ཡོང་ཁུངས། བོད་མིའི་སྒྲིག་འཛུགས་དྲ་རྒྱ
བོད་རིགས་ཁྱིམ་ཚང་གཅིག་གིས་ཤེས་རིག་ལས་ཁུངས་ལ་སློབ་ཡོན་ཆེད་ཨ་སྒོར་འབུམ་གཅིག་ཞལ་འདེབས་གནང་བ།
༄༅། །ཉེ་ཆར་ཨ་རིར་གནས་སྡོད་བོད་རིགས་ཁྱིམ་ཚང་སྨར་ཁམས་དུང་དཀར་ཚང་གིས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ལ་བོད་རིགས་སློབ་མ་ཚོར་སློབ་ཡོན་གྱི་མཐུན་རྐྱེན་བསྐྲུན་ཆེད་ཨ་སྒོར་འབུམ་གཅིག་ཞལ་འདེབས་གནང་འདུག དེ་ཡང་སློབ་ཡོན་འདི་བཞིན་འཛིན་རིམ་བཅུ་གཉིས་ནང་མཐའ་མའི་ཡིག་རྒྱུགས་ཀྱི་བརྒྱ་ཆ་ ༩༠ ལོན་པ་དང་། ཉམ་ཐག་སློབ་ཕྲུག བོད་ནས་ཡིན་པའི་སློབ་ཕྲུག་བཅས་ཁྱོན་སློབ་མ་དགུ་ལ་འབུལ་རྒྱུ་ཡིན་འདུག
སློབ་ཡོན་འདིའི་མིང་བྱང་དེ་སྨར་ཁམས་དུང་དཀར་ཚང་ཟླ་དབྱངས་སློབ་ཡོན་ཞེས་འབོད་རྒྱུ་ཡིན་འདུག ཤེས་རིག་ལས་ཁུངས་ནས་དངུལ་བབ་དེ་དག་དངུལ་ཁང་ནང་བཅུག་སྟེ་དེའི་སྐྱེ་བབ་རྣམས་བོད་ཕྲུག་སློབ་མ་རྣམས་ཀྱི་སློབ་ཡོན་ཆེད་འགྲོ་གྲོན་གཏོང་རྒྱུ་ཡིན་སྐོར་གསུངས་འདུག
བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་བོད་རིགས་ཁྱིམ་ཚང་སྨར་ཁམས་དུང་དཀར་ཚང་གིས་གཙོས་བོད་ཕྲུག་ཉམ་ཐག་སློབ་མ་ཚོར་སློབ་ཡོན་གནང་མཁན་གྱི་ཚོགས་སྐྱིད་ཁག་ཡོངས་ལ་ཡི་རང་བསྔགས་བརྗོད་གནང་བ་དང་ཆབས་ཅིག བོད་མིའི་ཁྱིམ་ཚང་གཞན་རྣམས་ཀྱིས་ཀྱང་དེ་དག་ནས་མིག་དཔེ་ལེན་རྒྱུའི་རེ་བ་ཡོད་སྐོར་གསུངས་འདུག
དམིགས་དཔེ་འོས་པ་འདུག མི་ཚང་དེ་ལ་བཀའ་དྲིན་སྙིང་ནས་ཆེ་ཞུ་རྒྱུ་ཡིན།
འདི་ལྟར་ནུབ་ཕྱོགས་སུ་ཡུན་རིང་བཞུགས་པའི་བོད་མི་འབྱོར་ལྡན་པ་ཚོས་བོད་ཕྱི་ནང་གཉིས་གར་བཞཱུགས་པའི་རང་མི་རིགས་ཀྱི་ཆོས་རིག་སྲུང་སྐྱོབ་དང་མི་རབས་རྗེས་མའི་སློབ་གསོའི་ཐད་རྒྱུ་དངོས་གང་ཐད་ནས་རོགས་རམ་གནང་ཐུབ་ན་ལེགས། ཨ་རིར་གནས་སྡོད་སྨར་ཁམས་དུང་དཀར་ཚང་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཆེ་ཞུ།
ཐུགས་རྗེ་ཆེ་ལགས། སྨར་ཁམས་དུང་དཀར་ཚང་། མི་ཚང་དེའི་ལོ་རྒྱུས་ཞིག་ངོ་སྤྲོད་ན་བཟང་།
ཞལ་འདེབས་གནང་བ་ཐུགས་རྗེ་ཆེ། ཡིན་ནའང་སྦྱིན་བདག་་ཁྱིམ་ཚང་གི་མིང་མ་གཏོགས། མིང་ངོ་མ་དེ་མི་འདུག ཁྱད་མཚར་ཞིག་རེད། བྱུང་ན་ཨ་རི་ས་གནས་སམ། ་སྡོད་གནས་ཀྱི་མིང་བྲིས་ན་གསལ་པོར་འགྱུར་ངེས།
རྗེས་སུ་ཡི་རང་དང་། ཁྱིམ་ཚང་གི་དཔལ་འབྱོར་གོང་ནས་གོང་དུ་འཕེལ་བའི་སྨོན་འདུན་བཅས།
དེ་རིང་ངོས་གནས་དུང་དཀར་གཡས་འཁྱིལ་གྱི་སྒྲ་ཞིག་གྲགས་སོང་། -:)!
