ལྷ་སྡེ་གནམ་ལོ་ཡག
ད་ལྟ་རྒྱ་དམར་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་མང་ཆེ་བ་རིག་འཕྲུལ་གྱི་སྦྱོར་བ་སྣ་ཚོགས་བརྒྱུད་ནས་གཏན་འཁེལ་བྱས་པ་ཡིན་པས། གནས་དེར་སྡོད་མཁན་ཚོ་ལའང་དངོས་སུ་སྐྱོན་ལ་མཛུབ་མོ་འཛུགས་རོགས་ཟེར་སྐབས། ཧ་ལམ་གཅིག་གིས་གཅིག་ལ་ལྟ་བ་ཙམ་ལས་སྐྱོན་འདིའོ་ཟེར་བ་ཞིག་སྟོན་མི་ཐུབ་པའི་ཚད་ལ་སླེབས་ཡོད། དཔེར་ན། ལོ་ཤས་ནས་བཟུང་། བོད་ཤར་ཁུལ་ཡང༼བོད་ལ་ཁ་གཏད་རོགས་སྐྱོར༽ཟེར་བའི་ཁོངས་སུ་བཅུག་ཡོད་སྟབས། ཁམས་དང་ཨ་མདོ་ནས་རྒྱ་ནག་ནང་འགྲིམས་ཀྱིན་པའི་མཐོ་རིམ་སློབ་མ་མང་བོ་བྱུང་ཡོད། ཐད་ཀར་ལྟ་སྐབས། དེ་ནི་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ལས་སྐྱོན་ཞིག་ཏུ་མཐོང་མི་ཐུབ། ཡིན་ནའང་། བོད་ནང་གི་མཐོ་རིམ་སློབ་ཆེན་ཁག་ནས་ཕེབས་མཁན་ཚོར་འབྲེལ་འདྲིས་བྱེད་སྐབས། གཞི་ནས་འགྱུར་བ་དེའང་གནད་དོན་ཚབས་ཆེན་ཞིག་ཡིན་པ་ཤེས་འོངས།
ཕྱི་ལོ་༢༠༠༨ ལོའི་བོད་ནང་གི་གྱེན་ལངས་ཀྱི་རྗེས་ནས་བཟུང་། རྒྱ་དམར་གཞུང་གིས་མཐོ་སློབ་ཁག་ནང་ཡོད་པའི་བོད་རིག་པའི་སློབ་གླིང་ཁག་གི་སློབ་མ་བསྡུ་བའི་སྐར་གྲངས་ཇེ་མཐོར་བཏང་ནས་བོད་ཡིག་སྦྱངས་ནས་ཡིག་རྒྱུགས་གཏོང་མཁན་གྱི་བརྒྱ་ཆའི་རེ་གཉིས་ཤིག་མ་གཏོགས་མཐོ་སློབ་དེ་དག་ནང་འཛུལ་ཞུགས་བྱེད་མི་ཐུབ་པ་བཟོས་འདུག དེ་བས། བོད་ཡིག་ཡོད་པའི་མཐོ་སློབ་ནང་འཛུལ་མ་ཐུབ་པའི་སློབ་མ་མང་ཆེ་ཤོས་རྒྱ་ནག་ནང་ཁུལ་གྱི་མཐོ་སློབ་ཁག་དང་ས་གནས་སོ་སོའི་རྒྱ་ཡིག་གི་མཐོ་སློབ་ཁག་ནང་བཅུག་འདུག
ད་ལྟ་འཆར་གཞི་འདི་ཧ་ལམ་དམའ་འབྲིང་རིམ་པ་ནས་བཏང་ཚར་ཡོད་པ་ཞིག་རེད། གནད་དོན་འདི་བྱེ་བྲག་ཏུ་མཚོ་སྔོན་ནང་མངོན་གསལ་དོད་པོ་རེད། ཡང་ཅིག་བཤད་ན། མཚོ་སྔོན་ཆེས་མཐའ་མཇུག་གི་བོད་ཡིག་ཆེད་ལས་གང་ཙམ་ལྷག་ཡོད་པའི་གནས་ཤིག་ཡིན་པར་འབྲེལ་བ་ཡོད་སྲིད་པ་ཞིག་རེད།
མཚོ་སྔོན་མི་རིགས་སློབ་ཆེན་ནི་བོད་རིག་པའི་སློབ་གླིང་དར་ཆར་ཕྱར་བའི་མཐོ་སློབ་ཞིག་ཡིན་པར་མ་ཟད། སློབ་ཆེན་འདིར་བོད་ཡིག་སློབ་ཁྲིད་ཀྱི་ལོ་རྒྱུས་རྒྱ་དམར་གཞུང་གིས་བོད་ཤར་ཕྱོགས་སུ་བཙན་འཛུལ་བྱས་པ་དང་དུས་མཉམ་སྟེ། ཕྱི་ལོ ༡༩༤༩ལོའི་ཟླ༡༢ནས་སློབ་གླིང་འདི་བཙུགས་འདུག་པ་དང་། སློབ་མའི་ཡོང་ཁུངས་བོད་ཁུལ་སྤྱི་རེད།
ཕྱི་ལོ་༢༠༡༡ ལོར་མཚོ་སྔོན་མི་རིགས་སློབ་ཆེན་དུ་མིང་བསྒྱུར་དང་། ཕྱི་ལོ་༢༠༡༢ ལོ་ནས་རྒྱ་ནག་ཐེན་ཅིན་མཐོ་སློབ་ཀྱིས་ཐད་ཀར་རོགས་བསྐྱོར་བྱེད་ཡུལ་དང་ཕྱི་ལོ་༢༠༡༣ ལོ་ནས་དེང་གི་རྒྱ་ནག་གི་དཀྱིལ་རྒྱུད་དང་ནུབ་རྒྱུད་ཀྱི་ནུས་པའི་རྨང་གཞིའི་འཛུགས་བསྐྲུན་རྣམ་གྲངས་དར་སྤེལ་བྱེད་པའི་མཐོ་སློབ་ཁྲོད་འདེམས་འདུག
ཕྱི་ལོ་༢༠༡༢ ལོར་མཚོ་སྔོན་མི་རིགས་སློབ་ཆེན་གྱི་བོད་རིག་པའི་སློབ་གླིང་ནང་རྒྱ་ཡིག་རྐྱང་བའི་ལམ་ནས་སློབ་མ་ ༣༢ བསྡུས་ཡོད་པ་དང་། སློབ་མ་དེ་དག་སློབ་མཐར་ཕྱིན་རྗེས། བོད་རྒྱ་ཡིག་རིགས་གཉིས་ཀྱི་མཐོ་སློབ་ཀྱི་ལག་འཁྱེར་སྤྲད་ཀྱི་ཡིན་པ་དང་། མ་འོངས་ལས་གནས་བཀོད་སྒྲིག་བྱེད་ཡུལ་བོད་ཁུལ་གྱི་གཞི་རིམ་མམ། ཤང་རིམ་པའི་འགོ་ཁྲིད་ཡིན་པར་མ་ཟད། སློབ་མ་འདི་དག་བསྡུ་སྐབས། སྔོན་འགྲོའི་ཆ་རྐྱེན་གཉིས་ཡོད་པ་ནི།
༡ རྒྱ་ནག་གི་ཆེས་དབུལ་བའི་ས་ཁུལ་ནས་ཡིན་དགོས་པ།
༢ མི་རབས་བདུན་ལ་བོད་དམ། གྲངས་ཉུང་མི་རིགས་ལ་ཤ་ཁྲག་གི་འབྲེལ་བ་མེད་པ།
བོད་ལྗོངས་སློབ་གྲ྄་ཆེན་མོ་དང་པེ་ཅིན་དུ་ཡོད་པའི་༼ཀྲུང་དབྱང་མི་རིགས་སློབ་ཆེན༽གྱི་བོད་རིག་པའི་སློབ་གླིང་ནང་འཛིན་གྲ྄་འདི་བཞིན་ཕྱི་ལོ་༢༠༠༨ ལོའི་ཡར་སྔོན་ནས་བཙུགས་ཡོད་པར་བཤད། སློབ་བསྡུའི་དམིགས་ཡུལ་གོང་དུ་བརྗོད་ཟིན་པ་ལྟར་བོད་ཁུལ་གྱི་གཞི་རིམ་དཔོན་རིགས་བསྐྱེད་བསྲིངས་བྱེད་ཀྱིན་པ་ཞིག་རེད་ལ། སློབ་མ་འདི་དག་བསྡུ་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ལ་དཔག་ན། བོད་ལ་མུ་མཐུད་སྲིད་ཇུས་མཁྲེགས་འཛིན་དང་དཔལ་འབྱོར་གཡོ་འཕྲོག་བྱེད་མཁན་ཁྱུ་ཞིག་ཏུ་འགྱུར་ངེས་པ་ནི་རིགས་འདེད་བྱེད་ཐུབ་པ་ཞིག་རེད།
ལོ་ཤས་སྔོན་ནས་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་ནང་ཚོགས་འདུ་དུ་མ་བསྐོང་འཚོགས་ཀྱིས་༼རྒྱལ་ཁབ་ལ་ཞབས་ཞུའི་འཐབ་ཇུས་ཀྱི་དམིགས་བསལ་དགོས་མཁོ༽ཟེར་བ་ཞིག་ལ་གྲོས་བསྡུར་རབ་དང་རིམ་པས་བྱས་ཡོད་ཅིང་། ཕྱི་ལོ་༢༠༡༤ ལོར་རྒྱ་ནག་ཐེན་ཅིན་མཐོ་སློབ་དང་མཚོ་སྔོན་མི་རིགས་སློབ་ཆེན་མཉམ་འབྲེལ་གྱིས་འབུམ་རམས་པའི(PH.D)ཞིབ་འཇུག་འཛིན་གྲ྄་བསྡུ་རྒྱུ་དང་། སློབ་མཐར་ཕྱིན་རྗེས་ཐེན་ཅིན་མཐོ་སློབ་ནས་ལག་འཁྱེར་སྤྲད་ཀྱི་རེད་ལ། སློབ་མ་དྲུག་བསྡུ་ལེན་བྱེད་པའི་འཆར་གཞི་འདུག་པར་མ་ཟད། སྔོན་འགྲོའི་ཆ་རྐྱེན་ནང་རྒྱ་ནག་དམར་ཤོག་ཚོགས་པའི་དབུ་ཁྲིད་བརྩི་སྲུང་དང་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ། མེས་རྒྱལ་ལ་དགའ་ཞིང་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོབ། རྒྱལ་ཁབ་ཀྱི་བོད་ཁུལ་དར་སྤེལ་འཐབ་ཇུས་ལ་ཞབས་ཞུ་དང་ཁྲིམས་ལུགས་སྲུང་བ། གཤིས་རྒྱུད་དྲང་མོ་ཅན་ཡིན་དགོས་ཚུལ་བཀོད་འདུག
ཆེད་ལས་དབྱེ་སྟངས་ཀྱི་ཆ་ནས་ལྟ་སྐབས། ཡིག་རྒྱུགས་སམ་ཡིག་རྩལ་ཕལ་ཆེ་བ་རྒྱ་ཡིག་གི་ལམ་ནས་ཡིན་པ་གཏན་འཁེལ་ཟིན་ནའང་། བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཚན་རིག་གིས་འགྲེལ་སྟངས་ཐད་ཀྱི་སྐར་གྲངས་ནང་བོད་ཡིག་དང་རྒྱ་ཡིག་གཉིས་ཀ་དགོས་ཚུལ་བཀོད་འདུག དེ་བས། བོད་ཡིག་ཤེས་མཁན་ལ་ས་མིག་གཅིག་ནས་གཉིས་ཡོད་པ་འདྲ། ཆེད་ལས་ཁག་རིམ་པ་དྲུག་ལ་དབྱེ་ཡོད་པ་གཤམ་གསལ།
༡ བོད་ཁུལ་སྤྱི་ཚོགས་བརྟན་ལྷིང་དང་འཛིན་སྐྱོང་བྱེད་ཕྱོགས་ཞིབ་འཇུག
༢ བོད་བརྒྱུད་སངས་རྒྱས་ཆོས་ལུགས་དོ་དམ་བྱེད་སྟངས་ཞིབ་འཇུག
༣ བོད་ཁུལ་སྤྱི་ཚོགས་ཀྱི་གནད་དོན་ཞིབ་འཇུག
༤ བོད་ཀྱི་གསོ་བ་རིག་པ་བརྒྱུད་འཛིན་དང་དར་སྤེལ་ཞིབ་འཇུག
༥ བོད་བརྒྱུད་སངས་རྒྱས་ཆོས་གཞུང་ཚན་རིག་གིས་འགྲེལ་སྟངས།
༦ བོད་ཀྱི་ལོ་རྒྱུས་རིག་གནས་གསུང་རྩོམ་རྒྱ་བསྒྱུར།
གནས་སྟངས་འདིའི་ཆ་ནས་བལྟ་སྐབས། རྒྱ་དམར་རྒྱལ་ཡོངས་ནང་བོད་རིག་པའི་སློབ་གླིང་ཁོངས་སུ་བསྡུས་པའི་མཐོ་སློབ་དྲུག་གམ་བདུན་ལས་མེད་ནའང་། སློབ་གླིང་འདི་དག་ནས་བོད་ཡིག་གཙོར་བཟུང་གིས་སློབ་མ་གསོ་སྐྱོང་བྱེད་པའི་སྔར་སྲོལ་ལ་འགྱུར་བ་བཏང་དང་གཏོང་བཞིན་པ་གསལ་བོར་མཚོན་ཡོད་པར་མ་ཟད། སྒོས་སུ་ལོ་ཤས་རིང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་བོད་རིག་པའི་སྡེ་ཁག་ནང་དངོས་གཞིའི་སློབ་མ་(༢༠༡༢)ནས་ཞིབ་འཇུག་སློབ་མ་(༢༠༡༣ལོ་དང་སློམ་མ ༨)དང་། ད་ལོ་ནས་འབུམ་རམས་པའང་རྒྱ་ཡིག་རྐྱང་བའི་ལམ་ནས་བསྡུ་རྩིས་བྱེད་ཀྱིན་པ་ནི་བོད་ཡིག་གི་ཚེ་སྲོག་ཐད་ཀར་འཇིག་
