ཀླུ་སྨྱོན།
—-མཁན་ཆེན་བསོད་དར་རྒྱས་དང་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་གཉིས་ལ་སྦྱར་བ།
ཀ་དག་གདོད་མའི་དབྱིངས་སུ་སངས་རྒྱས་པའི། །
ཁ་བའི་ལྗོངས་ཀྱི་མཁན་ཆེན་འཇིགས་ཕུན་རྗེ། །
ག་ས་ག་རུ་ཞབས་པད་བསྟེན་པ་ཡི། །
ང་ཡིས་བསྟོད་ཚིག་འབུལ་སའི་མཁན་ཆེན་གཉིས། །
ཅ་ཅོ་དང་བྲལ་ཐོས་པ་དོན་ལྡན་གསུང་། །
ཆ་ལུགས་རབ་མཛེས་འདུལ་བ་འཛིན་པའི་སྐུ། །
ཇ་ཆང་འདོད་ཡོན་ཞེན་སྤངས་མཆོག་ཟུང་བཞིན། །
ཉ་གང་ཉི་ཟླའི་འོད་བཞིན་རྒྱ་བོད་ཁྱབ། །
ཏྰ་ཐ་ག་ཏྰའི་བསྟན་པ་རྣམ་དག་འདི། །
ཐ་ཆད་ཟོག་པོའི་ལག་ཏུ་མ་ཤོར་བར། །
ད་ལྟའི་བར་དུ་རྒྱ་བོད་གདུལ་བྱ་ཚོར། །
ན་གཅིག་མ་ལུས་སྤེལ་མཛད་ཁྱེད་གཉིས་བསྟོད། །
པ་སངས་མདངས་ལྡན་ཐུགས་བསྐྱེད་རླབས་ཆེན་གྱིས། །
ཕ་མར་གྱུར་པའི་རྒྱ་བོད་འགྲོ་བ་རྣམས། །
བ་མོས་བེའུ་བཞིན་བྱམས་དང་བརྩེ་བ་ཡིས། །
མ་ལུས་སྐྱོང་མཛད་ཁྱེད་གཉིས་ཉི་ཟླ་བཞིན། །
ཙ་རི་བསྐོར་བའི་ངལ་བ་མི་དགོས་ཤིང་། །
ཚ་གྲང་དམྱལ་བའི་སྡུག་བསྔལ་སྤོང་ནུས་པའི། །
ཛ་ཡའི་མདོ་སྔགས་ཆོས་ཀྱི་ཆར་འབེབ་གཉིས། །
ཝ་ལེར་བསམས་ན་བཀའ་དྲིན་བསམ་ལས་འདས། །
ཞྭ་གོས་སྡོད་གནས་སློབ་གཉེར་མཐུན་རྐྱེན་དང་། །
ཟ་མ་ཚུན་ཆད་བཀོད་སྒྲིག་ལེགས་གནང་སྟེ། །
འ་ཅག་མི་རབས་རྗེས་མ་སྐྱོང་མཛད་པའི། །
ཡ་མཚན་མཁན་ཆེན་ཁྱེད་གཉིས་ཞབས་བརྟན་ཤོག །
ར་ལུག་ཉ་སྦལ་ཚེ་སྲོག་འཇིགས་ལས་སྐྱོབ། །
ལ་ལུང་ཀུན་ཏུ་དགེ་བཅུའི་སྲོལ་བཟང་བཙུགས། །
ཤ་ཁྲག་སྡིག་ཟས་སྤོང་བའི་ལས་འགུལ་སྤེལ། །
ས་བཅུའི་སེམས་དཔའ་ཁྱེད་གཉིས་ཞབས་བརྟན་ཤོག །
ཧ་ཅང་སྙན་པའི་མཚན་གྱི་གདུགས་དཀར་པོ། །
ཨ་རིའི་གླིང་ཆེན་བར་དུ་གཡོ་མཛད་པའི། །