ལྷག་བསམ་དུང་ལས་དཀར་བའི་སྨར་ཁམས་དུང་དཀར་ཚང་།
ལྷག་བསམ་འགན་འཁུར་རང་གི་རིགས་ལ་གཟིགས་།
ལྷག་བསམ་ཆེན་པོའི་གཏོང་འཕོད་ཌོ་ལར་འབུམ་།
ལྷག་་བསམ་བརྩེ་བས་ཕྲུུག་གུའི་ཤེས་ཡོོན་སྤེལ་།
འབྱོར་ལྡན་ཡུལ་དུ་ཡོད་པའི་བོད་མི་ཚོའི་།
འབྱོར་ལྡན་དུང་དཀར་ཚང་ལ་དཔེ་བླངས་ནས་།
འབྱོར་ལྡན་ཡུལ་དུ་དཀའ་ལས་འབད་བརྩོན་གྱི་།
འབྱོར་བ་ཡོད་ན་ཉམས་ཆུང་ཕྲུག་གུར་ཕན་།
རང་སྡེའ་ིརིགས་ལ་ཞེན་པ་དཀར་པོའི་མདངས་།
རང་བྱུང་སྙིང་གི་དབུས་ན་གནས་པ་འདིའི་།
རང་གི་རིགས་ལ་བསམ་ནས་ཕན་པ་སྒྲུབ་།
རང་དབང་ལུང་པར་རང་འདོད་དཔལ་འབྱོར་བཟོས་།
བཙན་བྱོལ་སྤྱི་ཚོགས་གཏམ་བཟང་གོ་བ་ནས་་།
བཙན་བྱོལ་བོད་མིའི་ཁྱེད་ལ་་དགའ་བསུ་ཞུ།
བཙན་བྱོལ་སྒྲིག་འཛུགས་རྩ་བ་བརྟན་པ་ལ་།
མེད་དུ་མེད་རུང་ཇོ་ལགས་དཔལ་འབྱོར་རེད་།
།
ངོ་མ་ཡག་པོ་རེད། རྒྱུ་ཡོད་པའི་ཡོད་གོ་ཆོད་འདུག
སྒོར་ལྡོག་འགའ་བྱིན་དང་ན་འདི་འདྲའི་ཆེ་བསྟོད་ཨེ་རན། དྲ་འབུ་སྒོར་དགའ་ཚོ་གྲོག་གྲོག་བྱེད་ཐུབ་པ་དངོས་གནས་སྒོར་མོ་རེད།
སྨར་ཁམས་དུང་དཀར་ཚང་ལ་བསྔག་བརྗོད་ཞུ་རྒྱུ་ཡིན། ཁོང་ཙམ་མིན་པའི་བཙན་བྱོལ་ནང་བོད་མིའི་བུ་ཕྲུག་ཤེས་ཡོན་ཆེད་དུས་ཡུན་རིན་པོ་གནང་མཁན་བལ་ཡུལ་གནས་སྡོད་རྒྱ་ནོར་ཚེ་དབང་ལགས་ཞུ་མཁན་ཞིག་ཡོད། བཙན་བྱོལ་བོད་མི་སྒྲིག་འཛུགས་ནས་བོད་མི་རང་ངོས་ནས་སྒྲིག་འཛུགས་ལ་རོགས་དངུལ་གནང་མཁན་ནས་བཀའ་འཁྲོལ་ཡོད་ན་ཐོ་གཞུང་ཞིག་བཏོན་ན་སྤྱི་ཚོགས་ནང་སེམས་ཤུགས་སྤེལ་ཐུབ་ངེས་ཡིན་ལགས།
བོད་མི་ཕྱུག་བདག་ཚོར་མིག་ལྟོས་འདྲ་བྱུང་འདུག ཡིན་ན་ཡང་བོད་དང་རྒྱ་གར་བ་རྣམས་ལ་དངུལ་ག་ཚོད་ཡོད་ཀྱང་གཞན་ལ་གཏོང་སེམས་ཀྱི་འདུན་པ་ཁབ་མིག་ལས་དོག་པས་དུང་དཀར་ཚང་གི་གཏོང་ཕོད་མཐོང་མཁན་དཀོན་པོ་རེད། དངོས་གནས་བྱས་ན་བཙན་བྱོལ་གཞུང་གི་ངོས་ནས་བོད་ཀྱི་ཕྱུག་བདག་བླ་མ་དང་ཚོང་བའི་གྲས་ལ་ཆེད་གཉེར་གྱིས་འཛུབ་མོ་བཙུགས་ཏེ་ཉམ་ཆུང་བོད་ཕྲུག་ཚོའི་ཤེས་ཡོན་གྱི་མདུན་ལམ་བསམ་བློ་རེ་གཏོང་རྒྱུ་དང་། རབ་ཡིན་ན་ཕྱི་རྒྱལ་བ་ཁྱིམ་ཚང་མང་པོས་བོད་ཕྲུག་སློབ་མ་རྣམས་ཀྱི་འཚོ་གོས་ལ་དངུལ་དང་དངོས་པོ་ཆེད་གཏོང་གནང་བ་ལྟར་མ་མཐའ་སློབ་ཕྲུག་རེའི་མིང་ཕུལ་ཏེ་རོགས་སྐྱོར་ཞུ་རོགས་གསུང་ན་བསམ་བློ་ཕྲན་བུ་རེ་གཏོང་སྲིད། །
ཁྱིམ་ཚང་དེའི་བྱ་བ་ལམ་འགྲོ་ཡོང་བར་ཤོག་་་་
ཤེས་རིག་ལས་ཁུངས་ནས་ཆུད་ཟོས་སུ་མི་གཏོང་རྒྱུའི་རེ་བ་ཡོད་་་་དེང་སང་གང་སར་རུལ་སུངས་པས་ཁེངས་འདུག་པས་་འུ་ཚང་གི་རུལ་སུངས་པ་ཞིག་གི་ལག་ཏུ་མི་རྒྱག་རྒྱུའི་ངེས་པ་མེད་་་
ཡི་རང་དང་སྔགས་བརྗོད་དང་བཅས་བཀའ་དྲིན་ཆེ་ཞུ།
བཀའ་དྲིན་ཆེ་ཕྱུག་བདག་དུང་དཀར་ཚང་།
༄༄། དངོས་གནས་ཡག་པོ་རེད། གུས་པས་ཐུགས་རྗེ་ཆེ། བཀའ་དྲིན་ཆེ་ཞེས་ལེན་འབུམ་ཁྲག་ཞུ་ཞུ་ཞུ་ཞུ། བོད་པའི་བླ་ཆེན་ཚོས་ཡང་བསླབ་བྱ་ལེན་ན་ཡག་གོ་། བོད་པའི་ཆེན་ཕྱུགས་པོ་ཚོས་ཡང་ངོ། ད་ལྟ་བོད་པ་དཔལ་འབྱོར་གི་དཀའ་ངལ་དང་། བོད་པས་བོད་པར་རོག་དེ་ཤིན་ཏུ་བཟང་ངོ་། ཟླ་བ་གསར་པ། ཉི་མ་གསར་པ། བོད་པ་ཚོ་།
་་་་་་་་་་་་་ བོད་པའི་བླ་ཆེན་ཚོས་ཡང་བསླབ་བྱ་ལེན་ན་ཡག་གོ་། ་་་་་་་་་་་་་་་་་
# 15 ཤར་པ་་ལགས་ལ་རྒྱབ་སྐྱོར་ཡོད་ཀྱང་། བོད་པའི་བླ་ཆེན་ཚོས། གྲྭ་བཙུན་གསོ་རྒྱུ་གལ་ཆེ་བ་རེད། ཁྱིམ་པ་མི་ནག་གསོ་རྒྱུ་གལ་ཆེ་བ་རེད། ལགས། ད་ངས་རྩོད་པ་གསར་པ་ཅིག བཙུགས་ཡོད་གདའ། ཧཧཧ།
ཀརྡོ་གཉེར་ཕྱག་འདིས་ཅི་གང་ཤེས་མི་འདུག་་་་་བོད་པའི་བླ་ཆེན་ཚོས་གྲྭ་བ་ཚོ་གསོ་དགོས་པ་མ་རེད་་་་གྲྭ་བ་ཚོས་རང་ཁ་རང་གསོ་བྱས་ནས་བསྡད་ཡོད་པ་རེད་་་ཁོང་ཚོས་ཟ་ཁང་ཚོང་ཁང་་་་མགྲོན་ཁང་སོགས་བཙུགས་ནས་རང་ཁ་གསོ་བཞིན་འདུག་་་་བླ་མ་ཚོས་གཟིམ་ཁང་རྫིག་པོ་དང་་རླངས་འཁོར་གོང་ཆེན་་་་ད་དུང་འཁོར་གཡོག་མང་པོ་ཁྲིད་ནས་འགྲོ་བ་ལས་བོད་མི་ཉམ་ཐག་དང་བོད་ཕྲུག་སྐྱོ་བོ་ཚོར་རོགས་པ་བྱ་མཁན་ཧ་ལམ་མེད་པའི་ཚོད་དུ་གདའ་་་་
