གནས་ཚུལ་མཁོ་སྤྲོད་པ། ཟླ་དོན།
འདི་ཟླའི་ཟླ་མཇུག་ཏུ་བོད་རང་སྐྱོང་ལྗོངས་ཀྱི་སྲིད་གྲོས་དང་། མི་དམངས་འཐུས་ཚོགས། སྲིད་གཞུང། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་བཅས་ཀྱི་འགོ་ཁྲིད་ལ་འཕོ་འགྱུར་བཏང་ཡོད་ཅིང། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་བོད་རང་སྐྱོང་ལྗོངས་མི་དངམས་སྲིད་གཞུང་གི་ཀྲུའུ་ཞིར་འདེམས་བསྐོ་བྱས་ཡོད་པ་དང། པདྨ་འཕྲིན་ལས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་རིན་ལ་འདེམས་བསྐོ་བྱས་ཡོད་པ། བློ་བཟང་རྒྱལ་མཚན་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞིར་འདེམས་བསྐོ་བྱས་ཡོད་པ། བསོད་ཟླ་བོད་རང་སྐྱོང་ལྗོང་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ལ་འདེམ་བསྐོ་བྱས་འདུག བྱམས་པ་ཕུན་ཚོགས་ཏང་གི་དྲུང་ཆེ་གཞོན་པའི་གོ་གནས་སུ་མུ་མཐུད་ནས་བཞག་ཡོད་པ་དང་། འབྱུང་འགྱུར་དབུས་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་ལྟ་བུའི་ནང་བཀོད་སྒྲིག་བྱ་ཉེན་ཡོད།
འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་ནི་སྤྱི་ལོ་༡༩༤༠ ལོའི་ཟླ་༢ པར་ཁམས་ལི་ཐང་དུ་སྐྱེས།
པདྨ་འཕྲིན་ལས་ནི་སྤྱི་ལོ་༡༩༥༡ ལོར་ཁམས་སྟེང་ཆེན་དུ་སྐྱེས། སྤྱི་ལོ་༡༩༧༠ ལོར་དམར་ཤོག་ཚོགས་པར་ཞུགས།
བློ་བཟང་རྒྱལ་མཚན་ནི་སྤྱི་ལོ་༡༩༤༧ ལོར་ཁམས་བྲག་གཡབ་ཏུ་སྐྱེས། སྤྱི་ལོ་༡༩༧༨ ལོར་དམར་ཤོག་ཚོགས་པའི་ནང་ཞུགས།
བསོད་བདེ་ནི་སྤྱི་ལོ་༡༩༦༠ ལོར་ཁམས་འཇོ་མདར་སྐྱེས། སྤྱི་ལོ་ ༡༩༨༠ ལོར་དམར་ཤོག་ཚོགས་པར་ཞུགས།
བྱམས་པ་ཕུན་ཚོགས་ནི་སྤྱི་ལོ་༡༩༤༧ ལོར་ཆབ་མདོར་སྐྱེས། སྤྱི་ལོ་ ༡༩༧༤ ལོར་དམར་ཤོག་ཚོགས་པའི་ནང་ཞུགས།
ཚེས་༢༩ ཉིན་བློ་བཟང་རྒྱལ་མཚན་དང་བཅས་པ་སྐབས་གསར་པའི་འགོ་ཁྲིད་མི་སྣ་གསར་འགོད་པ་དང་ཐུག་འཕྲད་བྱེད་པའི་སྐབས། བློ་བཟང་རྒྱལ་མཚན་གྱིས་ང་ཚོའི་ཕྲག་ཐོག་ཏུ་བབས་པའི་ལས་འགན་ལྗིད་པོ་ཡིན་པ་དང། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོབ་དང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་མཐར་ཕྱིན་པ་བྱ་རྒྱུ་ཡིན་ཞེས་བརྗོད་འདུག
བོད་པ་རེད་ཨ
བློ་བཟང་ལགས། མི་འདི་ཚོ་མདོ་དབུས་ཁམས་གསུམ་ག་ནས་རེད?
ནུབ་ཕྱོགས་པས་ཁམས་པ་རེད་ཟེར་བ་བདེན་འདུག་སྟེ། བོད་པ མ་རེད་ཟེར་བ་་གང་ཤེས།
མེ་དཀར་ལགས། དེ་སྔ་བོད་ལ་དབུས་གཙང་ལ་བོད་པ་ཟེར་སྲོལ་འདུག ང་སྒང་ཏོག་ལ་ཡོད་དུས་བོད་པ་དེ་ཚོས། ་བོད་པ་ཁམས་པ་བཅས་གཉིས་ཟེར་སྲོལ་འདུག ང་རང་མགོ་འཐོམ་སོང་། ཕྱིས་སུ་སྐད་ཆ་དྲི་སྐབས་དེ་སྔ་དེ་འདྲའི་ཟེར་སྲོལ་ཡོད་རེད་བཅས་བཤད་བྱུང་། ཚིགས་འདི་བེད་སྤྱོད་གཏོང་མཁན་མང་ཆེ་བ་སྡེ་དགེ་དང་ནང་ཆེན་རེད་འདུག ཁམས་ཁུལ་ས་ཆ་གཞན་གྱི་དེ་འདྲ་བེད་སྤྱོད་བཏང་མིན་མི་ཤེས།
འདི་ཚོ་ཚང་མ་ཁམས་པ་རྐྱང་རེད་གདའ་དབུས་བཙང་དང་ཨ་མདོ་བ་ཁོ་ཚོའི་གང་བཤད་མི་ཉན་པ་དང་། གང་སྤྲད་མི་ལེན་པ་སོགས་ཁ་ཉན་པོ་མེད་ཙང་དཔོན་པོ་འཁོད་རྒྱུ་དཀའ་མོ་རེད།
དོལ་རྒྱལ་ཟེར་བ་འདི་གང་ཡིན་ནམ། ང་ཡང་འདི་དང་འབྲེལ་བ་ཞིག་བྱ་དགོས་འདུག་ ཁ་པར་ཨང་ན་གློག་ཕྲིན་ཁ་བྱང་ཡོད་ན་གཅོག་གཏོང་དང་ཨེ
གངས་ལྗོངས་བོད་མིའི་དབུ་ཁྲིད་རྣམས་ཕྱོགས་ལས་རྣམ་པར་རྒྱུར་གྱུར་ཅིག །
བཙན་བྱོལ་ཁྲོད་དུ་ཁམས་པ་བློ་སེང་རྒྱལ།།