མཁན་ཆེན་རྣམ་གཉིས་མཛད་བཟང་རྒྱ་མཚོ་ལས། །
ཀླུ་སྨྱོན་དད་གུས་སོར་མོས་ཅུང་ཙམ་འཐོར། །
དམ་པ་འདི་གཉིས་ནི་དེང་སྐབས་འཛམ་གླིང་གང་སར་ཆོས་ཚོགས་གསར་འཛུགས་བྱེད་དང་བྱེད་བཞིན་པའི་བླ་སྤྲུལ་དགེ་བཤེས་དག་དང་གཅིག་མཚུངས་ལས་གཞན་ཁྱད་ཆོས་གང་ཡང་མཐོང་མ་སོང་། རང་ལ་ཉམས་ལེན་མེད་མཁན་གཞན་ལ་འདོམས་མཁན་མཁས་པ་དེང་དུས་ཀྱི་བླ་སྤྲུལ་ཕལ་མོ་ཆེ་བཞིན་ནོ། མཁན་པོ་འཇིགས་ཕམ་དང་བྱ་བྲལ་སངས་རྒྱས་རྡོ་རྗེ་སོགས་ནི་གང་གིས་ཀྱང་སྙོན་དུ་མེད་པའི་སྐྱེས་ཆེན་དམ་པ་དེ་རེད་དོ། །
ཀླུ་སྨྱོན་ཁྱེད་རང་བོད་ལ་ཡོད་ན་དགེ་བཅུའི་ཁྲིམས་དང་འགལ་བའི་ཤ་ཟས་པར་བརྟེན་ཁྲི་མུན་དུ་འགྲོ་རྒྱུ་ལས་ལྷག་མེད།།
དེང་གི་ཨ་མདོ་བ་ཁ་ཅིག་གིས། མཁན་ཆུང་དེ་གཉིས་འཛོ་བཞུགས་ཡོད་བཞིན་དུ། དམ་པ་དེ་གཉིས་གསུང་ཚུལ་འདི། སྔར་ལུགས་ལྟར་ན་མི་བདེ་བ་ཆེན་པོ་ཡིན་ཏེ། ཨིན་སྐད་དུ་ late དང་མཚུངས་ཏེ། ལེཏྲ་འདི་ནི་འདས་པོ་ལ། གོ་བས་བོད་ནང་གི་རིག་གནས་གསར་བརྗེ་རྗེས་ཀྱི་མཁས་ཁག་ཅིག་གི་སྲོལ་རྒྱུན་འབྲི་སྟངས་དང་། དག་ཡིག་རྙིང་པ་ཁུངས་གཏུགས་དང་འགལ་བ་འབྲི་བཞིན་དུ་རང་གི་དགེ་རྒན་གྱི་ཆེ་བར་ངོམས་པ་ནི། ཀུན་སློང་ངན་པ་མེད་ན་ཡང་། བོད་ཀྱི་སྲོལ་རྒྱུན་སྐད་ཡིག་ཉམས་དམས་སུ་གཏོང་བ་དང་མཚུངས་པར་གྱུར་འདུག་གདའ། ཀུན་གྱིས་ཚུལ་འདི་གཟབ་པར་གྱིས་ཤིགུ
མི་མ་ཤི་བར་དམ་པ། ཞེས་འབྲི་བརྗོད་བྱས་པ་ནི། མི་རིགས་ཤིང་། དཔེར་ན། བོད་ནང་གི་མཁས་པ་ཚེ་བརྟན་ཞེས་པ་ཞིག་གིས་རང་གི་མི་ཡང་ཚེ་བརྟན་ལ། ཚེ་ཏན་བྲིས་པ་ནི་ནོར་བ་ཆེན་པོ་དང་། བོད་ཀྱི་རིག་གནས་རྩ་མེད་འགྲོ་གཞིར་གྱུར་འདུག དཔེར་ན། ཚེ་བརྟན་ཚེ་ཏན་ལ་བྲིས་པ་དང་། དབྱིན་ཇི་ཨིན་ཇིར་བྲིས་པ་གཉིས་ནི་གནམ་སའི་ཁྱད་པར་ཡོད་པས། དང་པོ་མི་འཐད་ལ། ཕྱི་མ་འཐད་པ་རེད་དོ།། །།
