འཇུག་ཀྱང་མ་བྱས། སྐད་ཡིག་ཐོག་ཕྱག་ལས་གནང་མཁན་ཚོས་བྲིས་ཟིན་པའི་རྩོམ་ཡིག་ཁག་ཀྱང་མ་བཀླགས། འདི་འདྲ་གནང་ན་ཏན་ཏན་ནོར་འཁྲུལ་ཞིག་རེད།
༤༽ ད་བོད་ཡིག་ལ་ལེགས་བཅོས་དགོས་སམ་ཞེ་ན། དུས་ལ་བབས་ཡོད་རེད་དྲན། སྔོན་མར་ཡང་ངས་འདི་ལན་ཁ་ཤས་ལ་ཞུས་མྱོང་། ཚེ་ཏན་ཞབས་དྲུང་ཚང་གིས་ཀྱང་གནད་འདི་གཟིགས་ཡོད་པ་རེད་ལ། དམུ་དགེ་བསམ་གཏན་ཚང་གིས་གནད་འདི་གཟིགས་ཡོད་པ་རེད། དེ་ནི་བོད་ཀྱི་ད་ཡོད་བརྡ་སྤྲོད་གཞུང་ལུགས་དེ་ཁ་ཇེ་ཚང་ལ་གཏོང་ཐབས་རེད། ལེགས་བཤད་ལྗོན་དབང་སྐྱོར་ནས་བོད་ཡིག་ཤེས་ཐུབ་པའི་སྐལ་བ་དེ་ཇེ་ཆུང་ལ་ཕྱིན་པ་རེད། ས་སུ་ག་བ་ད་དྲག་ཏུ།། སོགས་ཀྱིས་ཕྲད་ཀྱི་དཀའ་ངལ་སྐོར་གཅིག་ལ་གསལ་བཤད་བྱེད་མོད། གཞན་ལ་གསལ་བཤད་བྱེད་ཐུབ་ཀྱི་མེད་པ་རེད། གནས་སྐབས་འདི་ཙམ་ཡིན།
ཚང་མས་ འདི་ལྟར་ རང་ འགན་ ཁུར་ དུ་ བླངས་ ནས་ སྐད་ཆ་ རེ་ བཤད་ ན་ ངོ་མ་ དགའ་བ་ ཞིག་ རེད། དགེ་རབ་ ཀྱིས་ བཤད་པ་ དེ་ ལ་ མི་འགྲིག་ ས་ ཞིག་ ཡོད་པ་ ནི། བོད་ ནང་དུ་ ཡི་གེ་ ཀློག་ དུས་ ཀྱི་ དཀའ་ངལ་ འདི་ ཡོད་པ་ གཅིག་ མཚུངས་ རེད། མི་བདེན་ བསམས་ ན་ བོད་ ནང་ གི་ བོད་ མི་ ཤེས་ཡོན་ སྐྱོ་བོ་ ཞིག་ ལ་ ཚགས་པར་ ཞིག་ སྤྲད་ནས་ ཀློག་ ཆུགས་དང་། དེ་ནས་ ཤེས་ ཀྱི་ རེད།
ནངས་ ཀྱི་ མེས་པོ་ དུ་མས་ འབད་པ་བརྒྱས། །
ལེགས་པར་ བསྐྲུན་པའི་ གཙུག་ལག་ ནོར་བུའི་ མཛོད། །
ཚན་རིག་ རིན་ཆེན་ ལ་སོགས་ རྒྱན་ སྤྲས་ ཏེ། །
འཛིན་ སྐྱོང་ སྤེལ་བ་ རང་ གི་ བགོ་ སྐལ་ ཡིན། །
མ་འོངས་ བོད་ ཀྱི་ བཅའ་ཁྲིམས་ ཀྱི་ བར་སྐབས་ ཚིག་ བཅད།
མདའ་ཚན་པའི་སྐད་ཆ་ལ་རྒྱབ་སྐྱོར་ཆ་ཚང་ཡོད། དུས་ཚོད་དབང་གིས་རིང་པོ་འབྲི་ཐུབ་ཀི་མི་འདུག
དགེ་རབ། ད་གྲོགས་པོ་ཁྱེད་རང་གིས་ང་ཡང་སྐྱར་ངུ་ཤོར་གི་འཇུག་ས་རེད།
༡ ཁྱེད་རང་གིས་ནུབ་ཕྱོགས་ཀྱི་སློབ་མའི་དག་ཆ་སྐོར་གླེང་གི་འདུག ངོ་མ་རེད། འཕྲུལ་གློག་ནང་ལ་འཛུལ་རྒྱུ་མང་དྲགས་པ་དང་ལག་པས་འབྲི་རྒྱུ་ཉུང་དྲགས་ན་རང་བཞིན་གྱིས་སྐྱོན་དེ་ཡོང་གི་ཡོད་པ་རེད། དེ་ནི་ལག་པའི་འབྲི་སྦྱོང་མང་དུ་བཏང་ན་སྐྱོན་དེ་སེལ་འགྲོ་གི་རེད།
༢ རེད། སྐད་ཡིག་གི་རྨང་གཞིའི་ཤེས་བྱ་དེ་འབྲི་ཀློག་ཉན་གསུམ་རེད། དང་པོ་ཀློག་རེད། ཀློག་ལའང་ཐབས་ལམ་ཁ་ཤས་ཤིག་ཡོད་པ་རེད། ཁ་ཚོས་ད་ལྟ་གཅོད་མཚམས་ཉེས་པའི་དཀའ་ངལ་སྐོར་བཤད་གི་ཡོད་པ་རེད། དེའི་སྐོར་དེ་དང་པོ་ཐག་ཆོད་པ་ཡིན་ན་དེ་ནས་གཞན་པ་དེ་ཚོ་ང་ཚོས་རེ་རེ་བྱས་གླེང་། བརྗོད་གཞི་གཅིག་གི་སྒང་གླེང་དུས་གཞན་པ་མང་པོ་ཞིག་དྲུད་ཡོང་ན་ང་ཚོའི་བགྲོ་གླེང་འདིར་འབབ་ས་གང་ཡང་ཡོད་མ་རེད། མདོར་དེད་ན། བར་སྟོང་བཞག་པ་དེས་གཅོད་མཚམས་ཉེས་པའི་དཀའ་ངལ་དེ་སེལ་ཐུབ་པའི་གདེང་ཚོད་ང་ལ་ཡོད། བར་སྟོང་བཞག་པ་དེ་གཅོད་མཚམས་ཆ་སྡེབས་ཡ་སྡེབས་མ་བྱས་པའི་ཆེད་དུ་འཇོག་གི་ཡོད་པ་རེད་མོད།
༣ བཤད་ཚུལ་འདི་བོད་ཕྱི་ནང་གཉིས་ལ་གཅིག་ཏུསྦྲེལ་ནས་བཤད་པ་དེ་ཡང་སློབ་གསོའི་སྐོར་ལ་རྒྱུས་ལོན་མ་བྱས་པའི་སྐད་ཆ་ཞིག་རེད། བོད་ནང་བོད་ཡིག་དང་རྒྱ་ཡིག་གང་བསླབ་ནས་ཕྱིན་ཡང་གཅོད་མཚམས་ཉེས་པའི་དཀའ་ངལ་དེ་ཡོད་ནའང་ཡིག་གེ་སྦྱར་ནས་བྲིས་པ་ལ་ཉོབ་སྣང་དེ་ཡོད་པ་མ་རེད། རྒྱ་གར་ལ་མཚོན་ན། བོད་ཡིག་གཅིག་པོ་མིན་པར་དབྱིན་ཡིག་དང་ཧིན་དྷི་ཡང་ཡོད་པ་རེད། སྐད་ཡིག་གཞན་པ་དེ་གཉིས་སློབ་གསོའི་ཐབས་ལམ་མཐོ་བོར་ཕྱིན་ཡོད་པ་དང་། སློབ་ཕྲུག་གི་དཀའ་ངལ་དེ་ཚོ་སྔོན་ཚུད་ནས་བསམ་བློ་བཏང་ནས་ཕལ་ཆེར་ཁ་ནང་ལ་བླུགས་དགོས་པ་ཁ་ནང་དང་སྣ་ནང་ལ་བླུགས་དགོས་ས་སྣ་ནང་ལ་བླུགས་ཡོང་གི་ཡོད་པ་རེད། ལས་སླ་པོ་དང་གོ་བདེ་བོ། སློབ་བདེ་པོ་ཡོད་པ་རེད། དེ་ནས་ཁ་ཚུར་གཅིག་འཁོར་ན་བོད་ཡིག་རེད། གོང་གི་དགེ་རྒན་གྱི་རྣམ་འགྱུར་དང་སློབ་ཁྲིད་བྱེད་སྟངས། སློབ་དེབ་ཚུན་ཆད་ནས་མཁྲེགས་པོ་ཞིག་ཆགས་ཡོང་དུས་རང་སྐད་ཡིན་ཡང་སློབ་མ་བདེ་བ་དང་སེམས་ཁམས་ཀྱི་ཐོག་ནས་ཉོབ་སྣང་ཞིག་སྐྱེས་ཡོང་གི་ཡོད་པ་དེ་སློབ་མའི་ཁོག་དང་སེམས་ལ་འཛུལ་ཐུབ་པའི་དགེ་རྒན་ཞིག་མིན་ན་ཤེས་ཁག་པོ་རེད། དགེ་རྒན་ཡག་པོ་དེ་ཚོ་སློབ་མའི་ཁོག་ལ་ལྷ་བབས་པ་བཞིན་འཛུལ་ཐུབ་གི་ཡོད་པ་རེད། ང་ཚོར་སློབ་མའི་ཁོག་ལ་ལྷ་བཞིན་འབབ་ཐུབ་པའི་དགེ་རྒན་དཀོན་པོ་རེད། དེ་ལྟར་དགོས་ན་སློབ་གསོ་རིག་པ་དང་སེམས་ཁམས་རིག་པ་མང་ཟིག་སྦྱངས་པ་ཡིན་ན་དེ་ལྟར་འཛུལ་ཐུབ་གི་རེད།
༤ བོད་ཡིག་ལ་ལེགས་བཅོས་དགོས་པའི་བསམ་ཚུལ་རྙེད་པ་དེ་ཡག་པོ་རེད། དཀའ་ངལ་དེ་ལེགས་བཅོས་ཀྱི་ཁ་འཕྲོ་སླེབས་དུས་དཀའ་ངལ་ཞིག་དང་བགེགས་རྐྱེན་ཞིག་ཤར་ཡོང་གི་འདུག དེ་འདྲ་ཡིན་ཙང་ངས་གོང་དུ་མགོ་ཚོས་མི་ཚོས་གཉིས་ཀས་བྱུས་གཏོགས་མ་བྱུས་ན་བཟང་། སློབ་དེབ་སོགས་སློབ་གསོ་རིག་པའི་སློབ་སྦྱོང་ཡོད་པ་དང་ཉམས་མྱོང་ཡོད་མཁན་ཚོས་བྲིས་ན་བཟང་ཟེར་ནས་བྲིས་ཡོད། ཤེས་མི་ཤེས་གཉིས་ཀས་བྱུས་གཏོགས་བྱས་ན་མཇུག་འབྲས་བཀའ་པོད་ལྔ་བློ་འཛིན་དགོས་ཟེར་གི་རེད། དེ་སུ་ཞིག་གིས་ཀྱང་བློ་འཛིན་ཐུབ་ཀྱི་མ་རེད།
ལགས་རེད། ལགས་རེད། “བར་སྟོང་བཞག་པ་དེས་གཅོད་མཚམས་ཉེས་པའི་དཀའ་ངལ་དེ་སེལ་ཐུབ་པའི་གདེང་ཚོད་ང་ལ་ཡོད།” ད་བར་སྟོང་འཇོག་པ་འདི་སྒྲ་གདངས་ཆ་ཡ་ཚུལ་བཞིན་འདོན་ཐུབ་ཙམ་གྱི་ཆེད་ཁོ་ན་ལ་རེད་དམ། དེ་ལ་ངས་ ནེ་ཙོའི་མ་ཎི་ ཞེས་བྲིས་ཡོད།
ད་ཁྱེད་ཀྱི་དོན་ཚན་བཞི་པ་དེ་དཀོན་མཆོག་གསུམ་ཤེས་གི་ན། སུས་བཀའ་པོད་ལྔ་བློ་འཛིན་དགོས་ཞེས་བྲིས་འདུག
ཚིག་མཚམས་ཚང་མར་བར་སྟོང་འཇོག་དགོས་ཀྱང་ཟེར་གི་མེད། དཔེ་བཞག་ན། གཅོད་མཚམས་ལ་དཀའ་ངལ་ཡོད་ས་དེར་བར་སྟོང་འཇོག་དགོས་པ་རེད། གོང་གསལ་མགོ་རུལ་གྱི་མཆན་༡༥དེར་མཚོན་ན། མགོ་འཁྲུགས་འགྲོ་གི་འདུག འདི་ལྟར་བཅད་ན་མགོ་འཁྲུགས་གི་མ་རེད།
རང་འགན ཁུར་དུ་བླངས སྐད་ཆ་རེ བཤད་ན ངོ་མ་ དགའ་བ ཞིག་རེད། དེ་དཔེ་མཚོན་ཙམ་ཡིན།
ངོ་མ་བཤད་ན་བུ་གུ་ཚོ་གཅིག་པོ་མ་རེད། ང་ཚོ་ཡང་མཚམས་རེར་འཐོམས་ཙམ་བྱེད་གི་མི་འདུག་གམ།
བར་སྟོང་འདི་ཆེ་ཆུང་ལ་མ་ལྟོས་པའི་དཀའ་ངལ་གཅིག་རེད། དེ་བས་ཡར་བཤད་མར་བཤད་མང་པོ་མ་བྱེད། དེ་རིང་ང་ཚོས་བར་སྟོང་གི་དཀའ་ངལ་གཅིག་པོའི་སྐོར་སྐད་ཆ་བཤད། ཁ་སང་ཀུན་གླེང་གི་བགྲོ་གླེང་ཐོག་ལ་ཡང་། བསྟན་འཛིན་བདེ་སྐྱིད་ཀྱིས་ཏག་ཏག་མ་གཟུར་མ་གཡོལ་བར་བརྗོད་གཞི་རང་གི་ཐོག་གླེང་ཡོང་གི་འདུག བསོད་ནམས་རྒྱལ་མཚན་དེ་ལྟར་མིན་པར་ལན་རྒྱག་དགོས་ས་དེར་རྒྱག་མ་ཐུབ་པར་ཡར་བཤད་མར་བཤད་བྱས་དོན་དག་གཅིག་གི་སྒང་གནས་ཐུབ་གི་མི་འདུག་ག
ཁོས་སྐད་ཆ་རེ་རེ་བཤད་དུས་ང་གད་མོ་རེ་རེ་ཤོར་སོང་། དྲི་བ་ལ་འབྲེལ་མ་ཆགས་པ། ཁ་གཏད་ལ་ལན་མ་ཐེབས་པ། མོ་ཡང་གད་མོ་ཤོར་གི་འདུག་ག རྡོ་རྗེ་ཚེ་བརྟན་ཡང་ཁ་ཐུག་མིན་པ་མ་གཏོགས་གད་མ་ཤོར་སོང་ང།
བཀའ་པོད་ལྔ་བློ་འཛིན་དགོས་ཟེར་ནས་སུས་ཀྱང་བྲིས་མི་འདུག ཤེས་མི་ཤེས་ཚང་མས་བྱུས་གཏོགས་བྱས་ན་དེ་འདྲ་ཟེར་མཁན་ཡོང་གི་རེད།
རྨང་གཞིའི་ཤེས་བྱ་དེ་ཨང་དང་པོ་རེད། རྨང་གཞིའི་ཤེས་བྱ་ངོ་སྤྲོད་བྱེད་མ་ཐུབ་སྔོན་ལ་མང་པོ་ཞིག་བཤད་ནས་རིགས་ལམ་ནང་ཆོས་ཟེར་བ་སོགས་བཤད་ཡོང་ན་ཁག་པོ་རེད་ད།
མཐའ་མཇུག་རི་བོང་རི་བོང་ཤོར། སྡོམ་པ་སྡོམ་པ་ཤོར་བ་ཞིག་ཡོང་གི་རེད།
ད་ང་ཡང་ཁྱེད་ཚོའི་མཉམ་དུ་འཛུལ་ཞུགས་གནང་གི་ཡིན།
དང་པོ།
གཅོད་མཚམས་སྐོར་གྱི་སྐད་ཆ་འདི་དཀའ་ངལ་རེད་དམ་ཞེ་ན། དཀའ་ངལ་རེད། དཀའ་ངལ་འདི་བོད་མི་ཚང་མར་འཕྲད་བཞིན་པའི་དཀའ་ངལ་ཞིག་རེད་དམ་ཞེ་ན། དེ་མ་རེད། བོད་མི་ཉུང་ཤས་ཤིག་ལ་འཕྲད་བཞིན་པའི་དཀའ་ངལ་ཞིག་རེད།
དེ་ཡང་ནུབ་ཕྱོགས་སུ་འཚར་ལོངས་བྱུང་བའི་བོད་མི་ཉུང་ཤས་ཤིག་ལ་འཕྲད་བཞིན་པའི་དཀའ་ངལ་ཞིག་རེད། དཀའ་ངལ་འདིས་ནུབ་ཕྱོགས་སུ་སྡོད་མཁན་ཕ་མ་ཚོ་ངུ་ཡང་ཤོར་འཇུག་གི་ཡོད་རེད། ངུ་ཤོར་མཁན་གཅིག་མདའ་ཚན་པ་ཡང་རེད།
གཉིས་པ།
འོ་ན། འགྱུར་བ་གཏོང་དགོས་རེད་དམ་ཞེ་ན། འགྱུར་བ་གཏོང་མི་གཏོང་སོ་སོའི་འདོད་པ་རེད་ལབ་ན་ལན་ཡག་ཤོས་དེ་རེད།
དཀའ་ངལ་མེད་མཁན་ཚོ་ལ་འགྱུར་བ་འདི་དགོས་མཁོ་མེད། དཀའ་ངལ་ཡོད་མཁན་ཚོ་ལ་འགྱུར་བ་འདི་དགོས་མཁོ་ཡོད།
དགོས་མཁོ་ཡོད་མཁན་ཚོས་འགྱུར་བ་ཐོངས། རང་རང་ས་ནས་འགྱུར་བ་ཐོངས། འགྱུར་བ་བཏང་ནས་སོ་སོའི་ཞི་ལི་ཞི་མོ་ཚོར་བོད་ཡིག་འཁྲིད། དཀའ་ངལ་མེད་མཁན་ཚོས་སྔར་བཞིན་ྐློག་། སྔར་བཞིན་ཕྲིས།
གསུམ་པ།
དཀའ་ངལ་ཡོད་མཁན་ཚོས། “ང་ཚོར་དཀའ་ངལ་འཕྲད་ཀྱི་འདུག སྐུ་མཁྱེན། ཁྱེད་ཚོས་འགྱུར་བ་གཏོང་རོགས་གནང་། ལེགས་བཅོས་གཏོང་རོགས་གནང་། “ཟེར་ན། དཀའ་ངལ་མེད་མཁན་ཚོས། “སྐུ་མཁྱེན། ཁྱེད་ཚོས་བོད་ཡིག་ྐློག་རོགས་གནང་། འབྲི་རོགས་གནང་། འགྱུར་བ་ཁྱེད་རང་ཚོས་ཐོངས། དེ་ཁྱེད་རང་ཚོའི་སྦྱངས་བྱ་ཡིན་”ལབ་ནས་ལན་རྒྱབ་ན་ཏག་ཏག་རེད།
བཞི།
ད་གཅིག་གྱུར་དང་སྤྱི་ཁྱབ་ཀྱི་ལེགས་བཅོས་ཟེར་བའི་རིགས་དེ་ཁ་ཐག་རིང་པོ་རེད་ལ་ཡོང་གི་ཡང་མ་རེད། དེ་ལས་། སོ་སོའི་ས་ནས་ལག་པ་ཆོངས། ཡར་འཐེན་མར་འཐེན་བྱོས། དེ་ནས། འུར་མ་རྒྱག་ མ་ངུ་། ཁུ་སིམ་མེར་སྐྱིད་པོ་བྱས་ནས་བསྡད་ཆོག་གི་རེད།
ལྔ་།
གོང་དུ་། མདའ་ཚན་པས་ལག་པས་(འབྲི་སྦྱོང་མང་དུ་བཏང་ན་སྐྱོན་དེ་སེལ་འགྲོ་གི་རེད་)གསུངས་བ་བཞིན། ནུབ་ཕྱོགས་སུ་འཚར་ལོངས་བྱུང་བའི་ཞི་ལུ་ཞི་མོ་ཚོས་ཀྱང་བོད་ཡིག་ྐློག་རྒྱུ་དང་འབྲི་རྒྱུ་མང་དུ་བཏང་ན། ྐློག་མི་ཤེས་ཟེར་བའི་དཀའ་དེ་ཡང་ཡལ་འགྲོ་གི་རེད། གོམས་ན་སླ་བར་མི་འགྱུར་བའི་།། དངོས་དེ་གང་ཡང་ཡོད་མ་ཡིན།། ཚིག་འདི་གང་ལ་སྦྱར་ན་ཡང་དེ་ལ་འགྲོ་གི།
དྲུག།
ནུབ་ཕྱོགས་སུ་འཚར་ལོངས་བྱུང་བའི་ཞི་ལི་ཞི་མོ་ཁྱེད་ཚོས། དེ་རིང་ཉུང་མཐར་ཡང་ཉིན་གཅིག་ལ་བོད་ཡིག་གི་སྒང་ལ་དུས་ཚོད་ཕྱེད་ཀ་རེ་གཏོང་ཐབས་གནང་རོགས། ངོ་དེབ་( Facebook)སྒང་ལ་གཏོང་རྒྱུའི་དུས་ཚོད་ཀྱི་ཕྱེད་ཀ་དེ་བོད་ཡིག་གི་སྒང་ལ་གཏོང་རོགས། དེ་ལྟར་བྱས་ན། ཁྱེད་ཚོའི་ཕ་མ་ཚོ་ངུ་ཤོར་གི་མ་རེད་ལ་སྐད་ཀྱང་རྒྱག་གི་མ་རེད།
དོ་དགོང་ང་ཅུང་ཙམ་ར་བཟི་འདུག
ཁྱོད་ཚོའི་ ཁྲོད་ཀྱི་ འགའ་རེ་ མགོ་ཚོས་འདུག འགའ་རེས་ ད་དུང་ ཨུ་ཚུགས་ རྒྱག་རྩིས་རེད། ཅིའི་ཕྱིར་ བོད་ཡིག་ ལ་ རྒྱ་ཡིག་ དང་ དབྱིན་ཡིག་ ལ་ མེད་པའི་ ཚེག་ དེ་ འཇོག་དགོས་ བྱུང་བ་རེད། རྒྱུ་མཚན་ནི་ བོད་ཡིག་ འདི་ལ་ མགོ་ཉོག་ས་ མང་བས་ སློབ་དཔོན་ ཐོན་མི་ ཤེས་རབ་ཅན་ དེས་ ཚེག་ འབྲི་བའི་ གསར་བཏོད་ ཅིག་ བྱས་པ་ རེད། གཞན་ལ་ མེད་པའི་ ཚེག་འདི་ ལ་ བསམ་བློ་ ཞིག་ ཐོངས་དང་། དེ་ནས་ གཞན་ལ་ ཡོད་པའི་ བར་སྟོང་ དེ་ཡང་ དགོས་གལ་ ཆེ་བ་ དེ་ ཤེས་ཐུབ་ཀི་རེད།