རྒྱ་ནག་འོག་ཏུ་ཁམས་པ་དབུ་ཁྲིད་རྒྱལ།།
ཁམས་པ་བོད་མིའི་སྲོག་རྩ་སྙིང་ནོར་ཡིན།།
མི་མཆོག་ཀུན་ལ་མགོ་བོས་གུས་ཕྱག་འཚལ།།
ཨ་བོ་རག་སྡིས་མཐོང་རྒྱུ་མི་འདུག་ཁོ་ག་བ་ཡོད་རེད།
མདོ་དབུས་ཁམས་གསུམ་གང་ཡིན་ཡང་།
།རང་གི་མི་རིགས་ཤ་ཁྲག་ཡིན།
།ཕ་ཡི་འཇོན་ན་རྒྱལ་པོ་ཡིན།
།བུ་་ཡི་འཇོན་ན་བློན་པོ་ཡིན།
སེམས་གཏིང་ནས་སྨྲས་སོ།
བཙན་བྱོལ་ཁྲོད་དུ་ཨ་ཐར་རྒྱལ།།
ཡུལ་གྱལ་གཞུང་དུ་འཇུ་ཆེན་རྒྱལ། །
སྤྲུལ་གོག་ཁྲོད་དུ་དབང་ཆེན་རྒྱལ། །
ཨ་རིའི་ཡུལ་དུ་རྒྱ་རི་རྒྱལ། །
རང་ས་ནས་རང་རིགས་ལ་དབང་བསྒྱུར་ནུས་པ་ནི་རང་མི་རིགས་ཀྱི་གཟི་བརྗིད་རེད།
རང་ས་ནས་རང་རིགས་ལ་དབང་བསྒྱུར་ནུས་པ་དང་། བཙན་བྱོལ་ཁྲོད་དུའང་མི་རིགས་གཞན་ལ་མེད་པའི་ཁྱད་ཆོས་སྣ་ཚོགས་ལྡན་པ་ནི་ཆེས་དགའ་འོས་པ་དང་། རང་མི་རིགས་ཀྱི་གཟི་བརྗིད་རེད།
༼ དེང་སང་རྡ་སའི་གཞུང་གིས་ངོ་རྒོལ་ལས་མཐུན་ལམ་མི་ཤེས་པ་དང་། སྐད་འབོད་ལས་རང་ཚུགས་མི་ཐུབ་པའི་དུས་ཚོད་འདིར་མིག་རྒྱང་མེད་པའི་ཅོལ་ཆུང་ཚོས་བལྟས་ན་གྲུབ་འབྲས་ཤིག་ཐོན་གྱིན་པའི་རྣམ་པ་དང་། མིག་རྒྱང་རིང་བ་ཚོས་གཟིགས་ན་ངུ་དགོས་པའི་གནས་སྟངས་ཤིག་གི་འོག་ཏུ་ལྷུང་ཡོད་པར་འདོད༽ ཨོ་ཉི་དྲན་པ་བརྟན་པོ་མེད་པ་འདྲ།
ཁ་བརྡ་ནང་ནས་མེ་དཀར་ལྐུག་པས་རྒྱལ།།
རྡ་སའི་ཕྱོགས་ནས་ཁ་ཤས་རྫུན་གྱིས་རྒྱལ།།
བཙན་བྱོལ་མང་ཕྱོགས་དད་པས་རྒྱལ།།
འཛམ་གླིང་མདུན་ནས་བོད་རིགས་གླེན་པས་རྒྱལ།།
བཙན་བྱོལ་ཁྲོད་ནས་་་
འཛམ་བུ་གླིང་ན་དཔོན་ངན་བཟའ་འདྲེ་རྒྱལ།
རྒྱ་འདྲེའི་ཡུལ་ན་མི་བསོད་དཔོན་པོ་རྒྱལ།
ཁ་བརྡའི་ནང་ན་རྩོམ་ཆལ་མཁན་རྣམས་རྒྱལ།
གངས་ལྗོངས་རྣམ་པར་རྒྱལ་བའི་ཉིན་དེ་གང་།
མི་རྗེ་ཏྭ་ལའི་དབུ་འཕང་དགུང་ལས་མཐོ།
མཚན་དང་སྙན་གྲགས་འཛམ་གླིང་ཡོངས་ལ་ཁྱབ།
ས་ཡ་དྲུག་གི་སྙིང་གི་ནོར་བུ་ཡིན།
རྒྱ་ཁྱི་ཁྱོད་ཚོས་སྤུ་ཙམ་སྒུལ་མི་ནུས།
མི་རྗེ་ཏྭ་ལའི་བླ་མའི་རྗེས་འཇུག་ལ།
རང་སྲོག་བློས་གཏོང་ཐུབ་པའི་མི་དམངས་ཡོད།
དམངས་གཙོའི་རྒྱལ་ཁབ་མང་པོས་རྒྱབ་སྐྱོར་ཡོད།
རྒྱ་ཁྱི་ཁྱོད་ཚོས་འཐབ་རྩོད་བྱེད་ཐབས་བྲལ།
སྲིད་སྐྱོང་སེང་གེའི་ཤེས་ཡོན་མཚོ་ལས་ཟབ།
དཔའ་དང་དཔང་པ་གླིང་གི་གེ་སར་ཡིན།
ཐབས་དང་ཤེས་རབ་སྤྱི་དཔོན་ཁྲོ་རྒོད་ཡིན།
རྒྱ་ཁྱི་ཁྱོད་ཚོས་འགྲན་ཟླ་ག་ལ་ཡོད།
རྒྱ་ཁྱི་ཁྱོད་ཚོས་སྒོར་མོ་རག་སོང་ན།
མ་སྡོད་ནུབ་ཕྱོགས་ཡུལ་དུ་བྲོས་ན་དགའ།
གུན་ཁྲན་རྒད་པོ་ཤི་ལ་ཉེ་བཞིན་ཡོད།
དམངས་གཙོའི་ཉི་མ་ཤར་ཕྱོགས་ཤར་ལ་ཉེ།།
ངས་དེ་རིང་འདི་ནས་དབུས་དང་ཨ་མདོའི་མི་དམངས་ལ་དགོངས་དག་ཞུ་རྒྱུ་ཡིན། ཁམས་པའི་མི་ཡི་བླ་བཙོང་མཁན་འདི་ཚོ་དང་ཆོལ་ཁ་གཅིག་ཡིན། ང་རང་ངོས་ནས་ངོ་ཚ་དང་སེམས་པ་སྐྱོ་པོ་བྱུང་།
དམ་ཉམས་དགྲ་བོའི་སྲོག་རྩ་གཅོད་ལ་ཤོག །
རང་སྐྱོང་ལྗོངས་ཀྱི་འགོ་གཙོ་བོད་རིགས་སླེབས་པར་བཟང་མོད་ཀྱང་། འདི་ཚོ་ཕལ་ཆེ་བ་ཏང་གིས་གསོས་ཕྲུག་རྐྱང་དུ་འདུག་ལ་འགོ་གཙོར་འཁོད་མ་ཐག་ཁོ་ཚོའི་ཕྲག་སྟེང་དུ་བབས་པའི་ལས་འགན་ལྗིད་ཏིག་ཏིག་གཅིག་ཡོད་པ་ནི། ཏཱ་ལའི་བླ་མ་བཅུ་བཞི་པ་ཆེན་མོ་མཆོག་དང་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་མཐར་ཕྱིན་པ་བྱེད་རྒྱུ་དམ་བཅའ་འཇོག་སྟངས་འདི་ཅི་འདྲའི་ཡིད་སྐྱོ་བ་མ་རེད་པས། སྤྱིར་ན་བོད་མི་རིགས་ཀྱི་བླ་བཙོང་པ་འདི་ཚོར་ཡ་མཚན་ཆེར་མེེད་ཀྱང་གཞིས་ནས་ཏང་ཕྲུག་འདི་ཚོས་ཏཱ་ལའི་བླ་མ་དང་ཁ་བྲལ་རིང་ལུགས་པར་རྒོལ་བ་དང་། བྱེས་ནས་ལྷ་འདྲེ་གདོན་བགེགས་ཚོགས་པས་རྒོལ་བ་འདི་གཉིས་བོད་པས་བོད་པ་མེད་པ་བཟོ་རྒྱུའི་ལག་ཆ་སྡུག་ཤོས་ཆགས་ཉེན་ཆེ་བས་སེམས་ངལ་ཆེ། མ་གཞི་ཁམས་པ་འདི་ཚོས་ལྐུགས་པའི་བློ་ཁོག་གཅིག་འཁྱེར་ནས་ལྐུགས་རྟགས་བསྟོན་གྱི་རེད་ལ་ཁེ་ཕན་རགས་ན་གང་ཡང་བྱེད་སྲིད་པ་རེད།
ཀརྡོ་གཉེར་ཕྱག་པ།
དམ་ཉམས་དགྲ་བོའི་སྲོག་རྩ་གཅོད་པར་བརྩོལ་བ་དངོས་ལ་མ་བརྟེན་པའམ་དྲག་རྒོལ་དངོས་ནང་མ་ཞུགས་པར། ཀུན་སློངས་ཙམ་མམ་གཟུགས་འདས་ལ་འཕྲིན་བསྐུལ་བྱས་པ་ཙམ་གྱིས་དམ་ཉམས་དགྲ་བའི་སྲོག་རྩ་ནམ་ཡང་གཅོད་མི་ནུས་ལ། སྔར་ནས་ད་བར་ཧ་ལམ་ཁ་ཡོད་ཚད་ནས་བསྐྱོར་འདོན་བྱས་བྱས་འདྲ་ཞིག་རེད་དེ་དམ་ཉམས་དགྲ་བོ་ནི་སྔར་ལས་ཇེ་མང་དང་། ཇེ་རྒྱས། ཇེ་ཆེ། ཇེ་ངན། ཇེ་ཆེེ་མ་རེད་པས།
༄༅།་ངེས་བཅག་བོད་མི་ཡོངས་ཀྱི་རྒྱལ་བཅེས་ལྷག་བསམ་གྱི་ཕྱུགས་སྐུ་ལུ་མེ་ལ་སྲེགས་པའི་ཁོངས་རྣམས་པའི་མཛད་རྗེས་རྗེས་དྲན་དང་གུ་དཀུར་གྱི་ཆེད་འབྱུང་འགྱུར་གནམ་ལོ་གསར་བཞད་ནང་རྒྱལ་སྤྲོད་ཀྱི་རིགས་མི་ཡོང་འབུལ་སྐུལ་དང་བཅས་གུས་པ་ཚེ་རིངས་སྐྱབས་ནས་ཕུལ་
ཅོ་རི་ཉི་མ་ལ་སེམས་གསོ་ཞུ་རྒྱུ། གདོང་པ་དཀར་ནག་གང་བྱེད་དགོས་ཀྱང་། རྒྱ་འདྲེ་བོད་ལྷ་ཅི་འཁྲབ་དགོས་ཀྱང་། བཟང་ངན་ལམ་ཁ་གང་བརྒྱུད་དགོས་ཀྱང་། འཇམ་རྩུབ་ཐབས་ལམ་གང་བཀོད་དགོས་ཀྱང། ལྷང་ངེར་རྒྱལ་བ་ཁམས་པའི་མི་ཡི་ཁྱད་ཆོས་རེད། བརྒྱུད་ལམ་ལ་མི་ལྟོས་གྲུབ་འབྲས་ལ་ལྟོས། གང་ནས་རྒྱལ་ཡང་བོད་མི་རྒྱལ་བ་རེད། གཏམ་དང་རྣམ་འགྱུར་ཆ་ལུགས་གི་ནང་ན་བོད་མིའི་གསང་རྩ་དམ་པོ་ཞིག་འཕར་ཞིང་གཡོ་བ་ཡོད་སྲིད། སྔོན་གྱི་གསང་ཉུལ་མཁས་པ་དང་སྲིད་དོན་པ་ཚོ་སྤྱི་ཚུལ་ཕ་རོལ་པོ་དང་བསྟུན་ནས་མཐར་འགྲན་ཟླ་རྡུལ་དུ་བརླག་པའི་ལོ་རྒྱུས་ཡོད། འོན་ཀྱང་དེ་ལ་ངོ་རྒོལ་བྱས་ན་ཁོང་ཚོའི་ལས་ཀ་འགྲུབ་ཐུབ་པ་དང་། ཕ་རོལ་པོ་ཡིད་ཆེས་པར་འགྱུར་བས། འཐབ་རྩོད་ཅི་ཙམ་ཐུབ་ཀྱང་བྱེད་འོས། སྙིང་ནས་བོད་མི་ཞིག་ཡིན་པ་བརྗེད་མི་རུང།་ སྙིང་རྗེའི་ཡུལ་དུ་བྱོས། བྱམས་པའི་རྟེན་དུ་གྱིས།
སྡིག་ཆེན་ཚེ་ཐུང་བར་ཤོག །
ཧ་ཧ་ཧཧ་ཧ་ཧ་་ཁམས་པའི་ཕོ་རྒོད་དག་ངོ་མ་ངས་ཁྱེད་ཚོར་དཔོན་གནས་སུ་ཕེབས་པར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཡོད་གདའ་་་་་་་་་་་་་་་་་་་་་་
ཅ་ཅོ་སྒྲོགས་པའི་ཅོ་རི་ཚུར་ལ་ཉོན། །
ཁྱོད་སེམས་ནོངས་དགོས་རྒྱུ་མཚན་གང་ཞིག་ཡིན།
དགོངས་དག་ཟེར་བའི་དོན་དག་གང་ཞིག་ཡིན། །
སྐྱིད་སྡུག་མཉམ་མྱོང་ཟེར་བ་མ་ཐོས་སམ། །
དགའ་ན་བོད་པ་ཚང་མ་དགའ་དགོས་ལ། །
སྡུག་ན་བོད་པ་ཚང་མ་སྡུག་དགོས་པས། །
ཅོ་རི་ཟུར་དུ་བྱ་བྱེད་མ་མང་ཞིག །
དགྲ་པོ་ཚང་ལ་རྒྱུག་ཁྱི་བཙན་པོ་ཁ་ཤས་ཞིག་ཡོད་པ་འདྲ། ད་གང་དྲག།
སྔོན་མ་ཞིག་ལ། ཁམས་ཀྱི་ཡུལ་ལུང་ཞིག་ན་རྒྱལ་པོ་སེམས་མེད་ཞིག་ཡོད་པ་རེད་ཟེར། རྒྱལ་པོའི་རྒྱལ་ཁང་དེ་རི་གསུམ་ལུང་པའི་དཀྱིལ་ན་ཆགས་ཡོད་ཙང། རྒྱལ་པོའི་ཕོ་བྲང་ལ་ཉི་མ་འཆར་ནུབ་ཀྱི་དུས་ཡུད་ཐུང་དྲག་པས། རྒྱལ་པོས་རྒྱལ་འབངས་ལ་ཤར་རི་དང་ནུབ་རིའི་རི་རྩེ་བཅད་ནས་ཡོང་དགོས་བའི་བཙན་དཀའ་བབས་པ་རེད། དེ་ནས་མི་མང་གིས་མཇོར་སྦྱག་མ། གྲི་སྟ་རེ། ཤིང་དབྱུག་པ་སོགས་ག་རེ་ཡོད་ཡོད་པོ་ཁུར་ནས་ཕྱིན་པ་རེད། ཉིན་འགའ་ལ་རི་རྩེ་བརྐོས་བས་ལག་ཆུ་སེར་དང་རྒྱབ་ཁྲག་རྣག་དུ་འབགས་པ་རེད། དུས་དེར། ཁམས་ཕྲུག་དཔའ་བློ་ལྡན་པ་ཞིག་གིས་མི་མང་ལ། ང་ཚོ་འདི་འདྲའི་ཉམས་ཆུང་མང་པོ་ཞིག་གིས། རི་སྐེ་གཉིས་གཅོད་པ་ལས། ང་གཅིག་པོ་སོང་ནས་རྒྱལ་པོའི་དབུ་གཅིག་པོ་བཅད་ན་ཡག་ཟེར་ནས་ཕོ་བྲང་གི་ཕྱོགས་སུ་ཕྱི་བལྟས་ཙམ་མེད་པར་མཆོང་ཕྱིན་པ་རེད། ཉིན་དེ་ནས་བཟུང་འབངས་མི་ཉམས་ཆུང་ལ་བཙན་བཀའ་དང་རང་བྱུང་རི་ཆུ་ལ་གནོད་འཚེ་མེད་པར། ཁམས་མི་ཚང་མ་བདེ་ཞིང་སྐྱིད་པའི་ཁམས་ཡུལ་རྩྭ་ཐང་ལ་ཆགས་ནས་བསྡད་པའི་ལོ་རྒྱུས་འདི་བྱུང་བ་རེད།
ཁམས་པས་ཁམས་མགོ་མ་བཏུལ་ན། ཆོལ་ཁའི་དབྱེན་ལོག་ཡོང་རྒྱུ་རེད།
ཆོལ་ཁའི་མགོ་སྙོགས་བསླེབས་སོང་ན། བོད་འབངས་སིལ་བུར་འཐོར་རྒྱུ་རེད།
རྒྱ་ཁྱི་བོད་ཁྱི་གཉིས་ཀ་ཡང་འདི་ན་སླེབས་འདུག ཧཧཧ
རྒྱ་ཡི་རྒྱུག་ཁྱི་དེ་ཚོ་ལ་གཟི་བརྗིད་ཏུ་བརྩི་་བ་ནི་སྨྱོན་པ་རེད། སྤྲུལ་ལོག་དང་བན་ལོག་རྒྱ་དགའ་ཚོ་མ་གཏོགས་སུ་ཡོད
ཅ་ཅོ་མ་སྒྲོགས་ཅོ་རི་ཚུར་ཉོན་དང་།། ཞེས་སུ་བཅོས།
སྔོན་རྒྱ་ནག་ཏུ་ཉི་ཧོང་གིས་བཙན་འཛུལ་སྐབས་ཝང་ཅི་ཝོས་གཙོ་བོར་བྱེད་པའི་གཞུང་གསར་པ་བཙུགས་ནས་རྒྱ་མིས་རྒྱ་མི་བཅུན་པའི་སྲིད་ཇུས་བཟུང་བ་རེད། དེ་ནང་བཞིན་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱེད་ནས་རང་སྐྱོངས་ལྗོངས་ཟེར་བའི་གཞུང་བཙུགས་ནས་རྒྱུག་ཁྱི་ཁ་ཤས་ལ་གོ་གནས་སྤྲད་ནས་བོད་མིས་བོད་མི་བཅུན་པའི་སྲིད་ཇུས་ལག་བསྟར་བྱེད་པ་རེད།
ངོ་མ་ཡིན་་་མི་འདི་དག་གོ་སར་འཕར་དུས་བོད་རིགས་ཞིག་ཡིན་པས་རྒྱུ་མཚན་བྱས་ནས་་ང་ཚོའི་དགའ་བསུ་ཞུ་དགོས་སམ་་་ཡང་ན་མྱ་ངན་ཞུ་དགོས་་་་་་་་་་་་ཡང་ན་ངོ་རྒོལ་བྱེད་དགོས་་་དོན་ངོ་མ་གང་དགོས་པ་རེད་་་་་་་་་་གོང་གསལ་དེ་དག་གང་བྱས་རུང་ཁོང་ཚོ་ལ་ནི་དེ་ཙམ་གནོད་མི་ཐུབ་་་་་་་་་་་་་་་
བོད་མི་ལ་ཕྱི་དགྲ་ཡོད་དམ་མེད། ཕྱི་དགྲ་ཡོད་ན་སུ་དང་སུ་རེད། བོད་པར་ནང་དགྲ་ཡོད་དམ་མེད། ཡོད་ན་སུ་དང་སུ་རེད། དབྱེ་འབྱེད་མ་ནོར་བ་ཤེས་རྒྱུ་དེ་ག་དུས་ཡིན་ན་ཡང་བརྗེད་མི་རུང་ངོ་། །བོད་རིགས་རྒྱལ་འགྱུར་ཅིག
བསམ་བློ་ཐོངས། གལ་ཏེ་བོད་ཁུལ་གྱི་དཔོན་དུ་རྒྱ་རིགས་སླེབས་སོང་ན་ང་ཚོས་ག་ཚད་སྡུག་སྐད་རྒྱག་གི་མེད་དམ། ཡང་བོད་རིགས་སླེབས་དུས་རྒྱ་དགའ་དང་རྒྱུགས་ཁྱི་ཟེར་འབར་གི་འདུག ད་འོ་ན་ག་རེ་བྱས་དགོས་སམ། ངས་བལྟས་ན་བོད་དཔོན་དུ་བོད་པ་སླེབས་པ་ཤིན་ཏུ་ལེགས་འདོད། ཡིན་ནའང་ཁོང་ཚོའི་སྙིང་ནང་ལ་ཟུང་རྔུ་ག་ཙམ་ཡོད་སུས་ཤེས།
བསམ་བློ་ཐོངས། གལ་ཏེ་བོད་ཁུལ་གྱི་དཔོན་དུ་རྒྱ་རིགས་སླེབས་སོང་ན་ང་ཚོས་ག་ཚད་སྡུག་སྐད་རྒྱག་གི་མེད་དམ། ཡང་བོད་རིགས་སླེབས་དུས་རྒྱ་དགའ་དང་རྒྱུགས་ཁྱི་ཟེར་འབར་གི་འདུག ད་འོ་ན་ག་རེ་བྱས་དགོས་སམ། ངས་བལྟས་ན་བོད་དཔོན་དུ་བོད་པ་སླེབས་པ་ཤིན་ཏུ་ལེགས་འདོད། ཡིན་ནའང་ཁོང་ཚོའི་སྙིང་ནང་ལ་ཟུང་རྔུ་ག་ཙམ་ཡོད་སུས་ཤེས། དེ་ཙམ་ཡིན།
མེ་དཀར་ལགས།
་་་་་ཚེས་༢༩ ཉིན་བློ་བཟང་རྒྱལ་མཚན་དང་བཅས་པ་སྐབས་གསར་པའི་འགོ་ཁྲིད་མི་སྣ་གསར་འགོད་པ་དང་ཐུག་འཕྲད་བྱེད་པའི་སྐབས། བློ་བཟང་རྒྱལ་མཚན་གྱིས་ང་ཚོའི་ཕྲག་ཐོག་ཏུ་བབས་པའི་ལས་འགན་ལྗིད་པོ་ཡིན་པ་དང། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོབ་དང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་མཐར་ཕྱིན་པ་བྱ་རྒྱུ་ཡིན་ཞེས་བརྗོད་འདུག ཟེར་བའི་དོན་གང་ཡིན་ནམ། ལགས།