ཉེན་ལ་འཕྲད་ཟིན་པའི་མངོན་རྟགས་ཅིས་མ་ཡིན།
དེའི་ཕྱིར། བཙན་བྱོལ་ནང་གི་རྒྱ་དམར་རྩ་ཁྲིམས་འོག་ཏུ་སྡོད་འདུན་ཡོད་མེད་གཉིས་ཀ་དང་འཐབ་ཕྱོགས་གཅིག་གྱུར་ཁང་ལ་དགའ་བསུ་ཡོད་མེད་གཉིས་ཀ་ནས་ཕྱར་གྲུ་མཉམ་འདེགས་སམ། ཡང་ན། ཕྱོགས་སོ་སོ་ནས་ཐབས་ལམ་སྣ་མང་འོག་བོད་ཡིག་ལ་འཕྲད་ཀྱིན་པའི་འཇིག་ཉེན་འདི་ཅིས་ཀྱང་སེལ་ཐབས་གནང་དགོས་པའི་དུས་ལ་བབས་ཟིན་པ་ཞུ་མ་དགོས་པ་ཞིག་རེད། བོད་ཡིག་ནི་ཚང་མ་མཉམ་རུབ་ཀྱིས་སྲུང་སྐྱོབ་བྱེད་དགོས་པའི་ནོར་བུ་ཡིན་ཏེ། བོད་ཡིག་སྟེང་བོད་ཀྱི་འདས་མ་ད་གསུམ་ཡོད། ལུས་ངག་ཡིད་གསུམ་ཡང་ཡོད།
ཕྱི་ལོ་༢༠༡༤ ལོའི་ཟླ་༥ ཚེས་༢༩ ཉིན་བྲིས།
ཡོང་ཁུངས་བོད་ཀྱི་དུས་བབ།
་་་་་ དེའི་ཕྱིར། བཙན་བྱོལ་ནང་གི་རྒྱ་དམར་རྩ་ཁྲིམས་འོག་ཏུ་སྡོད་འདུན་ཡོད་མེད་གཉིས་ཀ་དང་འཐབ་ཕྱོགས་གཅིག་གྱུར་ཁང་ལ་དགའ་བསུ་ཡོད་མེད་གཉིས་ཀ་ནས་ཕྱར་གྲུ་མཉམ་འདེགས་སམ།
ཡང་ན། ཕྱོགས་སོ་སོ་ནས་ཐབས་ལམ་སྣ་མང་འོག་བོད་ཡིག་ལ་འཕྲད་ཀྱིན་པའི་འཇིག་ཉེན་འདི་ཅིས་ཀྱང་སེལ་ཐབས་གནང་དགོས་པའི་དུས་ལ་བབས་ཟིན་པ་ཞུ་མ་དགོས་པ་ཞིག་རེད།
བོད་ཡིག་ནི་ཚང་མ་མཉམ་རུབ་ཀྱིས་སྲུང་སྐྱོབ་བྱེད་དགོས་པའི་ནོར་བུ་ཡིན་ཏེ། བོད་ཡིག་སྟེང་བོད་ཀྱི་འདས་མ་ད་གསུམ་ཡོད། ལུས་ངག་ཡིད་གསུམ་ཡང་ཡོད། ་་་་་་་་
དེ་རིང་གནམ་ལོ་ཡག་གིས་ཡག་པོ་ཞིག་བྲིས་འདུག མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་ནང་འབུམ་རམས་པའི་ཆེད་རྩོམ་རྒྱ་ཡིག་ཐོག་ནས་འབྲི་མཁན་ཐོག་མ་དེའི་མིང་ལ་ཀརྨ་##ཅིག་ཟེར་ཐ། མི་ཆ་ཚང་དྲན་གྱི་མི་འདུག དེའི་ཐད་ལ་རྙོག་གླེང་མང་པོ་ཞིག་སླེབས་ནས་མཐའ་མ་རྒྱ་ཡིག་གི་སྟེང་ཡོང་ཆོག་པ་བཟོས་པ་རེད། ཞིབ་འཇུག་ནང་ཆོས་ཀྱི་སྐོར་ཞིག་ལ་ཡིན་བསམ་སོང་།
ཆེད་ལས་རིམ་པ་དྲུག་བཀོད་འདུག་པ་དེའི་མཐའ་མ་དྲུག་པ་མ་གཏོགས་གསར་བ་ཡིན་རྒྱུ་རེད། དེ་སྲིད་གཞུང་གི་སྡེ་ཚན་སོ་སོའི་ལས་འགན་འདྲ་བོ་ཞིག་འདུག དྲུག་པ་དེ་རྙིང་བ་རེད། དཔེར་ན་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ལོ་ཙཱ་ཞིབ་འཇུག་སློབ་མ་བསྡུས་པའི་དམིགས་ཡུལ་ནང་དུ་བོད་ཀྱི་གྲགས་རྩོམ་ཁག་དང་བསྟན་བཅོས་རྒྱ་ཡིག་ཏུ་བསྒྱུར་རྒྱུའི་ཆེད་དུ་ཡིན་པ་བཀོད་ཡོད་པ་རེད། ད་ལྟ་ཡིན་ནའང་། རྒྱ་ལས་བོད་ལ་འགྱུར་སྟངས་ཐད་ཞིབ་འཇུག་ཕལ་ཆེར་ཡོད་པ་མ་རེད། བོད་ནས་རྒྱ་ལ་འགྱུར་བའི་ལམ་རིམ་ཆེན་མོ་དང་། ར་ལོ་ཙཱ་བའི་རྣམ་ཐར། ཚངས་མགུར་ལྟ་བུའི་འགྱུར་སྐྱོན་སོགས་ལ་ཞིབ་འཇུག་བྱེད་རྒྱུ་དེ་འདྲ་རེད། འགྱུར་བ་ཞིག་ལ་ལོ་ཙཱའི་གཞུང་ལུགས་ཐད་ལ་ཞིབ་འཇུག་བྱེད་མཁན་རེ་གཉིས་བྱུང་ཡོད་པ་རེད།
གཞན་གནམ་ལོ་ཡག་ལགས་ནས་༼༡ རྒྱ་ནག་གི་ཆེས་དབུལ་བའི་ས་ཁུལ་ནས་ཡིན་དགོས་པ།
༢ མི་རབས་བདུན་ལ་བོད་དམ། གྲངས་ཉུང་མི་རིགས་ལ་ཤ་ཁྲག་གི་འབྲེལ་བ་མེད་པ།༽འདིའི་ཡིག་ཆའི་ཁུངས་རེ་སྟོན་ཐུབ་ན་ཡག་པོ་འདུག
༼ཡིག་རྒྱུགས་སམ་ཡིག་རྩལ་ཕལ་ཆེ་བ་རྒྱ་ཡིག་གི་ལམ་ནས་ཡིན་པ་གཏན་འཁེལ་ཟིན་ནའང་། བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཚན་རིག་གིས་འགྲེལ་སྟངས་ཐད་ཀྱི་སྐར་གྲངས་ནང་བོད་ཡིག་དང་རྒྱ་ཡིག་གཉིས་ཀ་དགོས་ཚུལ་བཀོད་འདུག ༽གནད་དོན་ཚབས་ཆེན་རེད།
སྲིད་སྐྱོང་གིས་ནམ་རྒྱུན་ཤེས་ཡོན་གལ་ཆེན་ཡིན་ཚུལ་སྒྲོག་གིན་འདུག་མོད། ཤེས་ཡོན་གལ་ཆེན་ཡིན་པའི་ཁོངས་སུ་བོད་རང་ཉིད་ཀྱི་རིག་གཞུང་གི་ཤེས་ཡོན་དེ་གལ་ཆེའི་གྲས་སུ་མི་སྒྲོག་པ་དེ་ཡ་མཚན་སྐྱེ་གཞི་ཞིག་རེད། མ་གཞི་ནས་སྲིད་སྐྱོང་ཁོང་ལ་ཡང་བོད་རང་གི་ཤེས་ཡོན་མེད་པའི་དན་རྟགས་དེས་ནི་ལོས་ཡིན།
བཙན་བྱོལ་གྱི་ལས་སྣེ་ཚོས་དགྱ་གཞུང་གིས་བོད་ཡིག་ཆེས་ཆེར་ཉམས་ཆག་ཏུ་བཏང་སོང་ཞེས་ཁ་ན་ན་བར་དུ་བརྗོད་ཁུལ་བྱེད་ཀྱང་། དོན་དུ་འགྱེལ་བའི་ཐོག་ལ་རྡོག་བརྫིས་ཀྱི་ཚུལ་ལྟར་དགྱ་གཞུང་གི་མངོན་འདོད་ནི་བཙན་བྱོལ་གྱི་ལས་སྣེ་ཚོས་ཤུགས་ཀྱིས་སྒྲུབ་བཞིན་ཡོད་པ་དང་མཚུངས།
འདི་ཐད་ནས་ཟམ་གདོང་རིན་པོ་ཆེས་དྲང་བདེན་གྱི་གསུང་བཤད་འདི་འདྲ་༼ང་ཚོས་དབྱིན་ཡིག་དེ་སློབ་ཚན་གཅིག་གི་ངོ་བོར་མ་བསླབ་ཅེས་བཤད་ཀྱི་ཡོད་པ་མ་རེད། སྔོན་མ་ང་ཚོས་བོད་ཡིག་དེ་སློབ་ཚན་གཅིག་གི་ངོ་བོར་བསླབས་ནས་གོ་ཆོད་ཀྱི་ཡོད་པ་ནང་བཞིན། ད་ལྟ་སློབ་གྲྭ་ཁག་གི་སློབ་ཚན་བརྒྱུད་ལམ་གྱི་སྐད་ཡིག་དེ་བོད་ཡིག་བྱས་པ་ཡིན་ནའང་དབྱིན་ཡིག་སློབ་ཚན་གཅིག་གི་ངོ་བོར་བཞག་ནས་འཛིན་གྲྭ་དང་པོ་ནས་བཅུ་གཉིས་བར་དུ་སློབ་ཀྱི་ཡོད་པ་རེད་ལ་བསླབ་ཆོག་གི་ཡང་རེད། དེའི་ཐོག་ནས་དབྱིན་ཇི་མ་ཤེས་པ་ཞིག་ག་རེ་བྱས་ནས་ཆགས་དགོས་ཀྱི་འདུག བོད་ཡིག་སྐྱོ་བོ་འདུག་ཅེས་མང་པོ་ལབ་ཀྱི་ཡོད་པ་མ་ཟད་དབྱིན་ཇི་ཡང་སྐྱོ་བོ་འདུག་ཅེས་ལབ་ཀྱི་ཡོད་པ་རེད།༽བསྐྱོན་འདུག
དེ་ལྟར་བཙན་བྱོལ་གྱི་ལས་སྣེ་ཚོ་སོ་སོ་བོད་ཡིག་ཡིག་རྨོངས་པ་འདྲ་ཡིན་པའི་ཐོག་ལ། སློབ་ཕྲུག་དང་མི་མང་ཚོ་ལ་ཡང་ཤུགས་རྐྱེན་ངན་པ་དེ་ཐེབས་བཅུག་ནས་བོད་ཡིག་སྲུང་སྐྱོབ་ཀྱི་ཐབས་ལམ་ཙམ་ཡང་རྩལ་དུ་མ་བཏོན་པར་བོད་ཡིག་ལ་སྣང་མེད་མཐོང་ཆུང་གཏོང་བཞིན་བཙན་བྱོལ་གྱི་ལོ་རྒན་ལྔ་བཅུ་ལྷག་བསྐྱལ་བ་རེད། ད་དུང་མུ་མཐུད་ནས་འདི་ལྟར་ཕྱིན་ཚེ་བོད་ཡིག་གི་ཚེ་སྲོག་ནི་དུས་ཐུང་ནང་འགུམ་ཉེན་ཆེའོ།
བོད་ཡིག་སྲུང་སྐྱོབ་བྱེད་རྒྱུ་ནི་བོད་མི་ཡོངས་ཀྱི་ལས་འགན་ཡིན་པ་ལས་ལས་སྣེ་ཚོའི་ལས་འགན་མ་རེད། དེས་ན་རང་དབང་ལུང་པར་ཡོད་པའི་བོད་མི་ཚང་མས་ལྟོ་གོས་ཅིག་པུའི་ཆེད་དུ་འདུར་མ་སྡད་པར། མི་རིགས་ཀྱི་བླ་སྲོག་སྐད་ཡིག་ལ་འབད་དགོས་རྒྱུ་གལ་ཆེན་པོ་རེད། བོད་ནང་གི་བོད་མི་ཚོ་སེམས་ཤུགས་ཧ་ཅང་ཆེ་ཡང་རྒྱ་དམར་གྱིས་ཐབས་ཤེས་སྣ་ཚོགས་ཀྱི་སྒོ་ནས་བོད་ཀྱི
སྐད་ཡིག་དམར་གསོད་གཏོང་ཐབས་བྱེད་བཞིན་ཡོད་པས་གནས་སྟང་ལ་འགྱུར་བ་མ་སོང་ན་རྒྱུན་རིང་པོ་གདོང་ལེན་བྱེད་ཐུབ་རྒྱུ་ཁག་པོ་རེད། གནས་སྟང་འདི་ཚོ་མཐོང་ཡོང་དུས་བོད་རྒྱའི་དཀའ་རྙོག་མྱུར་དུ་སེལ་ཐབས་བྱེད་དགོས་པའི་ཚོར་བ་ཞིག་མ་སླེབས་རང་སླེབས་རེད།
གོང་གི་མཆན་བ་ཚོར་བཀའ་དྲིན་ཆེ། ནམ་རྒྱུན་ངས་སྦྱར་མཆན་འགོད་མཁན་མང་ཆེ་བ་ཁ་ནང་ལ་བསྐོར་ན་ངར་ཤུགས་ཡོད་པ་མ་གཏོགས་ཁ་ཕྱི་ལ་བསྐོར་རྗེས་འཇམ་ཅག་གེར་འགྲོ་གི་འདུག་བསམ་སོང་། ཡིན་ནའང་། ཚང་མ་དེ་འདྲ་ཞིག་ཡིན་ས་མ་རེད་བསམ་བསམ་ཞིག་འདུག དེ་འདྲ་ཞིག་རེད་དམ།
གནད་དོན་འདིའི་ཐད་ལས་འགུལ་སྤེལ་བསམ་ཡོད་པའི་ཚོགས་སྒེར་སུ་ཡིན་ནའང་འདྲ། ཡིད་གཟབ་གནང་ས་གཙོ་བོ་ནི་བོད་རིག་པའི་སློབ་གླིང་ནང་སློབ་མ་བསྡུ་སྐབས། ཡིག་རྩལ་ནང་ངེས་པར་དུ་སྔར་བཞིན་བོད་ཡིག་སོརའཇོག་གནང་དགོས་ཞེས་བརྗོད་པ་ལས་སློབ་ཚན་ནང་རྒྱ་ཡིག་ཡོད་མི་ཆོག་གསུང་གི་ཡོད་པ་མ་རེད། ཡིན་ནའང་། བོད་རིག་པའི་སློབ་གླིང་གི་མིང་བཏགས་བཞིན་དུ་སློབ་མ་བསྡུ་བའི་ཡིག་རྩལ་ག་ལེར་རྒྱ་ཡིག་གིས་འཐུས་པར་བྱེད་ཀྱིན་པར་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད། དཔེར་ན། ད་རེས་འབུམ་རམས་པ་མི ༦བསྡུ་བཞིན་པའི་ནང་དུ་བོད་ཡིག་ཡོད་པའི་ཡིག་རྩལ ༢ལས་ཡོད་པ་མ་རེད། མ་འོངས་པར་རིམ་བཞིན་ཡིག་རྩལ་ཆ་ཚང་རྒྱ་ཡིག་ནང་བསྒྱུར་རྒྱུ་ཡིན་པ་དེ་གསལ་བོ་རེད།
