ཨེ་མ་ཧོ།
སྐྱབས་གནས་བསླུ་མེད་དཀོན་མཆོག་རྩ་བ་གསུམ། །
ཁྱད་པར་གངས་ཅན་མགོན་པོ་སྤྱན་རས་གཟིགས། །
རྗེ་བཙུན་སྒྲོལ་མ་གུ་རུ་པདྨ་འབྱུང་། །
གསོལ་བ་འདེབས་སོ་ཐུགས་དམ་ཞལ་བཞེས་དགོངས། །
སྨོན་ལམ་ཡོངས་སུ་འགྲུབ་པར་བྱིན་གྱིས་རློབས། །
སྙིགས་དུས་འགྲོ་རྣམས་བསམ་སྦྱོར་ལོག་པ་དང་། །
ཕྱི་ནང་འབྱུང་བ་འཁྲུགས་པའི་རྒྱུ་རྐྱེན་གྱིས། །
སྔར་མ་གྲགས་པ་མི་ཕྱུགས་དལ་ཡམས་ནད། །
གཟའ་ཀླུ་རྒྱལ་གདོན་ནག་ཕྱོགས་འབྱུང་པོའི་གཟེར་། །
བཙའ་སད་སེར་གསུམ་ལོ་ཉེས་དམག་འཁྲུག་རྩོད། །
ཆར་ཆུ་མི་སྙོམས་གངས་ཅན་བྲ་བྱའི་ཐན། །
ས་གཡོས་མེ་དགྲ་འབྱུང་བཞིའི་འཇིགས་པ་དང་། །
ཁྱད་པར་བསྟན་ལ་འཚེ་བའི་མཐའ་དམག་སོགས། །
གངས་ཅན་ལྗོངས་འདིར་གནོད་འཚེའི་རིགས་མཐའ་དག །
མྱུར་དུ་ཞི་ཞིང་རྩད་ནས་འཇོམས་གྱུར་ཅིག །
མི་དང་མི་མིན་འགྲོ་བ་མཐའ་དག་གི། །
རྒྱུད་ལ་བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །
ངང་གིས་སྐྱེས་ནས་གནོད་འཚེའི་བསམ་སྦྱོར་བྲལ། །
ཕན་ཚུན་བྱམས་པའི་སེམས་དང་ལྡན་ནས་ཀྱང་། །
བོད་ཡུལ་མཐའ་དབུས་བདེ་སྐྱིད་དཔལ་གྱིས་འབྱོར། །
སངས་རྒྱས་བསྟན་པ་དར་རྒྱས་ཡུན་གནས་ཤོག །
རྩ་གསུམ་རྒྱལ་བ་སྲས་བཅས་བདེན་པའི་སྟོབས། །
འཁོར་འདས་དགེ་བའི་རྩ་བ་གང་མཆིས་དང་། །
བདག་ཅག་ལྷག་བསམ་རྣམ་པར་དཀར་བའི་མཐུས། །
གསོལ་བཏབ་སྨོན་པའི་འབྲས་བུ་འགྲུབ་གྱུར་ཅིག །
ཅེས་༧རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས་དེང་སང་དུས་ཀྱི་འཚུབ་འགྱུར་ཤིན་ཏུ་ཆེ་བས་ཅི་ལྟར་འགྱུར་ཆ་མེད་པས། རྗེ་ཉིད་ནས་བོད་ཡུལ་བདེ་བའི་སྨོན་ལམ་ཉིན་ཞག་རེ་ལན་དྲུག་རེ་མཛད་པ་ཡིན་པས་ཁྱོད་ནས་ཀྱང་དེ་ལྟར་གལ་ཆེ་ཞེས་བཀའ་སྩལ་ཕེབས་པ་ལྟར་རང་གི་བསྙེལ་གསོས་སུ་བྲིས་པ་ཇི་བཞིན་འགྲུབ་པར་གྱུར་ཅིག །ཅེས་བློ་གྲོས་མཐའ་ཡས་ཀྱིས་ཙཱ་འདྲ་རིན་ཆེན་བྲག་ཏུ་རྒྱལ་ཟླ་བའི་དཀར་ཕྱོགས་འགྲུབ་པའི་སྦྱོར་བ་དང་ལྡན་པའི་སྔ་དྲོར་སྦྱར་བའོ། །
