བོད་རང་བཙན་གྱི་བདེན་པ་ར་སྤྲོད། འཇམ་དབྱངས་ནོར་བུ། Posted on 2010-02-192010-02-19 By ཁ་བརྡ་ 13 Comments on བོད་རང་བཙན་གྱི་བདེན་པ་ར་སྤྲོད། འཇམ་དབྱངས་ནོར་བུ། ཚན་པ་གཉིས་པ། ཚན་པ་གསུམ་པ། ཚན་པ་བཞི་པ། ཚན་པ་ལྔ་བ། ཚན་པ་དྲུག་པ། ཚན་པ་བདུན་པ། ཚན་པ་བརྒྱད་པ། ཚན་པ་དགུ་བ། གསར་འགྱུར།
འཇམ་ནོར་གྱི་འདི་ཉན་རྒྱུ་ཞིག་རེད་དམ་ཡང་ན་ཀློག་རྒྱུ་ཞིག་རེད། ངས་འདི་ནས་ཅི་ཡང་མི་མཐོང་གི གསལ་བཤད་ཅིག་གནོངས་དང་།
རྩམ་དགས་ལན་གནང་བར་ཐུགས་རྗེ་ཆེ། ང་ཚོའི་འདི་ནས་ཀློག་རྒྱུ་མ་གཏོགས་ཉན་རྒྱུ་དང་ལྟ་རྒྱུ་ལ་སྒོ་ཟ་ནག་པོ་ཞིག་བརྒྱབས་ཡོད་ནི་རེད། ད་སང་ཉིན་དྲ་ཁང་ཞིག་ཏུ་འགྲོ་ན་ལས་ཐབས་གཞན་ཅང་ཡོད་ནི་མ་རེད་ཡ།
ང་ཚོ་ལ་སྒྲུང་བཤད་མཁན་ལས། དངོས་ཡོད་ལ་ཞུགས་ནས་འཐབ་རྩོད་བྱེད་མཁན་འཁོ་བའི་དུས་ཚོད་ཅིག་ལས། བོད་པས་བོད་མི་རང་ལ་རང་གི་རྒྱལ་ཁབ་རང་བཙན་ཡིན་རབས་བཤད་དེ་བསྡོད་པའི་དུས་ནི་གཡོལ་ཚར་བ་རེད། ངས་ཚང་མར་ཉན་པ་ཡིན། དེ་དག་ནི་བོད་མི་དོ་སྣང་ཡོད་མཁན་དག་གིས་དེ་བས་ཀྱང་མི་ཉུང་བ་ཞིག་བོད་རྒྱལ་བཙན་པོ་ཐོག་མ་རིམ་བྱུང་ནས་བཟུང་དེ་ལོ་རྒྱུས་ཤིག་བཤད་དེ་འོང་བ་ཡིན་ན་དུས་ཚོད་ཀྱིས་ཀྱང་འདང་ཁག་པོ་ཡིན་པ་རེད། དེ་ལས་ལག་ལེན་ལ་ཞུགས་པའི་མི་གཅིག་གཉིས་རེ་བྱུང་བ་ཡིན་ན་ནི། དངོས་ནས་དུས་ཚོད་རན་ཤོས་ཤིག་དང་། བོད་ནང་མི་བོད་མི་དག་གི་ཚེ་སྲོག་གི་རིན་ཐང་ལ་གསོན་ཤུགས་ཤིག་རྒྱས་ངེས་ཡིན།
གོང་གི་མཆན་བུ་ཁག་ལ་མོས་མཐུན་ཡོད། རྒྱུ་མཚན་ནི་བོད་ལ་རང་བཙན་མ་རག་པ་་མ་གཏོགས། རང་བཙན་མ་རེད་ཟེར་མཁན་སུ་འདུག རང་བཙན་ཡིན་པའི་ལོ་རྒྱུས་བཤད་བསྡད་པ་ལས་རང་བཙན་ལེན་པའི་ལག་ལེན་ནང་དངོས་སུ་ཞུགས་ཐུབ་ན་དོན་སྙིང་ལྡན་པར་འགྱུར་ལ་དེ་ནི་གཏམ་བཤད་རྫིག་པོ་ལས་རིན་ཐང་ཆེ་འོ།