འོ་ན། ཡིག་རྩལ་རྒྱ་ཡིག་ནང་བསྒྱུར་བའི་གྱོང་གུད་གང་རེད་ལབ་ན། གཤམ་གསལ།
༡ བོད་རིག་པའི་སློབ་གླིུང་གི་མིང་ཡོད་བཞིན་དུ་བོད་ཡིག་ལ་རྒྱ་ཡིག་དང་འདྲ་མཉམ་གྱི་ཐོབ་ཐང་མེད་པས། འཇིག་ཉེན་ལ་ཐུག་པ།
༢ བོད་ཡིག་སྦྱངས་པའི་སློབ་མའམ། ཆེད་ལས་པ་ཚོར་ཤེས་ཡོན་གནས་རིམ་ལེན་པའི་གོ་སྐབས་ཤོར་བ།
༣ འབྱུང་འགྱུར་བོད་རིག་པའི་སློབ་གླིང་གི་བོད་ཡིག་ཤེས་པའི་དགེ་རྒན་གྱི་ལས་གནས་ཕལ་ཆེ་བ་ཤོར་ངེས་པ།
དེ་མིན་གོང་དུ་བཀོད་པའི་དྲི་བ་དེའི་ཐད་གནས་ཚུལ་འབྱུང་ཁུངས་ལ་འབྲེལ་གཏུགས་བྱེད་ཀྱིན་པའི་སྒང་ཡིན།
དེང་གི་ལམ་ལུགས་ནང་ནས་བོད་ཡིག་ཐོག་གི་སློབ་ཚན་དེ་རྒྱ་ཡིག་དང་འདྲ་མཉམ་སོགས་ཀྱི་གནད་དོན་འདི་རྩ་བ་ནས་ཐག་གཅོད་བྱེད་དགོས་ན་དུས་རབས་གོང་མའི་ལོ་རབས་དགུ་བཅུ་སྔོན་གྱི་རང་སྐྱོང་ལྗོངས་དང་ཁུལ། རྫོང་བཅས་སོ་སོའིི་བཅའ་ཁྲིམས་དང་། སྒྲིག་གཞི་སོགས་སུ་ཐག་གཅོད་བྱས་པའི་བོད་ཡིག་གི་གནས་བབ་དེ་ལག་ལེན་བསྟར་ཐུབ་དགོས་པ་རེད། པཎ་ཆེན་རིན་པོ་ཆེ་མཆོག་གིས་འདིའི་ཐད་འཐུས་སྒོ་ཚང་བའི་འགྲོ་སྟངས་ཤིག་གསུང་ཡོད་པ་རེད། ཡིན་ཡང་། ཉེ་ཆར་ཡོད་པའི་བོད་ཀྱི་རང་སྐྱོང་ལྗོངས་དང་ཁུལ། རྫོང་བཅས་སུ་བོད་རྒྱ་ཡིག་རིགས་མཉམ་བཀོལ་གྱི་སྐད་ཆ་ལས་བོད་ཡིག་གཙོ་བོ་ཡིན་པའི་སྐད་ཆ་དང་ཁྲིམས་གཞི་ཚང་མར་འགྱུར་བ་སོང་ཚར་བ་རེད། དེའི་རྐྱེན་གྱིས་ཆེད་ལས་བོད་ཡིག་སྒང་ནས་ཡོང་རྒྱུ་དེ་ཁྲིམས་ལུགས་དང་་དོན་དངོས་སྤྱི་ཚོགས་ཀྱི་དགོས་མཁོ་ལ་བསམ་ཚེ་འོས་འཚམས་མིན་པ་རེད། སློབ་གྲྭའི་ངོས་ནས་སློབ་མཐར་ཕྱིན་རྗེས་སློབ་མ་ཚོ་སྤྱི་ཚོགས་ནང་འགྲོ་ཐུབ་པ་ཞིག་བཟོ་དགོས་ཀྱི་ཡོད་པ་རེད། བོད་ཀྱི་ཞིང་འབྲོག་ས་ཁུལ་གྱི་ཤང་སྲིད་གཞུང་ཞིག་གིས་ཞིང་འབྲོག་བྱ་བའི་སྐོར་མི་དམངས་ལ་ཁྱབ་བསྒྲགས་བྱེད་དུས་ཀྱང་ཡིག་ཆ་རྒྱ་ཡིག་ཡིན་པ་རེད། འདི་ལ་དགོས་མཁོ་ག་རེ་ཡོད་པ་རེད། སྲིད་གཞུང་ཁག་གིས་བོད་ཡིག་བསླབ་ནས་མཐར་ཕྱིན་པ་དག་གི་ལས་ཀའི་སྒོ་འདི་ལྟར་རྒྱབ་ཚེ་སློབ་གྲྭས་གནས་སྟངས་དེ་མུ་མཐུད་དུ་འཇུག་མི་རུང་བའང་དོན་དངོས་རེད།
མདོར་ན་་་ད་སྔ་ཡོད་པའི་བོད་ཀྱི་རང་སྐྱོང་ལྗོངས་དང་ཁུལ། རྫོང་བཅས་ཚང་མ་རང་སྐྱོང་ཡིན་པའི་གཞི་འཛིན་ས་དེ་དཔོན་གནས་རིམ་པར་བོད་རིགས་གང་འཚམས་ཡོད་པ་དེ་ཡི་འགྲེལ་བཤད་ལས་གཞན་པ་ག་རེ་ཡོད་པ་རེད།
ཡང་xxལུང་རྟོགས་སླེབས་ཤག བོད་རྒྱའི་དཀའ་རྙོག་སེལ་བར་རེ་བ་ཡོད་མདོག་མདོག་ཅིག་མ་གནང་ལོ། ད་ལྟ་བར་སེལ་མ་ཐུབ་པར་ལྷག་འདུག་ག སེལ་མ་ཐུབ་པ་ཕར་ཞོག་རྒྱ་མིས་བོད་ཡིག་ལ་སོགས་མེད་པར་གཏོང་གི་འདུག་ག ངོ་རྒོལ་བྱེད་ཡ་མིན་པས། དཀའ་རྙོག་སེལ་ཡར་སྒུག་གི་ཡིན་པས།
བོད་སྟོང་སོང་ན་ད་འགྲིག་སོང་བ་ཨེ་རེད།
ཧཧཧ xxx ངོ་རྒོལ་གཅིག་པུས་བོད་དོན་དཀའ་རྙོག་སེལ་ཐུབ་ན་ང་ཚོས་དེ་སྔོན་མི་ལོ་ལྔ་བཅུ་དྲུག་བཅུའི་བར་དུ་ངོ་རྒོལ་བྱས་པ་མིན་ནམ། ཡིན་ཅིག་བོད་དོན་སེལ་བ་ལ་ངོ་རྒོལ་མ་གཏོགས་ཐབས་ལམ་གཞན་མེད་སོང་བ་ཨེ་རེད། རྒྱ་གཞུང་ལ་གདོང་ཐུག་བྱེད་པ་དང་གྲོས་མོལ་བྱེད་པ་གཉིས་བོད་དོན་སེལ་བ་ལ་གང་ཐག་ཉེ་བ་ཡོད་པ་རེད། བསམ་བློ་ཡག་པོ་ཞིག་ཐོང་དང་།
ད་ཡག་པོ་ཞེ་དྲག་འདུག xxxxxབོད་མི་མང་ལ་ཕན་ཐོགས་ན་གཅིག་པ་རེད།
བོད་རིགས་ནང་ཁུལ་དཀྲུག་མཁན་ནི་ནམ་ཡིན་རུང་མདུང་རྩེ་ནང་ལ་གཏད་མཁན་དེ་ཚོ་རེད་དོ།
ཏེ་སེ་འཚབ་ལངས་ཤག གེ་མི་འདུག དྲང་པོར་ལབ་ཤོག ག་རེ་བྱས་ནས་བོད་ཡིག་མེད་པར་གཏོང་བཞིན་པར་ངོ་རྒོལ་བྱེད་མ་ཆོག་པ་རེད་དམ། རྒྱུ་མཚན ༡ ༢ ༣ ༤ཡོད་དམ་མེད།
དགའ་བསུ་ཡོད་ད། དགའ་བསུ་ཡོད། ཁ་བརྡ་ཚང་གིས་ད་ཡིན་ན་གཅིག་སྒྲིལ་ལ་ནུས་ཤུགས་ཤིག་གཏོན་ཡོང་གི་འདུག ད་དུང་གོང་ས་མཆོག་ལ་རྒོལ་མཁན་དེ་ཚོ་དང་། བོད་པ་ནང་ནང་ཁུལ་དཀྲུག་མཁན་དེ་ཚོ་ལ་xམང་ཙམ་སྤྲད་རོག་གནང་།
འདིར་བཞག་པ་བཀའ་དྲིན་ཆེ། རྩོམ་འདི་གནམ་ལོ་ཡག་གིས་བྲིས་མིན་ལ་དོགས་པ་ཏོག་ཙམ་འདུག གང་ལྟར་རྩོམ་པ་པོ་དངོས་མར་བཀའ་དྲིན་ཆེ་ཞུ་བ་ཡིན།
ཡག་པོ་བྲིས་འདུག ཐུགས་རྗེ་ཡོད།
དེ་འདྲ་ཞིག་ཡིན་ན། ནུས་བ་ཐོན་ཤོས་དེ་བོད་ནང་གི་ལས་སྣེ་བ་ང་ཡིན་ཁོ་ཡིན་ལྟ་བུ་འགའ་ལ་འགན་ཡོད་དོ། ༧པན་ཆེན་རིན་པོ་ཆེ་ལྟ་བུ་ཐོན་རན་པ་རེད། དེ་མིན་བཙན་བྱོལ་ཚང་གིས་བཙན་བྱོལ་གྱི་འཁོར་ཡུག་ནས་བོད་ཡིག་སྐྱོབས་ཐུབ་ན་ཡང་། བོད་ནང་གི་བོད་ཡིག་གི་ཚེ་སྲོག་སྐྱོབས་པ་ལ་ནུས་བ་ཞིག་མེད་པ་གསལ་པོ་རེད། ལམ་ཁ་གཅིག་ཡོད་པ་དེ། ཚོད་དཔག་དང་རྟོག་འཆར་རང་གཅིག་པོ་ལ་གཞི་བཅོལ་བའི་རྩོམ་ཆག་ཞིག་མ་ཡིན་པར། དངོས་ཡོད་ཁུང་ལུང་ཚང་བའི་ཡིག་ཆ་དང་བོད་ཡིག་རྩ་མེད་བྱེད་པའི་ཐབས་ཇུས་ངན་པའི་སྲིད་ཁྲིམས་སོགས། གནས་ཚུལ་ཆ་ཚང་བ་ཞིག་དགྱ་ནག་ནས་འཚོལ་སྡུད་བྱེད་ཐུབ་ན། ད་གཟོད། རྒྱལ་སྤྱིའི་རྒྱ་ཁ་ལ་བཞག་ནས་སྲུང་སྐྱོབས་ཤིག་བྱེད་པའི་ཐབས་ལམ་ཡོད་པ་རེད། སྐབས་དེར། བོད་ཕྱི་ནང་གཉིས་ཀས་བོད་ཡིག་གི་ལས་དབང་ཞིག་གླེང་ཐུབ་པ་ལས། དེ་མིན། གཞིས་བྱེས་གཉིས་ཀྱི་བར་ལ་ཡས་བཤད་རེ་བྱས་བས་ཅང་མི་ཕན་ནོ།
བཀའ་དྲིན་ཆེ། མཆན་གང་ཙམ་བཞག་འདུག ཡིན་ནའང་། རྩོམ་ཡིག་སུས་བྲིས་མིན་སོགས་ཐེངས་འདིའི་གླེང་གཞི་མ་རེད། ཉུང་མཐར་ང་རང་མི་འདི་རེད་ཅེས་པའི་གཟུགས་ཅན་ཞིག་ངོས་འཛིན་རྒྱུ་ཡོད་པས་སེམས་ཁུར་མ་གནང་། དོན་དག་འདི་འདྲ་ཞིག་རེད། ལས་ཀ་ག་རེ་ལས་དགོས་མིན་ཐད་བསམ་ཚུལ་གང་མང་གསུང་རོགས།
ཕྱོགས་གཞན་ཞིག་ནས་བཤད་ན། ཆེད་ལས་དེ་དག་གཞིར་བཟུང་ནས་རྒྱ་དམར་གཞུང་གི་དམིགས་ཡུལ་གང་འདུག་ཚོད་དཔག་བྱེད་ཐུབ་མཁན་ཡང་བྱུང་ཆོག་པས། ད་རེས་རྒྱ་སྟག་གི་རི་མོ་རྒྱ་སྒང་ལ་སྟོན་པའི་གོ་སྐབས་སླེབས་མི་འདུག་གམ།
སྐད་ཡིག་གནས་མ་གནས་དེ་སྐད་ཡིག་དེ་བཀོལ་མཁན་གྱི་རྒྱལ་ཁབ་གཅིག་གནས་མ་གནས་ལ་ཐུག་སྟབས། གལ་ཏེ་བོད་ཀྱི་གནས་ཚུལ་བཟང་དུ་མ་ཕྱིན་ན། སྐད་ཡིག་དེ་ཡང་རིམ་བཞིན་ཉམས་རྒྱུ་རེད། འདི་སེམས་སྐབས་ངའི་སྙིང་ལ་གཟུག་རྒྱག་གི་འདུག་རུང་དངོས་ཡོད་རེད།
ང་ཚོས་ཧུར་ཐག་བྱས་ནས་སྔོན་ལ་བོད་མིས་སྣེ་ཁྲིད་པའི་སྲིད་གཞུང་ཞིག་འཛུགས་པར་གོམ་པ་སྤོ་དགོས། དེ་ཡོང་བར་དབུ་མའི་ལམ་མམ། རང་སྐྱོང་ལམ་ལུགས་ཤིག་ཐོབ་ཐུབ་ན་ལེགས། རྒྱལ་བ་རིན་པོ་ཆེས་ཀྱང་དེའི་ཐོག་ལ་དཀའ་ལས་སྐྱོན་གྱི་འདུག་རུང་། བར་ལམ་སྤོབས་པ་དང་སྐབས་རེ་གནམ་ཡག་ཡོང་ནས་ཁོང་ལ་རྙོག་ཁྲ་མང་པོ་བཤད་སོང་།
ད་ག་ལེར་བསམ་གཞིགས་གྱིས་དང་། དེ་ཚོ་ཚང་མ་ཕན་ཚུན་སྦྲེལ་ཡོད།
