བལ་ཡུལ་དུ་རྩམ་པའི་གསར་བརྗེ། Posted on 2012-02-282012-02-28 By ཁ་བརྡ་ 10 Comments on བལ་ཡུལ་དུ་རྩམ་པའི་གསར་བརྗེ། གསར་འགྱུར།
རྩམ་པའི་གསར་བརྗེ་ལབ་དགོས་དོན་དེ་སློབ་ཕྲུག་རྣམས་ཀྱིས་དེ་ངོ་གདོང་ལ་རྩམ་པ་བྱུག་ནས་ལས་འགུལ་སྤེལ་བ་དེ་གསུངས་པ་ཡིན་ས་རེད་སྙམ། ལས་འགུལ་འདི་འདྲ་ནི་བལ་ཡུལ་ནང་ནས་བྱུང་བ་ཐེངས་དང་པོ་རེད། སློབ་ཕྲུག་གཞོན་སྐྱེས་ཚོས་འཚེ་མེད་ཞི་བའི་ལས་འགུལ་ཡག་པོ་ཞིག་སྤེལ་འདུག ད་དུང་གོ་ཐོས་ལ་ཁོང་ཚོས་བཙོན་ཁང་ནས་ཀྱང་ཟས་བཅད་ངོ་རྒོལ་བྱེད་ཀྱིན་ཡོད་པ་རེད་ཟེར།
བལ་ཡུལ་ནི་ནམ་ཡང་བོད་ཡུལ་གཉིས་པ་ལྟ་བུའི་ལས་འགུལ་སྤེལ་ས་ཡིན།སྙིང་ཐག་ནས་རྗེས་སུ་ཡི་རངས་ཞུ། ད་ནི་བོད་མི་ཚོས་རྒྱ་དམར་གྱི་ངོ་གདོང་མཆིལ་ཞགས་ཤིག་ཡིན་འཕེལ་ཨེ་ཐུབ་ལྟ་རན་རེད།
སློབ་ཕྲུག་ཚོས་ལས་འགུལ་འདིས་ཡིད་འགུལ་ཐེབས་པ་ཞིག་བྱུང་བས་ཡག་པོ་འདུག རྩམ་པའི་གསར་བརྗེ་ཟེར་བའི་མིང་ཡང་ཡག་པོ་བཏག་འདུག བོད་ཀྱི་ཐུན་མིང་མ་ཡིན་པའི་ཁ་ཟས་རྩམ་པ་ཡིན།རྩམ་པ་གདོང་ལ་བྱུགས་སྟེ་ལས་འགུལ་སྤེལ་བ་འདིས་མཚོན་བྱེད་མང་པོ་ཞིག་སྟོན་ཐུབ། རྩམ་པ་འདིའི་རྒྱུ་ས་བོན་ནས་འབྲུ་དང་འདི་འདེབས་སའི་ས་དེའི་བདག་པོ་ང་ཚོ་བོད་མི་ཚོ་ཡིན་པའི་མཚོན་བྱེད་སོགས་གཏིང་ཟབ་པོ་ཞིག་ཡོད།བོད་མི་གང་དུ་ཡོད་པ་ཚང་མས་གདོང་ལ་རྩམ་པ་བྱུགས་ནས་ངོ་རྒོལ་བྱེད་ཐུབ་ན་ཤིན་ཏུ་ལེགས་སྙམ།
བལ་ཡུལ་གནས་འཁོད་རང་རིགས་ཁག་གཅིག་ནས་རྩམ་པ་གསར་རྗེའི་ལས་འགུལ་སྤེལ་བར་སྙིང་ནས་གདའ་བསུ་ཞུ། འདི་ལྟ་བུ་ལས་འགུལ་རྒྱལ་སྤྱི་བོད་མི་འདུ་སྡོད་གང་སར་གནང་ཐུབ་ཚེ་དེ་སྔ་འཛམ་གླིང་ནང་བྱུང་མ་མྱུང་བའི་ཞི་བའི་ལས་འགུལ་གསར་པ་ཞིག་ཡིན་ཙང་གསར་ལམ་ཁག་གི་དོ་སྣང་ཆེན་པོ་བྱེད་ངེས་པ་རེད། ག་ཚོད་གསར་ལམ་ཁག་ནས་གནས་ཚུལ་ཐོན་པ་དེ་ཚོད་རྒྱལ་སྤྱིའི་ནང་བོད་མིར་དོ་སྣང་དང་། བགྲོ་གླེང་མང་རུ་འགྲོ་བ་ཆོས་ཉིད་རེད། ག་ཚོད་རྒྱལ་སྤྱིའི་གསར་ལམ་ནས་བོད་དོན་བགྲོ་གླེང་བྱུང་བ་དེ་ཚོད་རྒྱ་གཞུང་ལ་ཞི་བའི་བརྡ་ལེན་ཞིག་སྤྲོད་ཐུབ་པ་དེའང་རྒྱལ་ཁ་ཞིག་རེད།
