ཐོར་རྒོད་པ་སྤྱན་ཆབ།
མགོ་ནག་རྩམ་ཟན་བོད་ཡིན།།
བྱམས་དང་སྙིང་རྗེའི་འོད་ཡིན།།
ལག་ལེན་དང་སེམས་པ་མཐུན་ན།
ང་ཚོ་ཚང་མ་བོད་ཡིན། ང་ཚོ་ཚང་མ་འོད་ཡིན།
མཐོ་སྒང་གངས་ཀྱི་ཡུལ་ཡིན།།
རླུང་དང་ཁ་བའི་གནས་ཡིན།།
སེམས་ཤུགས་དང་ཆིག་སྒྲིལ་ཡོད་ན།
ང་ཚོ་ཚང་མ་བོད་ཡིན། ང་ཚོ་ཚང་མ་འོད་ཡིན།
བྱང་ཆུབ་སེམས་པའི་རིགས་ཡིན།།
སྙིང་དང་གློ་བ་བྲག་ཡིན།།
བདེན་རྫུན་དང་དཀར་ནག་དབྱེ་ན།
ང་ཚོ་ཚང་མ་བོད་ཡིན།ང་ཚོ་ཚང་མ་འོད་ཡིན།
བྲག་གི་སྲིན་མོའི་རྒྱུད་ཡིན།།
གདོང་མཆོངས་དཔའ་བོའི་རིགས་ཡིན།།
དྲང་བདེན་དང་གནས་ལུགས་ཡོད་ན།
ང་ཚོ་ཚང་མ་བོད་ཡིན། ང་ཚོ་ཚང་ན་འོད་ཡིན།
འཇིག་རྟེན་མུན་པ་དགུ་འཁྱིལ།།
གཡོ་དང་བསླུ་བྲིད་དགུ་སྐོར།།
བསམ་ཤེས་དང་བཟོད་བསྲན་ཡོད་ན།།
ང་ཚོ་ཚང་མ་བོད་ཡིན། ང་ཚོ་ཚང་མ་འོད་ཡིན།
ང་ཚོར་མདུན་པ་ཆེན་པོ་ཡོད།།
ལུས་སེམས་གཉིས་ཀ་སྦར་ནས་ཡོད།།
འཛམ་གླིང་ཀུན་གྱིས་ལྟ་ཤེས་ན།།
གོ་ལ་ཟླུམ་པོའི་རྒྱན་ཡིན།།
༄༅།། ང་ཁྲི་ཐོག་བླ་མའི་གསུངས་རྒྱུ་ལ།།་
རོགས་ཁྱེད་གཉིས་མདུན་པ་གཅོད་དགོས་ཟེར།།
གོང་བླ་ལུའི་སེམས་ཁྲེལ་ལོ་ཡིན་ད།།
ཁྱོད་མདུན་གི་བུམ་པ་ཆ་གཉིས་ཏེ།།་
ཆ་ཆ་ཡིས་མེད་ན་ཆས་མོ་རེད།།
རོགས་ངེད་གཉིས་མདུན་པ་དེ་མོ་རེད།།
ང་གོང་ཆེན་དབོན་ལུའི་ཟེར་རྒྱུ་ལ།།
རོགས་ཁྱེད་གཉིས་མདུན་པ་གཅོད་དགོས་ཟེར།། གོང་དབོན་ལུའི་སེམས་ཁྲལ་ལོས་ཡན་ད།།
ཁྱོད་རྒྱབ་གི་ཁྱ་རིང་ར་གཉིས་མ།།
ར་ཡིས་མེད་ན་ཆས་མོ་རེད།།
རོགས་ངེད་གཉིས་མདུན་པ་དེ་མོ་རེད།།
ང་དྲིན་ཆེན་ཨ་མིའི་གསུངས་རྒྱུ་ལ།།