ཀྲུང་དབྱང་མི་རིགས་སློབ་ཆེན་ན་སྔོན་མ་བོད་རིག་པའི་སྡེ་ཁག་ཟེར་བ་ཞིག་ས་མེད་མོད་གནམ་ལོ་ཡག་གིས་གསུངས་པ་བཞིན་བར་སྐབས་ཤིག་ནས་བོད་རིགས་པའི་སློབ་གླིང་ཟེར་བ་ཞིག་ཏུ་བསྒྱུར་ནས་སློབ་མ་ཞུགས་གྲངས་ཅུང་མང་དུ་བཏང་འདུག་བསམ།
ད་ལོ་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་ནང་འབུམ་རམས་པ ༧བསྡུ་རྒྱུའི་གསལ་བསྒྲགས་འདུག དེའི་ཁྲོད་དུ་མཛུབ་སྟོན་དགེ་རྒན་ཆེན་མོ་བ་གསུམ་གྱིས་རང་རང་གི་སློབ་མ་བསྡུ་བར་བོད་ཡིག་ཤེས་དགོས་པའི་ཆ་རྐྱེན་བཏོན་འདུག གཞན་མཛུབ་སྟོན་དགེ་རྒན་ཆེན་མོ་བ་བཞི་ཡིས་ཆ་རྐྱེན་དེ་བཏོན་མི་འདུག དགེ་རྒན་དེ་དག་ནི་དོན་གྲུབ་དབང་འབུམ། ཤེས་རབ་ཉི་མ། བློ་བཟང་མཁས་གྲུབ། ཙིན་ཀའོ་ཆིན་སོགས་རེད། རྒྱ་རིགས་དེས་བོད་ཡིག་ལ་མཐོང་མ་སྤྲད་པར་ཁག་མི་འདུག་སྟེ། བོད་རིགས་ཚོས་བོད་ཡིག་ལ་མཐོང་སྤྲད་ཀྱི་མེད་པ་འདི་ཧ་ཅང་མི་འོས་པ་ཞིག་རེད། ཕྱི་ལོགས་ཁོང་ཚོ་ངོ་ཤེས་མཁན་ཡོད་ན་བསམ་ཚུལ་འདོན་རོགས།
བོད་རིག་པའི་སློབ་གླིང་དུ་སློབ་མ་བསྡུ་བར་བོད་ཡིག་ཤེས་མཁན་ལ་སྐར་ཆ་དམིགས་བསལ་སྤྲད་པ་དང་འཛུལ་ཞུགས་སླ་བའི་ཆ་རྐྱེན་དགོས་ཞེས་བཤད་ན་རྒྱུ་མཚན་ལྡན་པ་རེད། དེ་མ་ཡིན་པར་བོད་རིག་པའི་སློབ་དཔོན་ཤེས་ཚད་ཀྱི་སློབ་མ་ཡོད་ཚད་ཀྱིས་བོད་ཡིག་ཤེས་དགོས་ཞེས་པའི་ཆ་ར྄ྐཡེན་བཏོན་ན་འགྲིགས་གི་མ་རེད། དཔེར་ན། ཨོག་སི་ཧྥོར་ཌི་སློབ་ཆེན་དུ་བོད་རིག་པའི་སྡེ་ཁག་ལ་ཞུགས་ན་བོད་ཡིག་ཤེས་དགོས་ངེས་མ་རེད། བོད་སྐད་ཡིག་གི་སློབ་ཚན་ཡིན་ན་སྐད་ཡིག་ཤེས་དགོས་ངེས་རེད། དཔེར་ན། ནང་ཆོས་རྒྱ་གར་ནས་བྱུང་བས་ལོ་རྒྱུས་དང་འབྱུང་ཁུངས་ནས་གླེང་ན་རྒྱ་གར་བའི་རིག་གནས་ཡིན་མོད་དེ་སྦྱངས་བར་རྒྱ་གར་སྐད་ཤེས་མི་དགོས་པ་ལྟ་བུ་རེད་བསམ། ངས་ཁྱེད་ཀྱིས་གང་གསུངས་ལ་གོ་བ་ལོན་གི་མེད་ན་བཀའ་བཀྱོན་གནང་རོགས།
བོད་རིགས་ཀྱིས་དང་པོ་དེ། བོད་ཀྱི་སྐད་ཡིག་རེད། དེ་ནས་རྒྱ་སྐད་དང་། ཨིན་སྐད་སོགས་ལ། སྦྱོངས་དགོས་སོ།། །།
སྤྱིར་ན་ཀྲུང་དབྱང་མི་རིགས་སློབ་ཆེན་ལ་བོད་མི་ཧ་ཅང་མང་པོ་ཞུགས་ཡོད་ངེས་རེད། ཡིན་ན་ཡང་། རྒྱལ་ཡོངས་ལ་སྐད་གྲགས་འཇོག་མཁན་གྱི་མི་སྣ་དེ་འདྲ་ནི་བྱུང་ཐུབ་མེད་པ་འདྲ། དཔེར་ན། སློབ་གྲྭ་དེའི་སློབ་མའི་དཔེར་མཚོན་ལ་འཇོག་འོས་པའི་ཡུ་གུར་བ་སྐད་གྲགས་ཅན་ཁ་ཤས་བྱུང་འདུག
སྤོབས་པ་ལགས། ༡ བོད་རིག་པ་བོད་ཡིག་ནང་ཡོད་པ་དང་། བོད་རིག་པའི་སློབ་གླིང་ཞེས་མིང་བཏགས་ཡོད་པས། སློབ་མ་ཚོས་བོད་ཡིག་ཤེས་དགོས་ཀྱི་ཡོད་པ་རེད། ཡིན་ནའང་། བོད་ཡིག་འཇིག་ནས་བོད་རིག་པ་སྐད་ཡིག་གཞན་པའི་ནང་ཡོད་སྐབས། སྐད་ཡིག་དེ་དག་གཙོར་འཛིན་དགོས་པ་རེད་མོད། ད་དུང་དུས་དེར་སླེབས་ཡོད་པ་མ་རེད། ༢ གོང་དུ་དྲངས་པའི་དགེ་རྒན་དེ་དག་གིས་འབྱུང་འགྱུར་ཁྲིད་བྱ་ཁག་འདི་ལྟར། བོད་ཀྱི་རིག་གནས་ལོ་རྒྱུས། བོད་ཀྱི་རིག་གནས་དང་བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཀྱི་སྒྱུ་རྩལ། བོད་ཀྱི་ཉེ་རབས་ལོ་རྒྱུས། བོད་ཀྱི་ལོ་རྒྱུས་སོགས་རེད། དེ་བས། སློབ་ཚན་འདི་དག་ལ་བོད་ཡིག་མེད་དུ་མི་རུང་བ་ཆགས་ཡོད།
༣ མ་གཞི་ཆེད་ལས་འདི་དག་ལ་རྒྱ་ཡིག་གི་ཡིག་རྩལ་ཡོད་ཡོད་པ་རེད་ལ། དེ་ལ་དགག་པ་རྒྱག་གི་ཡོད་པ་མ་རེད། ཆེད་ལས་ཁག་བོད་ཀྱི་རིག་གནས་དང་ལོ་རྒྱུས་སོགས་ལ་འབྲེལ་བ་ཡོད་པས། བོད་ཡིག་དོར་མི་ཆོག་ཚུལ་བརྗོད་ཀྱིན་པའི་ཁུལ་རེད། འདི་དང་ཕྱི་རྒྱལ་གྱི་བོད་རིག་པའི་སྡེ་ཚན་ཁག་ལ་རྩ་བའི་ཁྱད་པར་ཡོད་པ་རེད། གལ་སྲིད་བོད་རིག་པའི་སློབ་གླིང་ནང་མ་ཡིན་པར་རྒྱ་ཡིག་གི་སློབ་ཆེན་གཞན་དག་ནང་བོད་རིག་པའི་ཐད་ཀྱི་སློབ་མ་བསྡུ་བཞིན་ཡོད་ན་དེ་ལ་བོད་ཡིག་མེད་ཆོག་གི་རེད།
ཁྲིན་ཏུ་ན་ཡོད་པའི་ལྷོ་ནུབ་མི་རིགས་སློབ་ཆེན་ལ་ཡང་༢༠༡༡ལོ་ཡས་མས་ཤིག་ནས་རྒྱ་རིགས་དང་ཕྱི་རྒྱལ་བ་གང་བྱུང་མང་བྱུང་བསྡུ་རྒྱུའི་ལམ་ལུགས་ཤིག་བཟོས་ཡོད་པ་འདྲ།
གནམ་ལོ་ཡག་ལགས། བོད་ཀྱི་ཆོས་ལུགས་དང་རིག་གནས་ཞེས་བཤད་ཡོང་དུས་འདི་བོད་ཀྱི་སྐད་ཡིག་ཁོ་ན་མ་རེད། འདི་སྐད་ཡིག་གཞན་གྱི་ནང་ན་ཡོད་ཆོག་པ་རེད་བསམ་གི དཔེར་ན། ཨོག་སི་ཧྥོར་ཌི་སློབ་ཆེན་གྱི་ཨེ་ཤ་ཡའི་རིག་པའི་སྡེ་ཚན་ཞེས་བརྗོད་ན་སྐད་ཡིག་གང་ཡིག་གང་གི་ནང་ན་ཡོད་མེད་གཙོ་བོ་མ་རེད། ཤེས་བྱ་དེ་བརྗོད་བྱེད་སྐད་ཡིག་ནི་ཡུལ་སྐད་གཙོ་བོའི་སྟེང་ན་ཡིན་ཡིན་པ་རེད། སྐད་ཡིག་དེས་བརྗོད་བྱ་དེ་ཨེ་ཤ་ཡ་དང་འབྲེལ་བའི་རིག་གནས་ཡིན་ན་ཆོག་གི་འདུག་ག ཨེ་ཤ་ཡའི་སྐད་ཡིག་སྡེ་ཚན་ལ་ཞུགས་ན་ཞེས་བརྗོད་ན་ཨེ་ཤ་ཡའི་སྐད་རིགས་ཤེས་དགོས་པ་རེད། བོད་རིག་པའི་སློབ་གླིང་ཞེས་བརྗོད་ན་བོད་སྐད་ཡིག་དེ་རིག་པའམ་སློབ་ཚན་སྣ་གཅིག་ཡིན་པ་མ་གཏོགས་དེར་སྦྱོང་མཁན་ཚང་མས་བོད་ཀྱི་སྐད་ཡིག་ཤེས་དགོས་དོན་ཅི་ཡིན་ནམ། དཔེར་ན། བོད་ཀྱི་ཉེ་རབས་ལོ་རྒྱུས་ནི་བོད་སྐད་ཡིག་གི་སྟེང་ན་ཡོད་པ་བཞིན་དུ་རྒྱ་ཡིག་གི་སྟེང་ན་ཡང་ཡོད་ཆོག་པ་རེད། ནང་ཆོས་ཀྱང་དེ་བཞིན་མ་རེད་དམ། ངས་ཁྱེད་ཀྱིས་བསྒྲུབ་བྱ་དེ་གོ་སོང་མོད་སྒྲུབ་བྱེད་ཀྱི་རྒྱུ་མཚན་དེ་ཚོ་ཡག་པོ་གོ་གི་མི་འདུག
རེད་རེད། ཕལ་ཆེར་ཕྱི་ལོ ༢༠༡༢ལོར་བོད་ཡིག་ཤེས་པའི་འབུམ་རམས་པ་རེ་གཉིས་ཤིག་བསྡུ་ཐུབ་ཡོད་པ་རེད། དེ་ནི་དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་མཆོག་གིས་ཤུགས་བརྒྱབ་པའི་འབྲས་བུ་རེད། དེ་གཅིག་པུ་མ་གཏོགས་ཁྱེད་ཀྱིས་གསུངས་པ་ལྟར་རེད། ཞིབ་ཕྲ་རྒྱུས་ལོན་བྱེད་ཀྱིན་པའི་སྒང་ཡིན།
སློབ་མ་གང་བྱུང་མ་བྱུང་བསྡུས་བ་ཡིན་ན་མིན་ན་ལ་ཁྱད་པར་ཅི་ཡོད། སློབ་གླིང་ལ་སློབ་མ་འདྲ་མིན་བསླེབས་ནས་སློབ་སྦྱོང་བྱས་ན། དེ་ནི་གནད་འགག་ཞིག་མ་རེད། སུ་ཡང་ཡོང་ཆོག་པ་ཞིག་རེད། སློབ་གྲྭ་དེའི་ཁྲིད་བྱ་གཙོ་བོ་བོད་ཡིག་ཡིན་མིན་ལ་ལྟ་དགོས་བ་རེད། ད་དུང་། བོད་ཡིག་སྦྱང་འབྲས་སྨིན་དུས་ལག་ལ་ཡོང་སྒོ་རག་མི་རག་གི་སྐད་ཆ་རེད། སྤྱིར་རང་ལ་འཁོར་ཡུག་ཞིག་མེད་ན། ག་ཚད་སྦྱང་ན་ཡང་། ཕྱི་ལ་སོང་ན་ཕྱི་མིའི་གཡོག་པོ། ནང་ལ་བསྡད་ན་དགྱ་མིའི་གཡོག་པོ་རེད། བཤད་དགོས་བའི་སྐད་ཆ་གཅིག་ལྷག་འདུག། བོད་ནང་གི་བོད་མི་ཚོ་ལ་མི་རིགས་རང་ལུགས་དང་སྐད་རིགས་རང་ལུགས་ཀྱི་ལྟ་བ། དེའི་སྒང་ལ་རྒྱལ་ཞེན་སོགས་ཧ་ལས་ཞིག་ཡོད་པས། ཕྱི་ལོག་ན་ཁྱི་འཁྱམས་སྤྲང་འཁྱམས་ལྟར་འཁོར་བཞིན་པ་འདི་ཚོའི་ཅིག་མཁྱེན་མདོག་ཤེས་མདོག་ལ་ཧ་ལས་ཡ་ཞེ་དྲག་མེད་པ་ཚང་མས་ཤེས་དགོས། བོད་ནང་ན་མི་གསར་འདྲ་བ་མང་ནི་རེད།
སྤོབས་པ་ལགས།