ངོ་གདོང་ལ་རྩམ་པ་བྱུག་པ་དེས་སྡུག་བསྔལ་ཡོད་པ་མཚོན་གྱིན་ཡོད། སྤྱིར་བོད་པའི་ཡུལ་སྲོལ་དུ་རྩམ་པ་དེ་མར་དང་ཇ་སོགས་ཁ་ཟས་གཞན་དང་ལྷན་དུ་ཟ་རྒྱུ་བྱང་ན་ཁ་ཟས་ལེགས་པ་ཞིག་ཏུ་ངོས་འཛིན་ཞུ་ཞིང་། རྩམ་སྐྱ་གཅིག་པུ་ལས་མེད་ན་ཧ་ཅང་སྐྱོ་བ་དང་སྡུག་བསྔལ་གྱི་རྣམ་པ་དང་། སྡུག་བསྔལ་སེམས་ཀྱིས་བཟོད་མ་ནུར་པར་ཕྱི་རོལ་དུ་མངོན་པ་མཚོན་བྱེད་རེད། དེས་ན་བོད་པའི་ཁེ་དཔེར། ལྟོགས་ནའང་རྩམ་སྐྱ་མི་འགམས་ཤིང་། །སྡུག་ན་མཆི་མ་མི་གཏོང་བ། །སྐྱེས་པ་ཕོ་ཡི་ངང་ཚུལ་ཡིན། །ཞེས་གྲགས། གོང་གི་གློག་བརྙན་དེའི་ཁ་བྱང་དུ། བལ་ཡུལ་དུ་རྩམ་པའི་གསར་བརྗེ་ཞེས་པ་དེའི་དོན་བཟའ་རྒྱུའི་རྩམ་པ་ལ་གོ་རྒྱུ་མིན་པ་འདྲ། བལ་ཡུལ་དུ་རིག་གནས་གསར་བརྗེ་ལྟ་བུའི་དྲག་གནོན་འདུག་ཅེས་པའི་དོན་ཡིན་པ་འདྲ།
རྩོམ་སྒྲིག་པ་ལགས། ༼ རྩམ་པའི་གསར་བརྗེ་༽ ཟེར་ན་ཅི་ཟེར་རེད།
རྩམ་པའི་གསར་བརྗེ་ལབ་དགོས་དོན་དེ་སློབ་ཕྲུག་རྣམས་ཀྱིས་དེ་ངོ་གདོང་ལ་རྩམ་པ་བྱུག་ནས་ལས་འགུལ་སྤེལ་བ་དེ་གསུངས་པ་ཡིན་ས་རེད་སྙམ། ལས་འགུལ་འདི་འདྲ་ནི་བལ་ཡུལ་ནང་ནས་བྱུང་བ་ཐེངས་དང་པོ་རེད། སློབ་ཕྲུག་གཞོན་སྐྱེས་ཚོས་འཚེ་མེད་ཞི་བའི་ལས་འགུལ་ཡག་པོ་ཞིག་སྤེལ་འདུག ད་དུང་གོ་ཐོས་ལ་ཁོང་ཚོས་བཙོན་ཁང་ནས་ཀྱང་ཟས་བཅད་ངོ་རྒོལ་བྱེད་ཀྱིན་ཡོད་པ་རེད་ཟེར།
གདོང་ལ་རྩམ་སྐྱ་བྱུག་པ་དེས་ཅི་མཚོན་གྱི་ཡོད་ན། ལན་ཞིག་བསྐྱོན་རོགས། སུས་བརྒྱད་ཀྱང་ཆོག
བཟང་གི རྒྱབ་སྐྱོར་ཡོད། ཨ་མའི་བུ་ཚོ།
བལ་ཡུལ་ནི་ནམ་ཡང་བོད་ཡུལ་གཉིས་པ་ལྟ་བུའི་ལས་འགུལ་སྤེལ་ས་ཡིན།སྙིང་ཐག་ནས་རྗེས་སུ་ཡི་རངས་ཞུ། ད་ནི་བོད་མི་ཚོས་རྒྱ་དམར་གྱི་ངོ་གདོང་མཆིལ་ཞགས་ཤིག་ཡིན་འཕེལ་ཨེ་ཐུབ་ལྟ་རན་རེད།
