བོད་རིགས་མཁས་པ་གྲགས་ཅན་ཟླ་བ་ནོར་བུའི་རྩོམ་ཡིག་བོད་བསྒྱུར་མ་རེ་ཡོད་དམ། ཁོང་གི་བརྩམས་ཆོས་དག་གི་ཁ་བྱང་ངོ་སྤྲོད་གནང་མཁན་རེ་ཡོད་དམ། ཁོང་གི་ཆོས་བརྒྱུད་ས་སྐྱ་ཡིན་ལུགས་གོ་ཐོས་བྱུང་། ཡིན་ན་ཡང་ཁོང་གི་ཆབ་སྲིད་ཀྱི་ལྟ་གྲུབ་ག་འདྲ་ཞིག་ཡིན་ལུགས་མི་ཤེས། སྐབས་ཤིག་ཁོང་རང་རེའི་སྤྱི་ཚོགས་ནས་ཟུར་འདོན་བྱས་རབས་གོ་ཐོས་བྱུང་བས། དེའི་སྐོར་ནས་གནས་ཚུལ་ངོ་སྤྲོད་གནང་མཁན་རེ་ཡོད་ན་ཐུགས་རྗེ་ཆེ་ཞུ་གི་ཡོད།
སྐད་གཉིས་སྨྲ་བ་གང་རུང་ཞིག་གིས་ཁོང་གི་སྐར་མ་དམར་པོའི་འོག་གི་བོད་ཅེས་པ་དེའི་ལེ་ཚན་རེ་ཟུང་བོད་ཡིག་ཏུ་བསྒྱུར་ནས་འདིར་ཀློག་མཁན་དག་གི་བསམ་པའི་ལོངས་སྤྱོད་དུ་སྩོལ་རོགས།
གོ་བ་ལྟར་ན། ཁོང་གིས་ལྡི་ལིའི་མཐོ་སློབ་ཀྱི་གུང་གསེང་གི་སྐབས་སུ་ནང་ལ་ལོག་དུས། དུག་ལོག་དྲེགས་པས་འཚོས་པ་ཞིག་གྱོན། རྒྱབ་ཏུ་སླེ་བོ་ཞིག་ཁུར་བའི་ནང་དུ་སྔོ་ཚོད་སོགས་རང་ལ་གང་དགོས་པ་དེ་དག་བླུགས་ནས་རྒྱ་གར་བའི་གཡོག་པོ་ཞིག་གི་ཚུལ་གྱིས་ཡར་མར་འགྲོ་གིན་ཡོད་ལུགས་འདུག ལྡི་ལིའི་མཐོ་སློབ་ཀྱི་དགེ་རྒན་ཆེན་མོའི་གོ་ས་ཡོད་པའི་མི་འདི་ལྟ་བུ་ཞིག་གིས་མི་ཚེ་དཀྱུས་མ་འདི་འདྲ་ཞིག་རོལ་བ་དེས་ཅི་ཞིག་བསྟན་ཡོད་པ་ཡིན་ནམ།
སྒུའུ་སྒལ་googleནང་དུ་ཁོང་གི་འཛམ་གླིང་གསུམ་པའི་རིག་གཞུང་དང་ཆབ་སྲིད་དང་། བོད་་་་ལམ་སྔོན་མ། སྐར་མ་དམར་པོའི་འོག་གི་བོད། ཁ་ཆེ་ཕ་ལུའི་བསླབ་བྱ་དང་དེའི་འཚོ་བའི་སྒྱུ་རྩལ་སོགས་ཁོང་རང་གི་ལྗགས་རྩོམ་དང་ཡང་གཞན་དང་མཉམ་འབྲེལ་གྱི་དེབ་བདུན་ཙམ་ཞིག་ངོ་སྤྲོད་བྱས་འདུག