སྤྱིར་བོད་རིག་པའི་སྐོར་ཨིན་ཇིའི་ནང་ཡོད་པ་རེད་ལ། རྒྱ་ཡིག་ནང་དུའང་ཡོད་པ་རེད། དེ་དག་འཐུས་ཚང་ཞིག་རེད་དམ་ཞེ་ན། འཐུས་ཚང་ཞིག་ཡོང་ཐུབ་ཡོད་པ་མ་རེད། དེ་བས། རྒྱ་གར་ནང་བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཀྱི་བཀའ་བསྟན་ཨིན་ཇིའི་ནང་བསྒྱུར་བའི་ལས་གཞི་འགོ་བཙུགས་ཡོད་པ་དང་། ཐེ་ཝན་ནང་རྒྱ་བསྒྱུར་གྱི་ལས་གཞི་འགོ་བརྩམས་ཡོད་པ་རེད། དེ་བཞིན་དུ་ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་སུ་གཡང་དྲུང་བོན་གྱི་བཀའ་བསྟན་རྒྱ་བསྒྱུར་གནང་བཞིན་པ་རེད། ད་ལྟསི་ཆར་འདི་དག་ཆ་ཚང་ལ་བོད་ཡིག་མེད་དུ་མི་རུང་བ་རེད།
ཕྱི་རྒྱལ་དུ་བོད་རིག་པར་ཞིབ་འཇུག་བྱེད་ཀྱིན་པ་ནི་དང་བླངས་སམ། སོ་སོའི་ཆེད་དུ་ཞིབ་འཇུག་གནང་གི་ཡོད་པས། བོད་ཡིག་ཡོད་མེད་ལ་ཁྱད་པར་ཡོད་པ་མ་རེད། དེ་ལས་ལྡོག་ནས་རྒྱ་དམར་གཞུང་གིས་བོད་རིག་པའི་ཞིབ་འཇུག་གི་དམིགས་འབེན་བོད་རྒྱ་ཁོངས་ཡིན་པ་སྒྲུབ་ཀྱིན་པ་རེད་ལ། དེའང་གྲངས་ཉུང་མི་རིགས་ཀྱི་ཤེས་རིག་འཕེལ་རྒྱས་དམིགས་པའི་རོགས་བསྐྱོར་ཡིན་ཞེས་ལབ་ཀྱིན་པས། བོད་ཡིག་དགོས་དགོས་པ་རེད། བོད་ཀྱི་ཤེས་རིག་དར་སྤེལ་ནང་བོད་ཡིག་མ་འདུས་པའི་དར་སྤེལ་ཞིག་ཡོད་པ་མ་རེད། སྒོས་སུ་བོད་རིག་པའི་སློབ་གླིང་མིང་དུ་བཏགས་པའི་སྡེ་ཚན་རྒྱ་དམར་རྒྱལ་ཡོངས་སུ་དྲུག་ཙམ་ལས་ཡོད་པ་མ་རེད་ལ། དེ་དག་ཀྱང་མི་རིགས་སློབ་ཆེན་གྱི་ཁོངས་སུ་བཅུག་ཡོད་པ་རེད།
བོད་རིག་པའི་སློབ་གླིང་ནང་སློབ་མ་བསྡུ་བའི་ཡིག་རྩལ་ནང་བོད་ཡིག་མེད་པར་བཟོས་རྗེས། བོད་ཡིག་སྦྱངས་མཁན་གྱི་སློབ་མའི་གོ་སྐབས་ཆ་ཚང་ཤོར་ཚར་བ་རེད། རྒྱ་ཡིག་སྒང་ནས་གྲངས་ཉུང་མི་རིགས་ཀྱི་སློབ་མ་རྒྱ་རིགས་ལ་འགྲན་ཐབས་ཡོད་པ་མ་རེད། གཅིག་ནས་མི་རིགས་རང་གི་སྐད་ཡིན་པ། གཉིས་ནས་མི་རིགས་དེར་མི་འབོར་དུང་ཕྱུར་བཅུ་བཞི་བརྒལ་ཡོད་པ་རེད།
གཞན་གཅིག་དེ་བོད་ནི་རང་སྐྱོང་ལྗོངས་དང་ཁུལ་སོགས་ཀྱི་མིང་འོག་ཏུ་ཡོད་པས། བོད་ཡིག་ལ་རྒྱ་དམར་གཞུང་གི་ཁྲིམས་ཐོག་ཏུ་སྲུང་སྐྱོབ་ཡོད་པའི་གྲས་རེད།
བོད་པ་ཚོ་འདི་འདྲ་རེད། ག་རེ་འགྲེལ་བཤད་མང་པོ་ཡོག་རེད། བོད་ཡིག་རྩ་མེད་གཏོང་གི་འདུག གལ་སྲིད་བོད་ཡིག་དགོས་ན་ཐབས་ཤེས་གཏོང་དགོས་ཀྱི་འདུག དབུ་མའི་ལམ་ལ་རང་བཙན་མི་དགོས། མང་གཙོ་མི་དགོས། མདོར་བསྡུས་ན་བོད་ཡིག་ཀྱང་མི་དགོས་པ་རེད་དམ་མ་རེད། རྒྱ་མིའི་གཞུང་གིས་ཡིག་རྩལ་རེད་དཱ།
ཡག་པོ་འདུག
སྤྱིར་བཏང་གྲོས་མོལ་ཟེར་བ་དེ་དབང་ཚད་འདྲ་མཉམ་གྱི་ཐོག་ནས་སྐད་ཆ་ཤོད་པ་དང་། གནད་དོན་ཐག་གཅོད་བྱེད་པར་གོ་དགོས། ཡིན་ནའང་པེ་ཅིང་དང་རྡ་ས་གཉིས་ནི་དབང་ཚད་ལ་གནམ་སའི་ཁྱད་པར་ཤོར་བ་དོན་དངོས་ལགས་ན་གོང་གི་ཐ་སྙད་དེ་ནི་བོད་པ་བླུན་མོང་ངམ། སྲིན་པོ། གདོད་མའི་ཀླ་གཤིས་ལྡན་པ་ཚོར་ཉིན་མ་ཕུད་བྱེད་ལ་དགོད་བྲོ་བ་རེད་ཡོད་མདོག་ཁ་བོ་རེད། འོ་ན་པེ་ཅིང་དང་རྡ་རམ་ས་ལའི་དབར་ལ་ཅི་ཞིག་ལྷག་ཡོད་པ་དང་ཅི་ཞིག་སྒྲུབ་ཐུབ་བམ་ཞེས་ན། དབང་ཆུང་བས་ཆེ་བར་ཞུ་བ་རྒྱག་པ་དང་། དེར་ཞུ་བ་རྒྱག་སྟངས་ཇི་ལྟར་ཞིག་དགོས་མིན་ལ་བསམ་བློ་གཏོང་སའི་གཞི་རྩ་ཞིག་ཡོད་པ་རེད། ཁ་གསལ་ཙམ་བཤད་ན་མགོ་བཏགས་ནས་ཁེ་ཕན་ཆུང་ཆུང་ཞིག་རགས་ཐབས་ཙམ་མོ། དེ་མིན་བོད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་འགྲོ་སྟངས་དངོས་མ་ནི། ལོ་རྒྱུས་སྟེང་གི་བོད་ཀྱི་གནས་བབ་དང་། བོད་རང་བཙན་གྱི་ཁུངས་སྣེ་དེ་མ་རྩར་བཞག་པའི་ཐོག་རྒྱ་དམར་གྱིས་བོད་ལ་བཙན་འཛུལ་བྱས་པའི་ནག་ཉེས་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཁྱོན་ལ་དུས་ནས་དུས་སུ་དྲིལ་བསྒྲགས་བྱེད་དགོས་པ་དང་གཅིག ད་ཡོད་ཀྱི་བཙན་བྱོལ་སྒྲིག་འཛུགས་དེ་ལྐོག་ཟ་རུལ་སུངས་དང་། ཁེ་ཕན་རིང་ལུགས་པའི་དབང་འོག་ཏུ་ཤོར་མི་འཇུག་པར་སྔར་ལས་ལྷག་པའི་སྲ་བརྟན་དུ་གཏོང་དགོས།༼དེའི་ནང་ཤེས་ཡོན་སྲིད་ཇུས་ཅིག་ཅིག་དང་། གཞིས་ཆགས་ས་བརྟན་གཉིས་གཉིས་དང་། དོལ་རྒྱལ་ཤོག་ཁག་གསུམ་གསུམ་ལ་སོགས་འཚུད་ཡོད།༽པ་གཉིས། ད་བར་བོད་མི་ཚོས་རྒྱ་རྒོལ་ལ་ནུས་ཤུགས་ལྡན་པའི་ཁ་གཏད་བཅག་པ་དེ་བོད་རང་བཙན་ཁོ་ནའི་ཆེད་དུ་མ་ཡིན་པར་འཛམ་གླིང་སྟེང་དམར་ཤོག་འགོག་སྲུང་གི་ལས་འགུལ་ནང་གཞི་རྒྱ་ཆེ་ལ། དུས་ཡུན་ཧ་ཅང་རིང་བ། ཆེས་རྣོ་ངར་ལྡན་པའི་འཐབ་རྩོད་ཅིག་ཡིན་སྟབས་བོད་གཙོས་པའི་འཛམ་གླིང་སྟེང་དམར་ཤོག་ལམ་ལུགས་ལ་ངོ་རྒོལ་བྱེད་མཁན་རྒྱལ་ཁབ་ཡོད་དོ་ཅོག་ལ་མཉམ་སྦྲེལ་བྱེད་པའི་འཆར་གཞི་ངེས་གཏན་འདིངས་དགོས་པ་དང་གསུམ། བོད་རང་བཙན་གྱི་དམིགས་འབེན་མངོན་འགྱུར་ཡོང་བར་རྒྱུན་བསྲིངས་རང་བཞིན་གྱི་དམིགས་ཚད་བཟུང་དགོས་པ་དང་བཞི་བཅས་སོ། གནད་འགག་དེ་དག་ལ་བསམ་གཞིགས་དང་། ནུས་པ་སྤུངས་ཐུབ་ཚེ་ང་ཚོས་ཐོག་མར་དམར་ཤོག་གི་བཙན་འཛུལ་ལ་ཁ་གཏད་གཅོག་པའི་བསམ་བློའི་རྨང་གཞི་དེ་འཛུགས་བསྐྲུན་བྱེད་ཐུབ། རྨང་གཞི་དེའི་འོག་ནས་ང་ཚོས་ཕྱི་ནང་གི་གནས་བབ་གཞིར་བཟུང་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་། རྒྱུད་འཛིན། དར་སྤེལ་ལ་སོགས་གངས་ཅན་སྐྱིད་གཤོངས་ཀྱི་ཞལ་བག་གྲོའི་འབོད་ཚིག་དེ་དག་དངོས་སུ་ལག་ལེན་འཁྱོལ་གྱི་རེད། དེ་ནི་བོད་གངས་ཅན་གྱི་གཞོན་ནུའི་གོམ་སྒྲ་རེད་ལ། དེ་ནི་བོད་རང་བཙན་གྱི་བདེན་པའི་འོད་སྣང་ཀྱང་རེད། དེ་ནི་རང་དབང་འཛམ་གླིང་གི་ཕུགས་བསམ་ངོ་མ་དེ་རེད།
བོད་ཀྱི་གནད་དོན་སེལ་ཐབས་ཐད་ལྟ་བ་སྣ་མང་ཡོང་ཆོག་གི་རེད་ལ། དེ་ལྟར་བགྲོ་གླེང་ཡང་གནང་ཆོག་ཆོག་པ་རེད། འོན་ཀྱང་། ད་རེས་ཚང་མས་གནད་དོན་ཆེན་པོ་དག་རེ་ཞིག་ལོགས་སུ་བཞག་ནས་གནད་དོན་བྱེ་བྲག་པ་སྟེ། མི་རིགས་སློབ་ཆེན་ཁག་གི་བོད་རིག་པའི་སློབ་གླིང་ནང་སློབ་མ་བསྡུ་སྐབས། རྒྱ་ཡིག་ཡོད་པ་བཞིན་དུ་བོད་ཡིག་ཀྱང་སྔར་བཞིན་སོར་འཇོག་གནང་རོགས་ཟེར་བ་འདི་གཅིག་པུ་ཡིན་པ་དང་། དགོས་པ་རྒྱུ་མཚན་ལ་སོགས་གོང་དུ་ཐེངས་བྲིས་ཡོད་པ་ལྟར་ཡིན། དེ་བས། ད་ག་རེ་གནང་ན་གྲུབ་འབྲས་ཐོན་ནམ། འདིའི་ཐད་མཆན་བ་གཟུགས་ཅན་དང་གཟུགས་མེད་གཉིས་ཕྱོགས་ནས་དགོངས་ཚུལ་ལྷུག་སྩོལ་གནང་རོགས།
སློབ་མ་བསྡུ་སྐབས། ཡིག་རྩལ་ནང་རྒྱ་ཡིག་ཡོད་པ་བཞིན་དུ་བོད་ཡིག་ཀྱང་སྔར་བཞིན་སོར་འཇོག་བྱེད་དགོས་ལ་བཅོས་རོགས།
རྒན་ལ་དྭགས་བློ་བཟང་འཇམ་དཔལ་་ལགས་ལ་བཀའ་འདྲི་གཅིག་ཞུ་ཡ་འདུག ལ་དྭགས་ནང་གི་སློབ་ཕྲུག་ཚོས་རྒྱ་གར་གྱི་མཐོ་རིམ་སློབ་ཆེན་ནང་ཡིག་རྩལ་གཏོང་སྐབས་བོད་ཡིག་ཡོད་དམ་མེད། གལ་ཏེ་བོད་ཡིག་མེད་ན། ལ་དྭགས་ནང་གི་བོད་ཡིག་གི་དར་སྤེལ་ལ་གནོད་པ་ག་རེ་འདུག་གམ།
དེང་སང་རྒྱ་གར་མཐོ་སློབ་དང་། ཕྱི་རྒྱལ་མཐོ་སློབ་མང་ཆེ་བར་བོད་སྐད་དང་བོད་ཡིག་སློབ་སྒོ་འཚུགས་ཟིན་པར་ཡིན་པ། དེ་ཡང་ལ་དྭགས་དང་། བོད་རིགས་ཡོད་ཚད་ཀྱིས། མཁྱེན་ཆུབ་འོངས་བར་ཞུ།།
འདིར་ཡུ་རོབ་ཧང་གྷ་རིའི་ཡུལ་ལུང་འདིར་ཡང་། ང་ལོ་རབས་དགུ་བཅུའི་སྐབས་ནས་བཟུང་འདིར་ལས་ཀ་བྱེད་ཡུན་ལ། ཧང་གྷ་རའི་ཡུལ་མི་ནང་པ་ཡིན་ཟེར་མཁན་སྟོང་ཕྲག་འགའ་ཤས་དང་། བོད་རིག་པ་བ་ཡིན་ཟེར་མཁན་བཅུ་བཅོ་ལྔ་དང་། བོད་སྐད་འབྲི་ཤོད་ཐུབ་མཁན་ལྔ་དྲུག་ཙམ་འདུག་གདའ། བོད་རིགས་ཚོ།། །།