རྟ་ལུགས་སྤྲེལ་གསུམ་ལོ་ལ་རྒྱ་དམག་འོང་། །ཆུ་ཕོ་སྤྲེལ་ལ་ཡར་ལུང་དམག་སྒར་ཆགས། །མཐའ་མ་བོད་འདི་རྒྱ་ཡི་འོག་ཏུ་འགྲོ། །ཕ་སྤུན་ནང་འཁྲུགས་རྟ་རྒོད་སྒང་ནས་འཁྲུགས། །བུམ་ཐང་ཕྱོགས་ནས་ཁྲི་ཡི་ཟུར་ཆ་ནོན། །རྒྱལ་ཁྲིམས་ཆོས་ཁྲིམས་སྐྱོང་བའི་ང་སྤྲུལ་བྱོན། །བལ་ཡུལ་རྒྱ་རྫོང་རྣམས་སུ་ཁྲུགས་པར་བྱེད། །བོད་ལ་སྐྱིད་པའི་ཉི་མ་ཅུང་ཟད་འཆར། །སྤྱོད་ངན་རང་གིས་བྱས་ནས་དུས་ངན་ཟེར། །དུས་ནི་མི་འགྱུར་མི་རྣམས་འགྱུར་བ་ཡིན། །དེ་དུས་མི་ལ་བསོད་ནམས་སྙན་གྲགས་མེད། །པདྨ་ང་ལ་གསོལ་བ་འདེབས་ནུས་ན། །་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
རྟ་ལུག་སྤྲེལ་གསུམ་ལོ་ལ་རྒྱ་དམག་འོང་། །ཆུ་ཕོ་སྤྲེལ་ལ་ཡར་ལུང་དམག་སྒར་ཆགས། །མཐའ་མ་བོད་འདི་རྒྱ་ཡི་འོག་ཏུ་འགྲོ། །ཕ་སྤུན་ནང་འཁྲུགས་རྟ་རྒོད་སྒང་ནས་འཁྲུགས། །བུམ་ཐང་ཕྱོགས་ནས་ཁྲི་ཡི་ཟུར་ཆ་ནོན། །རྒྱལ་ཁྲིམས་ཆོས་ཁྲིམས་སྐྱོང་བའི་ང་སྤྲུལ་བྱོན། །བལ་ཡུལ་རྒྱ་རྫོང་རྣམས་སུ་ཁྲུགས་པར་བྱེད། །བོད་ལ་སྐྱིད་པའི་ཉི་མ་ཅུང་ཟད་འཆར། །སྤྱོད་ངན་རང་གིས་བྱས་ནས་དུས་ངན་ཟེར། །དུས་ནི་མི་འགྱུར་མི་རྣམས་འགྱུར་བ་ཡིན། །དེ་དུས་མི་ལ་བསོད་ནམས་སྙན་གྲགས་མེད། །པདྨ་ང་ལ་གསོལ་བ་འདེབས་ནུས་ན། །་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
དབང་འདུས་ཀྱི་ལུང་བསྟན་དེ་བདེན་པ་ཤིན་ཏུ་ཆེ།
བོད་ཡུལ་བདེ་སྐྱིད་རྩ་བ་བོད་མིར་ཐུག
བོད་ཡུལ་བདེ་སྐྱིད་རྩ་བ་ཆམ་མཐུན་ཡིན།
རང་ལུགས་གསེར་ལྟ་གཞན་ལུགས་རག་གན་དུ།
འདོད་པའི་མི་ལ་གཏན་དུ་བདེ་བ་མེད།
ཆགས་སྡང་རྨོངས་གསུམ་ནག་ཕྱོགས་བདུད་པོ་ཡིན།
དེ་ལས་གཞན་དུ་བདུད་མེད་སྐལ་ལྡན་བུ།
དུས་ཀྱི་འཚུབ་ཆ་མ་ཡིན་ར་མ་ལུག
སྤྱོད་ངན་འཆང་བའི་མི་ཡི་བསམ་སྦྱོར་ལོག
ཉིས་སྟོང་ཡས་མས་འདི་ནས་ནུབ་ཀྱི་ཕྱོགས།
མགོ་སེར་མིག་ལྗང་ཞེས་བྱའི་ཡུལ་ཁམས་སུ།
ཉམས་རྟོགས་ཁྲོམ་སྒྲོགས་རྣལ་འབྱོར་ཁས་འཆེ་བས།
སངས་རྒྱས་བསྟན་པའི་ཆ་གཅིག་དེ་དུས་ཉམས།
བན་དེ་བས་བན་རྐུབ་བུད་སོང་གདའ། དབང་འདུས་ཀྱིས་ལུང་བསྟན་ཅི་མ་རེད། ཨོ་རྒྱན་གླིང་པའི་བཀའ་བསྡུས་ལས་རེད། ཚིག་འགའ་རེ་ནོར་པ་ལས་བཀའ་བསྡུས་ནང་གི་ལུང་བསྟན་རེད་ཀོ །
ལགས་སོ