ད་བར་སྟོང་འཇོག་རྒྱུ་ཡིན་མིན་གྱི་སྐད་ཆ་བཤད་ན། ངས། དགོས་པ་ཅིའི་ཕྱིར། ཞེས་དྲིས་པ་ཡིན། དེ་ལ། ཚིག་གི་ཆ་ཡ་མི་ནོར་རྒྱུའི་ཆེད་ཡིན། ཟེར། ད། དེ་ཙམ་ཞིག་ཡིན་ན། ནེ་ཙོའི་མ་ཎི་ བཞིན་སྙན་པོ་དང་འདྲ་ཆགས་པོ་རེད། ཕན་ཐོགས་ཡོད་མ་རེད་ཅེས་ལན་བཏབ་པ་ཡིན། ད་མིན། བར་སྟོང་བཞག་ན། བོད་ཀྱི་སྐད་ཡིག་ ལོ་ ༢༠༠ ལ་གནས་ཐུབ་གི་རེད། བར་སྟོང་མ་བཞག་ན་ ལོ་ ༡༠༠ ལས་འདུག་གི་མ་རེད། ང་ལ་རྒྱུ་མཚན་ཡོད། ཚན་རིག་དང་མཐུན་པ་ཡོད་ཅེས་གསུངས་ན། ང་ཡང་བར་སྟོང་འཇོག་རྒྱུའི་གྲས་ནས་ལངས་ངེས་ཡིན། ཡང་། བར་སྟོང་བཞག་ན། བོད་པའི་བྱིས་པའི་བོད་ཡིག་ཤེས་ཚད་ བརྒྱ་ཆ་བཅུ་ཡིས་མཐོ་རུ་འགྲོ་གི་འདུག མ་བཞག་ན་ བརྒྱ་ཆ་བཅུ་ཡིས་དམའ་རུ་འགྲོ་གི་འདུག་ཅེས་ཁུངས་ལུང་དྲངས་ན། ང་ཡང་དེའི་གྲས་ལ་ལངས་ངེས་ཡིན། ད་དེ་འདྲ་མ་རེད། ད་རྙོག་ཁྲ་ལུང་པ་གང་དྲུད་ནས་ཡོང་། བར་སྟོང་འཇོག་ལུགས་ལ་ཡང་རྣམ་བཞག་ཅིག་འཁྱེར་ནས་ཡོང་། འདི་ཁྱེད་ཀྱི་དཔེ་མཚོན་རེད། “རང་འགན ཁུར་དུ་བླངས སྐད་ཆ་རེ བཤད་ན ངོ་མ་ དགའ་བ ཞིག་རེད།”ཟེར་བ་འདི་རེད། ད་ “སྐད་ཆ་རེ ” ཟེར་བ་དང་། “དགའ་བ ཞིག་རེད།”གཉིས་ལ་རྒྱུ་མཚན་རེ་ཤོད་དང་།
ང་ལ་ སློབ་ཕྲུག་ ཨ་རི་ ནས་ སྐྱེས་པ་ ཞིག་ ཡོད། དེས་ བར་སྟོང་ མ་བཞག་ན་ མིང་ཚིག་ གི་ གཅོད་མཚམས་ མ་ཤེས་པར་ང་ན་ ཚ་མེད་ ཅེས་ ཀློག་གི་འདུག བར་སྟོང་ བཞག་དུས་ ང་ ན་ཚ་མེད་ ཅེས་ ཀློག་གི་འདུག འདིས་ བྱིས་པ་ཚོའི་ ཚབ་མཚོན་ བྱོས། དགེ་རབ་ ལ་ཡང་ འདི་ལས་ ལྷག་པའི་ དཔེ་མཚོན་ དགོས་ཀྱི་ མ་རེད།
ཁྱེད་ཅག་ ལ་ ཡང་ ཨ་རི་ ནས་ སྐྱེས་པའི་ བྱིས་པ་ ཡོད་ ངེས་པས། རང་རང་ གི་ བྱིས་པར་ བོད་ཡིག་ བར་སྟོང་ཅན་ དང་ བར་སྟོང་ མེད་པ་ ཀློག་ཏུ་ བཅུག་ནས་ ཚོད་ལྟ་ བྱོས་དང་ དཔེ་མཚོན་ གསོན་པོ་ རེ་རེ་ རྙེད་ཡོང་གི་འདུག
མདའ་ཚན་པས་ ཚིག་གྲུབ་ གཅིག་གི་ ནང་དུ་ ཚེག་ མེད་པའི་ མིང་ཚིག་ བྲིས་འདུག ངས་ འདི་ལ་ ངོས་ལེན་ མི་བྱེད།
ངས་ འཛིན་གྲྭ་ དྲུག་པ་ བར་དུ་ བར་སྟོང་ཅན་གྱི་ སློབ་དེབ་ བཟོ་དགོས་ཀྱི་འདུག དེ་ནས་ བར་སྟོང་ མེད་པའི་ སློབ་དེབ་ བཟོས་ན་ འགྲིག་གི་རེད་ ལབ་ཀིན་ཡོད། དེབ་ ཚང་མར་ བར་སྟོང་དགོས་ ཟེར་གི་མེད། འབྲུག་ཡུལ་ དུ་ བར་སྟོང་ འདི་ ཁྱབ་ ཆེ་ཙམ་འདུག
ད་ཁྱེད་ཚོ་རེ་རེ་བཞིན་ལན་རྒྱབ་ན་སྐྱར་བཤད་ཆགས་གི་འདུག བར་སྟོང་གཅིག་པོས་དོན་དག་གཞན་དང་གཞན་མང་པོ་ཞིག་སེལ་ཐུབ་གི་མ་རེད། དེ་གཅོད་མཚམས་མ་ཉེས་པའི་གནད་དོན་གཅིག་པོ་སེལ་ཐུབ་གི་རེད། ཉིན་རེར་དུས་ཚོད་ག་ཚོད་བཏང་མ་བཏང་དེ་དོན་དག་གཞན་ཞིག་རེད།
སློབ་གསོ་ཡག་ཤོས་དེ་དུས་ཚོད་མང་ཉུང་ལ་འབྲེལ་བ་ཡོད་པ་མ་རེད། སློབ་གསོའི་སྤུས་ཀ་ལ་འབྲེལ་བ་ཡོད་པ་རེད། ད་ལྟ་བར་སློབ་གསོ་ཡག་ཤོས་དེ་ནིའུ་ཛི་ལན་ཌི་ཡིན་ཟེར་གི་ཡོད་པ་རེད། སློབ་མ་ཚོའི་སློབ་སྦྱོང་གི་དུས་ཚོད་ཉུང་ཤོས་ཀྱི་གྲས་རེད། གཙོ་བོ་སྤུས་ཀ་དང་ཐབས་ལམ་རེད།
ཨེ་ཤ་ཡའི་རྒྱལ་ཁབ་ཕལ་ཆེ་བས་དུས་ཚོད་མང་ཟིག་སློབ་སྦྱོང་བྱེད་འཇུག་པ་དང་དཀའ་ལས་མང་ཟིག་རྒྱག་འཇུག་པ་དེ་གཙོར་འདོན་བྱེད་གི་ཡོད་པ་རེད། དེ་ཡང་དེ་ལ་དཔག་པའི་གྲུབ་འབྲས་ཤིག་ཡོད་པ་རེད། ཡིན་ནའང་། སློབ་མ་ཚོར་མནར་གཅོད་བཏང་ནས་གྲུབ་འབྲས་འཐོབ་འཇུག་གི་ཡོད་པ་རེད། རྒྱ་གཞུང་གི་ཨོ་ལིམ་ཕིག་འདྲ་བ་རེད།
ང་ཚོ་ཚང་མ་བོད་ཡིག་སྦྱངས་ནས་ཡོང་མཁན་རྐྱང་རྐྱང་ཡིན་ཕྱིར། སོ་སོས་བོད་ཡིག་སྦྱང་དུས་གང་འཕྲད་པའི་དཀའ་ངལ་གསུངས་ཐུབ་ན། དེ་ཞིབ་འཇུག་གི་རྨང་གཞི་རེད།
སློབ་གསོ་ཆེད་མཁས་དེ་ཚོས་ཀྱང་། འདྲི་རྩད་བྱས་ནས་སྡོམ་ཚིག་ཅིག་རྙེད་ཀྱིན་པ་རེད།
ངས་བོད་ཡིག་སྦྱོང་དུས། དང་པོ་ཚིག་གྲུབ་རེ་རེ་ཀློག དེ་ནས་མིང་ཚིག་ནང་དོན་མི་གོ་བ་དེ་ཚོར་རྟགས་རྒྱག་པའམ། ཟུར་བཤུས་བྱས་ཏེ་ནང་དོན་བཙལ་བའམ་གཞན་ལ་དྲིས་ཏེ་ཤེས་བར་བྱས། དེ་ནས་ཡང་བསྐྱར་ཀློག་ན་ཚིག་གྲུབ་ཀྱི་ནང་དོན་གོ་སླ་བར་འགྱུར།
བོད་ཡིག་སློབ་དུས། མིང་ཚིག་གི་ནང་དོན་མ་གོ་བ་དེ་དཀའ་ངལ་དང་པོ་བྱུང་བ་ལས། གཅོད་མཚམས་ཀྱི་དཀའ་ངལ་མངོན་གསལ་དོད་པོ་དེ་འདྲ་བྱུང་བ་མི་དྲན།
དེ་ནས་བོད་ཡིག་འབྲི་ཀློག་རང་མགོ་ཐོན་སྐབས་ཀྱང་། གཙོ་བོ་དག་ཆ་དང་རྣམ་དབྱེ། གཟུགས་འགྱུར་དུས་གསུམ་བྱ་ཚིག་སོགས་ཀྱི་ཐད་དཀའ་ངལ་འཕྲད་པ་་ལས། ཚིག་གི་གཅོད་མཚམས་མ་ཤེས་བའི་སྟབས་ཀྱིས་ཚིག་གྲུབ་ཀྱི་གོ་བ་འཆོལ་བ་དང་། ནོར་བ། འཁྲུལ་བ་བྱུང་བ་མངོན་གསལ་དོད་པོ་དེ་འདྲ་ཡིད་ན་མི་འདུག
ང་སློབ་གྲྭར་འགྲོ་དུས། ང་ཚོའི་བོད་ཡིག་དང་རྒྱ་ཡིག་གི་ཀློག་དེབ་དེ་ཚོའི་ནང་། སློབ་ཚན་དངོས་གཞི་ལ་མ་འཇུག་སྔོན། སློབ་ཚན་ནང་གི་མིང་ཚིག་གནད་འགག་ཅན་དང་མཁྲེགས་པོ་དེ་ཚོ་སློབ་ཚན་གྱི་ཀླད་ན་ཟུར་དུ་ཕྱུང་འདུག དགེ་རྒན་གྱིས་དང་ཐོག་མིང་ཚིག་དེ་ཚོ་ནག་པང་སྟེང་བཤུས་ནས་སྒྲའི་སྦྱོར་ཀློག་དང་ནང་དོན་གོ་བར་བྱེད། དེ་ནས། ཚིག་གྲུབ་རེ་རེ་བྱས་ཀློག་སྟངས་སློབ། དེ་ནས་འགྲེལ་བཤད་བརྒྱབ་ནས་ནང་དོན་གོ་བར་བྱེད།
རྗེས་སུ། སྦྱོར་ཀློག་གི་ཚུ་ཚད་གང་མཚམས་ལ་སླེབས་མཚམས། གོང་ནས་ཞུས་པ་བཞིན། དཀའ་ངལ་ཆེ་ཤོས་དེ་ཐ་སྙད་ཀྱི་ནང་དོན་མ་གོ་བ་དེ་རེད། ཚིག་མཛོད་ནང་མིང་ཚིག་འཚོལ་བའི་སྒང་ལ་ཆུ་ཚོད་མང་པོ་གཏོང་དགོས་བྱུང་།
དེ་ནས། སློབ་འབྲིང་གི་སྐབས་སུ། བོད་ཡིག་དགེ་རྒན་གྱིས་ང་ཚོར་དག་ཡིག་ངག་སྒྲོན་གྱི་རྩ་བ་ཆ་ཚང་རྒྱུགས་སྤྲོད་བྱེད་དུ་བཅུག དེ་ནི་ཆེས་ཁག་ཤོས་བྱུང་ལ། བྱེད་སྟངས་དེ་མི་དགོས་བ་ཞིག་དང་། དེ་འདྲ་ལ་ལེགས་བཅོས་བྱེད་དགོས་ཟེར་ན་བརྒྱ་ཆ་བརྒྱ་ཐམ་པ་རྒྱབ་སྐྱོར་ཡོད།
དེ་མིན། བོད་ཡིག་གི་ཚིག་གྲུབ་ལ་བར་སྟོང་འཇོག་དགོས་པ་ཛ་དྲག་རེད་ཟེར་བ་འདི། ངས་གསལ་བོ་ཞིག་ཤེས་མ་སོང་། འདི་ངོ་མ་དཀའ་ངལ་ཞིག་དང་། འདི་ལེགས་བཅོས་བྱས་པ་་བརྟེན་ནས་བོད་ཡིག་ཤེས་མཁན་དང་བོད་ཡིག་ལ་དོ་སྣང་ཆེ་རུ་འགྲོ་བ་ཞིག་ཡིན་ན། རྒྱབ་སྐྱོར་བྱེད་ངེས་ཡིན།
རེད། ད་ འདི་ལ་ཡ་བྱས་ནས་བྱས་ཚོད་མི་འདུག ཁ་སྔོན་ཡང་ཁ་བརྡའི་ཐོག་ཡག་ཐག་ཆོད་ཅིག་བཤད་པ་རེད། དེ་རིང་ཡང་དུས་བབ་ན་མཆན་ བདུན་ཅུ་བརྒལ་ནས་འགྲོ་གི་འདུག ད་ཞི་མི་དཀར་ནག་གི་སྐད་ཆ་མ་རེད། ཙི་ཙི་གསོད་དགོས་པ་རེད་དོ།། གཟིམས་འཇགས་གནང་དགོས། ཨ་ཁུ་མདའ་ཚན་པ་ཡང་མ་བཞུམས་པར་གཟིམས་བདེ་འཚལ་ལོ།།
ད་ང་ཚོས་རྩོད་པ་བྱས་ནས་ཆོ་མི་འདུག སློབ་མ་ཚོའི་ནང་ཚོད་ལྟ་ཡག་པོ་ཞིག་བྱས་ན་ཡག་པོ་རེད། བསྟན་འཛིན་བདེ་སྐྱིད་ལགས་སུ་བོད་ཡིག་ཤེས་པར་བོད་ཡིག་ལེགས་བཅོས་བྱེད་གི་འདུག་ཟེར་ནས་ཚང་མས་སྐྱོན་བརྗོད་བྱེད་གི་འདུག
དངོས་གནས་བྱས་ན་བོད་ཡིག་ཡག་པོ་མེད་མཁན་ཚོར་བོད་ཡིག་ཡག་པོ་མེད་པ་དང་དེའི་རྒྱུ་རྐྱེན་གང་ཡིན་དྲིས་ན་ང་ཚོའི་དྲི་བ་འདིར་ལན་ཞིག་ཡོད་མདོག་ཁ་པོ་རེད།
བསྟན་འཛིན་བདེ་སྐྱིད་ལགས་སུ་བོད་ཡིག་མི་ཤེས་པར་བོད་ཡིག་ལེགས་བཅོས་བྱེད་ཟེར་ནས་ཞེས་བཅོ
བོད་ཡིག་ཕྲན་བུ་ཤེས་མཁན་ཚོས་ཀྱང་དང་ཐོག་ཀ་མད་སུམ་ཅུ་ནས་སྦྱངས་ཡོང་བ་རེད།
ངས་བལྟས་ན། བོད་སྐད་ཀྱི་རྨང་གཞི་ཡག་པོ་ཡོད་པའི་ཕྲུ་གུ་དང་བོད་སྐད་ཀྱི་རྨང་གཞི་ཡག་པོ་མེད་པའི་ཕྲུ་གུ་གཉིས་ཀྱིས་བོད་ཡིག་སྦྱོང་དུས། ཁོ་གཉིས་ལ་འཕྲད་པའི་དཀའ་ངལ་ལ་ཧེ་བག་ཧ་ཅང་ཆེན་པོ་ཡོད་པ་རེད་བསམས། འདི་ལའང་བསམ་བློ་ཞིག་གཏོང་འཚལ།
བསྟན་འཛིན་བདེ་བྱེད་ལགས་ཀྱིས་རང་གི་ཉམས་མྱོང་དངོས་གསུངས་པ་ཡག་པོ་རེད། ད་བར་དུ་བོད་མི་ཕལ་ཆེ་བས་དེ་ལྟར་སྦྱོང་ཡོང་པ་རེད དཀའ་ངལ་ཕྲད་ཡོད་པ་མ་རེད། དེ་བདེན་པ་རེད། ད་ལྟ་དུས་ཚོད་ལ་འགྱུར་བ་ཕྱིན། མིའི་བསམ་བློ་གཏོང་སྟངས་ལའང་འགྱུར་བ་ཕྱིན་པ་རེད། དོན་དག་ཆུང་ཙག་རེའི་ཐོག་ནས་དགའ་སྣང་བརླག་ཡོང་གི་ཡོད་པ་རེད། དོན་དག་ཆུང་ཙག་རེའི་ཐོག་ནས་བོད་ཡིག་སྦྱོང་རྒྱུར་བར་ཆད་ཡོང་གི་ཡོད་པ་རེད། ང་ཚོས་ཀྱང་རྒྱལ་ཁབ་ཕལཆེ་བ་ལྟར་དེ་ལ་ཐབས་ཤེས་བྱེད་རྒྱུ་ཡོད་པ་རེད།
སྔོན་མ་ཡིན་ན་ནངག་སྐྱོར་རྐྱང་རྐྱང་གཏོང་བཅུག མ་ཡོང་ན་རྐུབ་ལ་རྒྱུག་པ་གཟེད་ཆོག་གི་ཡོད་པ་རེད། ད་ལྟ་ཡིན་ན་དེ་ཡོང་གི་ཡོད་པ་མ་རེད། དེ་འདྲ་ཡིན་ཙང་ང་ཚོས་ཐབས་ཤེས་ཤིག་བྱེད་དགོས་པ་རེད།
དངོས་གནས་ཡིན་ན། སློབ་ཁྲིད་བྱེད་ཕྱོགས་དེ་སྐད་དང་པོ་དང་གཉིས་པ་ལའང་ཁྱད་པར་ཡོད་པ་རེད།
ད་ཉལ་དུ་འགྲོ་གི་ཡིན། སང་ཉིན་མཇལ་ཡོང་། ཚང་མ་གཟིམས་མཇལ་གནང་རོགས་གནང་།
བར་སྟོང་ བཞག་ནས་ བྲིས་ཚེ་ བྱིས་པ་ཚོས་ མིང་ཚིག་ གོ་དཀའ་བ་ ཞིག་གི་ ནང་དོན་ དགེ་རྒན་ལ་ དྲི་བ་ འདོན་དུས་ ཀྱང་ ལས་སླ་བོ་རེད། དཔེར་ན། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །ཞེས་པ་ ལྟ་བུར་ མཚོན་ན་ བྱིས་པ་ ཞིག་གིས་ དགེ་རྒན་ ལ་ སྐད་ཆ་འདྲི་ དུས། དགེ་ལགས། སངས་ཞེས་པའི་དོན་ག་རེ་རེད། རྒྱས་ཆོས་ཞེས་པའི་དོན་ག་རེ་རེད། དང་ཚོགས་ཞེས་པའི་དོན་ག་རེ་རེད། ཀྱི་མཆོག་ཅེས་པའི་དོན་ག་རེ་རེད་ཅེས་དྲིས་མྱོང་བ་ཧ་ཅང་མང་ཞིང་། གལ་སྲིད་ཐོག་མ་ནས་སློབ་དེབ་ནང་དུ། སངས་རྒྱས་ ཆོས་ དང་ ཚོགས་ཀྱི་མཆོག་ རྣམས་ ལ། །ཞེས་ ཁ་ཕྲལ་ནས་ བྲིས་ ཡོད་ན་ སློབ་མས་ མིང་ཚིག་གི་ གོ་དོན་ དགེ་རྒན་ལ་ འདྲི་དུས་ ཀྱང་ འདྲི་ བདེ་བོ་ དང་ འགྲེལ་བཤད་ རྒྱག་ བདེ་བོ་ ཡོད་པ་རེད།
རིགས་འབྱུང་འདི་ཆང་གི་བཟི་བསྡད་ཡོད་ན་ཡང་། གནད་དོན་ཐོགས་ལ་ཐོག་དང་ཐོག་རེད། ཙག་སེས་བཏང་བཞག་ནས་།
ད་སྐྱིད་པོ་བྱས་ནས་ཤེལ་དམ་ཞིག་སྐྱོར་ནས་བསྡད་ཡོད་ནོ་ལྟོས་དང་།
ངེད་ཀྱི་ཕ་གྲོང་པས་ནང་རྒན་པོ་ཞིག་གིས་། ལ་གཞིས་ཀྱི་དཔེ་དེབ་ཞིག་གང་ཡིན་འདི་ཡིན་མ་ཤེས་བར་་ཁྱིམ་ཚང་གང་པོ་མིང་སྲིང་ཚང་མ་ཡོད་སར་། སྐད་འདང་མཐོན་པས་། བྱ་ཁུ ལོ་སྙིང་ ཞེས་ དོན་པས་ངེད་ཚོ་ཚང་མ་གད་མོ་གནོན་མ་པར་ཤོར་། དེ་རིང་འདས་དོན་དེ་་ཕྱིར་དྲན་བྱུང་། གལ་སྲིད་གཞོན་ནུ་འགུག་པས་ལྕགས་ཀྱུ་དེ་ཡང་། སྟོང་ཆ་ཡོད་པས་བྲིས་ཡོད་ན་། རྒན་པ་དེས་ བྱ་ ཁུ་ལོ་ སྙིང་ལ་ རྗེ་བོ། ཞེས་ཀློག་ཐུབ་རྒྱུ་རེད་བསམ་། དེ་ནི་ཞར་བྱུང་ཙན་ཡིན།
ངག་གི་མི་དགེ་བ་བཞི་ཤུགས་ཆེ་གོམས་ཆེ་བས་དབང་གིས་བོད་ཡིག་དྲ་རྒྱ་ཁག་ནང་བཤད་ཡམས་རླུང་ནག་འཚུབ་འཚུབ་བྱེད་ཀྱི་འདུག དཔེར་ན་བོད་ཡིག་ལ་བར་སྟོང་འཇོག་དགོས་ཟེར་མཁན་ཚོས་ཀྱང་མ་བརྟག་མ་དཔྱད་པར་ཉམས་མྱོང་དང་རྒྱུ་མཚན་ཆེ་མདོག་ཁོ་བོ་བཤད་པ་རྫུན་དང་། བརྟག་དཔྱད་ཞིབ་འཇུག་འདང་ངེས་མ་བྱས་པར་བརྗོད་གཞི་ཆེན་པོ་མི་རིགས་ཀྱི་སྐད་ཡིག་ལྟ་བུ་ལ་བཅོས་དགོས་ཞེས་རང་སྣང་གློ་བུར་རྣམས་བརྒྱུད་ལམ་ཆེན་པོའི་ནང་བྱུང་བརྒྱལ་དུ་སྨྲས་པའི་ངག་འཆལ། རང་ཉིད་ཀྱིས་མི་ཤེས་པ་སྦེད་ནས་ནག་ཉེས་སྐད་ཡིག་ལ་གཡོག་པའི་གཡོ་གཏམ་རྒྱུས་ཡོད་ཀྱིས་ཉན་ན་མི་སྙན་པའི་ཚིག་རྩུབ། བརྟག་དཔྱད་འདང་ངེས་དང་རྒྱུ་མཚན་ཡང་དག་མེད་བཞིན་དུ་བོད་ཡིག་ལ་ལེགས་བཅོས་གཏོང་དགོས་ཅེས་བརྒྱུད་ལམ་ཆེན་པོ་དང་དྲ་རྒྱ་ཁག་ནང་རྩོད་རྙོག་བཟོས་པ་དབྱེན་སྦྱོར་གྱི་ཉེས་པ་ཆེན་པོ་སྐྱག་པའི་རི་འདྲ་བོ་བཞི་དང་ལྡན་པའི་བརྗོད་གཞི་འདི་ཐོག་རིག་པ་སྒྲིམ་ནས་རྒྱུ་མཚན་བཤད་རྒྱུའི་འདུན་པ་མི་འདུག