ད་རེས་ཀ་རྡོ་གཉེར་ཕྱག་པ་ཚང་གིས་གནད་འགག་ཅིག་གསུངས་འདུག ངོ་མ་རེད། རྒྱ་ནག་རིགས་ཀྱི་བོད་རིག་པ་སྨྲ་བའི་ནང་བོད་ཡིག་ཤེས་མཁན་རེ་ཟུང་ལས་མེད་པ་དང་། ཕྱི་གླིང་གི་བོད་རིག་པ་སྨྲ་མཁན་ཁྲོད་བོད་ཡིག་ཤེས་མཁན་གང་མང་མང་འདུག
དེ་མིན་ཀརྡོ་གཉེར་ཕྱག་ཚང་ལ་དྲི་བ་གཅིག་ཡོད། རྒྱ་གར་མཐོ་སློབ་ཁག་ནང་ཧི་མ་ལ་ཡའི་ཤེས་རིག་གི་སློབ་གླིང་བཙུགས་ཡོད་དམ་མེད། གལ་སྲིད་ཡོད་ན། དེ་དག་གིས་བོད་ཡིག་བཀོལ་གྱི་ཡོད་དམ།
ལྷ་སྡེ་བས་བོད་རང་གི་སྐད་དང་ཡི་གེའི་ལས་དབང་ཐད་བསམ་ཚུལ་ཡག་པོ་བྲིས་འདུག་པར་བཀའ་དྲིན་ཆེ། ཡིན་ཡང་ང་སེམས་མི་བདེ་བ་གཅིག་བྱུང་། དེ་ནི་རྩོམ་མིང་གི་ཟུར་གཅིག་སྟེ། བོད་རིག་པའི་སློབ་གླིང་ཞེས་པ་དེ་རེད། བོད་རིག་པ་ཞེས་པ་ནི། བོད་ཀྱི་རིག་གཞུང་ལ་འདྲིས་ཆ་ཅན་ཞིག་ཡིན་ཚེ་ཕལ་ཆེར་གོ་རྒྱུ་མེད་པར་བརྗོད་ཆོག འོན་ཀྱང་རིག་པ་དང་སེམས། རྣམ་ཤེས་སོགས་ཤེས་པའི་ཆ་ཤས་ཡོངས་སུ་མི་འདོད་པའི་རིག་གཞུང་ཞིག་གི་ངོས་ནས་ཚུར་ལྟོས་ན། བོད་རིག་པ་ནི་བོད་ཀྱི་ཕྱི་ནང་གི་དངོས་པོའི་དཔལ་ཡོན་དང་འདས་པའི་ལོ་རྒྱུས། ད་ལྟའི་གནས་བབ་བཅས་ཀྱི་སྤྱི་མིང་ཞིག་ཏུ་གོ་བར་ཟད། དེ་ཡང་ཕྱི་གླིང་བས་བོད་རིག་པ་ཞེས་བརྗོད་པའི་དོན་ཟུར་གཞན་ཞིག་ནི། རང་ཉིད་བོད་པ་མིན་པའི་གནས་སྟངས་འོག་དེའི་ལོ་རྒྱུས་དང་རྒྱལ་རབས་སོགས་ལ་ཞིབ་འཇུག་བྱ་བ་ལ། བོད་རིག་པའི་ཞིབ་འཇུག་པའམ་མཁན་ཟེར། གོ་ཚུལ་ཕྱི་མའི་དབང་དུ་བྱས་ན་མཚོ་སྔོན་སོགས་ཀྱི་བཤད་བཞིན་པའི་སློབ་མ་རྣམས་བོད་པ་མ་ཡིན་པ་ཞིག་གིས་བོད་ཀྱི་སྐད་དང་རིག་གཞུང་ལ་སློབ་གཉེར་ཁྱབ་ཁོངས་དང་དེའི་ལས་དབང། ཐོབ་ཐང་བཅས་ནི། བོད་དང་འབྲལ་མེད་ཀྱི་མི་ཞིག་གིས་གླེང་གིན་ཡོད་པར་འགྱུར་འགྲོ་བས་མ་བདེ་བ་དེ་ནས་བྱུང་། མ་བདེ་བ་བྱུང་བའི་ཐད་ལ་དོགས་སློང་ཕར་བྱས་པ་ཡིན་ན། གལ་ཏེ་བོད་རིག་པའི་གོ་བབ་ཐད་ཕྱི་གླིང་བའི་འདོད་པའམ། ཡང་ན་གཞན་ཞིག་བརྗོད་པའི་དབང་དུ་བཏང་སྟེ་གསར་བརྗེ་དང་གསར་གཏོད་ལ་རློམ་ན་ནི་དེར་ཟད་མོད། བོད་ཀྱི་སློབ་མས་བོད་ཡིག་དང་རིག་གཞུང་སློབ་པ་ལ། བོད་ཞེས་པའི་མིང་ངེས་པར་ཐོན་དགོས་པའི་རྒྱུ་མཚན་མེད་ལ། ལྷག་པར་བོད་པ་ནང་ཁུལ་ལ་བོད་རིག་པ་སློབ་གཉེར་བྱེད་དང་བོད་ཀྱི་རྩམ་པ་ཟ། བོད་ཀྱི་ཡུལ་ནས་སྐྱེས་ཞེས་བརྗོད་སྐབས། དོན་ལ་རང་ཉིད་དམ་སློབ་མ་ཚོ་བོད་པའི་གྲལ་ནས་བཏོན་པའམ། ཡང་ན་རང་ཉིད་བོད་དང་འབྲེལ་མེད་ཀྱི་གནས་བབ་ཞིག་ལ་སྤྱུགས་པ་མ་ཡིན་ནམ། འདི་ནི་ཐོས་ཉུང་བ་དང་གཞན་རིག་མ་ཤེས་པས་ཅོལ་ཆུང་མ་བདེ་བའི་བསམ་ཚུལ་ཞིག་ཡིན་ཆུགས་ན་དེ་ལྟར་རོ།།
(གོ་ཚུལ་ཕྱི་མའི་དབང་དུ་བྱས་ན་མཚོ་སྔོན་སོགས་ཀྱི་བཤད་བཞིན་པའི་སློབ་མ་རྣམས་བོད་པ་མ་ཡིན་པ་གང་ཞིག་ལ། དེའི་བོད་ཀྱི་སྐད་དང་རིག་གཞུང་གི་་སློབ་གཉེར་ཁྱབ་ཁོངས་དང་ལས་དབང། ཐོབ་ཐང་བཅས་ཀྱི་ཐད་བོད་དང་འབྲལ་མེད་ཀྱི་མི་ཞིག་གིས་བསམ་ཚུལ་་གླེང་གིན་ཡོད་པར་འགྱུར་འགྲོ་བས་མ་བདེ་བ་དེ་ནས་བྱུང་) འོ་མ་བདེ་བ་བྱུང་ས་དེ་ཡང་མ་བདེ་བ་ཆགས་སོང་བས་དགོངས་དག འདི་ལྟར་བཤད་བསམ་པ་ཡིན་པས་འདི་ལ་བཅོས།
(གོ་ཚུལ་ཕྱི་མའི་དབང་དུ་བྱས་ན་མཚོ་སྔོན་སོགས་ཀྱི་བཤད་བཞིན་པའི་སློབ་མ་རྣམས་བོད་པ་མ་ཡིན་པ་གང་ཞིག་ལ། དེའི་བོད་ཀྱི་སྐད་དང་རིག་གཞུང་གི་་སློབ་གཉེར་ཁྱབ་ཁོངས་དང་ལས་དབང། ཐོབ་ཐང་བཅས་ཀྱི་ཐད་བོད་དང་འབྲལ་མེད་ཀྱི་མི་ཞིག་གིས་བསམ་ཚུལ་་གླེང་གིན་ཡོད་པར་འགྱུར་འགྲོ་བས་མ་བདེ་བ་དེ་ནས་བྱུང་) འོ་མ་བདེ་བ་བྱུང་ས་དེ་ཡང་མ་བདེ་བ་ཆགས་སོང་བས་དགོངས་དག འདི་ལྟར་བཤད་བསམ་པ་ཡིན་པས་འདི་ལ་བཅོས།
རྒན་འདིས་བསམ་བློ་གཏོང་ས་ཞིག་གསུང་སོང་། བསམ་ཚུལ་འདི་གུས་པའང་བྱུང་མྱོང་། རྗེས་ལ་ཞིབ་མོར་བརྩད་གཅོད་སྐབས། བོད་རིག་པའི་སློབ་གླིང་ཟེར་བ་འདི་རྒྱ་མིའི་གཞུང་གིས་ཚུར་མིང་འདོགས་བྱས་ནས་བཙུགས་པའི་སྲིད་ཇུས་ཤིག་རེད་ལ། ཁ་གྲངས་དང་འདི་ལྟར་མིང་འདོགས་དོན་སོགས་གོང་དུ་རྩོམ་མཁན་གྱིས་བཀོད་ཡོད་པ་ནང་བཞིན་རེད། མདོར་དེད་ན། བོད་ཡིག་སྦྱངས་མཁན་གྱི་སློབ་མ་ཞིག་ཡིན་ན་ཡིག་རྩལ་གཏོང་ས་འདི་ལས་མི་འདུག་པས། ཐོབ་ཐང་བརྗོད་ན་འདྲ། ཁེ་ཕན་ཟེར་ན་འདྲ། བོད་ཡིག་སྲུང་བ་སོགས་གང་ཡིན་ཡང་བློ་འཚབ་ཡོང་དགོས་པ་ཞིག་ལ་ཐུག་འདུག མ་འོངས་པར་བོད་ལ་རང་དབང་རེག་རྗེས། མིང་ཇི་ལྟར་འདོགས་མིན་དངོས་ཡོད་ལྟར་བྱས་ཆོག་ནའང། ད་ལྟ་གཞན་དབང་སྟབས་བསྟུན་ཡིན་པས་སོ།
དོན་གྲུབ་ལགས། སྤྱིར་ཡིག་རྩལ་ནང་དུ་བོད་ཡིག་སོར་འཇོག་བྱེད་དགོས་པ་དེ་རྩོད་ཀྱི་འདུག་མ་གཏོགས་བོད་ཡིག་ཤེས་མཁན་ཡིན་ན་བོད་རིགས་མ་ཡིན་པའི་སློབ་མ་ཡོང་ཆོག་གི་རེད་ལ་འགོག་ཀྱང་ཐུབ་ནི་མ་རེད། དཔེར་ན། སྔར་ང་ཚོའི་སློབ་གྲོགས་ཀྱི་ནང་དུའང་བོད་ཡིག་ཆུ་རྒྱུགས་རྒྱུགས་ཡིན་པའི་ཁ་ཆེ་བ་དང་རྒྱ་རིགས་དེ་འདྲ་ཁ་ཤས་ཡོད། སྐབས་དེར་མི་སུ་གང་ཞིག་གིས་ཁོང་ཚོ་བོད་ཡིག་ཡོད་སའི་མཐོ་སློབ་ནང་ཡོང་མི་ཆོག་ལབ་མཁན་བྱུང་ཡོད་པ་མ་རེད། རྒྱུ་མཚན་ནི་ཁོང་ཚོས་བོད་ཡིག་ཤེས་ཀྱི་ཡོད་པ་རེད།
དེ་མིན་རྒྱ་དམར་གཞུང་གིས་རིམ་པ་དང་པོའི་རིག་ཚན་དང་རིམ་པ་གཉིས་པའི་རིག་ཚན་ཟེར་བ་ཞིག་བགར་ཡོད་པ་དང་། རིམ་པ་དང་པོའི་རིག་ཚན་ཕལ་ཆེ་བ་རྒྱ་ཡིག་གི་ཁྱབ་ཁོངས་རེད། དེའི་ནང་དུ་མི་རིགས་རིག་པ་བཞག་འདུག དེ་བས། རིམ་པ་དང་པོའི་རིག་ཚན་གྱི་ཁྱབ་ཁོངས་ཡིན་ན། རང་སྐྱོང་རང་དབང་ཆེན་པོ་འདུག དཔེར་ན། འབུམ་རམས་པའི་མཛུབ་སྟོན་དགེ་རྒན་བསྐོ་འཛུགས་སོགས་སློབ་གླིང་རང་གིས་ཐག་བཅད་ཆོག་གི་འདུག
རིམ་པ་གཉིས་པའི་རིག་ཚན་གྱི་ཁྱབ་ཁོངས་བོད་ཡིག་འདུ་བའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཡིན་པས། རང་སྐྱོང་རང་དབང་མེད་པར་ཐ་ན་འབུམ་རམས་པར་མཛུབ་སྟོན་དགེ་རྒན་བསྐོ་འཛུགས་ཀྱང་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་ཟེར་བར་ཆོག་མཆན་ཞུ་དགོས་ཀྱི་འདུག གཞན་དག་ཟུར་བལྟས་ལེབ་མཐོང་རེད།
རྒྱ་དམར་རྒྱལ་ཡོངས་སུ་བོད་ཡིག་གི་སློབ་གླིང་ཁོངས་སུ་བསྡུས་ཡོད་པའི་མཐོ་སློབ ༦འདུག དེ་དག་རེ་རེ་བཞིན་གཤམ་གསལ།
༡ མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་། 青海民族大学藏学院
༢ ནུབ་བྱང་མི་རིགས་སློབ་ཆེན་བོད་ཀྱི་སྐད་ཡིག་དང་རིག་གནས་སློབ་གླིང་། 西北民族大学藏语言文化学院
༣ ནུབ་ལྷོ་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་། 西南民族大学藏学学院,
༤ ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་སློབ་གླིང་། 中央民族大学藏学研究院,
༥ བོད་ལྗོངས་སློབ་ཆེན་རྩོམ་རིག་སློབ་གླིང་། 西藏大学文学院,
༦ མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་། 青海师大民师院。