ལ་རྩེ་དཔེ་མཛོད་ཁང་གི་གསར་འཕྲིན་ཞིག་ཏུ་ མཁས་དབང་ཟླ་བ་ནོར་བུ་མཆོག་ལ་མྱ་ངན་རྗེས་དྲན་གྱི་མཛད་སྒོ་ཞེས་ཁོང་གི་ལོ་རྒྱུས་མདོར་བསྡུས་བོད་དབྱིན་ཤན་སྦྱར་མ་ཞིག་འདུག གཤམ་གྱི་འབྲེལ་ཐག་ནས་ཀློག་ཐུབ་གི་འདུག
http://www.latse.org/newsletter/2006vol4num1/Latse_Newsletter_No4_Web.pdf
མཁས་པ་གྲགས་ཅན་འདི་ལྟ་བུའི་མི་ཚེའི་སྐོར་ལ་དཔྱད་བརྗོད་སྤེལ། ཚོགས་འདུ་བསྡུས། རྩོད་གླེང་གནང་ན་དངོས་གནས་དོན་དང་ལྡན་པ་ཞིག་ཡིན་རྒྱུ་རེད། རྒྱ་གར་རྒྱལ་ཁབ་ཆེན་པོ་དེ་ལྟ་བུ་ཞིག་གི་རྒྱལ་སའི་མཐོ་སློབ་ཀྱི་དགེ་རྒན་ཆེན་མོའི་གོ་ས་དེ་བོད་མི་ཡུལ་གྱར་བ་ཞིག་གིས་ཐོབ་པ་དེ་གཅིག་པོར་བསམ་བློ་རེ་བཏང་ན་ཡང་། འདང་མི་དཔོག་པའི་དྲི་རྟགས་སྣ་ཚོགས་ནི་ངའི་འཁོར་རྒྱ་ཧ་ཅང་དོག་པའི་སེམས་དང་ཀླད་པའི་ནང་དུ་སྐར་མདའ་འཁྱུག་འཁྱུག་དང་ཁ་བ་འབབ་འབབ་རེད་ཡ།
བཀའ་དྲིན་ཆེ། ད་དུང་ཁོང་གི་སྐོར་ཕྲན་བུ་རེ་བོད་ཡིག་ཏུ་བསྒྱུར་ཐུབ་ན་ཤིན་ཏུ་ལེགས།
ཟླ་བ་ནོར་བུའི་གསུང་རྩམས་བོད་སྐད་དུ་བསྒྱུར་རྒྱུ་ཕར་བཞོག རྒྱལ་བ་རིན་པོ་ཆེའི་མཛད་རྣམ་བཙན་བྱོལ་ནང་གི་རང་དབང་ཞེས་པ་དེ་ཕྱི་རྒྱལ་གྱི་སྐད་མང་པོར་བསྒྱུར་ནས་ཀློག་བཞིན་ཡོད་ཀྱང་བོད་མི་རང་གི་སྐད་དུ་ཅང་བསྒྱུར་ཨེ་ཡོད། ཧ་ལས་པའི་བློ་ཕམ་གཞི་རེད། ཨ་ཁ་ཁ་ཁ་ ཟླ་བ་ནོར་བུ་ལ་སྡ་སའི་་རྨོ་ཚོ་ནས་རྒྱག་རྡུང་བཏང་ནས་རྡ་སར་བསྡོད་ཐབ་མེད་པ་བཟོས་པ་དང་། མཐའ་མ་རྒྱ་གར་གྱི་མཐོ་སློབ་ནས་ཁོང་གི་རིན་ཐང་ལ་ངོས་འཛིན་ཐོབ་པ་ཞིག་རེད། ཁྱེད་རྣམས་ནས་ཁོང་གི་ཡོན་ཐན་ལ་ངོས་འཛིན་གནང་བ་ཐུགས་རྗེ་ཆེ།