བོད་ཡིག་ལ་འཛིན་གྲྭ་ལྔ་བའི་ཆུ་ཚད་ཡང་མེད་པའི་མི་བུ་ཆུང་ཚེ་རིང་དང་བུ་མོ་དེ་ཚོའི་རང་ཉིད་དང་འབྲེལ་བ་མེད་པའི་བརྗོད་གཞི་འདི་འདྲ་སྒང་བསམ་ཚུལ་མ་བཤད་ན་ཡག་ཤོས་རེད། བོད་ཡིག་ལ་ལེགས་བཅོས་གཏོང་ན་བོད་ཡིག་ལེགས་པོ་ཤེས་མཁན་ཚོས་གཏོང་གི་རེད། བུ་ཆུང་དང་བུ་མོ་དེ་ཚོར་ཁྱེད་རང་ཚོར་ལས་ཀ་དང་འཚོ་བ་གང་ཐད་ཁ་བྲལ་ཟིན་པའི་བོད་ཡིག་གི་སྐོར་མི་ཤེས་མཁས་མདོག་མ་བྱེད་རོགས་ཞུ་གི་ཡོད།
ཁྱེད་ཚོས་ཉིན་མ་གཅིག་གི་ཆུ་ཚོད་ཉི་ཤུ་རྩ་བཞིའི་ནང་གི་སྐད་མ་ག་ཚོད་བོད་ཡིག་ཐོག་གཏོང་གི་ཡོད་མེད་བཤད་རོགས། དེ་ནས་ཁྱེད་ཚོར་དཀའ་ངལ་དོན་དང་དཀའ་ངལ་སེལ་ཐབས་གསལ་བོ་ཆགས་ཡོང་གི་རེད།
རྣམ་འགྲེལ་ཚིག (ཕྱོགས་ཆོས་དེ་ཆོས་ཁྱབ་པ་ཡི༎ གཏན་ཚིགས་དེ་ནི་རྣམ་གསུམ་ཉིད༎) ཕལ་ཆེར་གོ་ཡོད་རྒྱུ་མ་རེད། བར་སྟོང་མེད་ཙང༌། (ཕྱོགས་ཆོས་ དེ་ཆོས་ ཁྱབ་པ་ ཡི༎ གཏན་ཚིགས་ དེ་ནི་ རྣམ་གསུམ་ ཉིད༎) ད་ཡིན་ན་ཏག་ཏག་གོ་ཡོད་རེད། དེ་འདྲ་ལས་སློ་མོ། ང་ཚོས་བཀའ་བསྟན་ཐམས་ཅད་འདི་ལྟར་བྲིས་ན་བོད་མི་ཚང་མ་དེ་དག་ལ་མཁས་པ་ཆགས་རྒྱུ་ཐག་ཆོད་པ་རེད། དེ་ལྟར་བྲི་བ་ལ་ལོ་གཅིག་གཉིས་ལས་མི་འགོར། ང་ཚོས་ལོ་མང་པོར་གཞུང་ལུགས་སྦྱངས་བསྡད་པ་དེ་ལྐུག་རྟགས་བླ་ན་མེད་པ་རེད་འདུག དེ་འདྲའི་ཕངས་བ་ལ།
གཅོད་མཚམས་མ་ཤེས་པས་ཀློག་དཀའ་བ་དངོས་ཡོད་རེད། ང་རང་གིས་དབྱིན་ཡིག་ཀློག་སྐབས་གཅོད་མཚམས་མ་ཤེས་ནས་དཀའ་ངལ་འཕྲད་ཀྱིན་འདུག Independence འདི་ག་འདྲ་གཅོད་དགོས་པ་རེད། In—_-de_-pen_-den_-ce བོད་ཡིག་འབྲུ་གསེད་ཀློག་སྟངས། ཡང་ན་Inde_-penden_-ce ཡང་ན་in_-dependen_ce འདི་ལྟར་གཅོད་དགོས་པ་ཡིན་ནམ། ཡང་ན་དེ་ལས་གཞན་པ་ཞིག་རེད། དབྱིན་ཡིག་འདི་ཡང་བར་སྟོང་ཞིག་བཞག་ནས་བྲིས་ཡོང་ན། ཨི་ནས་ངས་དོན་མ་གོ་ཡང་ཆུ་རྒྱུག་རྒྱུག་ཀློག་ཆོག
འོན་ཀྱང་དབྱིན་ཕྲུག་ཚོ་ལ་དཀའ་ངལ་དེ་མེད་པ་འདྲ། ག་རེ་ཡིན་ནམ། ཕལ་ཆེར་ཆུང་དུས་ནས་ཕ་མས་དེ་ཚོ་བཤད་པ་གོ་བསྡད་པ་ལས་ཁོ་ཚོས་བརྗོད་ཤེས་པར་གྱུར་པ་དང༌། རྗེས་སུ་ཡིག་ཐོག་དུ་འབྲི་ཀློག་བྱེད་པའི་སྐབས་ཀྱང༌། སྔར་བཤད་བཞིན་པ་དེ་མར་ཕབ་པ་ཙམ་དུ་གྱུར་པས་བཅོད་སྟངས་མ་ཤེས་པའི་དཀའ་ངལ་དེ་མེད་པ་འདྲ། འོ་ན་ང་ཚོའི་བོད་ཕྲུག་ལ་ག་རེ་བྱས་ནས་དཀའ་ངལ་དེ་བྱུང་བ་ཡིན་ནམ།
འོ་རེད། བུ་མོ་དེས་དབྱིན་ཡིག་དུས་རབས་བདུན་པའི་ནང་བར་སྟོང་བཞག་པའི་འགོ་བཙུགས་པ་རེད་ཟེར་ཀུན་གླིང་ནང་གསུངས་སོང༌། དེ་སྔོན་དབྱིན་ཡིག་བར་སྟོང་མེད་པ་དེ་ག་འདྲ་ཞིག་ཡོད་པ་ཡིན་ནམ། དེ་གཅིག་མིག་སྟོན་གནང་རོགས་ཞུ་འདོད་བྱུང༌།
མང་པོ་ཞིག་གིས་བསམ་ཚུལ་བཤད་པར་ཐུགས་རྗེ་ཆེ། བསྟན་འཛིན་བདེ་སྐྱིད་ལགས་ཀྱིས། ཡི་གེ་འབྱར་ཡོད་པ་དང་མེད་པའི་སྐོར་ལ་སྦྱོངས་དཀའ་སླའི་ཁྱད་པར་ཡོད་པ་དེ་ཚན་རིག་གི་ཐོག་ནས་དཔྱད་ཞིབ་བྱས་པ་གཞིར་བཟུང་ནས་བཤད་སོང་ང་།
ད་མདོར་དེད་ན་བར་སྟོང་བཞག་ན་གནོད་པ་ག་རེ་འདུག དེའི་སྐོར་ཤོད་དང་ཉན་འདོད་ཡོད། ཕན་དང་གནོད་གཉིས་ལས་གནོད་མང་བ་མཐོང་ན་ངས་ལམ་སང་ཁྱེད་ཚོ་རེ་འགའི་བཤད་པའི་སྐད་ཆ་ལ་ངོས་ལེན་དང་རྒྱབ་སྐྱོར་ཞུ་གི་ཡིན། དེ་མིན་བར་སྟོང་བཞག་ན་བོད་ཡིག་ཡར་རྒྱས་འགྲོ་རྒྱུ་ཡིན་མིན། བརྒྱ་ཆ་ག་ཚོད་ཅིག་འགྲོ་རྒྱུ་ཡིན་མིན་སོགས་བཤད་བསྡད་ན་བརྗོད་གཞི་ལས་གཡོལ་ཐབས་བྱས་པ་འདྲ་བོ་ཞིག་ཏུ་མཐོང་།
བར་སྟོང་བཞག་ན་དགེ་མཚན་ག་རེ་འདུག་ཟེར་ན
༡ བར་སྟོང་མ་བཞག་པ་ལས་བར་སྟོང་བཞག་ན་ཀློག་བྲོ་བ་དེ་ཏན་ཏན་རེད། མོས་ཚོད་ལྟ་བྱས་འདུག་ལ་ངས་ཀྱང་ཚོད་ལྟ་བྱས་པ་ཡིན།
༢ བར་སྟོང་མ་བཞག་པ་ལས་བར་སྟོང་བཞག་ན་གོ་བདེ་བ་དེ་ཡང་ཏན་ཏན་རེད། མཚམས་རེར་ཐེངས་མ་གཉིས་མ་ཀློག་ན་མི་གོ་བ་དེ་བར་སྟོང་བཞག་ཡོད་ན་ཐེངས་གཅིག་ཀློག་ན་གོ་གི་རེད།
༣ དེ་ནས་མིག་ལ་བདེ་མིན་གྱི་ཁྱད་པར་ཡོད་པ་དེ་ཁྱེད་ཚོས་ལྟོས་དང་ཧ་གོ་གི་རེད།
༤ ཡི་གེ་ཐོར་ཐོར་ལྷོད་ཅིག་སེ་ཡོད་པ་ཞིག་ཀློག་ན་སེམས་ཁམས་གུ་ཡངས་མིན་ལའང་ཁྱད་པར་འདུག
༥ བྱིས་པ་ཚོ་བར་སྟོང་བཞག་ན་དགའ་བོ་ཡོད་པ་དེའང་ཏན་ཏན་རེད། བསྟན་འཛིན་བདེ་སྐྱིད་ཀྱིས་ཚོད་ལྟ་བྱས་འདུག ངས་ཀྱང་ཚོད་ལྟ་བྱས་པ་ཡིན། དེ་ནས་ཕྱི་རྒྱལ་བོད་ཡིག་སློབ་མཁན་ཚོའང་དེ་ལ་དགའ་བོ་འདུག
བར་སྟོང་མ་བཞག་ན་དགེ་མཚན་ག་རེ་འདུག་ཟེར་ན་ད་ཧ་གོ་གི་མི་འདུག
༡ ཁ་སང་གཅིག་གིས་འབྲི་མཁན་ལ་དཀའ་ངལ་འདུག་ཟེར། དེ་ངས་བདེན་པར་མཐོང་སོང་། ཤོག་གུའི་ཐོག་འབྲི་དགོས་ན་དངོས་གནས་དཀའ་ངལ་འདུག དེ་རིང་ཞོགས་པར་ངས་ཚོད་ལྟ་བྱས་པ་ཡིན། གློག་ཀླད་ཐོག་སྐྱོན་ཞེ་དྲག་མི་འདུག
༢ ཤོག་བུ་གྲོན་ཆུང་བྱེད་པར་ཕན་ཐོགས་གི་རེད།
༣ སྲོལ་རྒྱུན་ལ་འགལ་ཆ་འགྲོ་གི་ཡོད་པ་རེད།
ངས་བལྟས་ན་ལེགས་བཅོས་ལ་ངོ་རྒོལ་བྱེད་མཁན་ཚོར་གནས་ལུགས་དང་ཚན་རིག་གི་གཞི་རྟེན་གང་ཡང་མེད་པར་སྐད་ཆ་བཤད་གི་འདུག མདོར་དེད་ན་ད་བར་གོམས་ཡོང་བའི་སྲོལ་དེ་བློས་གཏོང་འདོད་མེད་པ་དང་སེམས་ན་ཕངས་སེམས་ཤིག་ཡོད་པ་ཙམ་རེད་འདོད། བར་སྟོང་བཞག་ན་སྐྱོན་ག་རེ་འདུག དེ་ལ་རྒྱུ་མཚན་མང་ཟིག་ཤོད་དང་།
མ་གཞི་ང་ཚོས་བགྲོ་གླེང་འདི་གལ་ཆེན་པོ་ཞིག་རེད། དོན་མེད་ཉི་མ་བཏང་བ་ཞིག་མིན་པར་འདོད། ང་རང་ལ་འབྲི་རྒྱུ་གཞན་ཞིག་ཡོད། དེ་བྲིས་མ་ཚར་བར་བསྡད་ཡོད། ཡིན་ན་འདི་གལ་ཆེན་པོ་ཞིག་ཏུ་མཐོང་ནས་གོང་གི་རྩོམ་ཐུང་འདི་བྲིས་པ་ཡིན།
སྤྱིར་བཏང་བར་སྟོང་གཅིག་པོའི་གནད་དོན་མ་རེད། སློབ་དེབ་ལའང་གནད་དོན་ཡོད་པ་རེད། རྗེས་སུ་དུས་ཚོད་བྱུང་ན་བཙན་བྱོལ་གྱི་སློབ་དེབ་སྐོར་རྩོམ་ཐུང་ཞིག་སྤེལ་གི་ཡིན། དགེ་རྒན་གྱི་སློབ་ཁྲིད་བྱེད་ཕྱོགས་ལའང་གནད་དོན་ཡོད་པ་རེད། དེ་ནས་བྱིས་པ་ཚོ་ཀློག་བྲོ་བའི་དེབ་མང་པོ་མེད་པ་དེའང་དཀའ་ངལ་ཞིག་རེད། དཀའ་ངལ་གཞན་ཞིག་ནི་བྱིས་པ་མང་ཆེ་བ་རྒྱལ་ཁབ་གཞན་ཞིག་ནས་སྐྱེས་པར་བརྟེན་སྐད་ཀྱི་གཞི་རྩ་ཁོ་རང་ལའང་སྐྱོན་ཞིག་ཡོད་པ་རེད། དེ་ནས་དབྱིན་ཡིག་སོགས་གོ་བདེ་བ་དང་། དགའ་སྣང་འཕེལ་བ་རྐྱང་རྐྱང་ཡིན་པ་དེས་བོད་ཡིག་གི་ཚིག་རྫོང་མཐུག་པ་དེ་ཚོ་ཀློག་པར་རང་བཞིན་གྱིས་སྤྲོ་བ་བརླག་འགྲོ་གི་ཡོད་པ་རེད།
དེ་ལ་ང་ཚོས་ཀྱང་ཐབས་ཤེས་འཐེན་རྒྱུ་མེད་སོང་བ་མ་རེད། འདིའི་སྐོར་ལ་ཤེས་རིག་ལས་ཁུངས་ཡིན་ནའང་འགྲོ་སོང་ཁ་མེད་སྣ་མེད་དུ་བཏང་སྟེ་ཐབས་ཤེས་འཐེན་རྒྱུ་ཡོད་པ་རེད། ད་དེ་ཙམ་གྱིས།
བོད་ཡིག་བརྗོད་པའི་བར་ལ། བར་སྟོང་བཞག་ནས་བྱིས་བ་ཚོར་བོད་ཡིག་སློབས་ཀྱི་ཡིན་ནམ། དཔེར་ན། དེ་རིང་ ནམ་མཁར་ སྤྲིན་པ་ ཉུང་བ་ མ་ཟད་ ཉི་མ་དྲོ་ ལྟ་བུ།
བརྗོད་པ་ཐུང་དུ་བཏང་། ཚིག་ཉུང་ངེར་བྱས། དོན་འདུས་བ་བྱས་ནས་བོད་ཡིག་སློབས་ཀྱི་ཡིན།
དཔེར་ན། དེ་རིང་། ནམ་མཁར་སྤྲིན་པ་ཉུང་། གནམ་ངོ་དྭངས། ཉི་མ་དྲོ། ལྟ་བུ།
བསམ་བློ་ཞིབ་ཏུ་གཏོང་རྒྱུ་འདུག་སྙམ། ཞི་ལི་ཞི་མོ་རྩུབ་པོ་འདི་ཚོའི་ཁ་ལ་སྐད་ཡིག་གི་བརྗོད་པ་འཇམ་པོ་མར་ལྟ་བུ་ཞིག་བྱུགས་དགོས་རྒྱུ་དེ་རེད། མ་རེད་དམ།
དེ་ཡང་ཐབས་ལམ་ཞིག་རེད། ཚིག་ཚོགས་རིང་མོ་ཚོར་བལྟས་ན་བརྒྱ་འགྱུར་གྱིས་ཁྱད་པར་འདུག ངོ་རྒོལ་དང་རྒྱབ་སྐྱོད་གཉིས་ཀྱི་རྩོད་པ་བརྒྱབ་བརྒྱབ་གི་མཐར། འབབ་ས་དེ་ཕལ་ཆེར་དེ་འདྲ་ཞིག་གི་ཐོག་མ་གཏོགས་འབབ་ས་མ་རེད་དེ། དེའང་ཡག་པོ་རེད་ཞུ་འདོད།
ཁ་སང་དགོང་མོ་ཁྱེད་ཀྱིས་མགོ་རུལ་ལ་ལན་བཞག་པ་དེ་ཚོ་ཡང་སྙིང་རྗེ་མོ་ཞིག་བྲིས་འདུག ཚིག་རྫོབ་རིང་མོ་ཚོ་རྣམ་ཤེས་སྒྲིམ་ནས་མིག་ཚ་བཞིན་ཀློག་ཡོང་ནས་ལྷོད་ཅིག་སེ་བྱེད་པ་དང་ཐོར་བུར་བྲིས་པ་དེ་འདྲ་རེ་མཐོང་ན་ནམ་གསལ་བ་ལྟ་བུའི་སྣང་བ་རེ་སྐྱེ།
བློ་མཐུན་རྣམས་ཀྱིས་གོང་དུ་ལུང་མང་པོ་དྲང་ཡོད་ཀྱང་། མ་གཞི་ལས་དང་པོ་བ་རྣམས་ཀྱིས་དང་པོ་དཀའ་ངལ་མི་ཕྲད་པ་མི་སྲིད། དཔེར་ན་འདི་ལྟ་བུ་ལ་མཚོན་ན་སྒྲུང་ཞིག་ཀློག་ཆུག ཅིག་ལྟོས། དེ་ནས་ སྒྲུང་དེ་ ཚིག་གཉིས་གསུམ་རེ་བྱས་ནས་ གཅོད་མཚམས་ ལེགས་པོར་ཕྱེ་ལ་ ཐེངས་གཅིག་ཀློག་ཆུག དེ་ནས་ གང་གོ་བདེ་ མིན་ སྐད་ཆ་ཞིག་དྲིས། དེ་ནས་ཁྱེད་རང་གི་ ཡིད་ལ་ཨ་ལེ་ བསམ་ནས་ འཆར་རྒྱུ་ཞིག་ ཡོད་མདོག་ཁ་བོ་རེད།
གང་གོ་བདེ་ མིན སྐད་ཆ་ཞིག་དྲིས་པ་ལ་བསམ་ན། དེ་ཡང་རེ་ཟུངགིས་ མིན་སྐད་ཆ་ཞིག་དྲིས་པ་ཞེས་། མིན་དེ་མར་ལ་བླང་ནས་འདོན་མི་སྲིད་པ་མ་རེད། དེས་ན་ཚིག་མཚམ་ཕྱེ་བ་ངལ་བ་དོན་མེད་རད་སྙམ།
ཁྲ་གླག་སྤྱང་གསུམ་གྱིས་རྒྱུ་མཚན་གསལ་པོ་གསུངས་འདུག
དེ་དེ་བཞིན་ནོ་ཞེས་ཞུ་རྒྱུ་ལས་མ་འདས།
དེ་རིང་ཁ་སང་གསར་བཤད་ལ་དགའ་མཁན་དང་རྒྱབ་སྐྱོར་བྱེད་མཁན་འདུག་ཀྱང་།
ངས་དེ་ནི་དུས་ཚོད་འཕྲོ་བརླག་ཙམ་ལས་གང་ཡང་མ་མཐོང་ངོ་།།
བོད་ཡིག་གཅོད་མཚམས་ལེགས་པར་ཤེས་དགོས་ན།
བོད་སྐད་ཡག་པོ་རྒྱོབས། བོད་ཡིག་ཡག་པོ་སྦྱོངས།
དེ་ནས་དཀའ་ངལ་ཟེར་བ་ཇེ་ཉུང་ནས་ཇེ་ཉུང་དང་།
དཀའ་ངལ་དེ་ཡོད་པ་ནས་མེད་པར་འགྱུར་ངེས་རེད།
དེ་ཡང་ཚོད་ལྟ་བྱེད་དགོས་པ་མ་རེད། དོན་ལག་ལེན་དངོས་ནས་བདེན་དཔང་རྙེད་ཀྱི་རེད།།
འདིའི་སྐོར་ལ་བསམ་ཚུལ་འབྲི་རྒྱུ་མང་ཡང་ཐང་ཆད་ནས་འབྲི་གི་མིན། འོན་ཀྱང་བར་སྟོང་འཇོག་དགོས་ཟེར་མཁན་བསྟན་འཛིན་བདེ་སྐྱིད་ཀྱིས་མོ་རང་བོད་ཡིག་སྐྱོ་བོ་ཡོད་པས་ཀློག་ཁག་པོ་འདུག་ལབ་དུས། མོ་རང་ལ་བོད་ཡིག་ཀློག་ཁག་པོ་ཡོང་བའི་རྒྱུ་མཚན་གང་ཡིན་མ་ནོར་བར་ངོས་གསལ་བོ་ཟིན་འདུག མོ་རང་བོད་ཡིག་ལ་ཧ་ཅང་སྐྱོ་བོ་ཡིན་པ་དེ་བོད་ཡིག་ཀློག་མི་ཐུབ་པའི་རྒྱུ་མཚན་རེད། འོན་ཀྱང་མོས་དཀའ་ངལ་སེལ་ཐབས་མ་ནོར་བ་དེ་ངོས་ཟིན་མི་འདུག བོད་ཡིག་སྐྱོ་བོ་ཡོད་པས་ཀློག་རྒྱུར་དཀའ་ངལ་འཕྲད་ཀྱི་ཡོད་ན་མོ་རང་གི་བོད་ཡིག་སྐྱོ་བོ་མེད་པ་བཟོ་དགོས་པ་དཀའ་ངལ་སེལ་ཐབས་ངོ་མ་རེད། འོན་ཀྱང་ཧ་ལས་པ་ཞིག་ལ་མོས་དཀའ་ངལ་སེལ་ཐབས་བོད་ཡིག་ལ་བཟོ་བཅོས་བརྒྱག་འདོད་པ་དེ་རྐུན་མ་ཧམ་ཆེན་གྱིད་མི་གསོད་ཟེར་བའི་དཔེ་དང་གཅིག་པ་ཆགས་སོང་།
དཔེར་ན་བསྟན་འཛིན་བདེ་སྐྱིད་ཀྱི་མིག་སྐྱོ་དྲགས་ནས་བོད་ཡིག་གསལ་བོ་ཀློག་ཐུབ་ཀི་མེད་ན། མོས་དཀའ་ངལ་དེ་ག་འདྲ་བྱས་ནས་སེལ་འདོད་ཡོད་འགྲོ། ངས་བསམ་པར་མོ་རང་གི་མིག་ལ་མིག་ཤེལ་ཡག་པོ་ཞིག་གོན་པ་ཡིན་ན་དཀའ་ངལ་དེ་བོད་པའི་སྤྱི་ཚོགས་ལ་བརྡབ་གསིག་མེད་པའི་ཐོག་ནས་སེལ་འགྲོ་གི་རེད། གལ་སྲིད་དེ་ལས་ལྡོག་ཏེ་མོ་རང་གིས་མིག་ཤེལ་གོན་རྒྱུའི་ཚབ་ལ་བོད་ཡིག་ལ་བར་སྟོང་འཇོག་དགོས་ལབ་ན་ཧམ་པ་ཚ་ཐག་ཆོད་པ་རེད། རང་གིས་མ་ཤེས་པའི་དཀའ་ངལ་དེས་བོད་ཡིག་དང་བོད་ཀྱི་སྤྱི་ཚོགས་ལ་བརྡབ་གསིག་གཏོང་རྒྱུར་ངོ་ཚ་འཚེར་སྣང་མ་ཤེས་པ་ཆེས་ཐ་ཤལ་གྱི་དྲན་ཚུལ་ཞིག་རེད། མི་ཀུན་སློང་སྐྱོ་བོ་འདི་འདྲ་ཅན་ལ་ངས་ཧུར་ཐག་འབད་ཐག་གིས་གནས་ལུགས་གསལ་བཤད་བྱེད་ན་འདོད་མ་སོང།