རོགས་ཁྱེད་གཉིས་མདུན་པ་གཅོད་དགོས་ཟེར།།
དྲིན་ཨ་མིའི་སེམས་ཁྲལ་ལོས་ཡིན་ད
ཁྱོས་སྔིན་གི་གཞོ་མཆར་ར་གཉིས་མ།།
ར་ར་ཡི་མེད་ན་ཆས་མོ་རེད།།
རོགས་ངེད་གཉིས་མདུན་པ་དེ་མོ་རེད།།
ངའི་སྤུན་གྲོགས་ཨམ་མདོ་བ་ཚོས་ང་ལ། (བོད་པ)དང(འོད་ཝ)གཉིས་དང་(བུམ་པ) དང(འུམ་ཝ) གཉིས་གཅིག་ཏུ་བཟུང་ནས་བརྗོད་ཡོང་དུས་ངའི་རྣ་བར་དཀའ་སྡུག་ཆེན་པོ་འཕྲད་ཀྱི་ཡོད།
ཀུན་གླེང་གཙོ་སྐྱོང་པ་པདྨ་རྡོ་རྗེས་གསར་འགྱུར་བཤད་དུས་སྐབས་རེར་ངའི་རྣ་བར་འཇིག་དམ་སྟོང་པ་ཆུང་ཆུང་ཞིག་ནང་རྡོ་རུག་མང་པོ་བླུགས་ཏེ་དཀྲུག་དཀྲུག་གཏོང་བའི་སྣང་བ་འདྲ་ཤར་ཡོང་གི་ཡོད།
ལོག་སྨྲ་ཚར་གཅོད་ལགས ཨ་མདོ་བ་ཚོས་(བོད་པ)ལ(འོད་ཝ)དང་(བུམ་པ)ལ་(འུམ་ཝ) ཟེར་བ་ཁྱོད་ཁ་གསེར་གྱི་སྒོ་མོ་ལས་ཐེངས་དང་བོར་ཐོས་པ་ཡིན།
ང་རང་ཡང་ཨ་མདོ་བ་ཡིན་མོད་ངས་སྐད་ཆ་་དེ་འདྲ་ལབ་ཤེས་གི་མ་རེད།
འོན་ཀྱང་རྡོ་རྗེ་ཚེ་བརྟན་ལགས་ཀྱི་གསུང་སྐད་ནི་ཨམ་སྐད་ཡིན་ཡང་གོ་བདེ་ལ་ཇི་ཙམ་ཉན་ཡང་དེ་ཙམ་གྱིས་ཉན་འདོད་ཆེ་རུ་འགྲོ་བ་དང་དྲི་བ་དྲིས་ལན་རྣམས་ཁ་གསལ་བ་བློ་རིག་ཕྲ་མོས་སྣ་དྲངས་པ་བཅས་ཀྱི་ཁྱད་ཆོས་ལྡན་པས་ཕུལ་བྱུང་གི་ཀུན་གླེང་གཙོ་སྐྱོང་པ་ཞིག་ངོས་འཛིན་བྱེད་བཞིན་ཡོད།
སྙན་ངག་པ་ཁོང་གི་གཞས་འདི་་་་གླུ་བ་ལྷུན་འགྲུབ་ཀྱིས་ལེན་པའི་རེ་བ་ཡོད།
ལོག་པར་སྨྲ་བ་ཟེར་བ
སྐྱོན་ཆ་རང་ཉིད་ལ་ཡོད་པ་མ་ཤེས་པ་དེ་རེད།
དེ་མ་གཏོགས་ཨ་མདོ་བ་ཚང་མས་གོ་ཐུབ་པ་དེས་ཅི་ཞིག་བསྟན་པ་རེད་དམ།