འཇམ་ནོར་ལགས་ཀྱིས་ཡག་པོ་གསུངས་འདུག བོན་ཞེན་ཅན་གྱི་བཀའ་མོལ་རྐྱང་རྐྱང་འདུག་ཡག་པོ་རེད། ཁོང་གི་ཐུགས་རྒྱུད་ལ་འཚེ་མེད་ཞི་བའི་གནས་ཚད་མཐོ་རུ་ཕྱིན་འདུག་སྙམ། དབུ་མའི་ལམ་གྱི་སྲིད་འཇུས་ཀྱིས་འགྲུབ་འབྲས་མ་ཐོན་སྔོན་ལ་རང་བཙན་འཐབ་རྩོད་ནི། ངས་བློ་ལ་མི་ཆུད་པས་ད་ལྟའི་ཆ་ལ་བོད་རང་བཙན་འཐབ་རྩོད་ལ་ངས་རྒྱབ་སྐྱོར་མེད། ང་ནི་༸གོང་ས་མཆོག་གཅིག་ཉིད་ཀྱི་འོག འཚེ་མེད་ཞི་བའི་ཐབས་ལམ་གཅིག་ཉིད་ཀྱིས་སྒོ་ནས། ལམ་དབུ་མའི་འཐབ་རྩོད་ཀྱི་འབྲས་བུ་གཡུར་ཟ་བ་གཅིག་ཉིད་ཐོབ་རེ་ལ་རྒྱབ་སྐྱོར་དང་། རེ་སྒྲུག་དང་རེ་སྨོན་བྱེད་མཁན་ཅིག་ཡིན་པས་སོ། །
གོང་གི་གྲོགས་པོ་ཚང་མས་བཤད་པ་ལ་བདེན་ཁ་སྟེར་ཆོག འཇམ་ནོར་གྱིས་ད་བར་བོད་རང་བཙན་ཡིན་པའི་རྒྱུ་མཚན་དྲངས་ནས་བསྡད་པ་རེད། དེ་ལྟར་སྡོད་པ་ལས་བོད་རང་བཙན་ཅི་ལྟར་ལེན་དགོས་པའི་ཐབས་ལམ་གནད་དུ་ཁེལ་བ་རེ་གསུང་ན་ཅི་མ་རུང་སྙམ།
འཇམ་དབྱངས་ནོར་བུས་གང་བཤད་པ་གོ་ཐུབ་ཀྱི་མི་འདུག (ཀློག་ཀླད་ཀྱི་མཐུན་རྐྱེན་ལས) ཡིན་ནའི་ལོ་རྒྱུས་ཀྱི་བདེན་པ་གང་ཡིན་པ་དེ་ཤེས་དགོས་པ་དང་། བཤད་དགོས་པ་དེ་ཧ་ཅང་གིས་གལ་ཆེན་པོ་ཆགས་ཡོད། རང་བཙན་རེད་ཅེས་མ་ཎི་བགྲང་བགྲང་བྱས་པ་ལས་རང་བཙན་ཡིན་པའི་རྒྱུ་མཚན་ཤོད་རྒྱུ་མེད་ན་ཐབས་སྐྱོ་བོ་རེད། རྒྱ་ནག་གིས་སྔོན་ནས་ད་བ། ་ལོ་རྒྱུས་ལ་འཁྱོག་བཤད་བྱེད་རྒྱུའི་གོ་སྐབས་ཕྲན་བུ་ཙམ་ཡང་འཐུས་ཤོར་བཏང་མེད། ང་ཚོ་སྐྱེས་ཡོང་དུས་ནས་བོད་པའི་ལོ་རྒྱུས་ཤེས་ཤེས་པ་ཞིག་ཏུ་སྐྱེས་པ་ཞིག་མ་རེད། ཨམ་ཅོག་ནང་ལ་བླུགས་མཁན་དང་། མིག་ལ་སྟོན་མཁན་ཞིག་དགོས་པ་རེད། བོད་ནང་དུ་ཉིན་ལྟར་རེ་བཞིན་བོད་ཀྱི་ལོ་རྒྱུས་རྫུན་མ་ཞིག་ཨམ་ཅོག་ནང་དུ་བླུགས་མཁན་ཡོད། འཇམ་དབྱངས་ནོར་བུའི་བྱེད་སྟངས་ལ་རྒྱབ་སྐྱོར་ཡོད། མ་འོངས་བོད་ཀྱི་མདུན་ལམ་དེ་ཐབས་ལམ་གང་ཞིག་ཐོགས་འགྲོ་མིན་སོ་སོའི་འདོད་པ་རེད། འོན་ཀྱང་སྐབས་འཚོལ་རིང་ལུགས་པ་ཞིག་མ་ཐོན་པའི་རེ་བ་ཆེན་པོ་ཡོད།
ང་ཕོད་ཀྱིས་བཤད་པའི་གཏམ་ངན་ཞིག་་་་་་་་་་་་་་་་་་་་་་་་་་་་་འདིར་བཀོད་ན་་ ཉེ་ལམ་ལྷ་སའི་ནང་ཟིང་སློང་མཁན་ཉུང་ཤས་ནས་“བོད་རང་བཙན་ཡིན་”ཞེས་བཤད་པ་ནི་ཁུངས་ལུང་གཏན་ནས་མེད་པ་ཞིག་རེད། བོད་འདི་ནི་རང་བཙན་མིན་པ་རྒྱ་བོད་ཡིག་རིགས་གཉིས་ཀྱི་དེབ་ཐེར་རམ་ད་ལྟའང་མིག་མཐོང་ལག་འཛིན་བྱ་རྒྱུ་ཡོད་པའི་ལོ་རྒྱུས་ཀྱི་རིག་དངོས་སོགས་དཔེར་ན་གོང་མས་བོད་ཀྱི་དབང་སྒྱུར་པར་གནང་བའི་གསེར་ཡིག་དང་། གསེར་གྱི་འཇའ་ས། ཐམ་ག་བཅས་ཀྱི་ཐོག་ནས་བོད་འདི་རང་བཙན་ར་འཕྲོད་བྱུང་ཡོད། བཙན་པོའི་དུས་སུ་བོད་དང་ཐང་རྒྱལ་རབས་བར་འབྲེལ་བ་དམ་ཟབ་ཆགས་ཡོད་པ་དང་། ཡོན་རྒྱལ་རབས་ནས་བཟུང་བོད་འདི་ཀྲུང་གོའི་མངའ་ཁོངས་སུ་དངོས་སུ་བཅུག་ཏེ་ཀྲུང་གོའི་མངའ་ཁོངས་ཀྱི་ཆ་ཤས་སུ་གྱུར་ནས་ད་བར་ལོ་ངོ་བདུན་བརྒྱ་བཞི་བཅུ་ལྷག་ཙམ་སོང་བ་དང་། དེའི་ཐོག་ནས“བོད་རང་བཙན་ཡིན”ཟེར་བ་ནི་ཁུངས་ལུང་གཏན་ནས་མེད་པའི་བཤད་སྲོལ་ཞིག་རེད། ཁོ་བོས་ཞྭ་སྒབ་པའི་དཔེ་དེབ་དེར་ཞིབ་དཔྱད་ཡང་ཡང་བྱས་པས་ཞྭ་སྒབ་པས་བོད་ཡིག་གི་ལོ་རྒྱུས་དཔྱད་ཡིག་གམ་རྒྱ་ཡིག་གི་ལོ་རྒྱུས་དཔྱད་ཡིག་ལུང་དུ་འདྲེན་སྐབས་རང་གི་དགོས་མཁོར་གཞིགས་ནས་ཚིག་མཚམས་ལོག་བཅད་དང་། རང་ཕན་ལུང་དྲངས་གཞན་ཕན་ནག་སུབ་ལ་སོགས་པ་བྱས་ཏེ་རྫུན་གཏམ་འཁྲུལ་མེད་ཀྱི་བསྡོམས་ཚིག་བཟོས་འདུག། འོན་ཀྱང་རྫུན་གཏམ་ནི་ཁུངས་འཁྱོལ་ཐབས་མེད། བོད་འདི་“རང་བཙན་”མིན་བཞིན་དུ་ཟིང་ཆ་སློང་མཁན་ཚོས་“རང་བཙན་”ཡིན་ཞེས་སྐད་ཅོར་ཅི་འདྲ་བརྒྱབ་ཀྱང་“རང་བཙན་”ཡོང་ཐབས་མེད། ཟིང་ཆ་སློང་མཁན་གྲྭ་པ་ཚོས་ལོ་རྒྱུས་རྩ་བ་ནས་ཤེས་ཀྱི་མེད་པར་“རང་བཙན་”ཡིན་ཞེས་སྟོང་བཤད་བྱས་ནས་ཕན་ཐོགས་གང་ཡོད་དམ།