བསེ་རུ།
དུས་ཚོད་ཀྱངའགྱུར། མིའི་སྤྱི་ཚོགས་ཀྱང་འགྱུར། མིའི་སེམས་ཁམས་ཀྱང་འགྱུར་བ་རེད། སྔོན་མ་བཞིན་ མཁས་པ་སློབ་པའི་དུས་ན་སྡུག ཟེར་ནས་ གུས་རྟག་གི་བརྩོན་པ་བསྐྱེད། གཉིད་མ་ཁུག་པའི་ཆེད་དུ། བརླ་ཤའི་ནང་ལ་ཁབ་བཙག་བྱེད་གི་བྱེད་གི་སྦྱོང་མཁན་ད་ལྟ་ཕལ་ཆེར་མེད་སོང་བ་རེད།
སློབ་གསོ་རིག་པ་བ་མཁས་ཅན་ཚོས། གནས་ཚུལ་སྐྱོ་བོ་དེ་ཤེས་ནས། ངག་སྐྱོར་གཅིག་ཀྱང་གཏོང་མ་དགོས་པར། རྩེ་མོ་རྩེད་གི་རྩེད་གི་སློབ་སྦྱོང་བྱེད་ཆོག་པ། རི་མོ་ལྟ་གི་ལྟ་གི་སློབ་སྦྱོང་བྱེད་ཆོག་པ། གོམ་པ་རིམ་འཛེགས་བྱས། སྣང་བ་སྐྱིད་པོའི་ཐོག་ནས་སློབ་སྦྱོང་བྱེད་ཆོག་པ་ཞིག་བཟོས་པ་མ་ཟད། སློབ་སྦྱོང་དེ་ཡང་ཚད་མཐོན་པོར་སླེབས་ཐུབ་པ་ཞིག་བཟོས་པ་རེད།
ང་ཚོས་ལམ་ཁ་འདི་འདྲ་ཞིག་ལ་འགྲོ་འདོད་མེད་ན། ལྐུགས་པ་ཨུ་ཚུགས་དང་བ་ལང་ས་གཤགས་བྱེད་དགོས་པ་རེད།
བོད་ཡིག་ཡག་པོར་སྦྱོངས་ཟེར་ན་དེ་ལས་སླ་པོ་ཞིག་རེད། ཡིན་ན་ཡང་། སྦྱོང་གི་ཡོད་མ་རེད། བོད་ཡིག་སྦྱོང་རྒྱུར་ཉོབ་གི་ཡོད་པ་རེད། སློབ་ཡིག་རེད་ལབ་དུས་བྲོས་འགྲོ་གི་ཡོད་པ་རེད། ད་ང་ཚོས་ཐབས་ལམ་ཞིག་འཚོལ་དགོས་ཀྱི་ཡོད་པ་རེད།
བསྟན་འཛིན་བདེ་སྐྱིད་ཀྱིས་མོ་རང་བོད་ཡིག་ལ་ཡག་པོ་ཡོད་མིན་ལ་མ་བལྟས་པར། དཀའ་ལས་རྒྱབ། བར་སྟོང་བཞག་མ་བཞག་སྐོར་གྱི་ཚན་རིག་པས་ཉམས་ཞིབ་བྱས་པ་དེ་ཀློག དེ་ཙམ་གྱིས་འགྲིགས་པ་མ་བྱས་པར་བྱིས་པ་ཚོའི་ནང་ཚོད་ལྟ་བྱས། དེ་འདྲ་བྱས་ནས་བར་སྟོང་བཞག་ན་ཡག་པོ་འདུག་ཟེར་གི་ཡོད་པ་རེད། མོ་དང་མོ་འདྲ་བ་སྟོང་ཕྲག་ལྷག་གིས་ཀྱང་དེ་ཡག་པོ་འདུག་ཟེར་གི་ཡོད་པ་རེད།
ད་མགོ་མི་ཚོས་པ་ནི། སློབ་གསོ་རིག་པ་ཟེར་ན་རྣ་བས་མ་གོ་བ། སེམས་ཁམས་རིག་པ་ཟེར་ན་སྦྱངས་མྱོང་མེད་པ་དེ་འདྲ་རྐྱང་རྐྱང་གིས་ཁོ་ཚོའི་རེ་འདུན་འདི་སྣང་མེད་ལ་བཞག་པ་ཡིན་ན་ངོ་མ་སེམས་སྐྱོ་དགོས་པའི་བྱ་བ་ཞིག་རེད། འདི་སྒང་ནས་གཅིག་གཅོད་བྱེད་རྒྱུ་ཞིག་མ་རེད། མར་སློབ་མ་ཚོར་སྐད་ཆ་དྲིས་ནས་ཁོ་ཚོའི་འདོད་པ་ལྟར་ཐག་གཅོད་དགོས་པ་ཞིག་རེད།
མདོར་དེད་ན། ང་ཚོའི་རྩོད་པ་འདི་བྱིས་པ་ཚོའི་འདོད་མོས་དང་བསྟུན་དགོས་པ་རེད་ཟེར་བ་དང་། བསྟུན་དགོས་མ་རེད་རྐུབ་ལ་རྒྱུག་རྡུང་གཏོང་གི་གཏོང་གི་སློབ་ཟེར་བ་དེ་རེད། འགའ་ཤས་ཤིག་ནས་དབུ་མའི་ལམ་བཟུང་སྟེ་ཚིག་མཚམས་ཐུང་ངུར་བཅད་ནས་བྲིས་ན་ག་འདྲ་འདུག་ཟེར་ནས་བར་བའམ་གཟུ་བ་འདྲ་བ་ཞིག་ཆགས་སོང་། ད་གཟུ་བ་ཚོའི་སྐད་ཆར་ཚང་མས་ཉན་རྒྱུ་བྱེད།
དཀའ་ངལ་གླེང་དུས། དེ་ལ་འབུར་འཇོམས་མ་གཏོང་། ཐབས་ལམ་འཚོལ། གྲོས་བསྡུར་བྱོས།
དཀའ་ངལ་ཅན་ཚོར། དཀའ་ངལ་མེད་མཁན་ཚོས། རོགས་རམ་བྱོས། དཀའ་ངལ་འདི། བྱིས་བ་གཅིག་པོའི་དཀའ་ངལ་མ་རེད། ཕ་མའི་དཀའ་ངལ་ཡང་རེད།
བྱིས་བས་སྐད་བརྒྱབ་ན། ཕ་མ་ངུ་ཤོར་གི་ཡོད་རེད། འདི་ལ་བསམ་བློ་ཐོངས།
བོད་ཡིག་རེད་ལབ་དུས་བྲོས་འགྲོ་གི་ཡོད་པ་རེད།
སློབ་གསོ་རིག་པ་ཟེར་ན་རྣ་བས་མ་གོ་བ། སེམས་ཁམས་རིག་པ་ཟེར་ན་སྦྱངས་མྱོང་མེད་པ་དེ་འདྲ་རྐྱང་རྐྱང་གིས་ཁོ་ཚོའི་རེ་འདུན་འདི་སྣང་མེད་ལ་བཞག་པ་ཡིན་ན་ངོ་མ་སེམས་སྐྱོ་དགོས་པའི་བྱ་བ་ཞིག་རེད། འདི་སྒང་ནས་གཅིག་གཅོད་བྱེད་རྒྱུ་ཞིག་མ་རེད། མར་སློབ་མ་ཚོར་སྐད་ཆ་དྲིས་ནས་ཁོ་ཚོའི་འདོད་པ་ལྟར་ཐག་གཅོད་དགོས་པ་ཞིག་རེད།
ཉིད་ནས་གོང་དུ་གསུངས་མ་ཐག་པའི་སྐད་ཆ་འདི་ལ་ཞིབ་དུ་སོམས་དང་། ད་གཟོད་སློབ་འདོད་མེད་པའི་རིགས་དེ་ལ་ག་ཚོད་སླ་རུ་བཏང་ཡང་། བྲོས་འགྲོ་ངེས་མ་རེད་དམ། གང་ལྟར། བོད་མིས་བོད་ཡིག་སྤྱངས་པར་ཁྲིམས་བཟོ་དགོས་པ་ཞིག་ཆགས་ན་དངོས་ནས་ངོ་ཚ་བོ་རེད། ད་དུང་། དེ་ལས་ཀྱང་ཉེན་ཁ་ཚ་བོ་མང་བོ་ཞིག་འདུག ང་རང་དུས་ཚོད་བྱུང་ན་རང་གིས་ཐུབ་ཚོད་ཅིག་སྤུན་ཟླ་ཁྱེད་ཅག་ལ་མིག་མཐོང་ལག་ཟིན་དག་ངོ་སྤྲོད་བྱེད་ཀི་ཡིན། དེ་ལ་གཟིགས་ནས་བསམ་ཚུལ་གསུང་རོགས་ཞུ།
དུས་ཚོད་མང་པོ་མེད། བསམ་ཚུལ་འགའ་ཐད་ཀར་ཞུ་གི་ཡིན།
༡) བོད་ཡིག་གི་རྫོད་ཚིག་ལ་བར་སྟོང་མེད་པ་འདི་ནི་བོད་ཀྱི་སྐད་ཡིག་གི་ཁྱད་ཆོས་ཤིག་རེད། སྐབས་རེར་མགོ་སེར་ཚོས་བོད་ཡིག་གི་རྗོད་ཚིག་ལ་བར་སྟོང་མེད་པ་འདིར་ཨ་མཚར་བྱེད་ཀྱི་འདུག
༢) བོད་ཡིག་གི་རྗོད་ཚིག་ལ་བར་སྟོང་མེད་ནའང་བོད་ཡིག་ལ་‘ཚེག་’ཅིག་ཡོད་པ་རེད། ཚེག་འདིས་བར་སྟོང་གི་གོ་ཆོད་ཀྱི་ཡོད་པ་རེད། དབྱིན་ཇིའི་སྐད་ཡིག་ལ་བར་སྟོང་ཡོད་རུང་ཚེག་འདི་མེད།
༣) བོད་ཀྱི་གཞོན་ནུ་ཚོས་བོད་ཡིག་འདི་གོ་དཀའ་བ་དང་། སློབ་སྦྱོང་བྱེད་འདོད་མེད་པ་དེ་ནི་བོད་ཡིག་བེད་སྤྱོད་ཀྱི་ཁོར་ཡུག་ཆུང་དྲགས་པས་རེད། བོད་ཡིག་གི་ཐོག་ནས་སྒོར་མོ་གྱ་ནོམ་པ་ཞིག་ཐོབ་གི་ཡོད་ཚེ། བོད་ཡིག་ལ་བར་སྟོང་མེད་ན་མེད། ཤོག་ངོས་གཅིག་གི་ངོས་སུ་བརྡ་རྙིང་བཅུ་གྲངས་རེ་ཡོད་ནའང་། བོད་ཡིག་སྦྱོང་གི་རེད།
༤) བོད་ཡིག་གཅོད་མཚམས་ཀྱི་རྐྱེན་པས་གོ་ནོར་ཐེབས་ཀྱི་ཡོད་པ་འདི། བོད་ཡིག་ྐློག་པ་པོ་དེར་ཆུ་ཚད་མེད་སོང་བ་རེད། ཆུ་ཚད་མེད་སོང་བའི་ཐོག་མགྱོགས་པོར་ྐློག་གི་ཡོད་སྟབས། གོ་ནོར་ཆེན་པོ་ཐེབས་ཀྱི་ཡོད། གཅོད་མཚམས་མི་ཤེས་ན་ག་ལེར་ྐློག་དགོས་ཀྱི་ཡོད་པ་རེད།
༥) བོད་ཡིག་ལ་བར་སྟོང་ཡོད་ན་ཅི་མ་རུང་སྙམ་མཁན་དག་ལ་དབྱིན་ཇིའི་སྐད་ཡིག་གི་ཤུགས་རྐྱེན་ཐེབས་པ་རེད།
༦) བཙན་བྱོལ་དགེ་རྒན་ཚོས་བོད་ཡིག་སློབ་ཁྲིད་བྱེད་སྟངས་འདི་ཐབས་སྐྱོ་བོ་དེ་འདྲ་མ་རེད། བྱིས་པ་ཚོར་དང་པོར་གསལ་བྱེད་སུམ་ཅུ་དང་། ར་མགོ་ལ་མགོ་སོགས། དེ་ནས་མིང་ཚིག་རེ། དེ་དག་ཅུང་ཤེས་ན་ཚིག་གྲུབ་ཐུང་ངུ་རེ་སློབ་ཀྱི་ཡོད་པ་མ་གཏོགས། ཐོག་མ་ཉིད་ནས་ཚིག་གྲུབ་རིང་པོ་དང་མཁྲེགས་པོ་ཁྲིད་ཀྱི་མི་འདུག ལྷག་པར་དུ་བཙན་བྱོལ་གྱི་དགེ་རྒན་འདི་འདི་ཚོས་ཚིག་གྲུབ་རེ་ྐློག་སྐབས་དལ་མོ་དང་དག་མོ་ཞེ་དྲག་ཡོད།
༧) ངན་ཁག་ཡོད་ཚད་བོད་ཀྱི་སྐད་ཡིག་དང་དགེ་རྒན་གྱི་མགོར་འགེལ་གྱི་མི་འདུག དོན་དངོས་སུ་རང་ཉིད་ལ་བོད་ཡིག་སྦྱོང་འདོད་ཀྱི་འབད་སེམས་ཡོད་དང་མེད། གནད་འགག་འདི་རེད།
གཡུང་དྲུང་ལགས། ཚེག་གི་ཚབ་ལ་སྟོང་པ་འཇོག་དགོས་རེད་ཟེར་གི་ཡོད་པ་མ་རེད།
མགོན་ཚེ་ལགས། དེ་ངས་གསལ་བོ་ཤེས་ཀྱི་ཡོད། སྔོན་ཆད་ཡིན་ན་ལས་སླ་མོ་ཞིག་དཀའ་སར་གཏོང་གི་ཡོད། དེང་སང་དཀའ་མོ་ཞིག་ལས་སླ་བོར་གཏོང་གི་འདུག་ག
ཚིག་གི་གཅོད་མཚམས་བཞག་པའི་དབང་དུ་བཏང་ན་ཡང་། དཀའ་ངལ་ཡོད་ཚད་སེལ་ཐུབ་པ་ཞིག་མ་རེད་ལ། བོད་ཡིག་གི་ཚེ་སྲོག་མྱུར་སྐྱོབ་བྱེད་པར་ཡང་དེ་ཙམ་ཕན་ཐོགས་མེད་པ་ནི་སྨྲོས་མེད་རེད།
བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་བརྟག་དཔྱད་དང་ཞིབ་འཇུག་གནང་ཐབས་དེ་ཡང་ལེགས་ཆ་ཞིག་རེད། འོན་ཀྱང་། དེ་ནི་བོད་ཕྱི་ནང་གཉིས་ཀའི་བྱིས་པ་ཚོར་ཡོད་པའི་དཀའ་ངལ་ཞིག་མ་རེད་ལ། བཙན་བྱོལ་ནང་དུ་ཡོད་པའི་བྱིས་པ་ཡོད་ཚད་ཀྱི་དཀའ་ངལ་ཞིག་ཀྱང་མ་རེད། དྲང་པོར་གསུངས་དང་། ད་ལྟ་དགེ་རྒན་གནང་མུས་ཀྱི་གཞི་རིམ་དགེ་རྒན་ཚོའི་སློབ་ཁྲིད་ཀྱི་ཉམས་མྱོང་ལ་རྒྱུས་ལོན་ཞིག་གནང་སྟེ། གནས་སྟངས་ཇི་འདྲ་ཞིག་ཆགས་ཀྱི་ཡོད་མེད་ཚོད་ལྟ་ཞིག་གནོངས་དང་། །
སྙན་བཟང་།
སྔོན་ཆད་ལས་སླ་མོ་ཞིག་དཀའ་རུ་བཏང་ཡོད་མེད་ངས་མི་ཤེས། ཁྱེད་ཀྱིས་དཔེ་ཞིག་ཞོག་དང་། དེ་ནས་ངས་ཧ་གོ་གི་རེད།
ངས་ཤེས་པ་ཡིན་ན། སྔོན་ཆད་ནས་སླ་རུ་སླ་ཏུ་བཏང་ཡོང་བ་རེད་བསམས། སྐད་གསར་བཅད་རིམ་པ་བྱས་པ་དེ་ཚོའང་དེའི་དཔེ་མཚོན་ཞིག་རེད། དེ་ནས་སུམ་རྟགས་ཀྱི་རྩ་བ་ལ་བསམ་བློ་ཞིག་ཐོངས། དང་པོར། གསུམ་ལྔ་བཅུ་ལ་ཀྱང་དང་སྦྱར། དང་པོ་གཉིས་ལ་དང་པོ་མཐུན་ཟེར་བ་ལྟ་བུ་རེད།
རྗེས་སུ་དེ་སྟབས་བདེ་རུ་ཕྱིན་ནས། ད་བ་ས་ཀྱི་ག་ང་གི། ག་ད་བ་སའི་རྗེས་སུ་ཀྱང་ཟེར་ནས་ཡོང་བ་རེད།
རྩ་བའི་འགྱུར་བ་ཕྱིན་ཡོད་པ་མ་རེད། སྦྱོངས་ཐབས་སྟབས་བདེ་རུ་ཕྱིན་པ་རེད། སྔོན་མ་དུས་ཚོད་གཉིས་དགོས་པ་དེ། ད་ལྟ་དུས་ཚོད་གཅིག་གི་ནང་ལ་ཤེས་ཐུབ་པ་རེད། བར་སྟོང་ཡང་དེ་རེད། ཐེངས་གཉིས་ཀློག་དགོས་པ་དེ་ཐེངས་གཅིག་ཀློག་ན་ཤེས་ཐུབ་པར་བསམ་བློ་གཏོང་གི་ཡོད་རེད།
ད་རུང་ཁ་སྣོན་ཞིག་བྱས་ན། རྣམ་དབྱེ་སོགས་ཀྱི་རྩ་ཚིག་བློ་སྐྱོར་དགོས་པ་དེ་ཚོའང་དགོས་པ་ཡོད་མ་རེད། ཆུ་ཚོད་འཕྲོ་བརླག་རེད།
དཔེ་བཞག་ན།
རྣམ་དབྱེ་གཉིས་པ། བྱ་བའི་ཡུལ ཕྲད བྱ་བ
རྣམ་དབྱེ་བཞི་བ། དགོས་པ ཕྲད བྱ་བ
འདི་ལྟར་ཕྱིན་ན་འགྲིགས་ཀྱི་འདུག ང་ཚོས་ཕྲད་སློབ་གི་ཡོད་པ་རེད། དཔེར་བརྗོད་མང་ཟིག་འཇོག་རྒྱུ་དེ་གལ་ཆེན་པོ་རེད། ཕྲད་དེ་ཚོ་བེད་སྤྱོད་གཏོང་ཤེས་པ། དེ་ཚོའི་དོན་གོ་བ་ཞིག་དགོས་པ་རེད། རྣམ་དབྱེ་སོགས་སློབ་དགོས་པའི་དམིགས་ཡུལ་ཡང་དེ་རེད། ལ་དོན་གྱི་འཇུག་ཡུལ་ཚང་མ་ཐེངས་གཅིག་ལ་ཤེས་ཐུབ་གི་རེད། འདི་ནི་དཔེ་མཚོན་ཙམ་ཡིན།
བར་སྟོང་བཞག་ནའང་བར་སྟོང་བཞག་པ་ཙམ་མ་གཏོགས་བརྗོད་དོན་ལ་འགྱུར་བ་གང་ཡང་འགྲོ་གི་ཡོད་པ་རེད། ང་ཚོས་ཐུན་མོང་མ་ཡིན་པའི་རིག་གནས་རྩ་ཆེན་བརླག་འགྲོ་གི་འདུག་ཟེར་ནས། སེམས་ཁྲལ་ལངས་དེ་རྒྱ་ཆེ་རེས་ཆེ་ཚད་དང་། མཁྲེགས་རེས་མཁྲེགས་ཚད་ཚང་མ་སློབ་དེབ་ནང་བླུགས་དེ་སློབ་ཕྲུག་ཚོས་དེ་འཇུ་མ་ཐུབ་པ་རེད། སྔོན་མའི་མཁས་པ་ཚོར་རྫ་ཁའི་གོ་བོའི་ཕོ་ཁ་ཡོད་པ་རེད། ད་ལྟའི་མི་རབས་ལ་དེ་མེད་པ་རེད།
སྐྱབས་བཅོལ།
བདེན་པ་རེད། བར་སྟོང་གིས་དཀའ་ངལ་ཡོད་ཚད་སེལ་ཐུབ་གི་མ་རེད། བར་སྟོང་རང་གིས་བོད་ཡིག་གི་སྲོག་སྐྱོབས་པར་ཡང་ཕན་ཐོགས་ཆེན་པོ་མེད་པ་རེད། ཡིན་ན་ཡང་། བར་སྟོང་གིས་མཚོན་དཀའ་ངལ་ཆུང་ཚགས་ཤིག་ཡིན་ནའང་དཀའ་ངལ་ཚང་མ་སེལ་ཐབས་བྱས་པ་ཡིན་ན་བོད་ཡིག་གི་ཚེ་སྲོག་སྐྱོབས་ཐུབ་པའི་གདེང་ཚོད་བརྒྱ་ཆ་བརྒྱ་ཡོད།
དངོས་གནས་བྱས་ན། བར་སྣང་བཞག་ན་ཀློག་བྲོ་བ་འདི་གཅིག་པོས་རྩོད་གཞི་ཚང་མར་ལན་འདེབས་བྱས་ཚར་ཡོད་པ་རེད། ང་ཚོས་ལམ་རིམ་མགོ་བརྩམས་རྒྱུ་མ་གཏོགས་ལྷག་ཡོད་པ་མ་རེད། ད་ངཚོས་དེ་ལྟར་བྱས་ན་བོད་ཡིག་ཡར་རྒྱས་འགྲོ་མི་འགྲོ། བརྒྱ་ཆ་ག་ཚོད་ཅིག་འགྲོ་རྒྱུ་ཡིན་པ། ལས་སླ་རུ་བཏང་བ་ཡིན་ནའང་སློབ་ཕྲུག་ཚོར་སྦྱོང་འདོད་ཡོད་མེད་མང་པོ་ཞིག་གླེང་བསྡད་ན་ཡོང་ཡ་ཡོད་མ་རེད།
བར་སྟོང་གཅིག་པོ་ལག་ལེན་བསྟར་ཏེ་དཀའ་ངལ་གཞན་དང་གཞན་དེ་ཚོ་སྣང་མེད་ངང་བཞག་པ་ཡིན་ན་བར་སྟོང་གིས་ཕན་ཞེ་དྲག་ཐོགས་གི་མ་རེད། སྒྲུང་རྩོམ་གྱི་ནང་དོན་ཅི་ཡིན། སློབ་ཕྲུག་ཚོའི་བློ་ཁ་དང་མཐུན་མིན་དེ་ཚོ་གཙོ་བོ་རེད། གདུལ་བྱའི་ཁམས་དང་མོས་པ་སྣ་ཚོགས་ལ་བསྟུན་དགོས་པ་དེ་ཆོས་གཞུང་ཁག་ནས་ཀྱང་མང་པོར་མཐོང་།
ད་འགྲེལ་བཤད་བརྒྱབ་མ་བརྒྱབ་མི་འདུག དགག་པ་རྒྱག་མཁན་ཚོ། སྔར་བཞིན་དགག་པ་རྒྱག་མཁན་རེད་འདུག ད་དུང་། ངོ་རྒོལ་བྱེད་མཁན་ཡང་འདུག ངའི་བསམ་ཚུལ་འདི་ཡིན།