ཀྲུང་གོ་གུང་ཕྲན་ཏང་གིས་བྲིས་པའི་ཡི་གེ་ཁོང་ཚོས་ཀློག་པ་ཙམ་རེད་དོ་་་་་ཀཀཀཀརྡོ་རྡོ་ལགས།
མེ་དཀར་ལགས།
ཀྲུང་གོ་གུང་ཕྲན་ཏང་གིས་བྲིས་པའི་ཡི་གེ་ཁོང་ཚོས་བཀླགས་པ་ཡིན་དུ་ཆུགས་ཀྱང་། དེ་བོད་མི་ས་ཡ་དྲུག་གི་ཆེད་དུ་རེད་དམ་། རང་གི་ལྟོ་གོས་ཀྱི་ཆེད་དུ་རེད། ལགས།
མེ་དཀར་ལགས།
ད་དུང་ད་དུང་། བོད་སྤྱིའི་ཆེད་དུ་མེར་སྲེག་བརྒྱ་པོ་དེ་དག་རྣམས་ཀྱི་ཆེ་དུ་རེད་དམ། རང་གི་ཁ་དང་། བུ་དང་བུ་མོ་ཆུང་མ་གསོ་ཕྱིར་རེད། ང་དངོས་གནས་རང་ཧ་མ་གོ་ནས་དྲིས་པ་ཡིན་ནོ། །
མི་དེ་ཚོས་གསང་བ་ཅིག་སུས་གསུང་ཐུབ་བམ། ལགས། ངས་བྱས་ན་ད་རེ་བས་མ་ཕོངས་བར་རང་གཞན་གཟབ་དགོས་པ་མི་འདུག་གམ། མི་དེ་ཚོས་པར་ལ་ལྟ་དུས་ངའི་སེམས་ལ་འཇིགས་སྣང་ཅིག་ལྷན་སྐྱེས་སུ་འོང་བགྱིད་འདུག་པས་་་་་་་་་་་་་
མི་དེ་ཚོས་པར་་་་ མི་དེ་ཚོའི་པར་ལ་བཅོས་ནས་ཀློགས་རོགས་གནོངས།
མི་འདི་ཚོ་ལ་བལྟོས་དང་། ནང་ཁུལ་དབུ་མ་དང་རང་བཙན། ཆོལ་ཁ་དང་ཆོས་ལུགས་སོགས་བཤད་དགོས་ན་མི་འདི་ཚོ་ལས་ངར་བ་དང་མཁྲེགས་པ་སུ་ཡང་མེད་བསམ་པ་དེ་ཚོ་རྒྱ་དཔོན་ཚོའི་སྐོར་བཤད་ཡོང་དུས་སྙི་ལྷུག་ལྷུག་འདྲ་ཞིག་ཆགས་འདུག་ག ད་དུང་ངོ་རྒ་འདྲ་ཞིག་བཤད་ཁུལ་བྱེད་ཀྱི་འདུག ངོ་མ་སྙིང་རྗེ། རྒྱ་དཔོན་བློ་བཟང་རྒྱལ་མཚན་གྱི་སྐད་ཆ་དེ་ཁྱོད་ཆོའི་མགོ་ལ་རྒྱོབས།
ང་ཚོ་གངས་ཅན་པའི་གཏམ་དཔེར། “བུ་ཕོ་བཟང་གྲགས་ངན་གྲགས།” ཟེར་ནི་རེད། བོད་རང་ལྗོངས་ཀྱི་འགོ་ཁྲིད་དུ་བོད་རིགས་མང་ཙམ་སླེབས་ན་བཟང་གི་སྙམ། དེས་མ་ཚད་ད་ལྟའི་ཆར་བོད་སྤྱི་ཡོངས་ཀྱི་རྫོང་དང་གྲོང་ཁྱེར་ཁག་གི་ལྟེ་བའི་འགོ་གཙོ་ཡོད་ཚད་རྒྱ་རིགས་རེད་མོད། དེ་དག་རིམ་པར་བོད་རིགས་སླེབས་ཐུབ་ན་དགེ་མཚན་ཆེ། ང་ཚོས་ཇི་ལྟར་གླེང་ཡང་རྒྱ་རིགས་པ་ཞིག་ལས་བོད་རིགས་ཞིག་སླེབས་ན་ཡག་གི། ཁོ་ཚོས་ཏང་གི་དམིགས་མདུན་ཇི་ལྟར་བཤད་ཀྱང་རང་རྒྱུད་ལ་བོད་པ་གཤའ་མ་ཞིག་གི་ཟུངས་ཁྲག་རྒྱུ་བཞིན་ཡོད་སྟབས་ཁྱད་པར་ཆེ། ཁོ་ཚོ་ལའང་ལམ་བུ་དེར་མ་རྒྱུད་ཐབས་མེད་རེད། དཔེར་ན་དྲ་ཐག་གཟིགས་དང་ http://www.youtube.com/watch?feature=player_embedded&v=J9uKE7i3Xxg ཁོ་ཚོས་མི་བཤད་ཐབས་མེད་ཀྱི་སྐད་ཆ་ག་ཚོད་གླེང་བཞིན་འདུག ང་ཚོས་སོ་སོའི་ལྟ་བ་དང་མི་མཐུན་ཚེ་རྒྱ་ཁྱི་རེད། བོད་ཁྱི་ཟེར་བཤད་བསྡད་ན་ཕན་ཐོག་གང་མེད། ལྷག་པར་གོང་དུ་ཆོལ་ཁའི་སྐད་ཆ་མང་པོ་ཞིག་བཤད་སོང་། དེ་དག་ད་ལྟའི་ཆར་གླེང་བའི་དུས་མ་རེད། སོ་སོར་བདག་དབང་དུ་གྱུར་པའི་རྐང་པ་འཛུག་སའི་ས་ལག་མཐིལ་ཙམ་ཡང་མེད་མཁན་ཞིག་གིས་ཁམས་པ་དང་ཨམ་མདོ། དབུས་གཙང་དང་ཆོས་ལུགས་སོགས་ཀྱི་རྩོད་པ་གླེང་ན་གང་ཡོང་།
འཇམ་གཅེས་དང་གཅིག མེ་དཀར་དང་གཉིས་ཀྱིས་ཉན་བྱོས།
བློ་བཟང་རྒྱལ་མཚན་གྱིས་ང་ཚོའི་ཕྲག་ཐོག་ཏུ་བབས་པའི་ལས་འགན་ལྗིད་པོ་ཡིན་པ་དང། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོབ་དང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་མཐར་ཕྱིན་པ་བྱ་རྒྱུ་ཡིན་ཞེས་བརྗོད་འདུག
ཁྱོད་གཉིས་ཀྱིས་བྱས་ན་ཡག་པོ་དང་དགའ་པོ་བྱུང་ངམ། མི་ཁྱོད་ཚོ་ལ་མྱི་དྲི་མི་བ་འདི་རེད། ལྷག་པ་ཏུ་འཇམ་གཅེས་ལགས་་་་དེ་རིང་ག་རེ་རེད། བོད་གངས་པའི་ཕ་མེས་དམ་པ་༧གོང་ས་མཆོག་དང་ཁྱོད་ཤི་ང་གསོན་བྱེད་ཀྱི་ཡིན་ཟེར་དུས་་་་་་ད་དུང་ངོ་དགའ་འདྲ་ཞིག་ཤོད་ཨ་་་་ཕམ་ཕམ་་་་་མྱི་ངན་ཁྱོད་ཚོ་འདྲ་བ་མང་སོང་བས་བོད་གངས་ཅན་པ་ལ་ཕམ་ཁ་རྐྱང་རྐྱང་རག་བསྡད་ཀྱི་ཡོད།