འཇམ་དབྱང་ནོར་བུ་ལགས་ནས་དངོས་གནས་ཁུང་ལུང་རྒྱུ་མཚན་ལྡན་པའི་གསུང་བཤད་ཞིག་མནང་འདུགས། དགའ་བསྲུ་ཡོད། མ་གཞི་ང་ཡང་དབུ་མའི་ལམ་ལ་འགྲོ་མཁན་ཞིག་ཡིན་ཀྱང་། ཁོང་གི་གསུང་བཤད་དེ་དག་ནི་དངོས་ཡོད་གནས་ཚུལ་དང་མཐུན་ཞིང་རྒྱུ་མཚན་ལྡན་པ་མ་ཟད། ལོག་རྟོགས་མང་པོ་ཞིག་ཀྱང་སེལ་ཐུབ་པ་འདུག་པས་དགའ་བསྲུ་ཞུས་པ་ཡིན།
ང་ཕོད་ལ་འདྲི་རྒྱུ་ནི་ ༡༩༡༢ ཡས་མས་སུ་དབྱིན་ཇིའི་བོད་ལ་དམག་རྒྱབ་པ་དང་རི་པིན་གྱིས་ཧྲང་ཧེ་ལ་དམག་རྒྱབ། བོད་དང་ཧྲང་ཧེ་གཉིས་ཀ་ཀྲུང་གོའི་མངའ་ཁུངས་གཅིག་མཚུངས་ཡིན་ན་གཞུང་དམག་གིས་ཧྲང་ཧེ་ནས་རི་པིན་འགོག་ཧྲང་རོགས་བྱེད་ལ། བོད་ནས་དབྱིན་འགོག་བོད་རོགས་མི་བྱེད་པའི་རྒྱུ་མཚན་ཅི། ལོ་རྒྱུས་བཤད་ཀྱི་འདུག་པས་ལོ་རྒྱུས་ཀྱི་དྲི་བ་བཀོད་པ་ཡིན། མུའུ་ཕྲུག་བརྒྱུད་ནས་ང་ཕོ་ལ་ཞུ་རོགས།
འཇམ་ནོར་གྱི་འདི་ཉན་རྒྱུ་ཞིག་རེད་དམ་ཡང་ན་ཀློག་རྒྱུ་ཞིག་རེད། ངས་འདི་ནས་ཅི་ཡང་མི་མཐོང་གི གསལ་བཤད་ཅིག་གནོངས་དང་།
གྲོགས་པོ་ལགས། འདི་ཉན་རྒྱུ་ཞིག་རེད་འདུག
རྩམ་དགས་ལན་གནང་བར་ཐུགས་རྗེ་ཆེ། ང་ཚོའི་འདི་ནས་ཀློག་རྒྱུ་མ་གཏོགས་ཉན་རྒྱུ་དང་ལྟ་རྒྱུ་ལ་སྒོ་ཟ་ནག་པོ་ཞིག་བརྒྱབས་ཡོད་ནི་རེད། ད་སང་ཉིན་དྲ་ཁང་ཞིག་ཏུ་འགྲོ་ན་ལས་ཐབས་གཞན་ཅང་ཡོད་ནི་མ་རེད་ཡ།
བོད་རང་བཙན་མ་རེག་པ་ནི་རང་བཙན་ཡིན་པ་ར་མ་འཕྲོད་པས་རེད་དམ།ཡང་ན་ར་སྤྲད་ཀྱང་མ་ཕན་པ་རེད།
ང་ཚོ་ལ་སྒྲུང་བཤད་མཁན་ལས། དངོས་ཡོད་ལ་ཞུགས་ནས་འཐབ་རྩོད་བྱེད་མཁན་འཁོ་བའི་དུས་ཚོད་ཅིག་ལས། བོད་པས་བོད་མི་རང་ལ་རང་གི་རྒྱལ་ཁབ་རང་བཙན་ཡིན་རབས་བཤད་དེ་བསྡོད་པའི་དུས་ནི་གཡོལ་ཚར་བ་རེད། ངས་ཚང་མར་ཉན་པ་ཡིན། དེ་དག་ནི་བོད་མི་དོ་སྣང་ཡོད་མཁན་དག་གིས་དེ་