———བདེ་པོ་འཚོ་ནས།
བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་དགུ་བའི་ཞིབ་འཇུག་ཚོགས་ཆུང་ནས་དེ་རིང་’བོད་རིགས་མཐོ་རིམ་སློབ་མའི་དྲ་ཚིགས་’ཞེས་པའི་དྲ་ཚིགས་ཤིག་དབུ་འབྱེད་བྱས་ཡོད།
འདི་ནི་བོད་རིགས་མཐོ་རིམ་སློབ་མ་གཅིག་པུས་བེད་སྤྱོད་དང་གླེང་མོལ་བྱ་ས་ཞིག་མ་ཡིན་པར། ཁྱེད་དང་ང་། བོད་མི་རྒན་གཞོན་བར་གསུམ། གཞི་རིམ་སློབ་མ་དང་བོད་མི་མང་ཚང་མའི་ཐུན་མོང་གི་སྡིངས་ཆ་གལ་ཆེན་ཞིག་ཡིན་སྟབས། འདི་བརྒྱུད་ནས་འུ་ཚོས་རང་རང་གི་འཆར་སྣང་དང་བསམ་ཚུལ་སོགས་བརྗེ་རེས་བྱ་ཐུབ་ན། དེ་ནི་འུ་ཅག་ཚང་མའི་ཁེ་ཕན་དང་དགེ་མཚན་རེད་འདོད།
མ་ཟད་དྲ་ཚིགས་འདི་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དམིགས་བསལ་རེ་ཡོད་ཀྱང་ད་དུང་དེར་ཚང་དགོས་པའི་ཆ་རྐྱེན་འོས་འཚམས་རེ་འདུག་སྙམ་པའི་ཐུགས་དགོངས་རེ་ཡོད་ན། ཤ་ཚ་དང་ཕན་སེམས་ཀྱི་ཀུན་སློང་གཙང་མའི་སྒོ་ནས་ཁྱེད་རྣམ་པས་གསུང་བའི་རེ་བ་ཡོད།
༢༠༡༥/༨/༢༣ ལ་གུས་མིང་བདེ་པོ་འཚོ་ནས།
བཀྲ་ཤིས་བདེ་ལེགས་ཡོད། ཞོར་དུ་དྲི་བ་གཅིག་ཡོད། བོད་ཀྱི་མཐོ་རིམ་སློབ་མའི་དྲ་ཚིགས་ཞེས་མི་འབོད་པར་བོད་རིགས་མཐོ་རིམ་སློབ་མའི་དྲ་ཚིགས་འབྲི་དོན་ཅི།