བོད་ཀྱི་རྒྱལ་བོ་གླིང་དར་མ་ལའང་དྲན་གསོའི་དུས་དྲན་ཞིག་བཀོད་སྒྲིག་གནང་ཐུབ་ན་ཡག་པོ་འདུག ཁོང་གིས་བོད་བཅོས་བསྒྱུར་གཏོང་རྒྱུའི་བསམ་བློ་གསར་བ་གང་འདྲ་བཏང་ཡོད་མེད་སོགས་གང་ཐུབ་ཐུབ་ཅིག་ཤེས་འདོད་ཆེ་བ་མ་ཟད། ཁོང་ནི་གླང་རྭ་ཡོད་མཁན་གྱི་བདུད་རྒྱལ་ཞིག་མ་ཡིན་ལ། ལྷ་ལུང་དཔལ་རྡོར་མིང་ཅན་བོད་ཀྱི་ལོ་རྒྱུས་ནང་གི་ནག་ཉེས་ཆེ་ཤོས་ཀྱི་མི་དེ་ཡིན་པ་འདྲ་བས། དོན་དངོས་གང་འདྲ་རེད་བསམ་གྱི་འདུག།
ཤི་བོ་ཤི་མོ་ཚོའི་མྱིང་གླེང་ནས་གསོན་པོ་ཚོ་ཚིག་པ་ཟ་མ་འཇུག ཁོང་གཟུགས་པོ་ཐུང་ཐུང་། སྐྲ་འཇིལ་ལི་ཅན། མཆིལ་ལྷམ་ཞིག་རྐང་མགོར་དྲུད་ནས་འགྲོ་གི་རེད། མཚམས་མཚམས་ལ་གུང་སེང་སྐབས་དྷ་ས་བོད་ཀྱི་དཔེ་མཛོད་ཁང་ལ་ཡང་སེ་ཡོང་གི་རེད།
ཁོང་གིས་བྲིས་པའི་དེབ།
བོད། མདུན་དུ་ཕྱོགས་པའི་ལམ།
བོད་སྟེང་གི་སྐར་མ་དམར་པོ།
གཞན། རྒྱ་ནག་གི་མི་རིགས་སྲིད་བྱུས་ལ་དཔྱད་པའི་དེབ་ཅིག་ཡོད་པ་ངས་མཐོང་སོང་། མིང་དྲན་གྱི་མི་འདུག
དྲ་རྒྱའི་ཐོག་བཙལ་ན་ཕལ་ཆེར་རྙེད་གི་རེད།
ཁོང་གི་དཔེ་ཆ་དེ་ཚོ་ཀློག་དང་། གཅིག་བྱས་ན་ཁྱེད་ཚོར་བློ་སྐྱེད་འདྲ་ཡོང་སྲིད། བསམ་ཚུལ་མི་མཐུན་པ་དེ་འདྲ་ཡོད་ན་འདིར་ཁྱེར་ཤོགདང་ང་ཚོས་མཉམ་གཅིག་ཏུ་བགྲོ་གླེང་བྱེད་ཆོག
ཁོང་རིགས་གཅིག་རྐང་འཛིན་པའི་མཁས་པ་ཞིག་རེད། ང་ཚོའི་སྤྱི་ཚོགས་འདི་ཆུང་དྲགས་པ་དང་གཅིག བསམ་བློ་རྗེས་ལུས་ཡིན་པ་དང་གཉིས། ཡོན་ཏན་ཅན་གྱི་མིང་འཛིན་མཁན་གྱི་བླུན་པོ་མང་བ་དང་གསུམ་བཅས་ཀྱིས་མཁས་པ་རེ་ཟུང་ཞིག་བྱུང་བ་དེ་བློ་ངོར་མི་ཤོང་བ་ལྟ་བུ་བྱེད། ཡིན་ན་ཡང་། ང་ཚོའི་སྤྱི་ཚོགས་ནང་། ཁ་ཕོ་བཤད་ནས་དཔེ་ཆ་བཅུ་བྲིས་པ་ཡིན། ཉི་ཤུ་བྲིས་པ་ཡིན་ཟེར་མཁན་དེ་ཚོས་ཁོང་ལ་འགྲན་ཐབས་ཡོད་པ་མ་རེད།