ས་སྐྱ་པཎ་ཌི་ཏ་ཡང་ནོར་འདུག
ས་སྐྱ་ལེགས་བཤད་ནང་དམ་པ་ཞེས་པའི་ཚིག་འདི་ལན་བརྒྱ་ཕྲག་བྲིས་འདུག
རྟག་ཏུ་”དམ་པའི”་ཡོན་ཏན་རྣམས། །སྐྱེ་བོ་”དམ་པས་”ལྷག་པར་སྒྲོགས། ། མ་ལ་ཡ་ཡི་ཙན་དན་དྲི། །རླུང་གིས་ཕྱོགས་བཅུར་རྒྱས་པར་བྱེད། ། “དམ་པ་”དཔོན་དུ་བསྐོས་གྱུར་ན། །དོན་གྲུབ་པ་དང་བདེ་སྐྱིད་འཐོབ། ། ནོར་བུ་རྒྱལ་མཚན་རྩེར་མཆོད་ན། །ཡུལ་ཕྱོགས་དགེ་ཞེས་མཁས་རྣམས་སྒྲོགས། །སྐྱེ་བོ་”དམ་པ་”རྒུད་གྱུར་ཀྱང་། །སྤྱོད་པའི་ཁྱད་པར་ལྷག་པར་མཛེས། ། མེ་ནི་ཐུར་དུ་ཁ་བསྟན་ཀྱང་། །མེ་ལྕེ་གྱེན་དུ་འབར་བ་མཐོང་། ། “དམ་པ་”རྒྱང་ན་གནས་ན་ཡང་། །འཁོར་འདབས་ཕན་པས་རིང་ནས་སྐྱོང་། ། མཁའ་ལ་སྤྲིན་ཆེན་འཁྲིགས་པ་ཡིས། །ས་ཡི་ལོ་ཏོག་ཁྱད་པར་འཕེལ། ། “དམ་པའི་”ཡོན་ཏན་སྦས་གྱུར་ཀྱང་། །འཇིག་རྟེན་ཀུན་ལ་ཁྱབ་པར་གསལ། ། སྣ་མའི་མེ་ཏོག་ལེགས་བཀབ་ཀྱང་། །དྲི་ཞིམ་ཀུན་ཏུ་ཁྱབ་པར་འགྱུར། ། རྒྱལ་པོ་རང་ཡུལ་ཆེ་བ་ཙམ། །”དམ་པ་”གང་དུ་ཕྱིན་པར་བཀུར། ། མེ་ཏོག་ཕལ་ཆེར་ཉིན་རེའི་རྒྱན། །གཙུག་གི་ནོར་བུ་གང་དུའང་མཆོད། ། ལྗོན་ཤིང་དུད་པ་འབྲས་བུ་མང་། །རྨ་བྱ་དུལ་བ་མཇུག་སྒྲོ་བཟང་། ། རྟ་མཆོག་དུལ་བ་འགྲོས་མགྱོགས་ཏེ། །”དམ་པ་”དུལ་བ་མཁས་པའི་རྟགས། ། “དམ་པ་”རྣམས་དང་ཕལ་པ་ལ། །བྱས་པ་མཉམ་ཡང་དྲིན་མི་འདྲ། ། ཞིང་ལ་ས་བོན་ཁྱད་མེད་ཀྱང་། །ལོ་ཏོག་ཁྱད་པར་དཔག་ཏུ་མེད། །
འདི་ནི་དཔེ་མཚན་ཙམ་ཞིག་ཡིན།