ཁ་བརྡའི་རྩོམ་སྒྲིག་པ་ལགས། ངས་རྩོམ་རེ་བསྐུར་འདོད་ཀྱང་བསྐུར་སྟངས་མི་ཤེས་པས་ལམ་སྟོན་ཞིག་གནང་རོགས།
༧རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་མཆོག་དང་།
ཨེ་མ་ཧོས།
སྐྱབས་གནས་བསླུ་མེད་དཀོན་མཆོག་རྩ་བ་གསུམ། །
ཁྱད་པར་གངས་ཅན་མགོན་པོ་སྤྱན་རས་གཟིགས། །
རྗེ་བཙུན་སྒྲོལ་མ་གུ་རུ་པདྨ་འབྱུང་། །
གསོལ་བ་འདེབས་སོ་ཐུགས་དམ་ཞལ་བཞེས་དགོངས། །
སྨོན་ལམ་ཡོངས་སུ་འགྲུབ་པར་བྱིན་གྱིས་རློབས། །
ཀརྡོས།
༸སྐྱབས་གནས་བསླུ་མེད་༸དཀོན་མཆོག་རྩ་བ་གསུམ། །
ཁྱད་པར་༸བསྟན་འཛིན་རྒྱ་མཚོ་སྤྱན་རས་གཟིགས། །
༸གུ་རུ་པད་འབྱུང་སྒྲོལ་མ་ལ་སོགས་ལ། །
གསོལ་བ་འདེབས་སོ་ཐུགས་དམ་ཞལ་བཞེས་དགོངས། །
སྨོན་ལམ་ཡོངས་སུ་འགྲུབ་པར་བྱིན་གྱིས་རློབས། །
ཡ་ཡ་བན་དེ་ཟེར་བ་འདིས་འཇམ་དབྱངས་མཁྱེན་བརྩེ་དང་དུས་གསུམ་སངས་རྒྱས་གུ་རུའི་ལུང་བསྟན་ལ་ཟུར་ཟ་བྱས་པ་རེད། ལུང་བསྟན་ནི་གང་ཡིན་གྱིས་བཤད་བཞག་པ་ཞིག་ཡོད་མ་རེད། སོ་སོའི་འདོད་པ་བཞིན་བཤད་ན་ལུང་བསྟན་ཅི་མ་རེད། རྟོག་བཟོ་རེད། ངས་གང་ཤར་ཞིག་བྲིས་ན་སུ་ཡིན་ན་འབྲི་ཤེས་རེད།
དེ་ཡང་ཇི་སྐད་དུ། འདི་ལྟར་རོ།།
ཀྱེ་མ་ཀྱེ་ཧོ་གངས་ཅན་བོད་རྣམས་གསོན། །
སྙིགས་མ་ལྔ་ཡི་མུན་ནག་ཤིན་ཏུ་སྟུག །
བསོད་ནམས་ཟད་པའི་ལས་ལ་བཅོས་ཐབས་དཀའ། །
བོད་རྣམས་རང་གིས་རང་ཕུང་སྙིང་རེ་རྗེ། །
རྒྱལ་བའི་བཀའ་ལ་རིས་ཆད་གསར་བོན་བཟོ། །
མེས་པོའི་ལོ་རྒྱུས་རྟོག་པའི་སྒྲུང་དུ་བསྒྲུབས། །
ལེགས་བཤད་བཀའ་བསྟན་རྫུན་གྱི་ཕུང་པོར་བསྒྱུར། །
བོད་ཀྱི་ཆོས་འབྱུང་ཡིད་རྟེན་མེད་པར་བཟོ། །
པན་ཆེན་དབུ་ལ་ཉེས་མེད་ཞྭ་ནག་གཡོགས། །
རྒྱལ་བའི་དབུ་ལ་གཤིན་ཞྭ་ཁྲ་བོས་འགེབས། །
ཆོས་ཟབ་རྩ་ན་ནག་པོ་བདུད་ཀྱང་། །
ཆོས་ལ་དཔེ་བརྐུས་བསྟན་པའི་ཆོམ་རྐུན་མོད། །
བདེན་པ་དཀོན་ཞིང་རྫུན་གྱི་མགོ་འཕང་མཐོ། །
དམ་པ་རྣམ་ནི་ཁྱི་གླན་བཞིན་དུ་འཁྱམས། །
སྤྱོད་ངན་རང་གིས་བྱས་ནས་དུས་ངན་ཚེས། །
བན་དེ་ཟེར་ནས་བོན་འདྲེ་ལྷ་རུ་བསྟེན། །
ཉེས་ཀུན་འབྱུང་གནས་གདོན་འདྲེ་བོན་དོལ་དར། །
བོད་ཡུལ་སྡུག་པའི་དུས་ངན་བབས་པ་ཡིན། །
རྒྱ་འགོང་བསྟན་པ་ཉིས་སྟོང་བརྒྱད་ནས་དར། །
འཛམ་གླིང་མི་རྣམས་མགོ་བོ་གདུགས་བཞིན་བསྐོར། །
བོད་ལ་སྐྱིད་པའི་སྣང་བ་སྤུ་ཙམ་མེད། །
འབྱུང་བར་དགྲ་བཟུང་གཅེས་སྲོག་གྲངས་མེད་ཤོར། །
དུས་ཀྱི་འཁོར་ལོའི་བསྟན་པས་སྨིན་གྲོལ་ཀྱང་། །
སྡུག་གི་འཁོར་ལོ་ཟེར་ནས་སྒྲོ་བཀུར་འདེབས། །
བློ་བཟང་རྒྱལ་བའི་སྤྲུལ་པ་ལྷོ་ནས་འཁྲུངས། །
བློ་བཟང་སེངྒེའི་ཞེས་བྱའི་ཆོས་རྒྱལ་འབྱུང་། །
བོན་དང་དོལ་གྱིས་གཞན་དབང་མ་སོང་ན། །
བོད་ལ་སྐྱིད་པ་ཉི་མ་དགུང་ནས་འཆར། །
འོ་པདྨ་དཔལ་དགྱེས་ཨེ་མ་ཧོ་མིང་བརྒྱའི་བདག་པོས་བོད་ཡུལ་བདེ་སྐྱིད་སྨོན་ལམ་ཟེར་བ་དེ་བཏབ་འདུག་ག་
ཉམས་ལེན་མེད་པའི་ཉམས་རྟོགས་བཤད།
ཕན་སེམས་མེད་པས་སྨོན་ལམ་འདེབ།
རང་རྒྱལ་གཞན་ཕམ་ཆགས་སྡང་བློས།
ཀུན་ནས་བཅིངས་པའི་ཨེ་མ་ཧོ།
དོལ་རྒྱལ་ཐོག་མར་གང་ནས་བྱུང་ཚུལ་གཏམ།
ཀུན་གྱི་སྤྱན་གྱི་ལམ་དུ་བསྟར་ལགས་ན།
ད་ནས་དོལ་རྒྱལ་དོལ་རྒྱལ་མ་ཟེར་ཅིག
བདུད་ཀྱི་ཞགས་པ་རང་ལ་འཁོར་ནས་འདུག
གོང་གི་བོད་ཡུལ་བདེ་བའི་སྨོན་ལམ་དེ་ང་པདྨས་བཏབས་པ་ཅི་མ་རེད། མཁན་ཆེན་དཔལ་དགྱེས་པས་བཏབས་པ་ཡང་དེ་བས་ཀྱང་མ་རེད། ལོ་བརྒྱའི་སྔོན་ནས་རིས་མེད་བསྟན་པའི་མངའ་བདག་ཆེན་པོ་རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་དབང་པོས་བརྩམས་པ་བོད་ཡུལ་བའི་བདེ་བའི་སྨོན་ཞེས་པ་དེ་རེད། བོད་མི་ཕལ་ཆེ་བས་ཤེས་པའི་གལ་ཆེན་པོའི་སྨོན་ལམ་ཞིག་རེད། ཨེ་མ་ཧོས་འོས་སྦྱོར་བྱས་པ་ཡིན་ས་རེད། བོན་པོ་དང་ཡེ་ཤུ་བས་མི་ཤེས་པར་ཁག་མེད། ཁྱད་པར་དགེ་བཤེས་ཆེན་མོ་བོན་འཁོར་ཉི་མ་འོད་ཟེར་སང་གིས་ད་དུང་ཤེས་མི་འདུག ད་གཟོད་ཤེས་པར་ཡ་མཚན་རེད་ཡ་སྡིག་གྲོགས། །
དགེ་ལུགས་པའི་དགེ་བཤེས་ཀྱིས་རྙིང་མའི་ཞལ་འདོན་མི་ཤེས། རྙིང་མའི་མཁན་པོས་དམིགས་བརྩེ་མ་མི་ཤེས། དོལ་ཚོགས་ཀྱིས་བསྟན་པ་རྒྱས་པའི་སྨོན་ལམ་མི་ཤེས། བྱ་འདི་ན་བྱ་འདུ། མ་ཤེས་པ་མ་རེད་སྣང་ཆུང་བྱས་པ་རེད།
དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས། །བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག །གངས་ཅན་མཁས་པའི་གཙུག་རྒྱན་ཀློང་ཆེན་པ། །དྲི་མེད་འོད་ཟེར་ཞབས་ལ་གསོལ་བ་འདེབས། །ཞེས་འདོན་སྲོལ་འདུག