ཡེ་ཤེས་ལགས་ཀྱི་ཟླ་བ་ནོར་བུའི་སྐོར་ཞིག་གླེང་རྒྱུ་ཡིན་གསུངས་འདུག ཟླ་བ་ནོར་བུ་ཟེར་ཁོང་ལ་དྲི་བ་དྲི་ལན་སྐོར་ཞིག་རྡ་རམ་ས་ལའི་བོར་བུ་གླིང་ཁ་ནས་བཏོན་པའི་དེབ་ཅིག་གི་སྟེང་དུ་བཀོད་འདུག དེར་ཁོ་རང་གི་མི་ཚེའི་བརྒྱུད་རིམ་སྐོར་གསལ་ཞིབ་ཅིག་བཤད་འདུག ཁོ་རང་གིས་བོད་པའི་ཁོར་ཡུག་ཅིག་ནས་ལས་ཀ་བྱེད་འདོད་བྱུང་ནས་བོད་གཞུང་ལ་སྙན་ཞུ་ཕུལ་ཡང་ལས་ཀ་སྤྲད་མ་སོང་བའི་ཟོལ་ཅིག་གསུངས་འདུག ཁོ་རང་ཤེས་ཡོན་གནས་ཚད་མཐོན་པོ་དང་རིགས་གཅིག་ཆེད་ལས་ཀྱི་སློབ་སྦྱོན་གི་ལག་ཁྱེར་མཐོན་པོ་ཡོད་ཚུལ་ཞིག་ཀྱང་བཤད་འདུག ཁོ་འཁྲུངས་གཞིས་གཙང་ས་སྐྱའི་ཕྱོགས་ཆོས་རྒྱུད་ས་སྐྱའི་ལུགས་འཛིན་པ་ཞིག་ཡིན་འདུག རྡོ་རྗེ་གླིང་ནས་སློབ་སྦྱོང་གནང་རྗེས་རྡི་ལི། ཨ་མེ་རི་ཁ་སོགས་སུ་སློབ་སྦྱོང་མང་པོ་བྱས་ཚུལ་སོགས་གསུངས་འདུག་པ་ད་དུང་ངའི་དྲན་པའི་ངོར་འདུག མཐོ་སློབ་ཏུ་ཁོང་གི་ཁོང་གི་ཆེད་ལས་སློབ་ཁྲིད་གཙོ་བོ་དབུས་ཨེ་ཤེ་ཡའི་ལོ་རྒྱུས་ཀྱི་སྐོར་མིན་ནམ། ཁོས་བྲིས་པའི་དེབ་བོད་ཐོག་གི་སྐར་མ་དམར་པོ་དང་། བོད། མདུན་དུ་ལྷགས་པའི་ལམ་སོགས་རེ་ཟུང་རེ་དཔེ་མཛོད་ཁང་ཆེ་ཆུང་མང་པོར་མཐོང་རྒྱུ་འདུག ཁྱེད་ཚོ་དབྱིན་ཡིག་ཤེས་མཁན་ཚོས་༸ཐྲྤཀློག་ཆོག་ཆོག་རེད།