དང་པོ།
ནམ་རྒྱུན་ནས། བོད་ཡིག་ྐློག་མཁན་དང་འབྲི་མཁན་ཚོར། དཀའ་ངལ་འདི་ཡོད་མ་རེད། དཀའ་ངལ་འདི་འཕྲད་ཀྱི་ཡོད་མ་རེད།
འོ་ན། དཀའ་ངལ་འདི་སུ་ལ་འཕྲད་ཀྱི་ཡོད་དམ་ཞེ་ན། བོད་ཡིག་ྐློག་མི་ཤེས་མཁན་ཚོ་ལ་འཕྲད་ཀྱི་ཡོད་རེད། འབྲི་མི་ཤེས་མཁན་ཚོ་ལ་འཕྲད་ཀྱི་ཡོད་རེད།
ང་ཚོས་དེ་ཁས་ལེན་དགོས་རེད་འདོད། དཀའ་ངལ་འཕྲད་ཀྱི་ཡོན་ནའང་། ཁྱོད་ལ་དཀའ་ངལ་འཕྲད་ཀྱི་མི་འདུག་ལབ་ན་། འགྲིག་གི་མ་རེད་འདོད།
དཀའ་ངལ་མཐོང་བཞིན་དུ། དེ་དཀའ་ངལ་མ་རེད་ལབ་ན། དེ་ཡང་འགྲིག་གི་མ་རེད་འདོད།
གཉིས་པ།
དཀའ་ངལ་ཡོད་ན། ད་དཀའ་ངལ་དེ་སེལ་དགོས་ཀྱི་ཡོད་རེད། དེ་སེལ་ཐབས་ཀྱི་ཐབས་ལམ་འཚོལ་དགོས་རེད།
གཞན། དཀའ་ངལ་ཡིན་པ་ཁས་མ་བླངས། དཀའ་ངལ་སེལ་ཐབས་ལ་བསམ་བློ་མ་བཏང་། འགྲིག་གི་མི་འདུག་རྐྱང་ལབ་བསྡད་ན།
དགག་པ་འདྲ་བོ་བརྒྱབ་བསྡད་ན། ཕན་ཐོགས་འདུག་གམ།
གསུམ་པ།
བོད་ཀྱི་སྐད་ཡིག་ལ་ཁོར་ཡུག་ཡོད་མེད་དང་། དེས་ལྟོ་གོས་སྦྱར་ཐུབ་ཀྱི་ཡོད་མེད། དེའི་མདུན་ལམ་ཆུང་ཚུལ་སོགས་ནི། གླེང་དགོས་མ་རེད།
དེ་ཕལ་ཆེ་བས་ཤེས་ནི་རེད། དེ་གླེང་ནས། དེས་དཀའ་ངལ་སེལ་གྱི་ཡོད་པ་མ་རེད། གནས་སྟངས་དེ་མཁྱེན་པ་ཙམ་གྱིས་ཡག་པོ་རེད།
བཞི།
འོ་ན། ད་ཅི་བྱེད་དགོས་རེད། བར་སྟོང་བཞག་ནས་དཀའ་ངལ་འདི་སེལ་གྱི་ཡིན་ནམ།
ཡང་ན། བར་སྟོང་མ་བཞག་པར། བརྗོད་པ་ཐུང་ངུར་བཏང་། ཚིག་ཉུང་དུ་བཏང་། གོ་བདེ་བར་བྱས། ཐོར་བུར་བཀྲམས་ནས་། དཀའ་ངལ་འདི་སེལ་གྱི་ཡིན།
དཔེར་ན། ཁ་སང་། དགེ་འདུན་རབ་གསལ་གྱིས།
“རི་བོང་གཅིག རི་བོང་གཉིས།
རྩྭ་གང་དུ་ཡོད། ཆུ་གང་དུ་ཡོད།
རི་བོང་གཅིག་ རི་བོང་གཉིས།
རྩྭ་རི་ལ་ཡོད། ཆུ་ལུང་ལ་ཡོད༎
རི་བོང་གཅིག་ རི་བོང་གཉིས༎
རི་གང་དུ་ཡོད། ལུང་གང་དུ་ཡོད།
རི་བོང་གཅིག་ རི་བོང་གཉིས
རི་བོད་ལ་ཡོད། ལུང་བོད་ལ་ཡོད།”ལྟ་བུ།
བསམ་བློ་ཐོངས། གྲོས་བསྡུར་བྱོས། དགའ་མི་དགའི་སྐད་ཆ་འཁྱེར་མ་ཡོང་།
མཁས་དབང་མུ་དགེ་བསམ་གཏན་མཆོག་གིས། ཡི་གེ་ནི་སྐད་ལ་བརྟེན་ནས་བཟོས་ཤིང་སྐད་ཀྱི་ཆེད་དུ་བཟོས་པ་ཤིག་རེད། དེར་བརྟེན་ཡི་གེ་ཡིས་སྐད་ཀྱི་ཆེད་དུ་ཞབས་འདེགས་ཞུ་དགོས་པ་རེད། ཅེས་གསུངས་འདུག་པས། ཁོང་གི་གསུང་འདིར་སློབ་གསོ་རིག་པ་བ་དང་སྐད་ཡིག་མཁན་པོ་ཚོས་དགོངས་པ་བཞེས་རྒྱུ་ཞིག་འདུག
ལར་སྐད་དང་ཡི་གེ་ནི་མི་རིགས་ཤིག་གི་ངོ་རྟགས་འཁྲུལ་མེད་དེ་ཡིན་པ་དང་། གལ་སྲིད་ཡི་གེ་ཡིས་སྐད་གང་ཞིག་གི་མི་ཉམས་སོར་གནས་དང་དར་སྤེལ་བྱ་བར་དགོས་ངེས་ཞབས་འདེགས་ཇི་བཞིན་བསྒྲུབ་ཐུབ་ཀྱི་མེད་ཚེ། སྐད་གང་ཞིག་སྦྱང་གོམས་སུ་འགྲོ་བྱེད་འབྲི་ཀློག་གི་ཐབས་ལམ་ལ་འགྱུར་བ་གཏོང་འོས་བཏང་སྟེ། དེས་ལག་ལེན་དངོས་ཁྲོད་ཕན་ཐོགས་ཡོད་པ་ར་སྤྲོད་བྱེད་ཐུབ་ན་འགྲིག་གོ
རིག་འབྱུང།
བསམ་ཚུལ་ཡག་པོ་བཤད་འདུག
༡ བར་སྟོང་བཞག་ན། ཀློག་བདེ་བའི་ཁྱད་པར་དགའ་རབས་ཡོད་པ་རེད། གཞན་ཀློག་བྲོ་བ་སོགས་བཤད་ཟིན་པ་ལྟར་རེད།
༢ ཚིག་ཐུང་ངུར་བཅད་ན། ཀློག་བདེ་བ་སོགས་དོན་ཚན་དང་པོ་ལྟར་རེད། ཡིན་ནའང། བློ་བྱམས་ཀྱི་མ་མ་ཡིན་ ཟེར་བ་ལྟ་བུ་འདི་དང་རིགས་མཚུངས་ཀྱི་དཀའ་ངལ་དེ་ཚོ་སེལ་ཐུབ་གི་མ་རེད། ཚིག་ཐུང་ངུར་བཅད་པ་ཙམ་གྱིས་ཀྱང་ཡར་རྒྱས་དགའ་རབས་ཕྱིན་ཡོད་པ་རེད།
༣ དགག་པ་རྒྱབ་པ་དང་ངོ་རྒོལ་བྱས་པས་ཀྱང་ལྡོག་ཕྱོགས་པའི་བསམ་བློ་གཏོང་ཕྱོགས་མ་འགྲིགས་པ་དང་རྒྱུ་མཚན་མེད་པ་དེ་ཚོར་འགྱུར་བ་ཐེབས་པར་ཕན་ཐོགས་ཀྱི་ཡོད་པ་རེད། ངས་ཀྱང་རྟག་པར་ལྡོག་ཕྱོགས་ཀྱི་བསམ་ཚུལ་དེ་ཚོར་བསམ་བློ་མང་ཟིག་གཏོང་གི་ཡོད། བློ་སྐྱེད་ཀྱང་མང་ཆེ་བ་ལྡོག་ཕྱོགས་ནས་ཡོང་གི་འདུག
དགག་རྒྱག་དང་ངོ་རྒོལ་དེ་ཚོ་ང་ཚོའི་བགྲོ་གླེང་ཁྲོད་ཆེས་རྩ་ཆེ་བའི་བསླབ་བྱ་ཡིན་པར་འདོད་ལ་ཡག་པོར་མཐོང་།
༤བར་སྟོང་བཞག་པས་དཀའ་ངལ་སེལ་ཐུབ་བམ། ཚིག་ཐུང་ངུར་བཅད་པས་དཀའ་ངལ་སེལ་ཐུབ་མིན་གྱི་དྲི་བ་འདི་དྲི་བ་ནོར་འཁྲུལ་ཅན་ཞིག་རེད། དེ་གཉིས་ལས་གཅི་འགྲིགས་པ་དང་གཅིག་མ་འགྲིགས་པའི་གདམ་གསེས་ཤིག་ཡོད་པ་མ་རེདཞ གཉིས་ཀ་མཐུན་པའི་ཕྱོགས་རེད། ཡོང་ན་བར་སྟོང་དང་མ་ཡོང་ནའང་ཚིག་ཐུང་ངུར་འབྲི་ཐུབ་ན་ཡག་པོ་རེད། དེ་ནི་རྩོད་གཞི་འཁྲུགས་པོ་འདི་སལ་ཐབས་ཀྱི་དབུ་མའི་ལམ་ལྟ་བུ་ཞིག་ཀྱང་རེད།
རྣམ་པ་ཚོའི་བསམ་ཚུལ་དག་ཧ་ཅང་གི་ལེགས་པ་མ་ཟད། ལྷག་བསམ་རྨ་མེད་པ་དང་། ཐུགས་དགོངས་ཀྱང་གཏིང་ཟབ་བཞེས་ཀྱིན་འདུག
ཡིན་ན་ཡང་། བོད་ཡིག་ལ་བར་སྟོང་འཇོག་དགོས་མིན་གྱི་གནད་དོན་འདི་ནི་སྦྱོང་མཁན་ལས་དང་པོ་བ་ཁོ་ནའི་དཀའ་ངལ་ཞིག་ཡིན་པ་ལས་བོད་མི་ཡོངས་རྫོགས་ཀྱི་དཀའ་གང་མ་རེད།
སེམས་འཚབ་ལངས་དགོས་དོན་ཅང་མེད། འཛིན་རིམ་དང་པོ་ནས་གསུམ་པ་བར་གྱི་དམའ་རིམ་བོད་ཡིག་དགེ་རྒན་སྐོར་ཞིག་འཛོམས་ནས་ཐག་གཅོད་བྱས་ན་འགྲིགས།
ཡང་ཚིག་འགའ་ཞུ་གི་ཡིན།
དང་པོ།
བར་སྟོང་འཇོག་པ་དང་། བརྗོད་པ་ཐུང་ངུ་གཏོང་བ་གཉིས་ཀ་ལེགས་ཕྱོགས་ཡིན་མིན་མི་ཤེས་གི་ ྐློག་པ་པོའི་བསམ་ཚུལ་མི་འདྲ་གི
ཁ་ཤས་ཀྱིས་བར་སྟོང་འཇོག་པ་འདི། གཏོར་བཤིག་རེད་ཟེར། འདི་ཐན་ལྟས་རེད་ཟེར་མཁན་ཡང་འདུག ཁ་ཤས་ཀྱིས། བརྗོད་པ་ཐུང་ངུར་གཏོང་བ་འདི་།
ཐལ་ཆེ་བ་རེད་ཟེར། རྒྱུ་མཚན་བཤད་མི་འདུག
གཉིས་པ།
བོད་པས་དགག་པ་རྒྱག་དུས། བསམ་ཚུལ་མ་བཤད་པར། གང་ཟག་ལ་རྡུང་བར་རྩོམ་གྱི་འདུག དཔེར་ན། སྐད་ཆ་བཤད་མཁན་ལ་དམོད་པ་ལྟ་བུ།
གསུམ་པ།
ད་ང་ཚོས་བསམ་ཚུལ་བཤད་སྡོད་པ་ལས། ལག་ལེན་ལ་བསྟར་རྒྱུ་དེ་གལ་ཆེ་གི་ ཚོད་ལྟའི་དེབ་བསྒྲིགས་རྒྱུ་དེ་རེད།
ཨ་རི་དང་ཁ་ཎ་སྒྲ། ཡོ་རོབ་སོགས་སུ་གནས་སྡོད་བྱེད་པའི་བོད་ཕྲུག་ཚོའི་ཆེད་དུ། ཚོད་ལྟའི་དེབ་བསྒྲིགས་རྒྱུ་དེ་རེད། དེབ་བཟོས་ནས་སྤྱི་ཚོགས་ནང་ལ་བཀྲམས།
ལས་ཀ་འདི་ཡང་། ནུབ་ཕྱོགས་ན་ཡོད་མཁན་གྱི། བོད་རིགས་ཤེས་ཡོན་པ་རྒན་པ་ཚོས་རྐང་ལེན་དགོས་རེད་འདོད། ཤེས་རིག་ལས་ཁུངས་ལ་སྐྱབས་བཅོལ་རྒྱུ་ཡོད་མ་རེད།
སྐྱབས་བཅོལ་བ་ཡིན་ན་ཡང་། གྲུབ་འབྲས་ཤིག་ཡོང་ཁག་པོ་རེད།
བཞི།
ཨ་རིར་མཚོན་ན། བོད་མི་འདུས་སྡོད་ཆེ་ས་ཁག་ན། གཟའ་ཉི་མའི་བོད་ཡིག་འཛིན་གྲ་ཞིག་ཚོགས་བཞིན་འདུག ཚོད་ལྟའི་དེབ་བསྒྲིགས་ནས་བྱིས་བ་དེ་ཚོའི་བསྔུན་ལ་འཇོག་དགོས་ནི་རེད། བྱིས་བའི་ཚོ་སྐད་མ་ཤོར་བ་། ཕ་མ་ཚོ་ངུ་མ་ཤོར་བ་ཞིག་བཟོ་དགོས་ནི་རེད། ཕ་མ་ཚོས་ཀྱང་དེབ་དེའི་སྒང་ལ་འགྲོ་སོང་ག་ཚོད་གཏོང་དགོས་ན་ཡང་། ཕངས་སེམས་མེད་པ་ཞིག། བྱིས་བ་ཚོས་ཀྱང་དགའ་དགའ་སྤྲོ་སྤྲོའི་ངང་ནས་། ྐློག་འདོད་པ་ཞིག་བཟོ་དགོས་ནི་རེད། ད་བོད་རིགས་ཤེས་ཡོན་པ་རྒན་པ་ཚོས་མཉམ་འབྲེལ་བྱོས། གྲོས་བསྡུར་བྱོས། ཚོད་ལྟའི་དེབ་བསྒྲིགས་རྒྱུར་འགོ་འཛུགས་རོགས།
ལྔ་།
ཚོད་ལྟའི་དེབ་ཀྱི་འགྲོ་སོང་སྐུ་ཚབ་དོན་གཅོད་ཁག་གི་སྒང་ལ་འཇོག་དགོས་ནི་རེད། དོན་གཅོད་ཁག་གིས་རྒྱ་ཆེ་ས་ནས་ཕྱག་ལས་གནང་མི་ཐུབ་རུང་། ཆུང་ས་ནས་འདི་ལྟ་བུའི་རིགས་ལ་འགན་འཁྱེར་དགོས་ནི་རེད། དོན་གཅོད་ཁག་གིས་འགྲོ་སོང་བཏང་། མཁས་བ་རྒན་པ་ཚོས་གྲོས་བསྡུར་བྱས། ཚོད་ལྟའི་ྐློག་དེབ་བཟོ་རྒྱུའི་འགོ་འཛུགས་དགོས་ནི་རེད།
ད་ལྟ་འགོ་བཙུགས་ན། ད་དུང་ཁྱོན་ནས་འཕྲི་དྲགས་མི་འདུག རྒྱུ་མཚན། དེ་རིང་སང་ཉིན། ནུབ་ཕྱོགས་སུ་སྡོད་མཁན་གྱི་བོད་ཕྲུག་ཚོ། བོད་ཡིག་ལ་དོ་སྣང་སླེབས་བཞིན་པའི་དུས་ཚོད་ཞིག་རེད། ཐ་ན། ངོ་དེབ་ཀྱི་སྒང་ལ་ཡང་སོ་སོའི་མིང་བོད་ཡིག་སྒང་ལ་འབྲི་རྒྱུར་དགའ་སྣང་བྱེད་ཀྱི་འདུག བོད་ཡིག་ཅུང་ཙམ་ཤེས་ན་སྐྱིད་པ་ལ་བསམ་མཁན་གྱི་བོད་ཕྲུག་མང་པོ་ཡོད་རེད། ངའི་བུ་ཕྲུག་གིས་བོད་ཡིག་ཅུང་ཙམ་སྦྱངས་ན་བསམ་མཁན་གྱི་ཕ་མ་ཡང་མང་པོ་ཡོད་རེད།
དྲུག།
ཤེས་ཡོན་པ་རྒན་པ་ཚོས་གྲོས་བསྡུར་བྱས་ནས། གཞི་རིམ་ལོ་རིམ་དང་པོ་ནས་གསུམ་པ། ཡང་ན་བཞི་བ་བར་ལ། ཚོད་ལྟའི་ྐློག་དེབ་བསྒྲིགས་དགོས་རེད།
དེ་ཡང་། བར་སྟོང་བཞག་ནས་བསྒྲིག་དང་། བརྗོད་པ་ཐུང་ངུར་བཏང་། ཚིག་ཉུང་དུ་བཏང་། གོ་བདེར་བར་བྱས། ཐོར་བུར་བཀྲམས་ནས་བསྒྲིག་། ཤེེས་ཡོན་པ་རྒན་པ་ཚོས་གྲོས་བསྡུར་བྱོས། དཔྱད་བསྡུར་བྱོས། ཐག་ཆོད། དེ་ནས་མ་འོངས་བར་ཁ་ཕྱོགས་ཤིག་རྙེད་གི་རེད། གཞན། ང་ཚོས་དྲ་ཐོག་ནས་འུར་བརྒྱབ་ནས་བསྡད་ན། བསམ་ཚུལ་ཡག་ན་མི་ཡག་ན། ལག་ལེན་ཁྲོད་སྟོང་བར་ལུས་ནས་འདུག
༅། །བསྟན་འཛིན་བདེ་སྐྱིད་ལགས།
བོད་ཡིག་གི་ཤེས་ཚད་ཁྱོད་རང་ལྟབུ་ཞིག་གི་བོད་ལེགས་བཅོས་གཏོང་བ་ནི་ཧ་ལས་པའི་ངོ་ཚ་མེད་པ་མཐོང་།
རང་གི་བོད་ཡིག་མི་ཤེས་པ་དང་། བོད་ཡིག་དོ་སྣང་མེད་པ་དང་། བོད་ཡིག་གི་རིན་ཐང་ཧ་མ་གོ རང་མཐོང་ཆེ་ལ་ངོ་ཚ་མེད་པ་ཁྱོད་སྙིང་རྗེ། ཡོན་ཏན་ཆུང་ཆུང་ཟེར་བ་ཉེན་ཁ་ཆེན་པོ་རེད།
ཁ་ནང་ལ་སྐོར་ནས་ཁྱོད་རང་གི་ཤེས་ཚད་ལ་བསམ་དང་། ང་ཚོ་ཀུན་གླེང་ཉན་མཁན་ཡང་ངོ་ཚ་འདུག
རྣམ་པ་ཚོའི་བསམ་ཚུལ་དག་ཧ་ཅང་གི་ལེགས་པ་མ་ཟད། ལྷག་བསམ་རྨ་མེད་པ་དང་། ཐུགས་དགོངས་ཀྱང་གཏིང་ཟབ་བཞེས་ཀྱིན་འདུག
ཡིན་ན་ཡང་། བོད་ཡིག་ལ་བར་སྟོང་འཇོག་དགོས་མིན་གྱི་གནད་དོན་འདི་ནི་སྦྱོང་མཁན་ལས་དང་པོ་བ་ཁོ་ནའི་དཀའ་ངལ་ཞིག་ཡིན་པ་ལས་བོད་མི་ཡོངས་རྫོགས་ཀྱི་དཀའ་གང་མ་རེད།
སེམས་འཚབ་ལངས་དགོས་དོན་ཅང་མེད། འཛིན་རིམ་དང་པོ་ནས་གསུམ་པ་བར་གྱི་དམའ་རིམ་བོད་ཡིག་དགེ་རྒན་སྐོར་ཞིག་འཛོམས་ནས་ཐག་གཅོད་བྱས་ན་འགྲིགས།
བསྟན་འཛིན་བདེ་སྐྱིད་ལགས།
བོད་ཡིག་གི་ཤེས་ཚད་ཁྱོད་རང་ལྟབུ་ཞིག་གི་བོད་ལེགས་བཅོས་གཏོང་བ་ནི་ཧ་ལས་པའི་ངོ་ཚ་མེད་པ་མཐོང་།
རང་གི་བོད་ཡིག་མི་ཤེས་པ་དང་། བོད་ཡིག་དོ་སྣང་མེད་པ་དང་། བོད་ཡིག་གི་རིན་ཐང་ཧ་མ་གོ རང་མཐོང་ཆེ་ལ་ངོ་ཚ་མེད་པ་ཁྱོད་སྙིང་རྗེ། ཡོན་ཏན་ཆུང་ཆུང་ཟེར་བ་ཉེན་ཁ་ཆེན་པོ་རེད།
ཁ་ནང་ལ་སྐོར་ནས་ཁྱོད་རང་གི་ཤེས་ཚད་ལ་བསམ་དང་། ང་ཚོ་ཀུན་གླེང་ཉན་མཁན་ཡང་ངོ་ཚ་འདུག
བསམ་ཚུལ་འདི་གཉིས་ལ་རྒྱབ་སྐྱོར་ཡོད།
བོད་ཡིག་ཀློག་རྒྱུ་དཀའ་ངལ་འདུག དེ་བས་བར་སྟོང་འཇོག་དགོས་ཟེར་བ་ལས། བོད་ཡིག་ཀློག་རྒྱུ་དཀའ་ངལ་འདུག དེ་བས་བོད་ཡིག་མེད་པར་གཏོང་དགོས་ཞེས་ན་དེ་ཡག་ས་རེད།
ད་རེས་ངོ་མ་ཡིན། ངས་ཁྱོད་ཚོར་དཀའ་ངལ་སེལ་ཐུབ་ཡག་པོ་ཞིག་བཤད། ད་ནས་བཟུང་བོད་ཡིག་ཀློག་རྒྱུ་དཀའ་ངལ་འདུག་ཟེར་མཁན་རྣམས་ཀྱིས་བོད་ཡིག་མ་ཀློག དཀའ་ངལ་མི་འདུག་ཟེར་མཁན་རྣམས་ཀྱིས་མུ་མཐུད་དུ་སྔར་བཞིན་བོད་ཡིག་བེད་སྤྱོད་ཐོངས། འདི་ལྟར་བྱས་ན་ད་འགྲིག་ཚར་བ་རེད། མ་རེད་དམ།