ཨ་ཏི་ཤ་ཡི་སྤྲུལ་པ་བློ་བཟང་གྲགས། །སྐྱེས་བུ་དེ་བྱོན་བོད་ལ་བདེ་སྐྱིད་འཆར། །ཞེས་པའི་ལུང་བསྟན་དེ་བཀའ་ཐང་བསྡུས་པའི་ཡིག་རྙིང་རྣམས་སུ་མི་འདུག་པས་རྗེས་སུ་རྙིང་རྒན་དགེ་དགའ་ཞིག་གིས་བཙུག་པ་འདྲ། ཞེས་གསུངས་འདུག
དབང་འདུས་སང་བདེན་སྲིད། དེ་འདྲ་འདོན་སྲོལ་ཡོད་ན་ཡང་དེ་དཔེ་བླངས་ཡིན་ས་རེད། བཀའ་བསྡུས་ཡིག་རྙིང་ནང་ཇི་བཞིན་ཡོད་པར་འདིར་འགོད་རོགས། དེ་ན་ལེགས་སྐར་སྤྲུལ་པ་མདོ་ཁམས་སྨད་ནས་འབྱུང་༔ ཞེས་པ་འདུག་གམ། ཨ་ཏི་ཤ་ཡི་སྤྲུལ་པ་བློ་བཟང་གྲགས། །སྐྱེས་བུ་དེ་བྱོན་བོད་ལ་བདེ་སྐྱིད་འཆར། །ཞེས་པའི་ལུང་བསྟན་དེ་བཀའ་ཐང་བསྡུས་པ་ལྷ་སའི་དཔར་མ་དང་སྡེ་དགེའི་དཔར་མའི་ནང་དུ་འདུག་གོ།
ཨ་ཏི་ཤ་ཡི་སྤྲུལ་པ་བློ་བཟང་གྲགས། །
སྐྱེས་བུ་དེ་བྱོན་བོད་ལ་བདེ་སྐྱིད་འཆར། །
དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །
དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས། །
བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག །
གངས་ཅན་མཁས་པའི་གཙུག་རྒྱན་ཀློང་ཆེན་པ། །
དྲི་མེད་འོད་ཟེར་ཞབས་ལ་གསོལ་བ་འདེབས། །
རྙིང་མའི་ནང་དུ་བོན་རྡོ་རྗེ་གླིང་པ་དང་། པདྨ་གླིང་པ་གཉིས་ལས་རྗེ་ཙོང་ཁ་པ་ལ་སྐྱོན་བརྗོད་བྱེད་པའི་གཏེར་སྟོན་སུ་ཡང་མི་འདུག ཁོང་གཉིས་ཀྱི་གསུང་དེ་རང་གསུངས་དངོས་མ་ཡིན་མིན་ཡང་བཤད་དཀའ། ངས་གཏེར་ཆེན་བརྒྱ་རྩའི་གཏེར་ཆོས་བཞུགས་སོ་ཅོག་དཔེ་ཀློག་བྱས་པ་ཡིན་ཏེ་མང་ཆེ་བས་རྗེ་ཙོང་ཁ་པ་ཆེན་པོ་ལ་བསྔགས་པ་ལས་སྨོད་པ་ད་བར་མཇལ་མ་སོང་།། དེས་ན་རྙིང་མ་སྤྱིའི་དབང་དུ་བྱས་ན་རྗེ་རིན་པོ་ཆེར་དད་པ་བྱེད་པའི་ཕྱོགས་སུ་གཏོགས་ཅེས་སྨྲས་ཀྱང་རུང་ངོ་། །བཀའ་བརྒྱུད་པར་གསུང་ལ་ལར་རྗེའི་གསུང་ལ་འཛེམ་བག་བྱེད་མཁན་རྙིང་མ་ལས་མང་། མཉམ་དུ་འགྲོགས་ན་བཀའ་རྙིང་གཉིས་ཀའི་གཏིང་་ན་དག་སྣང་ཞིག་ཡོད་པས་དགྲར་འཛིན་ཧ་ཅང་མི་ཆེ་སྙམ། དེ་རང་གི་རྣམ་རྟོག་ཙམ་ལས་སྒྲུབ་བྱེད་གཞན་མེད་དོ།།