ཨ་མདོ་བ་དག་ལ་མཚོན་ན་(བོད་པ)དང(འོད་ཝ)གཉིས་དང་(བུམ་པ) དང(འུམ་ཝ)་ལ་སྒྲ་གདངས་མི་གཅིག་པ་ཙམ་མ་ཟད། སྒྲ་ཀློག་སྟངས་ཀྱང་གནམ་ས་ལྟ་བུའི་ཁྱད་པར་ཡོད་པ་རེད། གླེན་བཤད་བྱེད་པ་ལས་ད་དུང་མུ་མཐུད་དུ་གསལ་བོ་ཞིག་ཉན་རོགས་ཞུ།
དབྱིན་ཇི་སྐད་དུ་ཁྱེད་རང་གི་hearingརྦད་དེ་སྐྱོ་དྲག་པས་རེད།
ཁྱོད་རང་གཅིག་པུས་མ་གོ་བའི་ངན་ཚང་མར་འགེལ་བ་ནི་བླུན་པོའི་བྱེད་སྲོལ་ཁོ་ནའོ།།
ལོག་པར་སྨྲ་བ་ལགས། ་ཧ་ཧ་ཧ་
གསེར་རྟ་ལགས།
ཕོ་ལོ་བཅུ་དྲུག་ཡིན་དུས་འི་འདས་དོན་ཞིག་དྲན་གསོས་སོང་བས་འདིར་ངས་ངག་ཡིག་དག་པོའི་སྒོ་ནས་སྐད་མགོ་བཀྱགས་ཏེ་སྐྱར་ལེན་ཞིག་བྱས་ཡོད།
ཨ་ལ་ཡད།
ང་ཁྲི་ཐོག་བླ་མས་གསུངས་རྒྱུ་ལ།།
རོགས་ངེད་གཉིས་མདུན་པ་གཅོད་དགོས་ཟེར།།
གོང་བླ་མས་སེམས་ཁྲེལ་ལོས་ཡིན་ཐལ།།
ཁྱོའི་མདུན་གི་བུམ་པ་ཆ་གཉིས་ཏེ།།
ཆ་ཆ་ཡས་མེད་ན་ཆི་མོ་རེད།།
རོགས་ངེད་གཉིས་མདུན་པ་དེ་མོ་ཡིན།།
ཨ་ལ་ཡད།
ང་འགངས་ཆེན་དཔོན་པོས་ཟེར་རྒྱུ་ལ།།
རོགས་ངེད་གཉིས་མདུན་པ་གཅོད་དགོས་ཟེར།།
གོང་དཔོན་པོས་སེམས་ཁྲེལ་ལོས་ཡིན་ཐལ།།
ཁྱོའི་རྒྱབ་གི་ཁྱ་རིང་རྭ་གཉིས་མ།།
རྭ་རྭ་ཡས་མེད་ན་ཆི་མོ་རེད།།
རོགས་ངེད་གཉིས་མདུན་པ་དེ་མོ་ཡིན།།
ཨ་ལ་ཡད།
ང་དྲིན་ཆེན་ཨ་མས་གསུངས་རྒྱུ་ལ།།
རོགས་ངེད་གཉིས་མདུན་པ་གཅོད་དགོས་ཟེར།།
དྲིན་ཨ་མས་སེམས་ཁྲེལ་ལོས་ཡིན་ཐལ།།
ཁྱོའི་སྔིན་གི་བཞོ་ཆརུ་རྭ་གཉིས་མ།།
རྭ་རྭ་ཡས་མེད་ན་ཆི་མོ་རེད།།
རོགས་ངེད་གཉིས་མདུན་པ་དེ་མོ་ཡིན།།
ཀི་ལུལུལུ།
སྤྱན་ཆབ་ལགས་མུ་མཐུད་ནས་ཡིན་ད། ཐུགས་རྗེ་ཆེ།
༼བོད་པ༽ དང༼འོད་པ༽དང༼བད་པ༽སྐད་གདངས་གསུམ་།
ངོ་མ་ཡག་གི་གཞེས་ཚིག་ཟེར་ནོ་རེད།
དང་སྒྲ་དུ་མེད་ན་དེ་བས་ཡག་གི་བསམ་བྱུང་།