བསྟན་འཛིན་བདེ་སྐྱིད་ཀྱིས་རྩོམ་ཡིག་ཅིག་བྲིས་པའི་རྐྱེན་བྱས་ཏེ་ བར་སྟོང་འཇོག་དང་མི་འཇོག་གི་སྐོར་ལ་གླེང་སློང་ཆེན་པོ་བྱས་སོང་། དུས་བབ་དང་ཁ་བརྡ་གཉིས་ཀ་བསྡོམས་ན་ ཧ་ལམ་མཆན་ བཞི་བརྒྱ་ལྔ་བརྒྱ་བྲིས་མེད་དམ་སྙམ། འདི་འདྲའི་འུར་ཞིག་ལངས་པ་དེ་ཡ་མཚན་དྲན་གི་ཡོད། དེ་ཡང་། ང་ཚོའི་གཤིས་ཀ་ཞིག་ལ། གཞན་གྱིས་བྲིས་པ་དེ་ཚོ་ཉན་མི་དགོས་པར་རང་གིས་བཤད་དགོས་པ་ཞིག་འདུག དཔེར་ན། བར་སྟོང་འཇོག་དགོས་པའི་སྐད་ཆ་འདི་ཡང་གསར་པ་མ་རེད། ཧ་ལམ་ལོ་ ༢༠ གོང་ལ་ཨ་མྱེས་རྨ་ཆེན་གྱིས་དེ་ལྟར་བྱས་ནས་ལག་ལེན་ལ་བསྟར་བ་རེད། དེ་ཚོ་མཁྱེན་པའི་ཐོག་ནས་བགྲོ་གླེང་གནང་ན་གཅིག་ཕན་གཉིས་ཕན་ཞིག་ཨེ་ཡོང་དྲན་ནོ།
བསྟན་དར་ལྷ་རམས་པའི་ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན་དུ།
ཀློག་ཕྱེད་གོ་བས་ཤེས། ཞེས་གསུང་ཡོད། དེའི་གོ་དོན་ནི། བོད་ཡིག་ཀློག་སྟངས་བརྒྱ་ཆ་ལྔ་བཅུ་དེ་གོ་བ་ལོན་པའི་ཐོག་ནས་ཤེས་ཀྱི་ཡོད་ཅེས་པ་ཡིན། དེ་ནི་དངོས་གནས་བདེན་པ་རེད།
དཔེར་ན། འགྲོ་བ། ཞེས་པའི་ཚིག་འདིར་མཚོན་ན། བྱ་ཚིག་གི་དོན་ཅན་ཡིན་པའི་ཆ་ནས་ཀློག་སྟངས་གཅིག་དང་། (ང་ཚོ་ལྷ་སར་འགྲོ་བ།) ཡང་མིང་ཚིག་གི་དོན་ཅན་ཡིན་པའི་ཆ་ནས་ཀློག་སྟངས་གཅིག་ཡོད་པ་ཡིན། (འགྲོ་བ་རིགས་དྲུག)་
གཞན་ཡང་དཔེ་མཚོན་མང་པོ་ཡོད་པ་ཡིན།
དེར་བརྟེན་རང་ཉིད་ཀྱི་བོད་ཡིག་གནས་ཚད་སྐྱོ་པོ་ཡོད་ན། བོད་ཡིག་གི་མིང་ཚིག་སོ་སོ་ཁ་འཕྲལ་ནས་བཞག་ཀྱང་བོད་ཡིག་ཚད་ལྡན་ཞིག་ཀློག་མི་ཐུབ། ཕལ་ཆེར་དབྱིན་ཇིས་བོད་ཡིག་ཀློག་པ་འདྲ་པོ་ཞིག་བྱུང་ཉེན་ཡོད།
ཚིག་གི་གཅོད་མཚམས་ཀྱི་ཐབས་ལམ་ལ་ས་སྟོང་འཇོག་དགོས་པའི་བསམ་ཆར་ལ་ལེགས་ཉེས་གཉིས་ལས་ཉེས་པའི་ཆ་ཤིན་ཏུ་ཆེ། ཉེས་ཆ་ཆེ་ཤོས་ནི་བོད་ཀྱི་ཐུན་མོངས་མ་ཡིན་པའི་ཡི་གེའི་འབྲི་སྲོལ་གྱི་དབྱིངས་སེམས་ནང་ལ་ཉམས་གུད་ཆེན་པོ་ཡོང་། དཔེར་ན་དབྱིངས་ཉམས་པའི་སྟོད་ཐུང་དང་གུ་ཐུང་ནང་བཞིན་རེད། འུ་ཐུག་ན་མགཏོགས་དང་དུ་བླངས་ནས་གྱོན་པ་ཁག་པོ་རེད། དེས་ན་ཐབས་ལམ་གཞན་ཞིག་འཚོལ་དགོས་ངེས་ཡིན། ཐབས་ལམ་དེ་ལ་ཡང་ཆ་རྐྱེན་གང་མང་ཚང་དགོས། ངའི་བསམ་བློར་འཁོར་བའི་ཐབས་ལམ་ཁ་ཤས་འདི་ཡིན།
༡༽ ཐབས་ལམ་ག་འདྲ་ཞིག་ཡིན་རུང་ད་ལྟའི་ཡི་གེའི་འགྲོས་ལ་ཉམས་ཉེས་རྩ་ནས་ཡོང་མི་རུང་།
༢༽ ཐབས་ལམ་དེའི་ཁུང་ལུང་ང་རང་ཚོའི་རིག་གཞུང་ལ་ཁུང་གཏུགས་ཏེ་འཚོལ་སྒྲུབ་བྱེད་རྒྱུ།
༣༽ ཐབས་ལམ་གསར་པ་རྙེད་རུང་ར་ལྟའི་བོད་ཀྱི་སྐད་དང་ཡི་གེ་དང་ཡིག་གཟུགས་སོགས་ཀྱི་འགྲོས་ཉམས་་གུད་རྩ་ནས་མི་འགྲོ་རྒྱུ།
ཁྱེད་རང་ཚོ་ལ་ཆ་རྐྱེན་གཞན་གང་ཡོད། ང་ལ་གསུང་རོགས།
གཏམ་སྙན།
འཛམ་བུ་གླིང་ཡོངས་གཅིག་མཚུངས་སུ། སྟབས་བདེ་ནས་སྟབས་བདེ། གཅིག་གྱུར་ནས་གཅིག་གྱུར་ལ་ཁ་ཕྱོགས་འགྲོ་གི་ཡོད་པའི་སྐབས་འདིར། ཁྱེད་ཀྱིས་སྔར་བཞིན་ཤབ་རྩག་མཐུག་པོ་དེ་གོན་འདུག་རྒྱུ་ཡིན་ཟེར་གི་ཡོད་པ་རེད། ངས་ཁྱེད་རང་གི་རྩག་ཞེན་ཆེ་བའི་སེམས་ཁམས་དེ་ལས་སླ་པོས་རྟོགས་ཐུབ། དེའང་བརྩེ་ཞེན་གྱི་རིགས་ཤིག་ཡིན་པ་ལོས་ཤེས། ངས་ཁྱེད་ལ་རྒྱུས་ལོན་དང་བསམ་ཤེས་བྱེད་ཐུབ་ཀྱི་འདུག
བསམ་ཤེས་རྩ་ནས་བྱེད་མི་ཐུབ་པ་ནི། ཁྱེད་ཀྱིས་རང་གི་བྱིས་པ་ཚོའི་སེམས་འདུན་ལ་རྩ་བ་ཉིད་ནས་བརྩི་འཇོག་བྱེད་མི་ཤེས་པར། དེང་རབས་ཀྱི་གྲོང་ཁྱེར་འཁྲུགས་པོའི་ནང་ཡིན་ནའང་འདྲ། ཚ་བ་ཆེ་བའི་ས་ཁུལ་ཡིན་ནའང་འདྲ། གནས་དུས་ལ་ལྟ་མི་ཤེས། བྱིས་པའི་བསམ་འདུན་ལ་བརྩི་འཇོག་མི་བྱེད་པར། ཁྱེད་རང་ལྟར་དགུན་རྩག་མཐུག་པོ་དེ་མུ་མཐུད་གོན་བཅུག་ནས་རང་གི་ཤ་ལས་ཆད་པའི་བུ་ཕྲུག་ལ་མནར་གཅོད་གཏོང་བཞིན་པ་དེ་རེད། ཁྱོད་ཀྱིས་རང་གི་རིག་ཞེན་གྱི་ཆེད་དུ་ཉེས་པ་གསོག་གི་འདུག
༧༠༽ མདའ་ཚན་པ་ནས།
ཁྱེད་ཤིན་ཏུ་ནས་ཀྱང་བདེན། ཁྱེད་ལྟ་བུའི་བསམ་ཤེས་ཡོད་མཁན། མི་གཞན་གྱི་སེམས་ཁམས་ཤེས་མཁན། བྱིས་པའི་བསམ་འདུན་ལ་བརྩི་འཇོག་བྱེད་མཁན་གྱི་བོད་མི་གཅིག་ཡིན་པ་ང་ཚོ་བོད་པའི་ལ་རྒྱ་རེད། མི་གཞན་ལའང་དེ་འདྲའི་བཀའ་སློབ་མུ་ཐུད་ནས་ཡོང་བ་ཞུ་ཡིན། བོད་དང་བོད་མིའི་རྩ་དོན་་ལ་ཕན་པའི་རེ་བ་ཡོད།
མདའ་ཚན་པ་
ཡིན་ནའང་ཁྱེད་ཀྱི་བཀའ་མོལ་ཕལ་ཆེ་བ་ངའི་སྐད་ཆ་དང་འབྲེལ་བ་མེད་པའི་སྐད་ཆ་རེད་འདུག འབྲེལ་ཡོད་ཀྱི་སྐད་ཆ་གཅིག་བུ་དེ་ལ་ནི་ངའི་ལབ་རྒྱུ་ལ་རྩ་ནས་གོ་བ་མ་ལོན་པའི་ལན་རྒྱབ་འདུག ངས་ཚིག་གི་གཅོད་མཚམས་ལ་ས་སྟོང་བཞག་ན་མི་འགྲིག་པའི་བསམ་ཆར་བཤད་པ་མ་གཏོགས་འགྱུར་བཅོས་གཏོང་མི་རུང་བ་དང་མི་ཆོག་པའི་བསམ་ཆར་རྩ་ནས་བཤད་མེད། ཁྱེད་ཀྱིས་ང་ལ་འགྱུར་བ་རྩ་ནས་གཏོང་མི་འདོད་པའི་མི་ཞིག་ཏུ་ངོས་འཛིན་བྱས་འདུག དེ་ཁྱོད་རང་གི་གོ་ནོར་རེད། ཐད་ཀར་ཞུས་ན་ང་ནི་འགྱུར་བ་གཏོང་དགོས་ཟེར་མཁན་གྱི་མི་ཞིག་ཡིན། འབྲེལ་མེད་ཀྱི་སྐད་ཆ་ཚོ་ལ་ནི་ལན་རྒྱག་སྙིང་འདོད་ནའང་འབྲེལ་མེད་ཡིན་པས་ཕན་པ་ཅི་ཡོང་།
ཁྱད་ཆོས་ནི་མི་རིགས་ཀྱི་ངོ་བོ་མཚོན་ལ།
བོད་ཡིག་ནི་བོད་པའི་ཁྱད་ཆོས་དང་ནོར་བུ་ཡིན།
དེ་ལ་ལེགས་བཅོས་གཏོང་དགོས་མིན་སློབ་སྦྱོང་གནང་ན་ཤེས་པ་ལས་བོད་ཡིག་ཡག་པོ་མེ་ཤེས་མཁན་ལ་ཐོབ་ཐང་མེད་། བསྟན་འཛིན་བདེ་སྐྱིད་སོགས་བོད་ཡིག་མི་ཤེས་མཁན་གཙན་བྱོལ་བོད་པའི་སློབ་ཕྲུག་ཚོའི་ལྟ་བ་བོད་ཡིག་ལེགས་བཅོས་དང་། དེང་སང་བུ་དང་བུ་ཆང་ས་རྒྱག་པ་དང་། བུ་མོ་དང་དུ་མོ་གཉམ་དུ་ཆང་ས་རྒྱག་མཁན་ཨ་རིས་ནང་ཡོད་པའི་བོད་པ་བྱུང་བཞིན་པ་རེད། འཛམ་བུ་གླིང་འདིས་ནང་ཚན་རིག་པ་ཚོས་ཡར་རྒྱས་ལ་རྟེན་ནས་འགྲོ་བ་མིའི་བདེ་སྐྱིད་སྐྲུན་ཐུབ་པ་ཡིད་ཆེས་བྱས་ཕྱི་དངོས་པོ་ཧ་ལས་པ་ཡར་རྒྱས་གང་མཚམས་སོང་། ཡིན་ན་ཡང་མིས་སེམས་ཁམས་ལ་བདེ་སྐྱིད་གདོད་མའི་སྤྱི་ཚོགས་དང་ག་ལ་འདྲ་། ད་ལྟ་ཆུ་ཉོ་དགོས་བའི་དུས་དང་མ་འོང་པར་ཆུ་མ་ཟད་མཁའ་རླུང་ཡང་ཉོ་དགོས་པ་མི་རིང་བར་ཆག་ཡོད། མ་ཟད་འཛམ་བུ་གླིང་འདི་ཡང་འཐོར་ལ་ཉེ་བ་འདི་གང་ལས་བྱུང་ལྟ་ན། གདོད་མའི་སྤྱི་ཚོགས་དང་རིག་གཞུང་ལ་སྒྱུར་བཅོས་ཀྱི་ལྟ་བ་ལས་བྱུང་ཡོད། གདོད་མའི་རིག་གཞུང་དང་འཚོ་བ་ནི་རང་བཞིན་འམ་ཡང་དག་པ་མཐོང། ད་ལྟ་ཉམས་མྱོང་མེད་ལ་ངོ་ཚ་དང་བྲལ། འདོད་རྔམ་ཆེ་ལ་ཆོག་ཤེས་མེད་པའི་ལྟ་བ་འདི་སྙིང་རྗེ།
gonpo
ཁྱེན་རང་བདེན། བོད་ཀྱི་སྐད་ཡིག་གི་ཡར་རྒྱས་འགྲོ་བ་དང་མི་ཉམས་གོང་འཕེལ་ཆེད་དུ་ཉམས་མྱོང་དང་ཤེས་ཡོན་གཉིས་ཀའི་ཐོག་ནས་འགྲོ་བ་མ་གཏོགས་ཐབས་ལམ་ལག་ལ་འཐེབས་ཚད་དང་མིག་ལམ་དུ་ཤར་ཚད་ལག་ལེན་དུ་བསྟར་ན་ནུབ་ཕྱོགས་པའི་གཏམ་དཔེ་རྔ་མོང་ནི་དང་པོ་དངོས་གནས་བྱས་ན་བཟོ་རྒྱུ་རྟ་ཡིན་ཀྱང་བཟོ་མི་ཤེས་པའི་མིས་བཟོས་པས་དེ་འདྲ་ཆགས་པ་རེད་ཟེར་བའི་དཔེ་ལྟར་སླ་བྱུས་བྱས་ན་བོད་ཀྱི་རིགས་གཞུང་ར་མ་ལུགས་ཆགས་པའི་སྔོན་བརྡ་རེད།
ཁྱེད་ཚོའི་འདི་མོ་གཟི་གི་མ་འདུག། ཨུ་ཅི་ག་ཚང་མ་བོད་པ་རེད། དེ་བས་བོུ་བསྟན་འཛིན་བདེ་སྐྱེད་དང་གཉམ་དུ་དགའ་པོ་བྱས་རྒྱུ་བྱུང་ན་མོ་ལྟ་སྤྱོད་གང་ལ་ལྟས་ན་སྤྱི་འཐུས་སྒྲོལ་མ་མཚོ་ལས་འདེབ་ཅིག་མཛེས་པ།
ཀློག་་བདེ་བའི་་ཆེད་དུ། གཅོད་མཚམས་་རེར་ལ་་ཚེག་གཉིས་་འཇོག་ནས་་མ་ཕན་ན། བར་སྟོང ་དགོས་རེད་ སྙམ།
ཤེས་བདེ་བའི་ཆེད་དུ། ལ་དོན་གྱི་ཕྲད་བདུན་གྱི་ཚབ་ལ། ལ་གཅིག་རྐྱང་གིས་འཐུས་པ་དང་། འབྲེལ་ཕྲད་རྙིང་པ་ལྔ་ཡི་ཚབ་ལ་་ཁྱི་་དང་། བྱེད་ཕྲད་ལྔ་ཡི་ཚབ་ལ་་ཀིས་་དང་། ལྷག་ཕྲད་གསུམ་གྱི་ཚབ་ལ་གསར་པ་་ཐེ་བྱུང་ན་ཅི་མ་རུང་།
ཀརྨ་རྡོ་རྗེ་ལགས།
དེ་ག་རང་ཡིན། ན་ནིང་ཞིག་ནས་ངེད་ཚོས་རྩོད་པ་རྒྱབ་རྒྱབ་ནས་ང་ཕོ་རོག་དཀར་པོ་ཆགས་བསྡད་ཡོད་པ་རེད། སྐད་རང་གཞིར་བཞག་ནས་བརྡ་སྤྲོད་བཟོས་པ་ཡིན་ན། སྐད་དང་ཡི་གེ་གཉིས་གཅིག་གྱུར་བྱེད་པའི་གཞི་རྩའི་དཀའ་ངལ་སེལ་བ་རེད། སྒྲ་སྦྱོར་དེ་ཚོ་དགོས་པ་ཡོད་མ་རེད། ང་ཚོའི་སྐད་དང་ཡི་གེའི་བར་ཆད་ཆེན་པོ་གཅིག ལེགས་སྦྱར་གྱི་རྣམ་དབྱེ་ཁྱེར་ཡོང་ནས་བོད་སྐད་ལ་ར་མགོ་ལུག་སྦྱར་བྱས་པ་དེ་བར་ཆད་ཆེན་པོ་གཅིག་རེད།
དེ་ལྟར་བྱས་ན་ཕྲད་ཚང་མ་ཕྲད་རང་དབང་ཅན་ཆགས་པ་རེད། སྟབས་བདེ་རུ་ཕྱིན་པ་རེད། འཛིན་གྲྭ་གང་མཚམས་ཇེ་མཐོར་ཕྱིན་དུས། གཞི་ནས་ཕྲད་གཞན་དབང་ཅན་ཡང་ངོ་སྤྲོད་བྱེད་ཆོག་གི་རེད་འདོད།
ངས་ཕྲད་རང་དབང་ཅན་ཁོ་ན་བཀོལ་ནས་ཡུན་རིང་པོ་ཞིག་ལ་རྩོམ་འབྲི་བྱས་པ་ཡིན། དོན་སྟོན་དགོས་པ་ཚང་མ་སྟོན་ཐུབ་གི་འདུག གཞན་པ་ཚོས་ཀྱང་རེ་ཟུང་མ་གཏོགས་དོ་སྣང་བྱུང་མི་འདུག དེ་ཉིད་ཀྱི་ཕྲད། ཤིན་ཏུ། རབ་ཏུ་ལྟ་བུ་འདི་ཚོར་ཐབས་ཤེས་མི་འདུག ད་སྐད་དང་བསྟུན་པ་བྱས་ན།
ལ་དོན་གྱི་ཕྲད། ན་ལ་ར།
བྱེད་འབྲེལ་ཕྲད། གི་འི་
རྒྱན་སྡུད། འང་དང་ཡང་།
ཏེ་དེ་སྟེ་མཚམས་སྦྱོར། ནས་སྒྲ། འཇུག་ཡུལ་གཞན་པ་ཚོར། དེ་སྒྲ
ཅིང་ཞིང་ཤིང་གསུམ་ལ་སྐབས་རེར། དང་སྒྲ། སྐབས་རེར། ནས་སྒྲ། སྐབས་རེད། ཞོར། ལྟ་བུ་འབྲི་དགོས་པ་རེད།
ད་ག་འདྲའི་སྟབས་བདེ་བོ་མ་རེད་དམ། ཡིན་ནའང་། ཨ་ཕའི་ཨམ་ཅོག་བཅད་སོང་། ཨ་མའི་སྣ་ཁུག་བཏོགས་སོང་། ངའི་སོ་གཏོར་སོང་ཟེར་མཁན་གྱིས་ཁེངས་བསྡད་ཡོད་པ་རེད།
སྐད་དང་ཡི་གེའི་བར་གྱི་སྟོང་ཆ་འདིའི་ཆེད་དུ། ངས་དཀའ་ལས་གང་འཚམས་རྒྱབ་པ་ཡིན། སྐད་ལ་ཞིབ་འཇུག བསམ་གཞིགས། ཚོད་ལྟ་ཚུན་ཆད་བྱས་པ་ཡིན། ཡིན་ན་ཡང་། མགོ་འབུར་ཙམ་ཡང་བྱེད་མི་འཇུག་པར་འབུར་འཇོམས་བྱེད་རྐྱང་བྱེད་གི་འདུག ལོ་ལེགས་སོ། ཟེར་ནས་ཉམས་ཆུང་འདུག་ཤེས་བྱས་པ་ཡིན།
འཕག་ཚགས་རྒྱག་རོགས་རེ་རྙེད་ན་སེམས་པ་སྐྱིད་པོ་རེད་ལ། ར་འཕག་ནས་རྫ་གཅོག་ཨེ་ཐུབ་ལྟ་དང་ལྟ།
དེ་རིང་ཚིགས་ཁ་ཤས་བཤད་ན་བསམ་སོང་། ངས་ཐོག་མར་དབྱིན་ཇི་མཐོང་དུས་མིང་ཚིགས་བར་ལ་ཚགས་མེད་པས་ང་མགོ་འཁོར་སོང་། མིང་ཚིགས་གང་དང་གང་ལ་སྦྱར་དགོས་མིན་ཧ་གོ་གི་མི་འདུག དེའི་འདྲ་ཉམས་མྱོང་གཞི་གཞགས་བྱེད་ཡོང་དུས། དེང་སང་གི་གཞོན་སྐྱེས་དབྱིན་ཇི་སོགས་ལ་གོམས་པ་ཡོད་པ་རྣམས་ལ་བོད་ཡིག་ལ་ལྟ་ཡོང་དུས་བོད་ཡིག་ལ་དབྱིན་ཇི་ནང་བཞིན་བར་སྟོང་མེད་དུས་དཀའ་ངལ་འཕྲད་ཀྱི་ཡོད་ས་རེད་དྲན།
མདའ་ཚན་པ་ལགས།
ཁྱེད་ཀྱིས་གསུངས་པ་ལྟར་སྔོན་ཆད་ནས་བརྡ་སྤྲོད་ཀྱི་རྣམ་བཞག་དེ་ཚོ་ལས་སླ་བོར་བཏང་ཡོད་པ་རེད། དེ་མིན་གྱི་གཞུང་ཆེན་མོ་དེ་དག་ལའང་རྩ་འགྲེལ་ཡང་འགྲེལ་མཛད་དགོས་བྱུང་བ་རེད། འདི་རྩ་བའི་ཆ་ནས་རེད། ངས་ཡན་ལག་དང་ཉིང་ལག་དེ་ཚོ་བཤད་ཀྱི་ཡོད། དཔེར་ན། ལོ་རྒྱུས་ཤིག་ལ་མཚོན་ན་ལོ་རྒྱུས་དེ་ཚིག་ལྷུག་གིས་བྲིས་ཡོད་པ་ཞིག་ཡིན་ཚེ་ལོ་རྒྱུས་དེ་གོ་བདེ་བོ་ཡོད་པ་རེད། དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་༼༼མཁས་པའི་དགའ་སྟོན་༽༽དང་། རྒྱལ་དབང་ལྔ་པ་ཆེན་པོའི་༼༼དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་༽༽སོགས་ཀྱི་རྩོམ་སྟངས་མང་ཆེ་བ་ཚིག་བཅད་ཀྱིས་མཛད་ཡོད་སྟབས། སྐབས་རེར་ལོ་རྒྱུས་ཀྱི་གཞུང་རྟ་མཇལ་བར་རྩོམ་སྟངས་འདིས་གོ་དཀའ་རུ་གཏོང་གི་ཡོད། ཚིག་ལྷུག་གི་རྩོམ་སྟངས་བཞག་ནས་ཚིགས་བཅད་ལ་ཕྱག་བསྲིངས་པ་རེད། ངས་འདི་ཚོ་བཤད་ཀྱི་ཡོད། དགོངས་དག ཉིན་
ལྟར་དྲ་ཐོག་ཏུ་ཡོང་ཐུབ་ཀྱི་མི་འདུག