ཟླ་བ་ནོར་བུ་ཟེར་བ་དེ་ཧ་ཅང་མཁས་པ་རེད་ཟེར་མཁན་འདུག སྔོན་མ་ཞིག་ལ་ཁོས་རྒྱལ་བ་རིན་པོ་ཁ་ཡིན་ནམ་ཅིག་གཏོང་གི་རེེད་ཅེས་ཤོད་མཁན་བྱུང་བ་རེད་ཟེར་སྲོལ་ཡང་འདུག དེང་སྐབས་ཁོང་ལ་བསྟོད་པའི་མཐེ་བོང་ཀེར་མཁན་ལས་སྨདམཁན་ནི་མཐོང་མ་སོང་། ཁོང་ནི་བོད་ཀྱི་ནོར་བུ་རྣམ་གསུམ་སྟེ། ཟླ་བ་ནོར་བུ། འཇམ་དབྱངས་ནོར་བུ། ཐུབ་བསྟན་འཇིགས་མེད་ནོར་བུ་བཅས་ཀྱི་ཡ་གྱལ་ཞིག་ཏུ་བརྩི་བ་རེད། ཁོང་སྐུ་གཤེགས་པའི་རྗེས་སུ་རྒྱ་གར་མཐོ་སློབ་འགྲིམས་བཞིན་པའི་ངའི་གྲོགས་པོ་མང་པོས་སེམས་ཕམ་ཆེན་པོ་བཅས་ཁོང་ནི་ཤེས་ཡོན་ཚད་མཐོན་པོ་དང་བོད་ལ་ཤ་ཞེན་ཆེ་བའི་མི་ཞིག་ཡིན་ཚུལ་ཡང་དང་བསྐྱར་ནས་ཤོད་ཀྱིན་འདུག དོན་དངོས་སུ་ཁོས་ཤེས་ཡོན་སློབ་སྦྱོང་དང་སློབ་ཁྲིད་ཧ་ཅང་མང་པོ་གནང་ཡོད་པ་སྨྲོས་མེད་རེད། ཡིན་ན་ཡང་ཁོས་བྲིས་པའི་དེབ་དེ་ཚོའི་ནང་དུ་ཡང་སྙིང་གང་ཞིག་བྲིས་ཡོད་མེད་ཤེས་མ་བྱུང་།
ཁོང་གི་བོད་ཡིག་མཁྱེན་གྱི་ཡོད་མེད་དང་མཁྱེན་ན་རྒྱ་ག་ཚོད་ཡོད་མེད་སོགས་ཀྱང་ཤེས་མ་བྱུང་། དངོས་གནས་ང་ཚོས་ཁོང་གི་སྐོར་ཤེས་རྒྱུ་གལ་ཆེན་རེད། དྲྭ་གྲོགས་མགོན་པོ་ཕྱག་གཉིས་པས་ཀྱང་ཁོང་གིས་དེབ་རྩ་བ་ཆེན་པོ་བྲིས་ཡོད་ཚུལ་སོགས་བཤད་འདུག ངའི་གླེང་མོལ་ཀྱག་ཀྱོག་འདི་མཆན་བུའི་གྲས་སུ་འཇོག་དགོས་པ་སྨྲོས་མེད་ཡིན་ཡང་ངས་མཆན་བུའི་ནང་དུ་བོད་ཡིག་གཏགས་མི་ཤེས་པས་འདིར་བཞག་པ་ཡིན།
འདིའི་སྐོར་བདག་གིས་ལོ་འགའི་སྔོན་ཞེས་པ་ཞིག་བྲིས་ཡོད་པ་དེ་ལག་ཏུ་ཆུད་ན་འདིར་དཔྱད་གཞིར་འབུལ་རྩིས་ཡོད།
དཔྱད་རྩོམ་དེའི་མིང་ལ་”ལོ་རྒྱུས་ཀྱི་མེ་ལོང་ནང་གི་ལྷ་སྲས་དར་མའི་གཟུགས་བརྙན”ཞེས་བཏགས་ཡོད།