བས་ཀྱང་མི་ཉུང་བ་ཞིག་བོད་རྒྱལ་བཙན་པོ་ཐོག་མ་རིམ་བྱུང་ནས་བཟུང་དེ་ལོ་རྒྱུས་ཤིག་བཤད་དེ་འོང་བ་ཡིན་ན་དུས་ཚོད་ཀྱིས་ཀྱང་འདང་ཁག་པོ་ཡིན་པ་རེད། དེ་ལས་ལག་ལེན་ལ་ཞུགས་པའི་མི་གཅིག་གཉིས་རེ་བྱུང་བ་ཡིན་ན་ནི། དངོས་ནས་དུས་ཚོད་རན་ཤོས་ཤིག་དང་། བོད་ནང་མི་བོད་མི་དག་གི་ཚེ་སྲོག་གི་རིན་ཐང་ལ་གསོན་ཤུགས་ཤིག་རྒྱས་ངེས་ཡིན།
གོང་གི་མཆན་བུ་ཁག་ལ་མོས་མཐུན་ཡོད། རྒྱུ་མཚན་ནི་བོད་ལ་རང་བཙན་མ་རག་པ་་མ་གཏོགས། རང་བཙན་མ་རེད་ཟེར་མཁན་སུ་འདུག རང་བཙན་ཡིན་པའི་ལོ་རྒྱུས་བཤད་བསྡད་པ་ལས་རང་བཙན་ལེན་པའི་ལག་ལེན་ནང་དངོས་སུ་ཞུགས་ཐུབ་ན་དོན་སྙིང་ལྡན་པར་འགྱུར་ལ་དེ་ནི་གཏམ་བཤད་རྫིག་པོ་ལས་རིན་ཐང་ཆེ་འོ།
འཇམ་ནོར་ལགས་ཀྱིས་ཡག་པོ་གསུངས་འདུག བོན་ཞེན་ཅན་གྱི་བཀའ་མོལ་རྐྱང་རྐྱང་འདུག་ཡག་པོ་རེད། ཁོང་གི་ཐུགས་རྒྱུད་ལ་འཚེ་མེད་ཞི་བའི་གནས་ཚད་མཐོ་རུ་ཕྱིན་འདུག་སྙམ། དབུ་མའི་ལམ་གྱི་སྲིད་འཇུས་ཀྱིས་འགྲུབ་འབྲས་མ་ཐོན་སྔོན་ལ་རང་བཙན་འཐབ་རྩོད་ནི། ངས་བློ་ལ་མི་ཆུད་པས་ད་ལྟའི་ཆ་ལ་བོད་རང་བཙན་འཐབ་རྩོད་ལ་ངས་རྒྱབ་སྐྱོར་མེད། ང་ནི་༸གོང་ས་མཆོག་གཅིག་ཉིད་ཀྱི་འོག འཚེ་མེད་ཞི་བའི་ཐབས་ལམ་གཅིག་ཉིད་ཀྱིས་སྒོ་ནས། ལམ་དབུ་མའི་འཐབ་རྩོད་ཀྱི་འབྲས་བུ་གཡུར་ཟ་བ་གཅིག་ཉིད་ཐོབ་རེ་ལ་རྒྱབ་སྐྱོར་དང་། རེ་སྒྲུག་དང་རེ་སྨོན་བྱེད་མཁན་ཅིག་ཡིན་པས་སོ། །
གོང་གི་གྲོགས་པོ་ཚང་མས་བཤད་པ་ལ་བདེན་ཁ་སྟེར་ཆོག འཇམ་ནོར་གྱིས་ད་བར་བོད་རང་བཙན་ཡིན་པའི་རྒྱུ་མཚན་དྲངས་ནས་བསྡད་པ་རེད། དེ་ལྟར་སྡོད་པ་ལས་བོད་རང་བཙན་ཅི་ལྟར་ལེན་དགོས་པའི་ཐབས་ལམ་གནད་དུ་ཁེལ་བ་རེ་གསུང་ན་ཅི་མ་རུང་སྙམ།