མདོར་བསྡུས་ན་གོང་གསལ་སློབ་གླིང་ཁག་རྒྱ་དམར་འོག་བོད་ཡིག་སྦྱངས་མཁན་དག་གིས་རེ་བ་རྒྱག་སའི་མཐོ་སློབ་རེད། གལ་སྲིད་མཐོ་སློབ་འདི་དག་གིས་སྔར་ནས་ལག་བསྟར་བྱེད་ཀྱིན་པའི་སྐད་གཉིས་ཡིག་རྩལ་ཁྲོད་ནས་བོད་ཡིག་མེད་པ་བཟོས་རྗེས། བོད་ཡིག་སྦྱངས་མཁན་ཚོའི་ལམ་འགག་ཚར་བ་རེད། དེ་བས། འདྲ་མཉམ་མ་ཡིན་པ་དང་ཁྲིམས་དང་མི་མཐུན་པ། སྐད་ཡིག་དར་སྤེལ་གྱི་འགོག་རྐྱེན་དུའང་གྱུར་ཡོད། དཔེར་ན། ཕྱི་རྒྱལ་དུ་ཨིན་ཇི་སྦྱོང་སའི་སློབ་གླིང་ཁག་ནང་ངེས་པར་དུ་ཨིན་ཇིའི་ཡིག་རྩལ་གཏོང་དགོས་པ་དང་གཅིག་པ་རེད།
ད་དུང་ཧ་མ་གོ་ས་འདུག་གམ། འདིའི་ཐད་ལས་འགུལ་སྤེལ་བསམ་མཁན་ཚོས་ང་ལ་འབྲེལ་བ་གནང་རོགས། འདིར་འབྲེལ་གྱི་ཡིག་ཆ་ཁ་ཤས་ཡོད་པ་ཕུལ་ཆོག ཐུགས་མཁོ་མཆིས་རིགས་མཚན་དང་མགྱོགས་འཕྲིན་ཡིག་སྒམ་གྱི་ཁ་བྱང་འདིར་འཇོག་རོགས།
གནམ་ལོ་ཡག་ནི་ལུངས་རྟོགས་ལགས་ཀྱིས་བརྗོད་པ་ལྟར་རེད་མིན་འདུག ཁོང་ནི་རང་སྐྱ་འཕེལ་བའི་དཔྱད་རྩོམ་མཁན་ཞིག་རེད་འདུག དེར་སྒྲོ་བཏགས་བྱས་ན་འཕྲིན་ལས་མྱུར་གྲུབ་ཀྱི་ཡིད་དམ་ཞིག་དང་ཁྱད་པར་ཅང་མ་མཆིས་སོ།
མི་ལ་ཤས་ཀྱིས་དུས་རྒྱུན་དུ་གནམ་ལོ་ཡག་ལ། དབུ་མའི་ལམ་ལས་གཞན་པའི་བོད་དོན་སེལ་ཐབས་སྐོར་ལམ་སྟོན་དགོས་སྐོར་ཡང་ཡང་བརྗོད་པར་བརྟེན། གོང་དུ་གུས་པས་བོད་རང་བཙན་གཙང་མ་ལེན་ཐབས་ཀྱི་དོན་གནད་ཆེ་བ་ཁག་བཞི་བཀོད་ཡོད་པས་གཉའ་ཆགས་རིང་ལུགས་དང་། བག་ཁུམ་ཤོག་ཁག་ཚོར་ཐུགས་ཕན་གསོས་པར་ཤོག་ཤོག།
་་་་་་་ དཔེར་ན། སྔར་ང་ཚོའི་སློབ་གྲོགས་ཀྱི་ནང་དུའང་བོད་ཡིག་ཆུ་རྒྱུགས་རྒྱུགས་ཡིན་པའི་ཁ་ཆེ་བ་དང་རྒྱ་རིགས་དེ་འདྲ་ཁ་ཤས་ཡོད། སྐབས་དེར་མི་སུ་གང་ཞིག་གིས་ཁོང་ཚོ་བོད་ཡིག་ཡོད་སའི་མཐོ་སློབ་ནང་ཡོང་མི་ཆོག་ལབ་མཁན་བྱུང་ཡོད་པ་མ་རེད། རྒྱུ་མཚན་ནི་ཁོང་ཚོས་བོད་ཡིག་ཤེས་ཀྱི་ཡོད་པ་རེད། ་་་་་་་་
དེ་མིན་ཀརྡོ་གཉེར་ཕྱག་ཚང་ལ་དྲི་བ་གཅིག་ཡོད། རྒྱ་གར་མཐོ་སློབ་ཁག་ནང་ཧི་མ་ལ་ཡའི་ཤེས་རིག་གི་སློབ་གླིང་བཙུགས་ཡོད་དམ་མེད། གལ་སྲིད་ཡོད་ན། དེ་དག་གིས་བོད་ཡིག་བཀོལ་གྱི་ཡོད་དམ།
ཞེས་པའི་ལན་དུ།
ལགས་ཡོད་རེད། དེའི་རྒན་འཇམ་དཔལ་ལགས་ཀྱིས་གསུངས་ན་ཁུངས་བཙན། དཔེར་ན། ལ་དྭགས་ནང་ལ་བཙན་བྱོལ་བོད་རིགས་ཀྱི་སློབ་གྲྭ་མ་བརྩིས་པར། ལ་དྭགས་ཅོག་ལམ་སར་༼ལྕགས་ལམ་གསར་པ་༽མཐོ་སློབ་ཆེ་ཐག་ོད་ཅིག་ཡོད། དེར་ང་ཡང་རྒྱ་གར་རིག་གནས་ཚོགས་འདུར་ངས་ཀྱང་བཅར་མྱོང་། ང་མཚན་ཉིད་སློབ་གྲྭ་ནས་༨༧ལོར་ཐོན་མ་ཐག གར་ཞ་མཚན་ཉིད་སློབ་གྲྭར་དགུན་ཐོག་གསུམ་དུས་ཡུན་ལ་སློབ་འྑྲིད་བྱས་མྱོང་། དེ་དག་གཉིས་ནི། བོད་ཀྱི་སྐད་ཡིག་དང་། བོད་ཀྱི་ཆོས་དང་རིག་གཞུང་ཉམས་སྲ་གསོའི་ཆད་དུ་བཙུགས་པ་རེད།
དེ་བཞིན་དུ། སིམ་ལའི་ངཐོ་སློབ་ནང་དུ་བོད་དགེ་སློབ་དཔོན་གྱི་ས་དམིགས་ཡོད་པ་དང་། རྒྱ་གར་ཅན་དྷི་གྷར་དང་། དིལླི་མཐོ་སོསག་སུ་ཡང་བོད་དེག་ས་དམིགས་ཡོད་པ་བཞིན་དེ་དག་གི་སློབ་ཚན་དང་། ཕན་ཐོགས་ག་ཚོད་ཡོད་མེད་ངས་འདི་ནས་ཤོད་དཀའ་ཡང་། དེ་དག་དཔྱད་ཞིབ་བོད་རིགས་ཚོས་སློབ་འཁྲིད་འགན་མང་ཙམ་བཞེས་རྒྱ་དང་། བོད་རིགས་དངོས་སློབ་དེར་འཛུལ་བཞུགས་ཀྱིས་གོ་དམ་བཅང་ཐུབ་སྤྱི་སྒརེ་གཉིས་ཀར་ཕན་ཐོགས་ཆེན་པོ་འོངས་སྲིད་པ་རེད།
བྲེལ་ཟིང་་གིས། དག་ཆ་མང་པོ་ནོར་འདུག དགོངས་དག ལ་དྭགས་མཐོ་སློབ་དང་། གར་ཞ་གཉིས་པོ་ཡག་ཆོད་ཡོད་རེད། འོན་ཀྱང་། སིམ་ལ། ཅན་དི་གར། དིལླི་སོགས་བོད་ཀྱི་བོད་སྐད་ཡིག་སློང་ཚན་ནི། མིང་ཙམ་ཡིན་པ་གོ་ཐོས་བྱུང་། དུས་ད་ལྟ་ཡང་། དེ་ལས་ལྷག་ཨ་ཡོད་སྙམ་ལགས།
ད་ཡང་འགྲོ་རན་སོང་། རྗེས་སུ་མཇལ་སྐྱར་ཡོང་། བཞུགས་གདན་འཇགས་དགོས།། །།
རྒན་ཀ་རྡོ་ཕེབས་ནས་ལན་གསལ་བོར་གསུངས་པར་བཀའ་དྲིན་ཆེ། འདི་དག་ལས་བོད་ཡིག་གི་མ་འོངས་པ་རོབ་ཙམ་ཚོད་དཔག་བྱེད་ཐུབ་ངེས་ཡིན། ད་དུང་ཨ་རི་དང་ཡུ་རོབ་ནང་གི་མཐོ་སློབ་ཁག་ཅིག་ཏུའང་བོད་ཡིག་སློབ་ཁྲིད་འདུག ཡིན་ནའང་། རྒྱ་དམར་གཞུང་གིས་བོད་ལ་དབང་བསྒྱུར་བྱས་བཞིན་དུ་བོད་ཡིག་འདི་ལྟར་རྨེག་མེད་གཏོང་བཞིན་པ་ནི་མིག་ཅན་ཀུན་ལ་སྐྱི་གཡའ་དགོས་པའི་དོན་རྐྱེན་ཞིག་གསལ་སྟོན་བྱེད་ཀྱིན་པ་མིན་ནམ།
Tenlay Norbu་ལགས་ཀྱིས་ཡག་པོ་གསུངས་འདུག
ཡིན་ཡང་། སྤྲུལ་དད་པའི་བོད་པ་ཚོ་ད་སྐྱོབ་ཡ་ཁག་པོ་རེད།
ད་འདི་ཚོ་སྤྲུལ་དད་པ་ནས་དམར་དད་པར་གྱུར་འདུག ཁོ་རང་ཚོར་ལོ་རྒྱུས་མི་དགོས། མང་གཙོ་མི་དགོས། བོད་ཡིག་མི་དགོས། དགོས་ཡ་གཅིག་དེ་དབུ་བླ་གནང་བསམ་བཞིན་པ་འདྲ། ཡིན་ནའི། དེ་ད་སྲིད་ཀྱི་མ་རེད་པ།
དབུ་བླ་དེ་རྒྱ་བླ་ལ་བཅོས་གནང་ཡོད་པ་ཞུ།
ཧཧཧ དབྱིན་མིང་ཅན་འདིས་སྦོར་ཤོབ་ལ་ལྟས་ན་བོད་རང་བཙན་ལེན་ཐབས་ཀྱི་ཐབས་ལམ་ཁྱད་པར་བ་ཞིག་ཡོད་རྒྱུ་རེད་བསམ་ཡང་། ལྟས་ཡོང་དུས་ཕྲུ་གུས་སྐད་ཆ་ལྟ་བུ་ལས་དོན་སྙིང་ཅན་གང་ཡང་མི་འདུག བོད་ལ་རྒྱ་ནག་གིས་བཙན་འཛུལ་བྱས་པའི་ནག་ཉེས་ནི་ང་ཚོ་བཙན་བྱོལ་ལ་འབྱོར་བ་ནས་དུས་ད་ལྟའི་བར་དུ་ཁ་ན་ན་དང་ཨ་མཆོག་ཚ་ཚ་གི་བར་དུ་བསྒྲགས་ཟིན་པ་ཞིག་ལས་ཐབས་ལམ་ཁྱད་པར་ཅན་གང་ཡང་མ་རེད། གཉིས་ནས་བོད་མིའི་སྒྲིག་འཛུགས་འདི་ལྐོག་ཟ་རུལ་སུང་དང་ཁེ་ཕན་རིང
ལུག་པ་སུ་གང་གི་དབང་འོག་ལ་མེད་པར་གོང་ས་མཆོག་གིས་དམངས་གཙོ་ཡང་དག་པ་གསོལ་རས་གནང་ནས། བོད་མི་མང་གིས་རང་དབང་ལྡན་པའི་འོས་བསྡུས་ལམ་ནས་བརྒྱ་ནང་ནས་བཅུ་དང་། བཅུ་ནང་ནས་གཅིག་གསལ་ནས་རང་ཉིད་ཀྱི་དབུ་ཁྲིད་གདམ་ཡོད་པ་ཚོའི་དབང་འོག་ལ་ཡོད་པ་འདི་རེད། གསུམ་ནས་བོད་མི་ཚོས་ད་བར་དུ་རྒྱ་གཞུང་ལ་རྒོལ་བ་དེ་རང་དབང་ཁོ་ནའི་ཆེད་དུ་མིན་པར་དམར་ཤོགས་རིང་ལུག་ལ་ངོ་རྒོལ་ཡིན་པར་བཤད་པ་ནི་གཞི་རྩ་གཏན་ནས་མེད་པའི་སྐད་ཆ་རེད། ང་ཚོས་ད་བར་དུ་རྒྱ་གཞུང་ལས་གཞན་པའི་དམར་ཤོགས་རྒྱལ་ཁབ་དང་དམར་ཤོགས་ཀྱི་མགོ་ཁྲིད་སུ་ལ་ཡང་ངོ་རྒོལ་བྱེད་མྱོང་མེད་པ་རེད་ལ། བོད་མིའི་དབུ་ཁྲིད་གོང་ས་མཆོག་ཀྱང་དམར་ཤོགས་ནང་ལ་ཞུགས་རྒྱུའི་དགོངས་པ་བཞེས་མྱོང་བ་རེད་ལ། འབའ་པ་ཕུན་དབང་སོགས་བོད་མི་རིགས་ཀྱི་བྱེད་རྗེས་ཅན་མང་དག་ཅིག་དམར་ཤོགས་པ་རེད། དམར་ཤོགས་ལ་ངོ་རྒོལ་བྱེད་མཁན་རྒྱལ་ཁབ་ཚང་མ་ཅིག་སྒྲིལ་ཞེས་པ་འདི་ཡང་ཡོང་རྒྱུ་མེད་པའི་སྐད་ཆ་རེད། སྐད་ཆ་འདི་ཚོ་ནི་སྔོན་མ་གྲངས་དམག་འཁོན་འཛིན་སྐབས་ཀྱི་སྐད་ཆ་རྙིང་པ་དུས་ཚོད་ཡོལ་ཟིན་པ་ཞིག་རེད། ད་ལྟའི་དུས་སུ་དམར་ཤོགས་ལ་ངོ་རྒོལ་བྱེད་མཁན་ཡིན་ཟེར་བའི་རྒྱལ་ཁབ་སུ་ཡང་མེད་པ་རེད། བཞི་པ་དེ་ནི་ཁ་སྟོང་ནང་གི་ཚིག་སྟོང་ཙམ་ལས་ནུས་པ་གང་ཡང་མེད་པའི་སྐད་ཆ་ཞིག་རེད།
ཧ་ཧ་ཧ། ཡང++ལུང་རྟོགས་ལགས་སླེབས་ཤག ་ལམ་སྟོན་ག་རེ་ཡོད་ན།
འདི་ལྟར་བལྟས་ཡོང་ན། བོད་ཡིག་གལ་ཆེན་དུ་མཐོང་མཁན་མེད་པ་དང་བོད་ནང་གི་གྱོང་གུད་ལ་བློ་འཚབ་ཡོད་མཁན་མེད་པ་འདི་ནི་དབུ་མའི་ལམ་མ་འགྲིག་པ་རེད་དམ། རང་བཙན་ལམ་འགག་སོང་བའི་རྟགས་རེད། དེང་སྐབས་རྡ་རམ་ས་ལར་གསར་འབྱོར་ཡོང་མཁན་མེད་པའང་གནད་དོན་འདི་དག་ལ་ཐུག་ཡོད་པ་ཡིན་ནམ། སུ་ཞིག་གིས་དྲིས་ལན་གནང་ཐུབ་བམ།