འཛམ་གླིང་ལགས། རྒྱལ་བ་རིན་པོ་ཆེའི་བཙན་བྱོལ་ནང་གི་རང་དབང་ཟེར་བ་ལྟ་བུའི་དེབ་རེ་ཟུང་ཕྱི་རྒྱལ་བའི་རྣ་བར་སྙན་ལ་ང་ཚོས་བ༸ཐྲྤཀླགས་ན་བྲོ་བ་དམིགས་བསལ་མེད་ཀྱང་སྲིད། བསོད་རྒྱལ་རིན་པོ་ཆེས་བྲིས་པའི་བོད་ཀྱི་སྐྱེ་འཆི་ཟེར་བ་ལྟ་བུ་དེ་ཚོ་ཕྱི་རྒྱལ་བ་ཚོར་སྐད་གྲགས་ཆེན་པོ་བྱུང་ཡོད་ཀྱང་ང་ཚོས་༸ཐྲྤཀློག་ཁུལ་བྱས་ན་དམིགས་བསལ་གྱི་བྲོ་བ་འདྲ་གང་ཡང་མི་འདུག ཉེ་སྔོན་ང་ཚོ་འདིར་དགེ་བསྐོས་བཙན་པོའི་སྐོར་ལ་ཁ་རྩོད་རྒྱག་སྐབས་མགོན་པོ་ཕྱག་གཉིས་པས་ང་ལ་མིའི་བསམ་བློ་གཏོང་པྱོགས་ཡིན་ནམ་ཅིག་ཤེས་མི་འདུག་ཟེར་ནས་གཤེ་གཤེ་བཏང་བྱུང་བ་བཞིན་མིའི་བསམ་བློ་གཏོང་ཕྱོགས་མི་འདྲ་བ་ཡིན་སྟབས། བོད་མིས་བརྩམས་དེབ་ལ་ལ་ཕྱི་རྒྱལ་བ་ཚོས་ལེགས་པོར་མཐོང་ཡང་ང་ཚོས་ཤེས་ཤེས་པ་དང་གོ་ཡོད་པ་ལྟ་བུ་ཞིག་ཆགས་ཡོད་རྒྱུ་ཡང་མང་པོ་འདུག
སྟག་སྨྱོན་ལགས། གླང་དར་ལ་དྲན་གསོའི་བཀོད་སྒྲིག་བྱེད་མི་བྱེད་དེ་གཙོ་བོ་གླང་ལ་མཛད་རྗེས་ལེགས་པོ་ཡོད་མེད་དེ་དང་པོར་ཐག་ཆོད་དགོས་འདུག གླང་དར་ལ་མཛད་རྗེས་ལེགས་པོ་ཞིག་ཡོད་པའམ་འཆར་གཞི་ལེགས་པོ་ཞིག་བཏིངས་ནས་དོན་འཁྱོལ་མ་བྱུང་བ་སོགས་གང་ལྟར་ཡང་རྗེས་དྲན་ཞུ་འོས་པར་ཡིད་ཆེད་ཆེས་འདྲོངས་ཐུབ་པ་ཞིག་བྱུང་ད་གཟད་ང་ཚོ་ཡང་ཁྱོད་དང་མཉམ་དུ་མཛད་སྒོར་བཅར་གྱི་ཡིན། ངསའི་བསམ་ཚུལ་ལ་གླང་དར་དང་ཁྲི་རལ་འདི་གཉིས་རྒྱལ་སྲིད་ལ་མ་འཆམས་པར་ཕན་ཚུལ་ནང་འགལ་གྱི་དབང་གིས་ཕན་ཚུན་གྱི་བློན་པོ་ཚོས་བཀྲོངས་རེས་བྱས་པ་ཉེ་སྔོན་ནེ་པ་ལའི་རྒྱལ་པོ་སྐུ་མཆེད་གཉིས་ཀྱི་བྱེད་སྟངས་ལྟ་བུ་ཞིག་ཨེ་ཡིན་སྙམ་ཀྱི་འདུག
ཉིད་ཀྱི་མཆན་ཁག་གསུམ་པོ་ཚང་མ་ཀློག་ཐུབ་ཀྱི་མི་འདུག་ལགས།
འཛམ་གྔ་ལགས། ཟླ་བ་ནོར་བུ་ལྟ་བུའི་ལག་ཁྱེར་མཐོན་པོ་ཅན་གིས་བཙན་བྱོལ་བོད་གཞུང་གི་ལས་ཀ་བྱས་ན་ད་གླ་ཕོགས་ཀྱང་སྤྲད་མ་ཐུབ་པ་ཡིན་རྒྱུ་རེད། ཁོང་ལ་ཡོན་ཏན་ཡོད་རེད་ཟེར་དང་ལག་ཁྱེར་མཐོན་པོ་ཡོད་རེད་ཟེར་བ་ཙམ་དུ་མ་འཇོག་པར་ཁོང་ལ་མཛད་རྗེས་གང་དང་གང་ཡོད། ང་ཚོས་རྗེས་དྲན་བྱ་དགོས་ཚུལ་གང་དང་གང་ཡིན་ཤོད་རོགས། ང་ཚོའི་མི་ལ་ལ་རང་གི་སྤྱི་ཚོགས་འདིར་ཤི་འཐམས་རོ་འཐམ་བྱེད་མཁན་གྱི་ཤེས་ཡོན་ཅན་ཚོར་ཚོར་མཐོང་ཆུང་དང་རྒྱང་རིང་ས་ཞིག་ན་ཅིག་ཅིག་དང་ཉིས་ཉིས་ཟེར་བ་ཞིག་ཡོད་ཟེར་ནས་དད་མོས་བྱེད་ཁུལ་བྱེད་རྒྱུར་དགའ། རྒྱ་གར་མཐོ་སློབ་འགྲིམས་བཞིན་པཔའི་ངའི་གྲོགས་པོ་ལ་ལ་ཞིག་གིས་ཀྱང་ཟླ་བ་ནོར་བུ་ཟེར་བ་དེ་ཅིང་ཞེ་པོ་ཞིག་ཡོད་ཟེར་ནས་རྗེས་དྲན་གྱི་རྩོམ་འདྲ་ཡང་བྲིས་སོང་། ངས་ཁོང་གི་སྐོར་མང་ཙམ་ཤོད་རོགས་ཞུ་སྐབས་ལག་ཁྱེར་མཐོན་པོ་ཡོད་ཚུལ་དང་དགེ་རྒན་མཐོན་པོའི་གོ་གནས་ཡོད་ཚུལ་རབ་རིབ་རེ་ལས་གསལ་པོ་ཤོད་མཁན་རྙེད་མ་སོང་།
འདི་ཡང་དེ་བཞིན་རེད། ཡིག་གཟུགས་ཀྱི་སྐྱོན་ཞིག་མིན་ནམ།
ཨ་རོགས་ཡེ་ཤེས་་་་་་་་་་་་ཁ་བརྡ་དྲ་བ་འདི་ཡང་རང་གཅིག་བུའི་བདག་བཟུང་བྱས་ཏེ་གཉེན་ཆེན་ཐང་ལྷ་ལྟར་བཟོ་འདོད་པ་ཨེ་ཡིན།
དཀོན་མཆོག་ལགས། ཁྱེད་ལ་ཅགི་ཤོད་རྒྱུ་འདྲ་ཡོད་ན་ཤོད་ཤོག འདི་སུ་གཅིག་གིས་ཀྱང་བདག་བཟུང་ད་བྱེད་ཐུབ་རྒྱུ་མ་རེད།
སྤོབས་པ་ལགས།
རྒྱལ་བ་རིན་པོ་ཆེའི་མཛད་རྣམ་བཙན་བྱོལ་ནང་གི་རང་དབང་ཞེས་པ་དེའི་ནང་བོད་ཀྱི་སྤྱི་ཚོགས་ཆབ་སྲིད་ཀྱི་གནད་དོན་གལ་ཆེ་མང་པོ་ཞིག་གསལ་བསྟོན་གནང་ཡོད་པ་བོད་མི་ཚོས་ངེས་པར་ཀློག་དགོས་པ་ཞིག་རེད། དེ་ནི་སོ་རྒྱལ་བླ་་མའི་དེབ་ལྟ་བུ་མརེད།