ཧ་ཧ་ཧ། ཀླུ་སྨྱོན་བོད་ན་ཡོད་རྒྱུ་ན་དགེ་བཅུའི་ཁྲིམས་དང་འགལ་ནས་ཁྲི་མུན་ཏུ་འགྲོ་རྒྱུ་ལས་ལྷག་མེད་ཟེར། ཡིན་ནའང་དགེ་བཅུ་ཁྲིམས་ལ་ཞིབ་འཇུག་བྱེད་མཁན་ཞིག་ཡིན་ན་དགེ་བཅུ་ཁྲིམས་ཀྱི་མདུང་རྩེ་གཏད་ས་དེ་འཇིག་རྟེན་ཁྱིམ་པ་སོ་ནམ་པ་དག་ཡིན་པ་མ་གཏོགས་གྲྭ་བ་དག་མིན་པ་གསལ་བར་ཤེས་ཐུབ། དགེ་བཅུའི་ཁྲིམས་ཀྱི་སྙིང་ཐིག་ནི་གྲྭ་བའི་དབང་ཐང་བསྐྱར་གསོ་བྱེད་པ་དེ་ཡིན་པ་མ་གཏོགས་གཞན་མིན།
ས་པཎ་གྱི་གསུང་དང་འདིར་མི་འདྲ་སྟེ། ས་པཎ་གྱིས་གསུངས་པའི་དམ་པ་འདི་ཡི་ནང་གི་དམ་པ་བརྒྱ་ཕྲག་མང་པོ་དག་འདས་ཟིན་པ་ལ་གཙོ་བོར་གོ་དགོས། འབྱུང་འགྱུར་དམ་ཁོང་ཟེར་བ་ཅིག་མེད།
དམ་ཁོང་གཉིས་ཟེར་དུས། ཞིང་གཤེགས་དམ་ཁོང་གཉིས་ཞེས་པ་ལས་གོ་དོན་གཞན་མེད་པས་གཟབ་དགོས་པ་མང་ངོ་། ཀླུ་སྨོན་མཆོག་དང་། #1 རང་བྱུང་རིག་པའི་རྡོ་རྗེ ་ལགས་གཉིས་ལགསུ།།
ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་དང་།།
མཁན་ཆེན་དམ་པ་བསོད་ནམས་དར་རྒྱས་ནི།།
མཁྱེན་བརྩེ་ཉི་ཟླས་གླིང་བཞིས་མུན་ནག་སེལ།།
འཛམ་གླིང་ཞི་བདེའི་དེད་དཔོན་རྒྱལ་གྱུར་ཅིག།
དྲང་བདེན་ཆོས་འཁོར་བསྐོར་བའི་ཉི་ཟླ་གཉིས།།
གླིང་འདིར་འཆར་བ་བདག་ཅག་སྐལ་བ་བཟང་།།
xxx
ཀ་རྡོར་ཕྱག་གཉེར་བས་བཤད་པ་ནི། སེམས་ཅན་ཞེས་པ་དུད་འགྲོ་ཁོ་ནར་གོ་བའི་ཡུལ་སྐད་དེ་དང་ཁྱད་པར་ཅི་ཡང་མེད།
རྩོད་གླེང་མུ་མཐུད་འགྲོ་བར་དགའ་སྤྲོས་བརྟས། ལགས་རེད། འབྲོག་པས་སེམས་ཅན་ཟེར་དུས་དུད་འགྲོ་འབའ་ཞིག་ལ་གོ་དགོས་པ་དང་། ཐེག་ཆེན་པ་བླ་མས་མ་སེམས་ཅན་ཟེར་དུས་མི་ཡང་ཚུད་པ་བཞིན།
ས་པཎ་གྱིས། དམ་པ་དང་། དམ་པ་མིན་པ་ནི། མཛངས་པ་དང་བླུན་པོའམ། མཛངས་བླུན་འདིའི་དོད་དུ་སྦྱར་བ་ཙམ་ལས། གོ་དོན་གསར་པ་གང་ཡང་མེད།