བོད་ཡིག་ལ་ལེགས་བཅོས་དགོས་མིན་འདུག་ ང་རང་བརྩི་པའི་བོད་ཕྲུག་གཞོན་སྐྱེས་ཚོའི་བསམ་ལོའི་གནས་ཚད་ལ་ཡར་རྒྱས་ཀྱི་འགྱུར་པ་གཏོང་དགོས་ཀྱི་འདུག་ བསྟོས་དང་ བོད་ལུས་གཞོན་སྐྱེས་ཚོས་རྒྱ་་རིགས་སློབ་གཕྲུག་གི་སློབ་སྤྱོངས་ཀྱི་གནས་ཚད་ཁ་ཐད་མ་ཕྱོགས་ བཙན་བྱོལ་གྱི་གཞོན་སྐྱེས་ཚོས་རྒྱ་གར་དང་ལུང་པ་གཞན་གྱི་སློབ་ཕྲུག་ཚོའི་སློབ་སྤྱོང་གི་གནས་ཚད་ཁ་ཐད་མ་ཕྱོགས སློབ་སྦྱོངས་བྱེད་པའི་དུས་ཡུན་བཟང་པོ་དེ་མི་དགོས་པའི་དབྱིངས་དང་ ཀྲོག་ཀྲོག་ དགའ་པོ་བྱེད་རྒྱུ་ ཁྱམས་རྒྱུ་དང་མཚན་ཚོགས་ བག་གཡེང་ལ་དུས་འདའ་བར་བྱེད་པ་དེ་དག་ལ་ལེགས་བཅོས་ངེས་པར་དགོས་ཀྱི་འདུག་ བསྟན་འཛིན་བདེ་སྐྱིད་ཀྱི་གླེང་གཞི་ བོད་རིགས་གཞོན་སྐྱེས་ཚོར་བོད་ཡིག་གློག་སྐབས་ཚིག་མཚམས་གཅོད་མི་ཐུབ་པའི་དཀའ་ངལ་འཕྲད་བཞིན་འདུག་ ཟེར་བའི་ དཀའ་ངལ་དེ་བོད་ཡིག་བྲི་སྟངས་ཐད་ཀྱི་དཀའ་ངལ་རྩ་པ་ནས་མ་རེད་བསམ་ འཕྲན་གྱི་རྟགས་དཔྱད་ཉམས་ཞིབ་་ལ་བསྟས་ཚེ་དེང་དུས་ཀྱི་བོད་རིགས་གཞོན་སྐྱེས་མང་ཆེར་་བོད་ཡིག་ཀློག་རྒྱུ་གཅིག་པོ་མིན་པ་ བོད་ཡིག་གི་དག་ཆ་དང་ སུམ་རྟགས་ བརྗོད་བྱ་ ཡིག་གཟུགས་སོགས་གང་སྤྱིའི་ཐོག་ཧ་ལས་སྐྱོ་བ་ མ་ཟད་སློབ་ཚན་གཞན་ལའང་སྐྱོ་བ་དཔེ་ན་ ཨང་རྩིས་དང་མཚན་རིག་བྟ་བུ་དང་ ཐ་ན་དབྱིན་ཡིག་ཀྱང་བཟའ་སྐད་ཐུང་སྐད་དང་སྤྲང་སྐད་རྒྱགས་ཐུབ་ཙམ་ཞིག་ལས་ ལས་དོན་གལ་ཆེ་སར་གོད་མཆོད་པའི་ཚད་ལྡན་གྱི་དབྱིན་སྐད་ཞིག་དང་ཚད་ལྡན་གྱི་སྙན་ཞུ་ཞིག་ཀྱང་བྲི་ཐུབ་ཁན་དཀོན་པོ་ཡོད་པ་དེ་དག་ཚང་མའི་གཞི་རྩའི་དཀའ་ངལ་དེ་སློབ་ཚན་དང་སྐད་ཡིག་གི་ཐད་ནས་མ་འགྲིགས་པ་མ་རེད་ བོད་རིགས་གཞོན་སྐྱེས་ཚོའི་དཀའ་ངལ་འབྱུངས་ཁུངས་ཀྱི་རྩ་བ་དེ་ རང་ཉིད་ནས་སློབ་གྲ་དང་ མཐོ་སློབ་སོགས་ནང་ སློབ་སྦྱོངས་ལ་དོ་འཁུར་ཆུང་བ་དང་ ལེ་ལོ་ དང་གྱིད་ལུགས་ཆེ་་བ་ དགའ་ཞེན་དང་སྙིང་རུས་ འབད་བརྩོན་ཆུང་བའི་རྐྱེན་གྱིས་ཡིག་རྒྱུགས་འཕྲོད་ཙམ་དང་ལག་འཁྱེར་ལོན་ཐུབ་ཙམ་ཞིག་གི་སློབ་སྦྱོང་བྱེད་པ་ལས་རང་ཉིད་ཀྱི་རྒྱུད་ལ་ཤེས་ཡོན་ངོ་མ་དེ་འཇགས་ཐབས་ཀྱི་འབད་བརྩོན་མ་བྱས་པ་དེའི་རྐྱེན་པས་བོད་ཡིག་ལ་སོགས་ཤེས་ཡོན་གྱི་ཤེས་ཚད་སྐྱོ་བ་ལ་བརྟེན་ནས་རང་གི་སྐད་ཡིག་ཀློག་རྒྱུར་ཡང་ཚིག་བཚམས་གཅོད་མི་ཤེས་པའི་དཀའ་ངལ་དེ་འཕྲདཀྱི་ཡོད་རེད་ རང་ཉིད་ནས་འབད་བརྩོན་དང་ དབྱིངས་ དགའ་ཞེན་ དོ་སྣང་སོགས་བྱས་ན་བོད་ཡིག་གི་ཚིག་མཚམས་སུ་བར་སྟོང་འཇོག་དགོས་དོན་ཡོད་མ་རེད་ བར་སྟོང་ཞག་ན་ རྠེས་མ་བོད་སྐད་རྒྱགས་སྟངས་དེའང་བོད་སྐད་མི་ཤེས་ཁན་ཞིག་གི་བོད་སྐག་རྒྱགས་པའམ་བོད་པ་ཚང་པ་དབུགས་བསགས་ནད་པའི་སྐད་ཆ་བཤད་པ་བཞིན་ཆགས་ཉེན་དང་མགོ་རྙོགས་ཆེ་རོགས་མིན་འགྲོ་་བསམ་གི་།
ད་ལྟའི་བོད་ཕྱི་ནང་གཉིས་ཀྱི་གཞོན་ནུ་མང་ཤོས་དེང་དུས་ཤེས་ཡོན་དང་མཚན་རིག་ལ་དོ་སྣང་གསར་པ་ཞིག་
སླིབ་སྟེ་བོད་རང་གི་སྐད་དང་རིག་གཞུང་ལ་སྣང་མེད་དུ་བཏང་བའི་འབྲས་བུ་ད་ལྟ་མཐོ་སློབ་ལ་འགྲིམས་བཞིན་པའི་སློབ་མ་ཚོ་བོད་ཡིག་ཐོག་རང་གི་མིང་ཙམ་འབྲི་བ་ལ་དཀའ་ངལ་འཕྲད་བཞིན་པ་ཀུན་གྱི་མཁྱེན་གསལ་ལྟར་ཡིན་མོད་།་འོ་ན་འདི་སུའི་སྐྱོན་ཡིན་ཅེ་ན་གཙོ་བོ་འཁོར་ཡུག་སོགས་ལ་འབྲེལ་བ་ཆེན་པོ་ཡོད་པ་བཤད་མ་དགོས་ཀྱང་།་་་་+གཙོ་བོ་སློབ་གྲྭ་ཁག་ལ་བོད་ཡིག་དགེ་རྒན་ཚད་ལྡན་མེད་པའི་སྐྱོན་ཡིན་པ་དང་།་་་་གནས་ཚད་ཅུང་ཟད་ཡོད་པ་རྣམས་ཀྱི་ཁྲལ་སོད་ཙམ་ལས་ལྷག་བསམ་རྣམ་དག་གི་སློབ་ཁྲིད་མི་བྱེད་པར་ངོ་མཐོ་དམན་དང་དུས་ཚོད་འགྲོ་ཐབས་ཁོ་ན་ལ་བརྩོན་ཟླ་རིའི་ཕོག་དངུལ་མཐོང་དུས་ཁ་ལས་མིག་ཆེ་ལྡང་ཏེ་སོས་དལ་ལྷོད་བཞུགས་བྱས་པའི་འབྲས་བུ་ཡིན་པར་ངོས་འཛིན་བྱིད་ཀྱི་ཡོད་།་་་་
༆ །སྙིང་རྗེ། ཁག་མི་འདུག ད་དུང་ question answer གྱི་ལམ་ལུགས་རྒྱུན་སྲོལ་གྱི་ཨང་ཀི་ཅིག་ལོན་ཐབས་ཀྱི་རྒྱུགས་བཞེས་སློབ་གསོ། སློབ་གྲ་ཐོན་དུས་བོད་ཡིག་འབྲི་མི་ཤེས་མཁན་གྱི་བོད་ཕྲུག་སྟོང་ཕྲག་དུ་མ་མཐོང་རྒྱུ་ཡོད་པ་ཤ་སྟག་གྱི་ཁེངས་ནས་སྡོད་རྩིས་བྱོས་ཨང་། ཁག་མེད་་་་་་་་་་་་་་་་་་་་་་་་་་་་་་་་་
ཀྱེ་གསར་བུ་བ།
ཀྱེ་གསར་བུ་བ་བོད་ཡིག་གྲ་མ་འགྲིག་ཅིག་འབྲི་ཐུབ་ཙམ་དང་ཀློག་ཐུབ་ཙམ་གྱིས་འཕྲལ་དུ་སྒད་འགྱངས་བྱས་ནས་བོད་པའི་སྐད་ཡིག་གི་ཞན་ཆ་བཤད་མཁན་ཀརྨ་རྡོ་རྗེ་དང་ཟ་མ་མོ་བསྟན་འཛིན་བདེ་སྐྱིད་དེ་ནས་མདའ་ཚོན་པ་ཁྱོད་ཚོ་བློ་ཁ་ག་ཚོད་ཡངས་ཡང་བོད་པའི་སྐད་ཡིག་གི་གདེངས་ཆ་ན་ད་དུང་གསར་བུ་བ་ཞིག་རེད།
དེར་བརྟེན་རྟོག་གེ་མགོ་མཁྲེགས་མ་བྱས་ནས་རྒན་པོས་བཤད་པར་ཉོན་དང་རང་དང་གཞན་འདི་ནས་ཕུག་ཐམས་ཅད་ལ་མཁེ་ཕན་ཡོད་རེད། རང་ཉིད་བོད་ནས་ཕྱིས་སུ་འབྱོར་བའི་གསར་འབྱོར་འཁྲུས་མེད་ཅིག་ཡིན་ཡང་སླེབས་ནས་ལོ་མང་པོ་ཕྱིན་སོང་ལ་སློབ་གྲ་ག་ཚོད་ཐོན་ཡག་ཡོད་པ་ཚང་མ་ཐོན་ཟིན་ཡིན།
མ་ཟད་དགེ་རྒན་འོས་སྦྱོང་ཡང་ཐོན་ཟིན་ཡིན། ཕན་པ་གཅིག་ཀྱང་མཐོང་མ་སོང་།
རང་ཉིད་དགེ་རྒན་བྱས་ན་ཡང་བོད་པའི་སློབ་ཕྲུག་གི་དགེ་རྒན་ལས་ཨ་རི་ལ་བསླབ་དུ་ནི་འགྲོ་ཡག་མིན་ཡང་བསླབ་བྱའི་དགེ་རྒན་འོས་སྦྱོང་གི་ཤེས་བྱ་ཐམས་ཅད་ཨ་རི་དང་ཕྱི་རྒྱལ་མི་རིགས་ཁག་གི་རང་གི་རྒྱལ་ཁབ་ནང་ཉམས་ཞིབ་བྱས་པའི་གྲུབ་དོན་ཐ་དག་སློབ་འཁྲིད་བྱས་སོང་། དེ་ལ་བསམ་བློའི་བཙན་འཛུལ་ཟེར་བ་ཡིན། དེ་ཚོ་ཚང་མ་རང་ཉིད་ཀྱི་བསམ་པའི་དཔལ་ཡོན་ལ་སྤོབས་པ་མེད་པའི་སྐྱེས་བོ་དག་གི་རྗེས་སུ་འཇུག་པའི་ལམ་གོལ་ཞིག་རེད།
དེར་བརྟེན་དང་པོ་རང་ཉིད་ཀྱི་བསམ་པ་གཏིང་ཚུབ་པོ་ཞིག་དགོས་ཡོད་ལ་དེ་ནས་གཞན་གྱི་ཡོན་ཏན་ལ་སློབ་དགོས། དེ་མིན་ལྕམས་ལགས་ཀྱི་འགྲོ་སྟངས་མེད་པའི་བུ་མོ་སོ་སོའི་འགྲོ་སྟངས་ཡང་ཤོར་ངེས་ཡིན།
བོད་ཡིག་སྦྱང་མི་སྦྱང་སོ་སོ་རེད་ལ་གལ་ཏེ་རྒྱ་གར་ནང་ཡོད་པའི་བོད་མི་རེ་ཟུང་དང་ཕྱི་རྒྱལ་ནང་ཡོད་པའི་བོད་མི་རེ་ཟུང་གིས་བོད་ཡིག་ལ་འབད་བརྩོན་མ་བྱས་ནས་ཐ་མར་བོད་ཡིག་ཤེས་ཀྱི་མེད་པ་དང་བོད་ཡིག་ཁག་པོ་ཡོད་པའི་སྐོར་བཤད་ནས་ཁྱེད་དང་ཁྱེད་འདྲ་བ་བོད་ཡིག་ལ་དེ་ཙམ་གྱི་གོམ་པ་མེད་པ་འགས་ཉམས་ཞིབ་ཡིན་ཟེར་ནས་བསྒྱུར་བཅོས་འདྲ་བྱས་ན་ཁྱོད་ཅག་སྐད་ཡིག་དང་ལོ་རྒྱུས་ཀྱི་ཉེས་ཅན་པ་ཞིག་རེད་ལ་ཕྱིས་སུ་སྒྲོམ་ནས་མི་རོ་ཕྱི་རུ་བརློག་སྟེ་ཁྲོམ་སྐོར་བྱེད་ངེས་ཡིན། རང་ཉིད་ལ་མཚོན་ན་དབྱིན་ཇི་དེ་ཙམ་ཤེས་ཀྱི་མེད་དེའི་རྒྱུ་མཚན་ནི་ང་སྐད་ཡིག་དེ་ལ་དེ་ཙམ་གྱི་མི་དགའ་བའི་རྐྱེན་གྱིས་རེད་མ་གཏོགས་སྐད་ཡིག་དེ་ཕུན་སུམ་ཚོགས་པོ་མེད་པ་དང་ཁག་པོ་ཡོད་པ་ཞིག་རྩ་བ་ནས་མ་རེད། ཇི་ལྟར་ཞེས་ན་བླེན་པ་ཅོལ་ཆུང་ཁྱེད་ཚོའི་ལྟས་ཕྲུག་འགས་ཤེས་ཡག་དེ་ངས་མ་ཤེས་ས་གཅིག་ཀྱང་མེད། དེ་རང་ཉིད་རང་ཉིད་ཀྱི་སྐད་ལ་ཤེས་པ་སྤོབས་པ་དང་གཞན་གྱི་སྐད་ཡིག་ལ་མ་ཤེས་པ་མ་ཕམ་པ་ཙམ་རེད། མཁན་པོ་འཇིག་མེད་ཕུན་ཚོགས་ཀྱིས་༼རང་ཚུགས་མ་ཤོར་གཞན་སེམས་མ་དཀྲུགས་༽ཟེར་བ་བཞིན་རང་ཉིད་ཀྱི་ཚུགས་ཀ་གཏན་པོ་དེ་གཞན་གྱི་རྗེས་སུ་སྣང་སྣང་སྤྲོ་སྤྲོ་བྱས་ནས་ཤོར་མི་ཉན་པ་རེད་དོ།
ད་ལྟ་དུས་ཚོད་མི་འདུག་མ་མཐུད་རྗེས་སུ་བཀོད་ཆོག་ལོ།།།།།།།།།།།།།།།།།།།།།།།།།།།།།།།།།།།།།
ཀྱེ་གསར་བུ་བ།
ཀྱེ་གསར་བུ་བ་བོད་ཡིག་གྲ་མ་འགྲིག་ཅིག་འབྲི་ཐུབ་ཙམ་དང་ཀློག་ཐུབ་ཙམ་གྱིས་འཕྲལ་དུ་སྒད་འགྱངས་བྱས་ནས་བོད་པའི་སྐད་ཡིག་གི་ཞན་ཆ་བཤད་མཁན་ཀརྨ་རྡོ་རྗེ་དང་ཟ་མ་མོ་བསྟན་འཛིན་བདེ་སྐྱིད་དེ་ནས་མདའ་ཚོན་པ་ཁྱོད་ཚོ་བློ་ཁ་ག་ཚོད་ཡངས་ཡང་བོད་པའི་སྐད་ཡིག་གི་གདེངས་ཆ་ན་ད་དུང་གསར་བུ་བ་ཞིག་རེད།
དེར་བརྟེན་རྟོག་གེ་མགོ་མཁྲེགས་མ་བྱས་ནས་རྒན་པོས་བཤད་པར་ཉོན་དང་རང་དང་གཞན་འདི་ནས་ཕུག་ཐམས་ཅད་ལ་མཁེ་ཕན་ཡོད་རེད། རང་ཉིད་བོད་ནས་ཕྱིས་སུ་འབྱོར་བའི་གསར་འབྱོར་འཁྲུས་མེད་ཅིག་ཡིན་ཡང་སླེབས་ནས་ལོ་མང་པོ་ཕྱིན་སོང་ལ་སློབ་གྲ་ག་ཚོད་ཐོན་ཡག་ཡོད་པ་ཚང་མ་ཐོན་ཟིན་ཡིན།
མ་ཟད་དགེ་རྒན་འོས་སྦྱོང་ཡང་ཐོན་ཟིན་ཡིན། ཕན་པ་གཅིག་ཀྱང་མཐོང་མ་སོང་།
རང་ཉིད་དགེ་རྒན་བྱས་ན་ཡང་བོད་པའི་སློབ་ཕྲུག་གི་དགེ་རྒན་ལས་ཨ་རི་ལ་བསླབ་དུ་ནི་འགྲོ་ཡག་མིན་ཡང་བསླབ་བྱའི་དགེ་རྒན་འོས་སྦྱོང་གི་ཤེས་བྱ་ཐམས་ཅད་ཨ་རི་དང་ཕྱི་རྒྱལ་མི་རིགས་ཁག་གི་རང་གི་རྒྱལ་ཁབ་ནང་ཉམས་ཞིབ་བྱས་པའི་གྲུབ་དོན་ཐ་དག་སློབ་འཁྲིད་བྱས་སོང་། དེ་ལ་བསམ་བློའི་བཙན་འཛུལ་ཟེར་བ་ཡིན། དེ་ཚོ་ཚང་མ་རང་ཉིད་ཀྱི་བསམ་པའི་དཔལ་ཡོན་ལ་སྤོབས་པ་མེད་པའི་སྐྱེས་བོ་དག་གི་རྗེས་སུ་འཇུག་པའི་ལམ་གོལ་ཞིག་རེད།
དེར་བརྟེན་དང་པོ་རང་ཉིད་ཀྱི་བསམ་པ་གཏིང་ཚུབ་པོ་ཞིག་དགོས་ཡོད་ལ་དེ་ནས་གཞན་གྱི་ཡོན་ཏན་ལ་སློབ་དགོས། དེ་མིན་ལྕམས་ལགས་ཀྱི་འགྲོ་སྟངས་མེད་པའི་བུ་མོ་སོ་སོའི་འགྲོ་སྟངས་ཡང་ཤོར་ངེས་ཡིན།
བོད་ཡིག་སྦྱང་མི་སྦྱང་སོ་སོ་རེད་ལ་གལ་ཏེ་རྒྱ་གར་ནང་ཡོད་པའི་བོད་མི་རེ་ཟུང་དང་ཕྱི་རྒྱལ་ནང་ཡོད་པའི་བོད་མི་རེ་ཟུང་གིས་བོད་ཡིག་ལ་འབད་བརྩོན་མ་བྱས་ནས་ཐ་མར་བོད་ཡིག་ཤེས་ཀྱི་མེད་པ་དང་བོད་ཡིག་ཁག་པོ་ཡོད་པའི་སྐོར་བཤད་ནས་ཁྱེད་དང་ཁྱེད་འདྲ་བ་བོད་ཡིག་ལ་དེ་ཙམ་གྱི་གོམ་པ་མེད་པ་འགས་ཉམས་ཞིབ་ཡིན་ཟེར་ནས་བསྒྱུར་བཅོས་འདྲ་བྱས་ན་ཁྱོད་ཅག་སྐད་ཡིག་དང་ལོ་རྒྱུས་ཀྱི་ཉེས་ཅན་པ་ཞིག་རེད་ལ་ཕྱིས་སུ་སྒྲོམ་ནས་མི་རོ་ཕྱི་རུ་བརློག་སྟེ་ཁྲོམ་སྐོར་བྱེད་ངེས་ཡིན། རང་ཉིད་ལ་མཚོན་ན་དབྱིན་ཇི་དེ་ཙམ་ཤེས་ཀྱི་མེད་དེའི་རྒྱུ་མཚན་ནི་ང་སྐད་ཡིག་དེ་ལ་དེ་ཙམ་གྱི་མི་དགའ་བའི་རྐྱེན་གྱིས་རེད་མ་གཏོགས་སྐད་ཡིག་དེ་ཕུན་སུམ་ཚོགས་པོ་མེད་པ་དང་ཁག་པོ་ཡོད་པ་ཞིག་རྩ་བ་ནས་མ་རེད། ཇི་ལྟར་ཞེས་ན་བླེན་པ་ཅོལ་ཆུང་ཁྱེད་ཚོའི་ལྟས་ཕྲུག་འགས་ཤེས་ཡག་དེ་ངས་མ་ཤེས་ས་གཅིག་ཀྱང་མེད། དེ་རང་ཉིད་རང་ཉིད་ཀྱི་སྐད་ལ་ཤེས་པ་སྤོབས་པ་དང་གཞན་གྱི་སྐད་ཡིག་ལ་མ་ཤེས་པ་མ་ཕམ་པ་ཙམ་རེད། མཁན་པོ་འཇིག་མེད་ཕུན་ཚོགས་ཀྱིས་༼རང་ཚུགས་མ་ཤོར་གཞན་སེམས་མ་དཀྲུགས་༽ཟེར་བ་བཞིན་རང་ཉིད་ཀྱི་ཚུགས་ཀ་གཏན་པོ་དེ་གཞན་གྱི་རྗེས་སུ་སྣང་སྣང་སྤྲོ་སྤྲོ་བྱས་ནས་ཤོར་མི་ཉན་པ་རེད་དོ།
ད་ལྟ་དུས་ཚོད་མི་འདུག་མ་མཐུད་རྗེས་སུ་བཀོད་ཆོག་ལོ།།།།།།།།།།།།།།།།།།།།།།།།།།།།།།།།།།།།།
ཧཧཧ
བདེན་པ་རེད། ཚིག་གི་གཅོད་མཚམས་མི་ཤེས་པ་དག་གི་ཆེད་དུ་དེ་ལྟར་རེ་བྱ་ཆོག་མོད། སྤྱིར་བོད་ཡིག་ལ་འགྱུར་བ་དེ་ལྟར་གཏོང་དགོས་ཞེས་བཤད་ན་དེ་ལས་ཀློས་བཤད་གསར་བ་ཞིག་མ་མཐོང་ངོ་། །
ཀློས་བཤད་ ཟེར་བའི་དོན་ཧ་གོ་མ་སོང་།
གཏམ་སྙན་པོ་ལགས།
ཀློས་བཤད་ཡིག་ནོར་རེད། གློས་བཤད་ཅེས་པ་དེ་གླེན་གཏམ་གྱི་དོན་ཡིན།
ལེགས་སོ།
བོད་ཡོག་ལ་ཚིག་གི་གཅོད་མཚམས་ལ་སྟོང་འཇོག་འདོད་ཡོད་མཁན་སུ་སུ་ཡོད།
༧༽ མདའ་ཚན་པ་ལགས།