སློབ་ཕྲུག་ཚོས་ལས་འགུལ་འདིས་ཡིད་འགུལ་ཐེབས་པ་ཞིག་བྱུང་བས་ཡག་པོ་འདུག རྩམ་པའི་གསར་བརྗེ་ཟེར་བའི་མིང་ཡང་ཡག་པོ་བཏག་འདུག བོད་ཀྱི་ཐུན་མིང་མ་ཡིན་པའི་ཁ་ཟས་རྩམ་པ་ཡིན།རྩམ་པ་གདོང་ལ་བྱུགས་སྟེ་ལས་འགུལ་སྤེལ་བ་འདིས་མཚོན་བྱེད་མང་པོ་ཞིག་སྟོན་ཐུབ། རྩམ་པ་འདིའི་རྒྱུ་ས་བོན་ནས་འབྲུ་དང་འདི་འདེབས་སའི་ས་དེའི་བདག་པོ་ང་ཚོ་བོད་མི་ཚོ་ཡིན་པའི་མཚོན་བྱེད་སོགས་གཏིང་ཟབ་པོ་ཞིག་ཡོད།བོད་མི་གང་དུ་ཡོད་པ་ཚང་མས་གདོང་ལ་རྩམ་པ་བྱུགས་ནས་ངོ་རྒོལ་བྱེད་ཐུབ་ན་ཤིན་ཏུ་ལེགས་སྙམ།
བལ་ཡུལ་གནས་འཁོད་རང་རིགས་ཁག་གཅིག་ནས་རྩམ་པ་གསར་རྗེའི་ལས་འགུལ་སྤེལ་བར་སྙིང་ནས་གདའ་བསུ་ཞུ། འདི་ལྟ་བུ་ལས་འགུལ་རྒྱལ་སྤྱི་བོད་མི་འདུ་སྡོད་གང་སར་གནང་ཐུབ་ཚེ་དེ་སྔ་འཛམ་གླིང་ནང་བྱུང་མ་མྱུང་བའི་ཞི་བའི་ལས་འགུལ་གསར་པ་ཞིག་ཡིན་ཙང་གསར་ལམ་ཁག་གི་དོ་སྣང་ཆེན་པོ་བྱེད་ངེས་པ་རེད། ག་ཚོད་གསར་ལམ་ཁག་ནས་གནས་ཚུལ་ཐོན་པ་དེ་ཚོད་རྒྱལ་སྤྱིའི་ནང་བོད་མིར་དོ་སྣང་དང་། བགྲོ་གླེང་མང་རུ་འགྲོ་བ་ཆོས་ཉིད་རེད། ག་ཚོད་རྒྱལ་སྤྱིའི་གསར་ལམ་ནས་བོད་དོན་བགྲོ་གླེང་བྱུང་བ་དེ་ཚོད་རྒྱ་གཞུང་ལ་ཞི་བའི་བརྡ་ལེན་ཞིག་སྤྲོད་ཐུབ་པ་དེའང་རྒྱལ་ཁ་ཞིག་རེད།
གདོང་ལ་རྩམ་སྐྱ་བྱུག་པ་དེས་ཅི་མཚོན་གྱི་ཡོད་ན་བོད་རྩམ་ཟན་ཡིན་པ་མཚོན་ལགས།
ངོ་གདོང་ལ་རྩམ་པ་བྱུག་པ་དེས་སྡུག་བསྔལ་ཡོད་པ་མཚོན་གྱིན་ཡོད། སྤྱིར་བོད་པའི་ཡུལ་སྲོལ་དུ་རྩམ་པ་དེ་མར་དང་ཇ་སོགས་ཁ་ཟས་གཞན་དང་ལྷན་དུ་ཟ་རྒྱུ་བྱང་ན་ཁ་ཟས་ལེགས་པ་ཞིག་ཏུ་ངོས་འཛིན་ཞུ་ཞིང་། རྩམ་སྐྱ་གཅིག་པུ་ལས་མེད་ན་ཧ་ཅང་སྐྱོ་བ་དང་སྡུག་བསྔལ་གྱི་རྣམ་པ་དང་། སྡུག་བསྔལ་སེམས་ཀྱིས་བཟོད་མ་ནུར་པར་ཕྱི་རོལ་དུ་མངོན་པ་མཚོན་བྱེད་རེད། དེས་ན་བོད་པའི་ཁེ་དཔེར། ལྟོགས་ནའང་རྩམ་སྐྱ་མི་འགམས་ཤིང་། །སྡུག་ན་མཆི་མ་མི་གཏོང་བ། །སྐྱེས་པ་ཕོ་ཡི་ངང་ཚུལ་ཡིན། །ཞེས་གྲགས།
གོང་གི་གློག་བརྙན་དེའི་ཁ་བྱང་དུ། བལ་ཡུལ་དུ་རྩམ་པའི་གསར་བརྗེ་ཞེས་པ་དེའི་དོན་བཟའ་རྒྱུའི་རྩམ་པ་ལ་གོ་རྒྱུ་མིན་པ་འདྲ། བལ་ཡུལ་དུ་རིག་གནས་གསར་བརྗེ་ལྟ་བུའི་དྲག་གནོན་འདུག་ཅེས་པའི་དོན་ཡིན་པ་འདྲ།
བོད་ཀྱི་བདེན་མཐའ་སེལ་གྱུར་ཅིག སྐྱབས་མགོན་ཡིད་བཞིན་ནོར་བུ་མཁྱེན་མཁྱེན་མཁྱེན།