ང་ཚོས་དུས་རྒྱུན་སྐད་ཆ་ཤོད་དུས་དང་། འཕྲིན་ཡིག་གཏོང་དུས་རྒན་དམ་པ་ཁོང་། ཟེར་བ་ཙམ་གྱིས་འཆི་ཟིན་ཅིག་ལ། གོ་འགྲོ་བ་འདི་རང་བཞིན་སྐད་ཀྱི་འགྱུར་བ་ཅིག་ཡིན་དེ་ཡང་བརྩི་དགོས་ཏེ། རྟེན་འབྲེལ་ཡིན་པའི་ཕྱིར།
ཀརྡོ་འདིའི་མཆན་མཐོང་དུས་སུན་སྣང་ཞིག་རང་བཞན་གྱིས་སྟེར་གྱི་འདུག རབ་ཡིན་ན་མཆན་ཉུང་ལ་དོན་དང་ལྡན་པ་རེ་བྲིས། མཆན་གྱི་གྲངས་ཀ་མང་ན་གླ་ཕོགས་ནི་མེད། མཆན་ཉོག་དེས་མི་ཚང་མར་སུན་སྣང་ཡོད་པ་ཧ་གོ་བར་གྱིས། །
ཡ་ཡ། ཁྱེད་ལ། བདེན་པ། འདུག ཁ་བརྡ། འཇོག་འདོད། ཡོད་ཀྱང་་་་་་་
ཀ་དག་བདེ་ཆེན་གསལ་གསལ་རྗེན་རྗེན་དུ།།
ཁ་མིན་ཞེ་ཡིས་མྱོང་པའི་རྫོགས་ཆེན་པ།།
ག་ས་ག་རུ་འཕྲིན་ལས་རླུང་ལྟར་དར།།
ང་ཚོའི་གཙུག་རྒྱན་མཁན་ཆེན་རྣམ་གཉིས་རྒྱལ།།
ཅ་ཅོ་དོན་མེད་སྨྲས་པ་ན་གཅིག་མེད།།
ཆ་ལུགས་ཡན་ཆད་དང་བ་འདྲེན་པའི་ཕུལ།།
ཇ་ཆང་འདོད་ཡོན་དྲི་མས་མ་སྦགས་པས།།
ཉ་རྒྱས་ཟླ་བ་བཞིན་དུ་རྣམ་པར་མཛེས།།
ཏཱ་ལའི་བླ་མ་ཉི་ཟླའི་ཚུལ་དུ་བཞུགས།།
ཐ་བར་མཆོག་གསུམ་གཞན་གྱིས་ཟླ་མེད་པ།།
ད་ལྟ་བསྟན་པའི་དཔལ་དང་འགྲོ་བའི་མགོན།།
ན་རྒ་མེད་པར་བཞུགས་པའི་མཁན་གཉིས་རྒྱལ།།
པ་ཅོ་ལྕང་ལོ་བཅད་པའི་ལག་རྗེས་སུ།།
ཕ་རྒོད་བླ་མ་འཇིགས་མེད་ཕུན་ཚོགས་ཀྱི།།
བ་སོ་ལྟར་དཀར་དྲི་མེད་བསྟན་པ་མཆོག།
མ་ལུས་ཐུགས་སུ་ཆུད་པ་ངོ་མཚར་ཆེ།།
ཙ་རིའི་ཕར་ན་ཁྱེད་གཉིས་འབྲུག་ལྟར་གྲགས།།
ཚ་བའི་ཡུལ་ན་རྒྱལ་བ་རྣམ་གཉིས་བཞུགས།།
ཛ་ལང་སྤྱོད་པ་མཚོ་ལྟར་བརྡོལ་ན་ཡང་།།
ཝ་མོ་བཞིན་དུ་སྐྲག་དོན་མི་འདུག་སྙམ།།
ཞྭ་སེར་ས་ཇོ་བཀའ་རྙིང་གྲུབ་པའི་མཐའ།།
ཟ་ཟུར་ཙམ་མིན་སྙིང་པོ་མཐའ་དག་རྟོགས།།
འ་འུར་ཤབ་ཤོབ་ཅན་གྱི་རྟོག་གེ་དག།