ཁྱེད་རང་གི་དྲི་བ། ངས་མགོ་མི་ཚོས་པ་ཞིག་ནི་བར་སྟོང་བཞག་པ་ཡིན་ན་དེ་ལ་གནོད་པ་ག་རེ་འདུག་དེ་རེད། གནོད་པ་ཆེན་པོ་ཞིག་ཡོད་ན་དངོས་གནས་ཁག་མི་འདུག
ས་སྟོང་གིས་བོད་ཡིག་གི་གཅིག་མཚུངས་ལ་གནོད་པ་ཞིག་ཡོང་། དེ་ཡིན་སྟངས་འདི་འདྲ་རེད། ད་ལྟ་བོད་སྐད་ལ་ས་སྟོང་མེད་པའི་འབྲི་སྟངས་དེ་གཅིག་མཚུངས་རེད། བར་སྟོང་བཞག་པ་ཡིན་ན་བོད་ཡིག་གི་འབྲི་སྲོལ་གཉིས་ཆགས་ངེས་པ་རེད། བར་སྟོང་བཞག་ནས་འབྲི་མཁན་རིགས་དང་མ་བཞག་ནས་འབྲི་མཁན་རིགས་གཉིས་ཡོང་། ཡིག་ཆ་ལ་ཆ་བཞག་ན་ཡང་བར་སྟོང་མེད་པའི་ཡིག་ཆ་དང་བར་ཡོད་པའི་ཡིག་ཆ་གཉིས་སུ་ཡོང་ངེས་པ་ཞིག་རེད། ད་བར་ལོ་ཆིག་སྟོང་ལྔ་བརྒྱ་བརྒལ་བའི་ཡིག་ཆ་རྣམས་ནི་བར་སྟོང་མེད་པ་དང་། ད་ནས་བཟུང་སྟེ་ཡིག་ཆ་གང་ཡོད་རིགས་ལ་བར་སྟོང་ཡོད་པ་དང་མེད་པ་གཉིས་སུ་གྱེས་ཏེ་བོད་མི་རིགས་སུ་ཡིན་ལ་བསམ་བློ་ཡང་གཉིས་རེ་སྟོང་དགོས་པ་ཞིག་ཡོང་། ས་སྟོང་མ་བཞག་པའི་ཡི་གེ་ཀློག་མི་ཐུབ་པ་ཞིག་ཡིན་ན་ད་ལྟ་བོད་ཀྱི་ཡིག་ཆ་ཡོད་དོ་ཆོག་བཀླག་མི་རུང་བ་ཤ་སྟག་ཡིན་པར་ངོས་འཛིན་བྱས་པ་དང་། ད་ལྟའི་ཡིག་ཆ་ཡོད་དོ་ཅོག་ལ་དགོས་མེད་ཀྱི་ཡིག་ཆ་ཞིག་ཏུ་ངོས་འཛིན་བྱས་པ་དང་གཅིག་པ་རེད།
གལ་ཏེ་ས་སྟོང་བཞག་རུང་ཉིན་མཚན་གཅིག་ལ་བོད་ཀྱི་ཡིག་ཆ་ཐམས་ཅད་ས་སྟོང་དུ་བསྒྱུར་མི་ཐུབ་པས་བསམ་ཚོད་བྱས་པ་ཡིན་ན་མི་ཐོག་གཉིས་གསུམ་ཐོགས་སྲིད། དེའི་བར་ལ་གཅིག་མཚུངས་གི་ནུས་ཤུགས་ལ་ཉམས་ཆག་ཡོང་བ་ངེས། གཅིག་མཚུངས་ཀྱི་འགྲོས་ནི་ཡི་གེའི་ནུས་ཤུགས་ཀྱི་སྲོག་ལྟ་བུ་རེད། དེ་ལ་གོད་ཆག་བྱུང་ན་ས་སྟོང་བཞག་པའི་ཕན་པ་ཅུང་ཟད་འབྱུང་རུང་གནོད་པ་ནི་ཤིན་ཏུ་འབྱུང་ངེས་པ་ཡིན། རྒྱུ་མཚན་གཞན་མང་པོ་ཡོད་རུང་ད་ལན་འདི་ཙམ་ཞུ།
གཏམ་སྙན་པོ།
རེད། ཁྱོད་ཀྱིས་བཤད་པ་ལྟར། བར་སྐབས་རིང་བོད་སྤྱི་ཚོགས་ནང་བར་སྟོང་བཞག་མ་བཞག་གི་ཡིག་ཆ་གཉིས་འབྱུང་སྲིད། དུས་ཚོད་རིམ་བརྒྱུད། དེ་གཉིས་ལས་གང་ཞིག་ཀློག་པ་པོར་འཚམས་པོ་ཡོད་པ་དེ། སྤྱི་ཚོགས་ནང་ཤུགས་ཆེ་བ་ཆགས་རྒྱུ་ཡིན་པ་དང་། དེ་ལ་བརྟེན་ནས་སྤྱི་ཚོགས་དང་མི་འཚམས་པ་དེ་རང་བཞིན་གྱིས་ནུས་མེད་ཆགས་འགྲོ་རྒྱུ་ཡིན་པ་རེད། མཐར་གང་ཞིག་བཟང་བ་དེའི་ཐོག་གཅིག་གྱུར་ཆགས་འགྲོ་གི་རེད།
གང་ཞིག་བཟང་མིན་དེ་ང་ཚོས་མང་དུ་བཤད་མི་དགོས་ཏེ། དེ་ནི་དུས་ཚོད་དང་མིའི་སྤྱི་ཚོགས་ཀྱིས་ཐག་གཅོད་གི་རེད་འདོད། མཐར་ཐུག་གཅིག་གྱུར་ཆགས་གི་རེད་འདོད།
དེ་རིང་ངས་འདིར་མདའ་ཚན་པས་བྲིས་པའི་བོད་ཡིག་ལེགས་བཅོས་སྐོར་ལ་ཅུང་ཟད་བཤད་འདོད་བྱུང་སོང།
དེ་ནི་ཉེ་སྔོན་བགྲོ་གླེང་ནང་གཏམ་གླེང་འདྲ་མིན་བྱུང་བས་དེ་ལ་བསམ་གཞིགས་གཅིག་བྱས་ཚེ་སྤྱིར་བཙན་བྱོལ་དུ་
འོང་ནས་མ་གཏོགས་བོད་ཡིག་ལེགས་བཅོས་ཟེར་བ་ཞིག་གོ་མ་མྱོང་ལ་སྔར་གྱི་ལོ་པཎ་རྣམས་ཀྱི་རིང་ལ་བཟོས་ཡོད་
པའི་བོད་ཡིག་གི་གཅོད་མཚམས་མ་འགྲིག་པ་རྩ་བ་ནས་མཐོང་གི་མི་འདུག རྒྱུ་མཚན་དེས་ཕྱིར་ཡིག་རིགས་གཞན་དང་བསྡུར་ན་མི་འདྲ་བ་མང་པོ་ཞིག་ཡོད་སྟབས་ཐུན་མོང་མ་ཡིན་པའི་ཁྱད་
ཆོས་དེ་རང་བཞག་ན་ཡག་པོ་རེད་བསམ་གྱི་ཡོད། བར་སྟོང་སྟོན་བྱེད་ལ་ཚེག་གིས་མ་འགྲིག་པ་མེད་སྙམ། ད་བར་མི་ལོ་མང་པོའི་རིང་ལ་བོད་ཡིག་ལ་བར་སྟོང་འཇོག་དགོས་ཟེར་མཁན་མཁས་པ་གཅིག་ཀྱང་བྱུང་མྱོང་མེད་
ཡིན་ན་ཡང་བོད་ནང་དུ་སྔར་བཞིན་བོད་སྐད་ལ་དོ་སྣང་ཇེ་ཆེ་དང་བོད་ཡིག་ལ་བརྩེ་བ་ཇེ་ཆེ་ཡོང་གི་ཡོད་པ་རེད།
བཙན་བྱོལ་འདིར་གཙོ་བོ་བོད་ཡིག་གི་བར་སྟོང་མེད་པས་ལན་པ་མ་ཡིན་པར་བོད་ཡིག་སྦྱངས་འདོད་ཡོད་མེད་ལ་
རག་ལས་ཀྱི་ཡོད་པ་རེད་བསམ་གྱི་ཡོད། སྦྱངས་འདོད་མེད་པ་དེའང་རྐྱེན་མང་པོ་ཞིག་འདུག་སྟེ་
དང་པོ། བྱིས་པ་ཞིག་ལ་མཚོན་ན་བོད་ཡིག་སློབ་འདོད་ཀྱི་མདུན་པ་མེད་པ་དེ་གཙོ་བོ་སློབ་གྲྭ་ཁག་ཏུ་བོད་ཡིག་གི་དགེ་རྒན་
ལྷག་བསམ་དང་སེམས་ཤུགས་ཅན་མེད་པ་དང།
གཉིས་པ། དུས་རྒྱུན་ཏུ་བྱིས་པ་ཚོ་དང་མཉམ་གནས་ཀྱི་ཕ་ཚབ་མ་ཚབ་དག་གིས་ཀྱང་་བོད་སྐད་རྣལ་མ་ཞིག་ཀྱང་
བཤད་ཤེས་ཀྱི་མེད་སྟབས་དུས་རྒྱུན་བྱིས་པ་ཚོས་བོད་སྐད་རྣལ་མ་ཞིག་ཤེས་བྱེད་ཀྱི་སྒོ་ཡོངས་སུ་བཀག་ཡོད།
གསུམ་པ། བོད་ཡིག་དེས་རྒྱལ་ཁབ་གཞན་ཕར་ཞོག་ཐ་ན་བཙན་བྱོལ་སྤྱི་ཚོགས་ནང་བེད་སྤྱོད་མེད་པ་ལྟ་བུ་ཞིག་ཆགས་ཡོད་
སྟབས་གཞུང་དང་མི་སྒེར་ཚོགས་པ་ཁག་བཅས་ཀྱིས་ཐུགས་འགན་མ་བཞེས་པའི་གནད་ལ་ཐུག་ཡོད་པར་སྙམ་
དེ་ལྟར་སྐར་ཆ་ནས་སྐར་མ། སྐར་མ་ནས་དུས་ཚོད། དུས་ཚོད་ནས་ཉིན་ཞག ཉིན་ཞག་ནས་ལོ་བསྐྱལ་བའི་དེ་རིང་གི་གྲུབ་དོན་དེ་བོད་ཡིག་འབྲི་སྟངས་མ་འགྲིག་པའི་སྐྱོན་དུ་ལྟ་བ་ནི་ཉེ་བའི་
ཆར་ཆོས་ལ་དགག་པ་རྒྱག་མཁན་ཁ་ཤས་ཀྱིས་གང་ཟག་རེ་ཟུང་གི་སྤྱོད་ཉེས་ཀྱི་ཉེས་པ་དེ་ཆོས་ལ་བཙུགས་པ་ལྟ་བུ་
མིན་ནམ་སྙམ། འདི་ལྟར་བོད་ཡིག་སྦྱངས་འདོད་མེད་པ་དེ་བོད་ཡིག་གི་སྐྱོན་དུ་བལྟས་བ་ཡིན་ན་གཞིས་ལུས་རྒྱ་ཆེའི་རྩོམ་པ་པོ་དང་
མི་མང་གིས་བཙན་བྱོལ་སྤྱི་ཚོགས་ལ་ལྟ་སྟངས་ཅི་འདྲ་ཞིག་འོང་མིན་ངས་ཞུ་མ་དགོས་པ་ཞིག་རེད་སྙམ། སྤྱིར་བོད་ཡིག་སྲུང་སྐྱོབ་བྱེད་ཀྱི་ཡོད་ན་གང་ཟག་ལ་བསྒྱུར་བ་བཏང་རྒྱུ་ལས་བོད་ཡིག་གི་གཅོད་མཚམས་བསྒྱུར་བ་ཡིན་
བོད་ཡིག་སྲུང་བ་ཕར་བཞག་ནས་གསོད་ཀྱི་ཡོད་པ་དང་གཅིག་མཚུངས་ཡིན་པ་ཀུན་གྱིས་ཤེས་པར་གྱིས།
བརྩོན་འགྲུས་ཀྱིས་ཕུལ
བཤད་
དགོངས་དག་བརྩོན་འགྲུས་ཀྱིས་ཕུལ་ཞེས་བའི་མཇུག་ཏུ་༼བཤད་༽ཅེས་བྲིས་པ་དེ་ཚིག་ལྷག་ཡིན་པ་ཤེས་པར་གྱིས
ལྷ་སའི་ཐེའུ་ལགས། བསྟན་འཛིན་་བདེ་སྐྱིད་དང་་མདའ་མཚན་བཅས་་ང་ཚོ་གསུམ་་བོད་ཀྱི་་སྐད་ཡིག་གི་་ཆ་ལ་་བློ་་གསར་བུ་བ་་ཞིག་དང་། རང་ལུགས་་ཤོར་མཁན་་ཞིག་ལ་་བརྩིས་ནས། རང་གི་་རྙིང་ཞེན་་སྡོང་པོ་་རྩ་རུལ་་ དེ་དང་། བོད་རིགས་་མི་རབས་་གསར་པར་་བོད་ཀྱི་་སྐད་ཡིག་་ཤེས་སླ་བའི་་སློབ་འཁྲིད་་འགན་བླངས་་མེད་པར་་ལོ་རྒན་་སྔ་ལམ་དུ་་འགྱུར་ན་་མི་རབས་་རྗེས་མས་་བློ་ཕམ་དང་་ངོ་རྒོལ་་མི་བྱུང་བ་་མི་སྲིད་པ་་མ་རེད། གསར་གཏོད་དང་། འགན་བླངས་་མེད་པའི་་ལྷ་སའི་ཐེའུ་་གསར་བུ་བ་་ཁྱེད་རང་ཡང་་བོད་ཡིག་ལ་་འགན་བླངས་དང་་སློབ་སྦྱོང་་མུ་མཐུད་་གནང་བའི་་རེ་བ་་ཡོད།
ད་ལྟའི་བར་དུ་ངས་འདིར་དམིགས་བསལ་རང་གི་བསམ་ཚུལ་ཅང་བཤད་མེད། དེ་རིང་འདིར་ཚིག་ཁ་ཤས་ཤིག་བཤད་འདོད་བྱུང་།
རེད་་་་ལོ་ངོ་བརྒྱ་ཕྲག་ལས་བརྒྱུད་ཡོང་བའི་ད་ལྟའི་བོད་ཡིག་འདི་ལ་བརྒྱུད་བཅོས་བཏང་དགོས་ཟེར་ན་ཧ་ལས་པའི་ཧམ་བཤད་ཅིག་ལས་རྒྱུ་མཚན་ཡང་དག་ཅིག་མ་མཐོང་། བོད་རྒྱལ་སྲོང་བཙན་ནས་བཟུང་སྟེ་ད་ལྟའི་ང་ཚོའི་མི་རབས་ལ་ཐུག་པའི་བར་དུ་བོད་ཡིག་འདིས། རང་རིགས་བོད་ཙམ་མ་ཟད་མི་རིགས་མང་བོ་ཞིག་ལ་ཕན་རླབས་རྒྱ་ཆེར་བྱུང་བ་ལས་བོད་ཡིག་འདིའི་དགེ་མཚན་གང་སར་ཁྱབ་བསྡད་ཡོད་པ་ལས། བོད་ཡིག་འདི་ལ་བརྒྱུད་བཅོས་མ་བཏང་ན་མ་འགྲིག་པའི་སྐོར་གླེང་མཁན་ཧ་ཅང་ཉུང་ཉུང་རེད། གལ་སྲིད་ཁྱོད་ཚོའི་རེ་འདོད་ལྟར་བརྒྱུད་བཅོས་བཏང་རྒྱུའི་དབང་དུ་བྱས་ན། ད་ཡོད་ཀྱི་བཀའ་བསྟན་འགྱུར་གཙོ་བྱས་པའི་བཅུ་ཕྲག་རིག་པའི་གཞུང་ལུགས་གནམ་མཁའི་སྐར་ཚོགས་ལྟར་མཇལ་དུ་ཡོད་པ་འདི་རིགས་མ་འོངས་པར་ཅི་ལྟར་འགྱུར་འགྲོ་བའི་ཁ་ཐེག་སུས་ཁུར་ཐུབ་བམ། གཞན་ཞིག་ནས་བཤད་ན་ད་སྐབས་བོད་ཡིག་ཤེས་མཁན་ཉུང་ཉུང་ཡིན་པ་དེའང་བོད་ཡིག་འདིའི་ཉེས་པ་མ་ཡིན་པར་གང་ཟག་རང་ངོས་ནས་མ་ཡོང་བ་རེད། བོད་ཡིག་གི་བར་སྟོང་ངམ་ཚེགས་ཆུང་འཇོག་སྟངས་འདི་ཉིད་བོད་ཡིག་ལ་ཆ་རྒྱུས་ཅུང་ཡོད་མཁན་ཚོའི་མིག་ནང་ལ་མཛེས་པ་འདི་ལྟར་ཡང་། ད་དུང་ཅིག་ཅིག་མིག་མིག་གླེང་བསྡད་ན་བོད་ཡིག་ལ་སློབ་འདོད་ཡོད་རིགས་ཚོར་མིག་སྟོན་ངན་པ་འཇོག་གིན་ཡོད་པ་ལས་གཞན་དགེ་མཚན་མ་མཐོང་ངོ་།
རྒྱལ་ཁབ་སུ་ཡིན་ཡང་ཆབ་སྲིད་བསྒྱུར་བཅོས་ལ་རྒྱལ་ཁབ་གཞན་གྱིས་རོགས་ཕན་བྱེད་ཐུབ་སྲིད་པ་རེད། འོན་ཀྱང་རང་གི་སྐད་ཡིག་གཞན་གྱིས་བདག་སྲུང་བྱེད་ཐུབ་པ་ཕལ་ཆེར་མི་སྲིད་པ་ཡིན་པས། ང་ཚོ་བོད་ཡིག་དང་བོད་སྐད་ལ་གཅེས་ཞེན་ཚོར་ཧམ་པ་ཆེན་པོ་མཐོང་གི་འདུག་ན། བོད་སྐད་དང་བོད་ཡིག་རང་ཤིར་བརྒྱབ་ཆུགས། ཞུ་རྒྱུ་ལས་གཞན་ཞུ་རྒྱུ་གང་ཡང་མ་འདས།
བོད་ཡིག་ལ་བསྒྱུར་བཅོས་བྱེད་དགོས་ན་བོད་ཡིག་ལ་མཁས་པ་ཞིག་གིས་གཏོང་ཐུབ་པ་ལས། བོད་ཡིག་ཀློག་མི་ཐུབ་མཁན་ཞིག་གིས་བོད་ཡིག་འདི་འདྲ་བྱས་ནས་ལེགས་བཅོས་གཏོང་གི་ཡིན་ཟེར་ན་ངོ་ཚ་མེད་པའི་སྟག་རེད། ཧམ་པ་ཚ་བོ་སྟག་རེད། གོ་བ་མེད་པའི་སྟག་རེད།
འོ་རེད། བོད་ཡིག་ཀློག་ཤེས་མཁན་སྟག་ཡོད་པ་དང་གཟིག་མེད་པ་ཚོས་བྱོས།
སྟག་སྨྱོན་གྱིས་བཤད་པ་དེའང་ཆུག་མེད་བདེན་པ་རེད། བོད་ཡིག་གི་གཅོད་མཚམས་སྒྱུར་དགོས་ཟེར་མཁན་དང་བསྒྱུར་བ་གཏོང་མཁན་ཡོད་ན་དེ་ནི་སྟག་ལྟ་བུ་ཞིག་མིན་ན་ཡོང་ས་མ་རེད་དོ་
༩༡༽ མདའ་ཚན་པ་ནས། ཁྱེད་ཀྱི་གསུངས་པ་ཞིག་ལ། ༼གང་ཞིག་བཟང་མིན་དེ་ང་ཚོས་མང་དུ་བཤད་མི་དགོས་ཏེ། དེ་ནི་དུས་ཚོད་དང་མིའི་སྤྱི་ཚོགས་ཀྱིས་ཐག་གཅོད་གི་རེད་འདོད། མཐར་ཐུག་གཅིག་གྱུར་ཆགས་གི་རེད་འདོད།༽
སྐད་ཡིག་བེད་སྤྱོད་གཏོང་རྒྱུ་ལ་སྲོག་རྩ་ལྟ་བུ་ནི་༼གཅིག་མཚུངས་༽ཡིན། ལུགས་སྲོལ་གང་བཟང་མིན་ལྟ་བ་ནི་སྐད་ཡིག་གི་ཚོད་ལྟ་ཞིག་ཡིན། འདི་འདྲའི་ལུགས་སྲོལ་གཉིས་དུས་ཐོག་གཅིག་ཏུ་བེད་སྤྱོད་གཏོང་བ་ལ་གཅིག་མཚུངས་དང་རྒྱབ་འགལ་ཡིན་པ་མངོན་སུམ་དུ་ཁྱེད་ཀྱིས་མཁྱེན་གསལ་ལྟར་རེད། དེས་ན་སྐད་ཡིག་བེད་སྤྱོད་གཏོང་བ་དང་སྐད་ཡིག་ཚོད་ལྟ་བྱེད་པ་གཉིས་ཁ་ཡོད་ལག་ཡོད་ལ་ག་འདྲ་བྱས་ནས་ལག་ལེན་བསྟར་རྒྱུ་ཡིན་པ་ཞིབ་པར་གསུང་རོགས།
རྐང་ལག་ཆག་པ་ཡིན་ན་གོམ་པ་རྒྱག་ཤེས་ཀྱང་མ་ཤེས་ཀྱང་གོམ་པ་བརྒྱབས་པ་ཡིན་ན་ག་ལེར་ག་ལེར་ཡག་ཏུ་འགྲོ་བ་ལྟ་བུ་ཡིན། འོན་ཀྱང་གཅིག་མཚུངས་ནི་སྲོག་ལྟ་བུ་ཡིན་པས་སྲོག་གི་རླུང་ལྟ་བུ་ཡིན། དབུགས་འཐེན་ན་འཐེན་མཉམ་མ་གཏོགས། འཐེན་ཤེས་མ་ཤེས། འཐེན་འདོད་མི་འདོད། འཐེན་རུང་མི་རུང་། འཐེན་ཐུབ་མི་ཐུབ་སོགས་ཀྱི་ཚོད་ལྟའི་གོ་སྐབས་གང་ཡང་མེད། དེས་ན་ཡིན་ན་ཡིན་མཉམ་ཞིག་དགོས་ངེས་ཞིག་ཡིན།
ང་རང་གི་ཉམས་མྱོང་དང་ཤེས་ཚོད་བྱས་ན་༼ཚོད་ལྟ་བྱེད་རྒྱུ་༽དང་༼བེད་སྤྱོད་གཏོང་རྒྱུ་༽གཉིས་ཐ་དད་དུ་འཇོག་པ་
ཤིན་ཏུ་གལ་ཆེན་པོ་ཞིག་ཡིན་པ་མཐོང་། དཔེར་ན་སྨན་གསར་པ་ཞིག་ཕན་མི་ཕན་ལྟ་བ་དང་། རླང་འཁོར་གཏོང་ཤེས་མ་ཤེས་ལྟ་བ་དང་། ཐ་ན་གོམ་པ་རྒྱག་ཤེས་མ་ཤེས་ལྟ་བ་ཚུན་ཆད་ལའང་ཚོད་ལྟ་བྱེད་སའི་དུས་དང་འཁོར་ཡུག་ཞིག་ཟུར་དུ་ཡོད་དགོས་པ་ལྟ་བུ་མཐོང་། དེ་མིན་ན་གོ་བརྙོགས་ཆེན་པོ་ཡོང་བ་མངོན་གསལ་རེད།
ཡང་ཁྱེད་ཀྱི་གསུངས་པའི་ཚིག་དོན་ཞིག་ལ།༼མཐར་ཐུག་གཅིག་གྱུར་ཆགས་གི་རེད་འདོད།༽ཞེས་པའི་༼མཇུག་མཐར་༽དེ་ལོ་ལ་བརྩིས་པ་ཡིན་ན་ག་ཚོད་འཇོག བཅུ་འཇོག་འམ། ལྔ་བཅུ་འཇོག་གམ། བརྒྱ་འཇོག་གམ།