འཇམ་དབྱངས་ནོར་བུས་གང་བཤད་པ་གོ་ཐུབ་ཀྱི་མི་འདུག (ཀློག་ཀླད་ཀྱི་མཐུན་རྐྱེན་ལས) ཡིན་ནའི་ལོ་རྒྱུས་ཀྱི་བདེན་པ་གང་ཡིན་པ་དེ་ཤེས་དགོས་པ་དང་། བཤད་དགོས་པ་དེ་ཧ་ཅང་གིས་གལ་ཆེན་པོ་ཆགས་ཡོད། རང་བཙན་རེད་ཅེས་མ་ཎི་བགྲང་བགྲང་བྱས་པ་ལས་རང་བཙན་ཡིན་པའི་རྒྱུ་མཚན་ཤོད་རྒྱུ་མེད་ན་ཐབས་སྐྱོ་བོ་རེད། རྒྱ་ནག་གིས་སྔོན་ནས་ད་བ། ་ལོ་རྒྱུས་ལ་འཁྱོག་བཤད་བྱེད་རྒྱུའི་གོ་སྐབས་ཕྲན་བུ་ཙམ་ཡང་འཐུས་ཤོར་བཏང་མེད། ང་ཚོ་སྐྱེས་ཡོང་དུས་ནས་བོད་པའི་ལོ་རྒྱུས་ཤེས་ཤེས་པ་ཞིག་ཏུ་སྐྱེས་པ་ཞིག་མ་རེད། ཨམ་ཅོག་ནང་ལ་བླུགས་མཁན་དང་། མིག་ལ་སྟོན་མཁན་ཞིག་དགོས་པ་རེད། བོད་ནང་དུ་ཉིན་ལྟར་རེ་བཞིན་བོད་ཀྱི་ལོ་རྒྱུས་རྫུན་མ་ཞིག་ཨམ་ཅོག་ནང་དུ་བླུགས་མཁན་ཡོད། འཇམ་དབྱངས་ནོར་བུའི་བྱེད་སྟངས་ལ་རྒྱབ་སྐྱོར་ཡོད། མ་འོངས་བོད་ཀྱི་མདུན་ལམ་དེ་ཐབས་ལམ་གང་ཞིག་ཐོགས་འགྲོ་མིན་སོ་སོའི་འདོད་པ་རེད། འོན་ཀྱང་སྐབས་འཚོལ་རིང་ལུགས་པ་ཞིག་མ་ཐོན་པའི་རེ་བ་ཆེན་པོ་ཡོད།
ང་ཕོད་ཀྱིས་བཤད་པའི་གཏམ་ངན་ཞིག་་་་་་་་་་་་་་་་་་་་་་་་་་་་་འདིར་བཀོད་ན་་
ཉེ་ལམ་ལྷ་སའི་ནང་ཟིང་སློང་མཁན་ཉུང་ཤས་ནས་“བོད་རང་བཙན་ཡིན་”ཞེས་བཤད་པ་ནི་ཁུངས་ལུང་གཏན་ནས་མེད་པ་ཞིག་རེད། བོད་འདི་ནི་རང་བཙན་མིན་པ་རྒྱ་བོད་ཡིག་རིགས་གཉིས་ཀྱི་དེབ་ཐེར་རམ་ད་ལྟའང་མིག་མཐོང་ལག་འཛིན་བྱ་རྒྱུ་ཡོད་པའི་ལོ་རྒྱུས་ཀྱི་རིག་དངོས་སོགས་དཔེར་ན་གོང་མས་བོད་ཀྱི་དབང་སྒྱུར་པར་གནང་བའི་གསེར་ཡིག་དང་། གསེར་གྱི་འཇའ་ས། ཐམ་ག་བཅས་ཀྱི་ཐོག་ནས་བོད་འདི་རང་བཙན་ར་འཕྲོད་བྱུང་ཡོད། བཙན་པོའི་དུས་སུ་བོད་དང་ཐང་རྒྱལ་རབས་བར་འབྲེལ་བ་དམ་ཟབ་ཆགས་ཡོད་པ་དང་། ཡོན་རྒྱལ་རབས་ནས་བཟུང་བོད་འདི་ཀྲུང་གོའི་མངའ་ཁོངས་སུ་དངོས་སུ་བཅུག་ཏེ་ཀྲུང་གོའི་མངའ་ཁོངས་ཀྱི་ཆ་ཤས་སུ་གྱུར་ནས་ད་བར་ལོ་ངོ་བདུན་བརྒྱ་བཞི་བཅུ་ལྷག་ཙམ་སོང་བ་དང་། དེའི་ཐོག་ནས“བོད་