ཡ་རབས་ཡིན་ན་ཕྲག་དོག་མ་མཛད་ཅིག།།
ར་བ་གངས་ཀྱིས་བསྐོར་བའི་བོད་ཡུལ་གྱི།།
ལ་ལུང་གཡོ་མཛད་དེ་གཉིས་ད་སྔ་རུ།།
ཤ་མིག་འདི་ཡིས་ཞལ་མཇལ་མ་མྱོང་ཡང་།།
ས་མཐའི་བུ་ཡི་ཡིད་ཀྱི་དད་པ་ཤོར།།
ཧ་ལམ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་དེ།།
ཨརྱ་དེ་ཝ་འདྲ་དེ་དང་དོ་དོ་འདྲ།།
ཧ་ཅང་དྲང་པོར་བཤད་ན་དེ་ལྟར་རོ།།
ཨ་མདོའི་སྨྱུག་ཐོགས་ཀླུ་སྨྱོན་གྲོགས་སུ་སྦྲན།།
ཞེས་པའང་ཤར་མར་བྲིས་པ་དགེའོ།།
༼ཨརྱ་དེ་ཝ་དེ་དང་དོ་དོ་འདྲ།།༽ ཞེས་སུ་བཅོ་བར་བྱའོ།
དམ་པ་རྣམས་ནི་ཁས་ཆེ་མི་བྱ་ཞིང་། །གལ་ཏེ་དཀའ་བའི་ཁས་ནི་བླངས་གྱུར་ན། །ཆུ་ལ་རི་མོ་བྲིས་པ་མ་ཡིན་པར། །ཤི་ཡང་གཞན་དུ་བྱེད་པར་མི་འགྱུར་རོ། །ཞེས་པའི་དམ་པ་གང་ལ་གོ་དགོས་སམ།
།ཆུ་ལ་རི་མོ་བྲིས་པ་མ་ཡིན་པར། །
འདི།
རྡོ་ལ་རི་མོ་བྲིས་པ་ལྟ་བུ་ཡིས། །
་
དགོངས་དག་ཡང་བྲིས་ཐལ་ཤོར་སོང་།
ད་རེས་ཁམས་པའི་བླ་རྒན་གཉིས་ལ་ཨ་མདོའི་བླ་རྒན་ཞིག་གིས་བསྟོད་པ་གཏོང་གི་འདུག རྙིང་མ་གཅིག་པུའི་ཞེན་ཁོག་ཁུར་མེད་ན་ཡག་པོ་རེད།
དམ་པ་རྣམས་ནི་ཁས་ཆེ་མི་བྱ་ཞིང་། ་་་་ཞེས་པའི་དམ་པ་ནི། མཁས་པ་ཙམ་ལ་གོ་དགོས་ཏེ། དཔེར་ན།
མཁས་པ་རྣམས་ནི་ཁས་ཆེ་མི་བྱ་ཞིང་། །ཞེས་པ་དང་དོན་གཅིག་གོ།
དམ་པ་རྣམས་ནི་ཁས་ཆེ་མི་བྱ་ཞིང་། །ཞེས་པའི་དམ་པ་ནི་མཁས་པ་ཙམ་ལ་གོ་དགོས་ཞེས་མཁས་པ་ལས་གཞན་ལ་མི་གོ་བའི་རྒྱུ་མཚན་ཅི། གཞན་ཁྱེད་རང་གིས་མི་མ་ཤི་བར་དམ་པ་ཞེས་པའི་མིང་འདི་འབྲི་བརྗོད་མི་རིགས་པའི་དཔེ་དང་བཅས་བཤད་པ་ལྟར། འོ་ན། ད་ལྟ་བའི་སྐྱེས་བུ་དམ་པ་དང་མ་འོངས་པའི་སྐྱེས་བུ་དམ་པ་ཟེར་བ་ཞིག་མེད་པ་རེད་དམ། སློབ་དཔོན་ཀླུ་སྒྲུབ་ཀྱིས། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་བསགས་པ། །བསོད་ནམས་ཡེ་ཤེས་ལས་བྱུང་བ། །དམ་པ་སྐུ་གཉིས་འཐོབ་པར་ཤོག །ཅེས་པ་ཅི་ལྟར་འགྲེལ། ད་དུང་འབྲི་བརྗོད་མི་རིགས་པའི་དཔེར། བོད་ནང་གི་མཁས་པ་ཚེ་བརྟན་ཞེས་པ་ཞིག་གིས་རང་གི་མིང་ཡང་ཚེ་བརྟན་ལ། ཚེ་ཏན་བྲིས་པ་ནི་ནོར་བ་ཆེན་པོ་དང་། བོད་ཀྱི་རིག་གནས་རྩ་མེད་འགྲོ་གཞིར་གྱུར་འདུག་ཅེས་པའི་བོད་ནང་གི་མཁས་པ་ཚེ་བརྟན་ཞེས་པ་སུ་ཞིག་ལ་ཟེར་རྒྱུ་ཡོད་དམ། མཁས་དབང་ཚེ་ཏན་ཞབས་དྲུང་རིན་པོ་ཆེ། རྗེ་འཇིགས་མེད་རིགས་པའི་བློ་གྲོས་མཆོག་ལ་ངོས་འཛིན་རྒྱུ་ཡོད་ན་ནི། ཁོང་གིས་རང་གི་མིང་ཡང་བྲི་མ་ཤེས་པར་ནོར་འཁྲུལ་ཆེན་པོ་བྱུང་བ་དང་། བོད་ཀྱི་རིག་གནས་རྩ་མེད་འགྲོ་བའི་གཞིར་འདུག་ཅེས་བཤད་པ་ནི་ཧ་ཅང་ཐལ་དྲགས་པ་དང་། ཁྱེད་རང་ཁོང་གི་ལོ་རྒྱུས་མ་མཁྱེན་པའི་རང་མཚང་རི་བོ་འདྲ་ཞིག་ཕྱི་རོལ་ཏུ་མངོན་སོང་ཞེས་པའི་ཆོ་ལོ་འདི་ཁྱེད་ལ་ཕུལ་བ་ལགས།
ཚིག་མཛོད་ཆེ་མོ་ན་དམ་པ་ནི་འཕགས་པ་དང་དོན་གཅིག་ཟེར། གང་ལྟར་ཀྱང་དམ་པ་ནི་དུས་གསུལ་ལ་བེད་སྤྱོད་ཆོག་པར་སེམས་སོ། །
ལགས། ལགས་སོ།
ཁྱེད་གཞིས་སྡོད་པ་དང་། ཡང་རང་གསར་འབྱོར་པ་དང། ལྷག་པར་ཨ་མདོ་གསར་འབྱོར་པ་ཚོ་དང་ང་མི་རྩོད། ཁྱེད་རྣམས་ཀྱི་གཤིས་ཀ་དེ་ངས་བགྱིད་ཡོད་པས་་་་་་་
དམ་པས་དང་པོ་ཁས་ཆེ་དཀའ། གལ་ཏེ་ཁས་ནི་བླང་གྱུར་ན།།རྡོ་ལ་རི་མོ་བྲིས་པ་བཞིན།། ཤི་ཡང་བཞིན་དུ་མི་ཟད་དོ།། ཤི་གསོན་གང་ལ་གོ་དགོས་ས་རེད། ཀརྡོ་ལགས།
དམ་པ་ཤི་བོ་ལ་གོ་དགོས་པ་འདི་དེང་སང་དབུས་ཕྱོགས་ཀྱི་འབྲི་སྟངས་ཞིག་ཆགས་འདུག་སྟེ། འཐད་པ་ནི་བཙལ་ཏུ་མེད་དོ།།