དྲི་མེད་ལྷག་བསམ་ལགས་་་་དོན་འགྲུབ་རྒྱལ་གྱི་ལང་ཚོའི་འབབ་ཆུ་ལས།
ཤ་ཟ་བ་ཙམ་གྱིས་གཅན་གཟན་དུ་མི་འགྱུར་ལ་གདོང་དམར་བ་ཙམ་གྱིས་སྤྲེའུ་རིགས་རྒྱུད་ག་ལ་ཡིན་ཞེས་པ་ལྟར་་་སྔ་ཡང་ཏང་གི་རྒྱུགས་ཁྱི་ཚོས་བོད་མི་དམར་གསོད་བྱས་པ་ཉུང་ཉུང་མིན།
བོད་པ་ཞིག་གི་ངོས་ནས་སྐད་ཆ་འདི་ཇི་འདྲའི་རྫབ་ཆེན་འདུག་ག
ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་མཐར་ཕྱིན་པ་བྱ་རྒྱུ་ཡིན་ཞེས་བརྗོད་འདུག
འདྲ་ཆག་ཆག་བཤད་མ་བཤད་ཅང་ཡོད་མ་རེད། བོད་ཀྱི་དཔེ་ལ་ཡང་ཕྱི་དགྲ་ལྕགས་ཀྱི་མཛེར་མས་མིག་བཅར་བ་ལས། ནང་དགྲ་ཁང་རྒན་ཐིག་པས་ཡིད་བཤལ་ན་སྡུག་ཟེར་སྲོལ་ཡོད་པ་རེད། ཁོང་ཚོས་སྐད་ཆ་ཐབས་སྡུག་ཅི་འདྲ་ཞིག་བཤད་མི་འདུག་གམ། འདི་ཚོ་ཚང་མ་གཞུང་གི་བཀོད་སྒྲིག་ཡིན་པ་སུས་བཤད་ཐུབ། ཁོང་ཚོ་ཕྱིའི་རྣམ་པ་ཙམ་ལས་ནང་ལ་སྡུག་ཅག་མ་རེད་ཅེས་སུས་ཀྱང་བཤད་མི་ཐུབ། དགྲ་བོ་ནི་ཕྱི་ནང་སུ་ཡིན་ཡང་རྒོལ་བའི་གནས་ཉིད་ཡིན་ནོ།
བོད་ཁུལ་དུ་བོད་མིས་དཔོན་པོ་བྱས་ན་ལུས་དགའ་ཀྱང་དགྲ་བོ་གུན་ཁྲན་གྱི་འདོད་པ་ལྟར་བོད་གངས་ཅན་པའི་ཕ་མེས་༧གོང་ས་མཆོག་དང་ཁྱོད་ཤི་ང་གསོན་བྱ་ཡི་ཡིན་ལབ་ན་བསམ་ཡུལ་འདས་པ་ཞིག་རེད། བོད་བཙན་པོའི་རྒྱལ་ཁབ་ཀྱི་བདག་དབང་ཁོ་ཚོ་ལ་ཡང་ཡོད་པ་དངོས་ཡོད་གནས་ཚུལ་རེད། མ་གཏོགས་གུན་ཁྲན་ཏང་ལ་བོད་རྒྱལ་ཁབ་ཀྱི་བདག་དབང་སྤུ་ཙམ་མེད།
སྤྱིའི་ཆ་ནས་གུན་ཁྲན་ཏང་ཡ་ཡིན་པའི་བོད་མིའི་ནང་དུའང་ཁ་ཞེ་གཉིས་ཀྱི་བོད་མི་རིགས་ལ་བློ་དཀར་བ་དེ་འདྲ་ཡོད་པ་ནི་དངོས་ཡོད་ཡིན། ཡིན་ནའང་བོད་ཀྱི་ཕ་མེས་དམ་པ་༧གོང་ས་མཆོག་དང་ཁྱོད་ཤི་ང་གསོན་བྱེད་ཀྱི་ཡིན་ཟེར་བ་ནི་ཚད་ལས་རྒལ་དང་བསམ་ཡུལ་ལས་འདས་པའི་སྐད་ཆ་རེད་འདོད། བོད་མི་རིགས་ལ་བློ་དཀར་བའི་མི་ཞིག་ཡིན་ན་སྐད་ཆ་དེ་འདྲ་ལབ་ཀྱི་མ་རེད་འདོད་དོ།།
དིང་སང་གི་བོད་དཔོན་ཚོ་རྫབ་ཆེན་ཨ་དཀར་པོ་ཁྲབ་པའང་སྲིད། དྲང་པོར་བཤད་ན་ངས་སྲིད་མི་ཤེས་ལགས།
༸གོང་ས་མཆོག་གིས།
བོད་རིགས་རྒྱ་མིའི་ལས་བྱེད་པ་ཚོས་དེང་སང་རླུང་སྨན་ག་རེ་འདུག་གསུང་སྟངས་ལ་བལྟས་ན་རེ་བ་མེད་པ་རང་མ་རེད། འོནད་ཀྱང་ང་ཚོའི་དུས་ཚོད་བཟང་པོ་འདི་ལ་མགྱོགས་པོ་ངར་ན་མ་གཏོགས་རང་གཞན་གཉིས་མེད། རྒྱ་བོད་གཉིས་མེད། རང་མ་སྐྱིད། གཞན་མི་བདེ་བ་ཆགས་རྒྱུ་ཉག་གཅིག་ལས་མ་འདས་སོ། །བོད་རྒྱལ་ལོ། །
༄༅།གུང་ཁྲན་དཔོན་ངན་ཕྲོད་དུ་ཁམས་པ་རྒྱལ།
རྡa་སའི་བཀའ་སྤྱི་བཀའ་བློན་དབྱོ་རྒྱུ་རྒྱལ་།
རང་གི་ནང་མི་བུ་ཕྲུག་འགྲོ་སྟང་བཟོས་།
བདེ་ར་རྡུན་གཞུང་ཁང་ཡོད་པ་མི་ལ་གཙོང་།
དཔོན་ངན་འདི་ཚོའི་བྱེད་སྟང་ལ་ལྟས་ཟེར་ན་།
མའོ་ཡི་ཡང་སྲིད་རྩལ་བཅོས་་མ་བྱས་ན་།
གངས་ཅན་ཡུལ་གྱི་བོད་མི་རྫོགས་ལ་ཉེ་།
ལུག་རྒྱུད་ཡུན་རིང་ལྡན་པའི་བཀའ་བློན་པོ་།
རྒྱ་རི་སྒྲོལ་མའི་ངན་བྱུས་ཀྱིས་རོང་ཆུང་དངོས་གྲུབ་།
སྤུང་སྒྲིལ་གྱི་བཀའ་བློན་ཚན་དེ་སྲིད་སྐྱོང་ལ་བསྒྱུར་།
གོང་དུ་ཚེ་རིང་སྐྱབས་ཟེར་བ་དེས་བོད་ཡིག་དང་བོད་སྐད་ཡག་པོ་མི་ཤེས་པ་འདྲ། སྤྱིར་བརྡ་དག་འབྲི་མི་ཤེས་ནའང་གོ་རྒྱུ་ཡོད་པ་ཞིག་འབྲི་རོགས་སྐུ་མཁྱེན། ཁ་བརྡ་འདི་གད་སྙིགས་གཡུག་ས་མ་རེད་དོ།
མེ་དཀར་ལགས། ང་ཚོ་ལ་དགོས་པ་ནི་བོད་མི་རིགས་ཀྱི་ཆེད་དུ་ལས་ཀ་བྱེད་མཁན་གྱི་དཔོན་པོ་ཞིག མང་ཚོགས་ཀྱི་མོས་མཐུན་ཡོད་པའི་དཔོན་པོ་ཞིག རང་མི་རིགས་ལ་ཤ་ཞེན་ཡོད་པའི་དཔོན་པོ་ཞིག་དགོས། དགྲ་བོས་བོད་མི་བརྡུག་བརྡེག་གི་ཆེད་དུ་བཞག་པའི་དཔོན་མི་དགོས། དངུལ་བྱུང་ན་ཨ་མ་ཡང་ཚོང་ནུས་པའི་དཔོན་པོ་མི་དགོས། རང་མི་རིགས་དགྲ་རུ་འཛིན་ཞིང་དགྲ་བོས་གང་བཤད་སྒྲུབ་པའི་ཁྱི་རྒན་མི་དགོས
མི་དེ་ཚོ་གུང་ཁྲན་ཏང་གི་རྐུབ་བལྡག་མཁན་ཀྱང་རེད། ཁོང་ཚོ་ལ་བོད་མི་རིགས་ཀྱི་ཁྲག་རྒྱུན་ཙམ་ལས་མི་རིགས་ཀྱི་འདུ་ཤེས་མེད་ལ་གོང་གི་བཀའ་ལ་སྲོག་ལས་གཅེས་པར་འཛིན་མཁན་རེད། མི་ཡག་ག་ཚང་མ་དབང་ཆ་མེད་སར་ཁོ་ནར་བཞག་ཡོད།
ཚེ་རིང་སྐྱབས་ཡིན་ན་འདི་ལ་སྙིང་ཡང་རྗེ་སོང་། བྲིས་ངན་དེ་འདྲ་ཞིག་ལས་འབྲི་མི་ཤེས་ན་ངོ་ཚད་མེད་ན་ཡང་དཀའ་ལས་ཡང་མི་འདུག་གམ་ཧ་ཧ་ཧ་ཧ་ཧཧ་
ཚེ་རིང་སྐྱབས་ཡིན་ན་འདི་ལ་སྙིང་ཡང་རྗེ་སོང་། བྲིས་ངན་དེ་འདྲ་ཞིག་ལས་འབྲི་མི་ཤེས་ན་ངོ་ཚ་མེད་ན་ཡང་དཀའ་ལས་ཡང་མི་འདུག་གམ་ཧ་ཧ་ཧ་ཧ་ཧཧ་ད་དུང་སྐྱོན་བརྗོད་འདྲ་བཟོ་ཁུལ་་་་་་་་་་་་་་་་་་་་་་་ནོར་བཅོས་
རང་གི་ལྟོ་རྒྱབ་ཉིད་ལས་མི་བསམ་པའི། །
ཁྱི་རྒན་ལས་ཀྱང་སྡིག་པའི་མི་འདི་དག །
གཤིན་རྗེའི་ཕོ་ཉ་སྟག་མགོ་ཅན་པོ་དེས། །
སྐད་ཅིག་ཉིད་ལ་དམྱལ་བའི་གཏིང་ལ་དྲོངས། །
རྒྱ་འབུ་འཇམ་གཅེས་འདི་ཚེ་བསྟན་སྒྲོལ་མའི་རྐུབ་རྗེས་ནས་གསར་བརྗེ་རུ་དཔུང་ལ་བསྟོད་གླུ་ལེན་མཁན་ཞིག་ཡིན་ཚུས་ཐོས་མྱོང་། དེ་རིང་དངོས་སུ་བདེན་པ་ལྷང་ལ་བུད་སོང་།ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་མཐར་ཕྱིན་པ་བྱ་རྒྱུ་ཡིན་ཞེས་བརྗོད་པས་ན།ནམ་རྒྱུན་ངར་ངར་ཤོར་ཤོར་ལ་ཡོད་པའི་འཇམ་གཅེས།ཕྱི་བའི་གཉན་པོ་དང་བཙན་པོ་མཐོང་སོང་བ་ལྟར།ཕྱི་ཁུང་ཁ་ནས་སྐད་ངན་ཞིག་ཤོར་དེ་གར་འཛུལ་མི་ཤེས་བའི་རྣམ་པ་དང་ཀུན་ནས་མཚུངས་སོ།་་་ཧོ་ཙེ་་་་ཀུ་རེ་ཡིན་ད།
རྒྱ་དམར་གྱི་རྒྱུགས་ཁྱི་དེ་དག་ལ་བོད་ཀྱི་དྲི་མ་ཙམ་ཡང་མེད་པ་མ་ཟད་བོད་མི་ཡོད་དོ་ཅོག་གི་དགྲ་བོ་ཁོ་ན་ཡིན། ༧གོང་ས་མཆོག་དང་ཁྱོད་ཤི་ང་གསོན་བྱེད་རྒྱུ་ཡིན་ཟེར་འདིས་ང་ཚོའི་བོད་མི་ཡོད་དོ་ཅོག་གི་སྙིང་ལ་ཚེར་མ་བསྣུན་པ་དང་ཁྱད་པར་ཅི་ཡང་མེད་ལ་ཆོལ་ཁ་གང་ཡིན་རྩོད་ཀྱི་མེད་ལ་མི་ངན་རྒྱ་མིའི་རྒྱུགས་ཁྱི་ཡིན་པ་རྩོད་མེད་ཡོངས་གྲགས་རེད།
ཡ་ཡ། ངས་ནམ་རྒྱུན་ནས་ཏང་ཕྲུག་སྐྱག་ཟན་གཅིག་ཏུ་ངོས་འཛིན་བྱས་པའི་འཇམ་གཅེས་རྒྱ་ཁྱི་འདི་དེ་རིང་རང་མདོག་ཕྱི་རོལ་དུ་མངོན་འདུག་ལ་ངའི་ངོས་འཛིན་ལ་རྩ་བ་ནས་ནོར་མི་འདུག། དེ་ལྟ་བས་ན། ནམ་རྒྱུན་ལམ་དབུ་མའི་སྐོར་ཞིག་བཤད་ཀྱི་ཡོད་ན། ཟམ་གདོང་བླར་རྒན་གྱི་སྐོར་ཞིག་བཤད་ཀྱི་ཡོད་ན། དམངས་གཙོ་དང་སྨྲ་བརྗོད་རང་དབང་གྱི་སྐོར་ཞིག་བཤད་ཀྱི་ཡོད་ན། རང་བཙན་གྱི་སྐོར་ཞིག་བཤད་ཀྱི་ཡོད་ན་གནད་དོན་ལ་མི་འཇུས་པར་ལམ་སེང་༧རྒྱལ་བའི་ལྷ་དགོངས་དང་འགལ་ཚུལ་དང་། ༧རྒྱལ་བར་ལོག་ལྟ་དང་སྐུར་འདེབས་ཡིན་ཚུལ་གྱི་མི་དམངས་རང་བཞིན་གྱི་བསམ་ཚུལ་དེ་ཁ་བསྒྱུར་གང་ཐུབ་ཀྱིས་ངན་སྨྲས་ཡོད་དགུ་འདོན་པའི་ལམ་ལུགས་དེའི་རང་མདོག་ཕྱི་རོལ་དུ་མངོན་སོང་བ་ནི། ནམ་རྒྱུན་ཁོ་པས་༧གོང་ས་མཆོག་ལ་ལྷག་བསམ་རྣམ་དག་གི་དད་པ་ཡོད་མདོག་བྱེད་པ་དེ། ད་རེས་བོད་ཀྱི་བླ་བཙོང་བ་ཏང་གི་གསོས་ཕྲུག་འགའ་གཞིས་ལུས་མི་དམངས་ཀྱི་བླ་སྲོག་གཅོད་མཁན་གྱི་བཤན་པར་འཁོད་མ་ཐག་མ་བསྐུལ་དང་བླངས་ཀྱིས་ཁོ་ཚོའི་ཕྲག་སྟེང་དུ་གཡོལ་དུ་མེད་པའི་ལྗིད་ཏིག་ཏིག་གི་འགན་འཁྲི་ཞིག་ཡོད་པ་ནི། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཁྱོད་ཤི་ང་གསོན་གྱིས་འཐབ་རྩོད་མཐར་ཕྱིན་པ་བྱ་རྒྱུའི་དམ་བཅའ་བརྟན་པོ་བཞག་ཡོད་ཀྱང་ད་དུང་བསྟོད་གླུ་ལེན་པའི་ངང་ཚུལ་འདི། ཁོས་༧གོང་ས་མཆོག་ལ་དད་པ་ལྷག་བསམ་རྣམ་དག་ཇི་ཙམ་དང་ཇི་འདྲ་ཡིན་མིན་གསལ་གསལ་ཐིང་ཐིང་ཆགས་ཚར་བ་རེད་ལ། ངན་སྨྲས་དང་སྨོད་ངན་བོར་རྒྱུ་ནི་ལྟ་ཅི། མི་ཁོག་མིས་མི་ལོན། ཁྱི་ཁོག་དབྱུགས་པས་མི་ལོན། ཟེར་ན་འདི་འདྲ་ལ་ཟེར་བ་ཡིན་རྒྱུ་རེད། ད་གཞི་ནས་ཤེས་སོང་། ཧ་ཧ་ཧ་ཧ།
ད་ཡང་ཁྱི་རྒན་ལོག་སྤྱོད་པ་གསེར་འབྲུག་མིང་ཅན་་་ཁྱི་ཕྲུག་འཆི་མེད་གཡང་དྲུང་ཡིན་ན་ཞིག་ནས་འདིར་སྡུག་སྐད་འདོན་བཞག་འདུག ། དེ་རིང་ངས་ཁྱེད་གཉིས་ལ་ལན་དམིགས་བསལ་ཞིག་མེད་མོད་ཡིན་ཡང་དུས་རྒྱུན་ལྡན་ལྟར་ཁྱེད་གཉིས་ཀྱིས་ཁའི་ནང་དུ་ཐལ་བ་ཐོབས་ཤིག་ཟེར་རྒྱུ་ཡིན་་་་་་་་་་་་་་་་་་་་་་་་་
རེད་ད། ཁ་ནང་ཐལ་བ་བཏབ་རྒྱུ་ཞིག་ཡོད་ན་བོད་དང་བོད་མི་རིགས་ཀྱི་བླ་བཙོང་བ་དང་ཏང་ཁྱི་ཁྱོད་ཚོའི་ཁ་ནང་ལ་ཐལ་བ་དང་གཅིན་སྐྱག་ཞིག་འདེབས་དགོས་ཚོད་ཡིན། གང་ལྟར་གཞས་མ་ཚེ་བརྟན་སྒྲོལ་མས་གཙོས་པའི་རྒྱལ་མཚན་ནོར་བུ་དང་། ཨ་ཕོ་རག་སྡིས། བྱམས་པ་ཕུན་ཚོགས། པདྨ་འཕྲིན་ལས། བློ་བཟང་རྒྱལ་མཚན། ཏང་ཕྲུག་སྐྱག་ཟན་འཇམ་གཅེས་ཁྱོད་ལ་སོགས་པའི་བོད་དང་བོད་མི་རིགས་བླ་བཙོང་བ་ཏང་ཁྱི་ཁྱོད་ཚོ་དང་ཞིབ་རྩིས་རྒྱགས་རྒྱུའི་ཉི་མ་ཞིག་གཏན་གཏན་ཤར་ངེས་པས་དེ་དུས་མི་རིགས་གཅིག་པའི་ལར་ཞེན་དང་སྙིང་རྗེ་མི་འདུག་མ་ཟེར་ཨ།
་་་་་་གཞས་མ་ཚེ་བརྟན་སྒྲོལ་མས་གཙོས་པའི་རྒྱལ་མཚན་ནོར་བུ་དང་། ཨ་ཕོ་རག་སྡིས། བྱམས་པ་ཕུན་ཚོགས། པདྨ་འཕྲིན་ལས། བློ་བཟང་རྒྱལ་མཚན། ་་་་་་་་་་་་
ཡ་ཡ་་་་སྤྱིར་ལོག་སྤྱོད་མཁན་པོ་གསེར་འབྲུག་དང་། དཀྲུགས་ཤིང་མཁན་པོ་མེ་དཀར། འུ་ཤོད་མཁན་པོ་ཅོ་རི་བ། བསང་མྱུལ་མཁན་པོ་འཆི་མེད་མིང་ཅིང་ཅན་ལ་སོགས་པའི་མི་ངན་ཁྱེད་ཚོས་དངོས་ཤུགས་ཅི་རིགས་ནས་བདག་ལ་ངན་སྨྲས་སྣ་ཚོགས་ཞིག་དུས་རྒྱུན་པ་ནས་བཟོ་བཞིན་པ་ཡིན་དུས་ངས་སྐྱག་ཁ་མང་པོ་མངོགས་མི་འདོད། ཡིན་ཡང་དེ་རིང་མི་ངན་ལོག་སྤྱོད་རི་ཁག་པ་ཚོས་བདག་ལ་སྡིག་ར་འདྲ་བཏང་ཁུལ་བྱས་འདུག །ཧ་ཧ་ཧཧ་ཧ་ཧ་་ངོ་མ་མི་སྙིང་མེད་མགོ་སྟོང་ཟེར་ན་ཁྱེད་ཚོ་ལས་གཞན་འཇིག་རྟེན་འདིར་མེད་ངེས་སུ་འདུག་་་ང་སྙིང་རྗེ་སོང་། ད་དུང་བོད་ལ་རང་དབང་ཐོབ་པས་ཉིན་དེར་ང་ལ་གཅིག་བཟོ་རྒྱུ་ཡོད་འདུག་ཧ་ཧ་ཧ་ཧ་ཧཧ་་་མིན་ངན་ཁྱོད་ལ་དེ་འདྲའི་སྙིང་ཁམས་དང་ལ་རྒྱལ་ཞིག་ཡོད་ན་དགོས་པའི་དུས་སུ་སླེབ་ཟིན་པ་མ་ཟད་ཕྱི་དྲག་པ་མ་ཤེས་པ་དེ་ཡང་མགོ་རུལ་དྲི་ངལ་སྣའི་མ་ཚོར་ཟེར་བ་དེ་རེད། ང་ངོ་མ་ཁྱོད་ལ་ཞེད་སོང་། བོད་ལ་རང་འཐོབ་པའི་ཉིན་དེ་ནས་ང་གང་དུ་འགྲོ་དགོས་སམ་་་ཡང་ན་ཁྱོད་ནང་བཞིན་མིང་བྱང་རྫུན་མ་ཞིག་གིས་འོག་ཏུ་མི་ཚེ་གང་པོར་ཡིབ་དགོས་པ་ཡིན་ནམ་་་ཧ་ཧ་ཧཧ་ཧ་ཧ་ཧ་་་
རྒྱུག་ཁྱི་འདི་ཚོ་བོད་ཡབ་མེས་ཀྱི་ཞབས་འདྲེན་རེད།
ལོག་སྤྱོད་པ་ང་ཚོས་རྒྱུགས་ཁྱི་ཏང་ཁྱི་ཁྱོད་ཚོ་བོད་ནས་མཐར་འབུད་གཏོང་རྒྱུ་ཡིན་ད། ཧ་ཧ་ཧ་ཧ།
ག་ལེར་མཐར་འབུད་གཏོང་རྒྱུའི་དུས་སླེབས་འདུག་ག།