དགྱ་ནག་གིས་ངན་གཡོ་ག་རེ་བྱས་དང་བྱེད་བཞིན་པ་དག། ཡོད་ཚད་རྡ་ས་ནས་མ་འགྲིག་པ་ཞིག་ལ་ཁ་གཡོག་དགོས་དོན། ལྷེ་སྡེ་སྤྱང་དྲག་ཡིན་ནམ། ང་རང་གླན་དྲག་པས་ཡིན་ནམ། ལན་ཞིག་གནང་དང་དྲ་ཉེ་ཚོ།
ཨ་རོགས། འདི་ན་སྤྱང་དང་བླུན་ཟེར་བའི་མཐོ་དམན་ཞིག་ཡོད་པ་མ་རེད། ཡིན་ནའང་། ང་རང་ཚོ་སྐྱེ་དུས་མ་འགྲིག་པ་མ་རེད།
གནམ་གྱི་སྐད་ཆ་འདི་ཡང་གནས་ལུགས་མེད་པ་མ་རེད། བཙན་བྱོལ་ནང་གི་ཆབ་སྲིད་པ་དང་མཁས་པ་ཡིན་ཟེར་མཁན་ཁག་ཅིག་གིས། རྒྱ་གཞུང་གིས་བོད་ནང་ལ་མ་འགྲིག་གང་བྱས་པ་ཐམས་ཅད། རྡ་སའི་དབུ་ཁྲིད་ཚོའི་བྱེད་ཉེས་ཡིན་པ་ལྟ་བུ་བཤད་བཞིན་པ་འདི་ངོ་མ་དགྲ་དགའ་གཉེན་སྡུག་གི་བྱ་སྤྱོད་ཐབས་སྡུག་ཅིག་རེད།
ལུང་རྟོགས་ལགས་ཀྱིས་བསམ་ཚུལ་བཤད་པ་ལེགས། ༼བོད་མིའི་སྒྲིག་འཛུགས་འདི་ལྐོག་ཟ་རུལ་སུང་དང་ཁེ་ཕན་རིངལུག་པ་སུ་གང་གི་དབང་འོག་ལ་མེད།༽ན་དེ་ནི་ཧ་ཅང་ཡག་པོ་རེད། འོན་ཀྱང་གནས་ཚུལ་གསལ་བོ་ཆགས་དགོས་པ་གལ་ཆེ་ཤོས་གཅིག་ནི་ད་ལྟའི་སྤྱི་འཐུས་ལས་ཐོག་པ་ཟླ་བ་ཚེ་རིང་གིས་སྤྱི་རྒྱུ་སྒེར་བདག་བྱས་པ་དེ་རེད། མང་གཙོའི་ཀ་བ་གསུམ་གྱི་ཆ་ཤས་སམ་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་ཁང་ནས་ཁོང་གིས་སྤྱི་རྒྱུ་སྒེར་བདག་བྱས་པའི་ནག་ཉེས་ལ་ཁྲིམས་ཐག་གཙང་མ་བཅད་ཟིན་པའི་སྐོར་བོད་མིའི་སྤྱི་ཚོགས་ནང་ཡོངས་གྲགས་མ་ཟད། ད་སྔ་གྲོས་ཚོགས་ར་བའི་ནང་དུའང་གླེང་སློང་བྱུང་བ་རེད། འོན་ཀྱང་དེ་ལྟ་བུའི་ནག་ཉེས་ཡོད་པའི་མི་ཞིག་གྲོས་ཚོགས་ནང་མུ་མཐུད་གནས་ཐུབ་པ་དེས་ལྐོག་ཟ་རུལ་སུངས་ཡོད་པས་མི་ཚད་དེའི་སྟོབས་ཤུགས་ཀྱིས་ཉེས་ཅན་པ་སྲུང་སྐྱོབས་བྱེད་ཐུབ་པའི་ཚད་དུ་ཡོད་པ་བདེན་དཔང་བྱས་ཡོད། འོ་ན་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་དེ་ཁས་ལེན་བྱེད་འདོད་མེད་ཚེ་ཁྱེད་རང་གིས་ཁེ་ཕན་རིང་ལུགས་པའི་དབང་ཤུགས་ཡོད་པ་ཁས་ལེན་མི་བྱེད་ཐབས་མེད་རེད། དེ་ཡང་ཡིན་ཏེ། སྤྱི་འཐུས་ཟླ་བ་ཚེ་རིང་གིས་ལྐོག་ཟ་རུལ་སུངས་བྱས་མེད་ན་ཁེ་ཕན་རིང་ལུགས་པས་ཁོང་ལ་མ་ཉེས་ཁག་གཡོག་བྱས་པ་གསལ་བོ་རེད། དེ་ནི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་སུ་རུང་ཞིག་ཁེ་ཕན་རིང་ལུགས་པའི་བྱེད་གཏེ་ཡིན་པ་དང་། དེས་བོད་མིའི་སྤྱི་ཚོགས་ནང་བརྒྱའི་ནང་ནས་བཅུ་དང་། བཅུའི་ནང་ནས་གཅིག་གསལ་བའི་སྤྱི་འཐུས་སམ་བྱས་རྗེས་བསམ་གྱིས་མི་ཁྱབ་པའི་མི་ཞིག་ནག་པོ་བཟོས་ཏེ་ནག་ཚོགས་གང་རུང་ཞིག་གི་ཁེ་ཕན་སྒྲུབ་ཀྱི་ཡོད་པ་མ་རེད་དམ། མཚན་ཉིད་རིགས་པའི་ངོས་ནས་བཤད་ཚེ་ཁྱེད་རང་རྟགས་ཁྱབ་གཉིས་ཆ་ཀུ་རུ་ཁར་ཁེལ་ཡོད། མཇུག་ཏུ་ངས་ཁྱེད་ལ་གནས་ཚུལ་ཧ་ཅང་སྟབས་བདེ་བོ་ཞིག་གིས་འགྲེལ་བཤད་བརྒྱབ་ན། བོད་མིའི་སྤྱི་ཚོགས་ནང་ཡོངས་གྲགས་རང་བཞིན་ནམ་ཐེར་འདོན་བྱུང་ཟིན་པའི་ལྐོག་ཟའི་གནས་ཚུལ་མངོན་གསལ་འདོད་ཤོས་གཉིས་སྤྱི་འཐུས་ཟླ་བ་ཚེ་རིང་དང་། སྤྱི་འཐུས་ཀརྟི་སྒྲོལ་དཀར་ལྷ་མོ་གཉིས་རེད། གཉིས་ཀར་ཁྲིམས་ལུགས་ཀྱི་ཐག་གཅོད་དང་དཔལ་འབྱོར་གྱི་ཉེས་ཆད་གང་ཡང་ཕོག་མེད་པ་དེས། བོད་མིའི་སྒྲིག་འཛུགས་དེ་བཞིན་ལྐོག་ཟ་རུལ་སུངས་དང་། ཁེ་ཕན་རིང་ལུགས་པ་ཁྱི་སྤྱང་ལག་སྦྲེལ་བྱས་ཏེ་ཡོངས་སུ་བཅུན་བསྡོམས་བྱས་ཡོད་པ་མཚོན་ཡོད། མ་གཞི་ནས་ཁེ་ཕན་རིང་ལུགས་ཡོད་པ་ཧ་ཅང་གསལ་བོ་རེད། གལ་ཏེ་ཁེ་ཕན་རིང་ལུགས་མེད་ཚེ་ཁོང་ཚོའི་བང་མཛོད་ཡོད་མི་སྲིད། བང་མཛོད་མེད་ན་དེ་སྲུང་མཁན་གྱི་སྒོ་ཁྱི་གསོ་སྐྱོང་བྱེད་སྲིད་དམ། དྲ་གྲོགས་ཚོ་སོམས་དང་། སྒོ་ཁྱི། སྒོ་ཁྱི། སྒོ་ཁྱི་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།།
དབྱིན་མིང་ཅན་ལགས། སྤྱི་འཐུས་ཟླ་བ་ཚེ་རིང་ཅིག་ཅིག་ཉོག་ཉོག་ཟེར་མཁན་ནི་ཁམས་པའི་ཞེན་ཁོག་ཅན་ཁག་ཅིག་རེད་ལ། འདི་ཡང་མཐར་བཏུག་ན་ཆོལ་ཁའི་ནད་རྙིང་ལང་པའི་ན་ཟུག་གི་འོ་དོད་འབོད་སྟངས་ཤིག་ཡིན་པ་ལས་གནས་ལུག་རྒྱུ་མཚན་གཞན་གང་ཡང་མེད། ཀིརྟི་སྒྲོལ་དཀར་ལྷ་མོས་བུད་མེད་ཚོགས་པའི་སྤྱི་དངུལ་ལྐོག་ཟ་བྱས་པ་དངོས་ཡོད་རེད་ལ། དེ་ལ་བུད་མེད་ཚོགས་པས་ཉེས་པ་དང་འཚམས་པའི་ཆད་པ་བཅད་ཟིན་པ་རེད་ལ་སྤྱི་འཐུས་ནས་དགོངས་ཞུ་བྱེད་ཟིན་པ་རེད། སྤྱིར་ཆབ་སྲིད་ཀྱི་དཀྱིལ་འཁོར་ཞིག་གི་ནང་ལ་ཁེ་ཕན་རིང་ལུག་པ་དང་ལྐོག་ཟ་རུལ་སུང་བ་ཅིག་ཀྱང་མེད་པ་ཞིག་མི་སྲིད་པ་རེད་ལ། དེ་ཐམས་ཅད་ལ་ཁྲིམས་ལྟར་ཐག་བཅོད་བྱེད་དགོས་པ་རེད་ཟེར་ན་ཡོངས་རྒྱུ་མེད་པའི་སྐད་ཆ་རེད། དཔེར་ན་ང་ཚོའི་ཁྱིམ་ཚང་རྒྱ་གར་རྒྱལ་ཁབ་ཆེན་མོ་ལ་ལྟོས་དང་། ལྐོག་ཟ་རུལ་སུང་མཁན་གྱིས་ཡོངས་སུ་ཁེང་ནས་ཡོད་པ་མངོན་གསལ་ཡིན་ཡང་། ཁྲིམས་ལྟར་ཐག་བཅོད་ཇི་ཙམ་བྱེད་ཐུབ་ཀྱི་འདུག་ང་ཚོ་ཚང་མས་མཐོང་གསལ་རེད། འདི་ནི་དཔེ་མཚོན་ཙམ་རེད་ལ། དེ་བཞིན་འཛམ་གླིང་རྒྱལ་ཁབ་ཉིང་བརྒྱ་མ་ཟིན་ཙམ་ཡོད་པ་འདི་དག་གི་ནང་ལ། ཁེ་ཕན་རིང་ལུག་པ་དང་ལྐོག་ཟ་རུལ་སུང་མཁན་གཅིག་ཀྱང་མེད་པའི་རྒྱལ་ཁབ་དང་སྲིད་གཞུང་སུ་འདུག དེ་བཞིན་ཁེ་ཕན་རིང་ལུག་པ་དང་ལྐོག་ཟ་རུལ་སུང་མཁན་ཡོངས་རྫོགས་ལ་ཁྲིམས་ལྟར་ཐག་གཅོད་བྱེད་ཐུབ་མཁན་གྱི་རྒྱལ་ཁབ་སུ་འདུག་ཅིག་གསུང་གནང་དང་། དེ་ནས་བོད་མིའི་སྒྲིག་འཛུགས་འདི་སྡུག་པོ་ཞིག་ཡིན་མིན་ལྟ་ཆོག་གི་རེད། ངན་པ་མ་མཐོང་ན་བཟང་པོ་མི་ཤེས་ཞེས་པའི་དཔེ་དེ་ལ་བསམ་བློ་ཡག་པོ་ཞིག་ཐོང་ལ་ཤོག་གྲོགས་པོ་ལགས།
བོད་ཀྱི་སྐད་ཡིག་ལ་མདུན་ལམ་ཡོད་དམ། འདྲི་བ་དང་པོ་དེ་རེད།
ཡག་ཡག ད་བྱས་ན་འགྲིག ཁེ་ཕན་རིང་ལུགས་ཡོད་པ་ཁས་ལེན་འདུག་ལ། ལྐོག་ཟ་རུལ་སུངས་ཡོད་པ་ཡང་ཁས་ལེན་འདུག་ན་དེ་གཉིས་ཀྱི་དབང་ཤུགས་ཡོད་པ་ཡང་མངོན་པར་མི་གསལ་བའི་ལམ་ནས་ཁས་ལེན་འདུག ད་དེ་གཙང་སེལ་བྱེད་ཐབས་ལ་མནོ་བསམ་བཀོལ་ན་ལེགས་པའི་གནས་སོ། འོན་ཀྱང་བུད་མེད་ཚོགས་པས་སྤྱི་དངུལ་ཚུར་ལེན་ཐུབ་ཙམ་ལས་ནག་ཉེས་ལ་དཔག་པའི་ཆད་པ་གང་ཡང་གཅོད་ཐུབ་མེད།
ཁེས་ལེན་པའི་ལེན་སྟངས་ཤིག་ཤོད་དང་གྲོགས་པོ། ངས་རྒྱལ་ཁབ་དང་སྲིད་གཞུང་སུ་ཡིན་ཡང་ཁེ་ཕན་རིང་ལུག་པ་དང་ལྐོག་ཟ་བ་གཏན་ནས་མེད་པ་ཞིག་ཡོང་དཀའ་བས། བོད་མིའི་སྒྲིག་འཛུགས་ནང་ལ་ཡང་དེ་འདྲ་རེ་ཟུང་ཡོད་སྲིད་པ་རེད། འོན་ཀྱང་དེ་ནི་ཧང་སང་དགོས་པའི་དོན་དག་ཅིག་མ་རེད་ཟེར་བ་ཡིན། སྒྲོལ་དཀར་ལྷ་མོས་བུད་མེད་ཚོགས་པའི་སྤྱི་དངུལ་ལྐོག་ཟ་བྱས་པ་ལ་རྟེན་ནས་བུད་མེད་ཚོགས་པའི་ཚོགས་གཙོ་ནས་གནས་དབྱུང་བཏང་བ་རེད་ལ། བོད་མི་མང་སྤྱི་འཐུས་ནས་ཀྱང་གནས་དབྱུང་བཏང་བ་རེད། འདི་ཚོ་ནི་ཆད་པ་ཆུང་ཆུང་ཞིག་གཏན་ནས་མ་རེད། ཆད་པ་གཅོད་ཟེར་དུས་ཡིན་ཅིག་བཙོན་འཇུག་བྱེད་པའམ་དངུལ་ཆད་གཅོད་དགོས་པའི་ཁྱབ་པ་ཅང་ཨེ་ཡོད།