་་་་་་་་ དམ་པ་ཤི་བོ་ལ་གོ་དགོས་པ་འདི་དེང་སང་དབུས་ཕྱོགས་ཀྱི་འབྲི་སྟངས་ཞིག་ཆགས་འདུག་སྟེ། ་་་་་་་
བཀའ་བསྟན་ནི་དབུས་སྐད་དང་བསྟུན་ནས་བཟོས་པ་ལས། ཨ་མདོ་དང་ཁམས་པའི་སྐད་ལུགས་དང་བསྟུན་ནས་མ་བཟོས་པ་དེ་ནི། བྱུང་རབས་ཀྱི་དངོས་བདེན་དེ་རེད་དོ།།
སངས་རྒྱས་དམ་པ་དེ། ཀླུ་སྒྲུབ་དམ་པ་དེ། ས་པན་དམ་པ་དེ། རྒན་དམ་པ་དེ་ཟེར་ན་གང་གོ་འམ།
འོ་ན།
དེ་ལས་ལྡོག་ཏེ། རྗེས་མ་སྐྱེ་རྒྱུའི་ཡང་སྲིད་དམ་པ་དེ། མ་འོངས་པའི་སངས་རྒྱས་བྱམས་དམ་པ་དེ། ད་ད་དུང་ག་ར་ེལབ་དགོས་རེད། ་་་་་ ལགས། །
བོད་ཡུལ་ནས་རྒྱ་ཡུལ་དུ་འཚེར་བའི་ཉི་ཟླ་གཉིས་དང་བལ་ཡུལ་ནས་ནུབ་གླིང་ལ་འཕྲོ་བའི་སྐར་མ་ཕུང་གསུམ་པ་ཨེ་་་་་་ངོ་མ་ཡག་ཀི་་་་
དམ་པའི་ལྡོག་ཟླ་དམ་ཉམས་ཡིན།
དམ་ཉམས་ཀརྡོ་ཁྱོ་རང་ནི།
ལྟ་བུའི་ད་ལྟ་བཀོལ་ལེགས་ན།
གཞན་ནི་འོས་ཐོབ་མིན་པ་གང་།། ཧ་ཧ་ཧ།
ཀླུ་སྨྱོན་ལགས།
དམ་པའི་ཚིག་གི་འཇུག་སྟངས་ལ་གཟིགས་དང་།
་་་་་་་ ༧མགོན་པོ་གང་ཉིད་ནས་འདས་པོ་དེའི་ཆེད་དུ་ཐུགས་སྨོན་དང་ཤུལ་ལུས་ནང་མི་རྣམས་ལ་ཐུགས་གསོའི་འཚམས་འདྲི་ཡོད་ཅེས་བཀའ་གནང་འདུག། Mufti Mohammad Sayeed ༼དམ་པ་༽དེ་ནི་རྒྱ་གར་ནང་གི་ཁ་ཆེའི་སྲིད་དོན་མི་སྣ་སྙན་གྲགས་ཅན་ཞིག་ཏུ་རྩི་ཀྱི་ཡོད་པ་དང་་་་་་་་་་་་
http://www.rfa.org/tibetan/sargyur/his-holiness-the-dalai-lama-offers-condolence-to-mehbooba-mufti-01092016120115.html
#28 གནམ ་ལགས་ཀྱིས་སྤེལ་དོན།:
January 9th, 2016 at 9:34 am
དམ་པའི་ལྡོག་ཟླ་དམ་ཉམས་ཡིན།
དམ་ཉམས་ཀརྡོ་ཁྱོ་རང་ནི།
ལྟ་བུའི་ད་ལྟ་བཀོལ་ལེགས་ན།
གཞན་ནི་འོས་ཐོབ་མིན་པ་གང་།། ཧ་ཧ་ཧ། ་་་་་་་་་ ཟེར། ཧཧ།། །།