རང་བཙན་ཡིན”ཟེར་བ་ནི་ཁུངས་ལུང་གཏན་ནས་མེད་པའི་བཤད་སྲོལ་ཞིག་རེད། ཁོ་བོས་ཞྭ་སྒབ་པའི་དཔེ་དེབ་དེར་ཞིབ་དཔྱད་ཡང་ཡང་བྱས་པས་ཞྭ་སྒབ་པས་བོད་ཡིག་གི་ལོ་རྒྱུས་དཔྱད་ཡིག་གམ་རྒྱ་ཡིག་གི་ལོ་རྒྱུས་དཔྱད་ཡིག་ལུང་དུ་འདྲེན་སྐབས་རང་གི་དགོས་མཁོར་གཞིགས་ནས་ཚིག་མཚམས་ལོག་བཅད་དང་། རང་ཕན་ལུང་དྲངས་གཞན་ཕན་ནག་སུབ་ལ་སོགས་པ་བྱས་ཏེ་རྫུན་གཏམ་འཁྲུལ་མེད་ཀྱི་བསྡོམས་ཚིག་བཟོས་འདུག། འོན་ཀྱང་རྫུན་གཏམ་ནི་ཁུངས་འཁྱོལ་ཐབས་མེད། བོད་འདི་“རང་བཙན་”མིན་བཞིན་དུ་ཟིང་ཆ་སློང་མཁན་ཚོས་“རང་བཙན་”ཡིན་ཞེས་སྐད་ཅོར་ཅི་འདྲ་བརྒྱབ་ཀྱང་“རང་བཙན་”ཡོང་ཐབས་མེད། ཟིང་ཆ་སློང་མཁན་གྲྭ་པ་ཚོས་ལོ་རྒྱུས་རྩ་བ་ནས་ཤེས་ཀྱི་མེད་པར་“རང་བཙན་”ཡིན་ཞེས་སྟོང་བཤད་བྱས་ནས་ཕན་ཐོགས་གང་ཡོད་དམ།
འཇམ་དབྱང་ནོར་བུ་ལགས་ནས་དངོས་གནས་ཁུང་ལུང་རྒྱུ་མཚན་ལྡན་པའི་གསུང་བཤད་ཞིག་མནང་འདུགས། དགའ་བསྲུ་ཡོད། མ་གཞི་ང་ཡང་དབུ་མའི་ལམ་ལ་འགྲོ་མཁན་ཞིག་ཡིན་ཀྱང་། ཁོང་གི་གསུང་བཤད་དེ་དག་ནི་དངོས་ཡོད་གནས་ཚུལ་དང་མཐུན་ཞིང་རྒྱུ་མཚན་ལྡན་པ་མ་ཟད། ལོག་རྟོགས་མང་པོ་ཞིག་ཀྱང་སེལ་ཐུབ་པ་འདུག་པས་དགའ་བསྲུ་ཞུས་པ་ཡིན།
ང་ཕོད་ལ་འདྲི་རྒྱུ་ནི་ ༡༩༡༢ ཡས་མས་སུ་དབྱིན་ཇིའི་བོད་ལ་དམག་རྒྱབ་པ་དང་རི་པིན་གྱིས་ཧྲང་ཧེ་ལ་དམག་རྒྱབ། བོད་དང་ཧྲང་ཧེ་གཉིས་ཀ་ཀྲུང་གོའི་མངའ་ཁུངས་གཅིག་མཚུངས་ཡིན་ན་གཞུང་དམག་གིས་ཧྲང་ཧེ་ནས་རི་པིན་འགོག་ཧྲང་རོགས་བྱེད་ལ། བོད་ནས་དབྱིན་འགོག་བོད་རོགས་མི་བྱེད་པའི་རྒྱུ་མཚན་ཅི། ལོ་རྒྱུས་བཤད་ཀྱི་འདུག་པས་ལོ་རྒྱུས་ཀྱི་དྲི་བ་བཀོད་པ་ཡིན། མུའུ་ཕྲུག་བརྒྱུད་ནས་ང་ཕོ་ལ་ཞུ་རོགས།
ལོ་བརྒྱད་བརྒྱའི་སྔོན་གྱི་ལོ་རྒྱུས་ཕར་ཞོག ལོ་བརྒྱ་ཐམས་པ་མ་སོང་བའི་ལོ་རྒྱུས་ཅིག་ཡིན་ཟེར་ནས་ཤོད་རོགས།