བོད་པའི་བླ་གྲ་ཚོས་ཆོས་ཚོང་རྒྱབ་པའི་དངུལ་རྣམས་ཁྱིམ་པ་མཉམ་ཆུང་ལ་འཕན་ཐོག་ན་འགྲིག་པ་ཞིག་རེད་
སྦྱིན་བདག་གི་པར་ཞིག་མཉམ་དུ་ཡོད་ན་ཡག་པོ་འདུག
རྗེས་ལུད་ནང་གི་སྔོན་ཐོན་ཚང་། བོད་པ་ཚང་གི་སྨར་ཁམས་ཚང་།
ཡག་པོ་རེད་ཟེར་རྒྱུ་ལས་གཞན་ཅང་ལུས་མ་སོང་།
འཇིག་བྲལ་ལགས་ཀྱི་མཆན་དེར་རྒྱབ་སྐྱོར་ཡོད། རྒྱ་ནོར་ཚེ་དབང་ཞུ་བ་ཁོང་གིས་ལོ་མང་པོའི་སྔོན་ནས་ད་ལྟའི་བར་དུ་སློབ་ཡོན་མང་པོ་གནང་གིན་ཡོད་སྐད་གོ་མྱོང་ཡོད།
རྒྱ་བལ་འབྲུག་གསུམ་ནང་གི་བོད་མི་ཕྱུག་པོའི་གྲས་ནས་བོད་རིགས་གཞུང་མངས་ལ་དཔལ་འྦཡོར་ཞལ་འདེབས་མང་ཤོས་བལ་ཡུལ་གནས་སྡོད་རྒྱལ་ནོར་ཚེ་དབང་ཁོང་ལས་ལྷག་པ་མེད་པ་འདྲ། ཁོང་དང་ཁོང་གི་ཚོ་བོ་ཨུ་སུ་སུ་ལ་ཡོད་པ་གཉིས་ངའི་ཉིན་ཞག་བསྡད་སོང་ལ། ང་ཡང་ཁོང་གི་བལ་ཡུལ་གཟིམ་ཁང་ཆན་པོ་དེའི་ནང་ལ་ཁང་མིག་གཅིག་གི་ནང་ཉིན་འགའ་ཞག་བྱས་མྱོང་། རྒྱལ་ནོར་ལགས་དབུས་གཙང་སྤྱི་འཐུས་ཀྱང་གནང་མྱོང་པ་རེད།
གཏམ་བཟང་རེད། དེ་རིགས་ལ་བསྟོད་པ་ཡང་ཡང་དང་རྒྱ་ཆེར་གོ་བརྡ་སྤྲོད་དགོས། ཁོང་རྣམ་པའི་གནང་སྟངས་འདི་ལ་ང་རང་གུས་བཀུར་ཡི་རང་མ་ཚད་དེ་ཡི་རྗེས་འཛིན་ཐུབ་པའི་སྨོན་ལམ་འདེབས་ཀྱི་ཡོད། ང་ཚོ་བོད་པ་ཚང་ལ་ཡར་ལྷ་བླ་མ་ལ་ཞལ་འདེབས་ཕུལ་བར་གཏོང་ཕོད་ཆེ་བ་དང་། མར་སྤྲང་འཁྱམ་ངན་སོང་ལ་སྦྱིན་པ་གཏོང་བར་སེར་སྣ་མེད་མོད། བར་མི་རབས་གསར་པ་གསོ་སྐྱོང་དང་སྤྱི་ཚོགས་ཕན་བདེའི་ལས་ལ་གཞོལ་རྒྱུ་ཧ་ལམ་བསམ་པའི་ཡུལ་ལ་མེད། དེའི་གོ་རྟོགས་སད་རྒྱུ་གལ་ཤིན་ཏུ་ཆེའོ། དེ་མིན་འདི་ལྟར་བོད་པའི་ཕུགས་ཡུན་ལ་དགོངས་པ་བཞེས་ནས་དགེ་ལས་གནང་མཁན་ཚོའི་གནས་ཚུལ་ངོ་སྤྲོད་ཁ་གསལ་ཡོད་ན་སྤྱི་ཚོགས་ཡོངས་ལ་ཤུགས་རྐྱེན་བཟོ་ཐུབ་པས་དེའི་ཐད་ཀྱི་ནང་དོན་བཀོད་ན་ཡག་པོ་འདུག
དཔེ་ཡག་པོ་རེད་ཐུགས་རྗེ་ཆེ་ཞུ་ཞུ།