༼བོད་ནང་གི་དྲ་རྒྱ་ཞིག་ཏུ་གནས་ཚུལ་འདི་འདུག་པ་དཔྱད་གཞིར་མཁོ་ཚེ་ལེགས་ཞེས་ཁ་བརྡས་བཤུ་འགོད་བྱས།༽
ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ
ཁུལ་ཡོངས་རྒྱ་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ་23870ཡོད་ཅིང་། ཡུན་ནན་གྱི་ནུབ་བྱང་ཁུལ་དུ་ཡོད། ཁོང་གཏོགས་སུ་ཤམ་བྷ་ལ་རྫོང་། བདེ་ཆེན་རྫོང་།བེ་ཞི་ལིས་སོ་རང་སྐྱོང་རྫོང་བཅས་ཡོད། ཁུལ་སྟེ་གནས་གྲོང་ཁྱེར་ནི་ཤམ་བྷ་ལ་རྫོང་ཅན་ཐང་གྲོང་དུ་ཡོད།རྫོང་ཡོངས་ལ་ཞང་དང་གྲོང་29་དང་སྡེ་བ་183ཡོད། 2007ལོའི་མཇུག་ཏུ་ཁུལ་ཡོངས་སུ་མི་གྲངས་ཁྲི་37.45ཡོད།འདི་རུ་གཙོ་བོ་བོད་རིགས་དང་ལིས་སོ། ན་ཞི།པེ་རིགས། ཡི་རིགས། ཧེ་རིགས།མའོ་རིགས ནུའུ་རིགས། སྤོ་མི་རིགས་སོགས་མི་རིགས་25་ཡོད། མི་གྲངས་སྟོང་ཟིན་པའི་མི་རིགས་9་ཡོད། བོད་རིགས་གིས་33.81%་ཟིན།
ཟི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་15.26་ཡོད། ཟི་ཁྲོན་གྱི་ནུབ་ཕྱོགས་སུ་ཡོད། དེ་ནི་མཚོ་བོད་མཐོ་སྒང་གི་ཤར་ལྷོའི་མཐར་རུ་ཡོད། ཁུལ་ཡོངས་སུ་དར་རྩེ་མདོ། ལོའུ་ཏིན། ཏན་པ། ཅིག་ལོང་།ཡ་ཅང་། ཏའོ་ཧྥུ། བྲག་མགོ དཀར་མཛེས། ཞིནལོང་། སྡེ་དགེ པེ་ཡུའུ། ཧྲི་ཆུའུ།གསེར་རྟ།ལི་ཐང་།འབའ་ཐང་།ཞང་ཁྲིན།ཏའོ་ཁྲིན།བདེ་རོང་།སོགས་རྫོང་18་ཡོད། ཞང་དང་གྲོང་325ཡོད།སྲིད་འཛིན་སྡེ་བ་2458་ཡོད། སྟེ་གནས་ནི་དར་རྩེ་མདོ། 2006་ལོའི་ལོ་མཇུག་བར་དུ། ཁུལ་ཡོངས་སུ་མི་གྲངས་ཁྲི་93.05་ཡོད། དེ་ནང་དུ་བོད་མི་ཁྲི་73.20་ཡོད། མི་གྲངས་ཡོངས་ཀྱི་78.7%་ཟིན། རྒྱ་རིགས་མི་ཁྲི་16.57་ཡོད། ཡི་རིགས་ཁྲི་2.62་ཡོད།
ཟི་ཁྲོན་རྔ་བ་བོད་རིགས་རང་སྐྱོང་ཁུལ། ཁུལ་གྱི་རྒྱ་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ་ཁྲི་8.42་ཡོད། ཟི་ཁྲོན་ཞིང་ཆེན་གྱི་ནུབ་བྱང་ཕྱོགས་སུ་ཡོད། འབར་ཁམས ཅིན་ཁྲོན། ཞའོ་ཅིན། རྔ་བ།མཛོ་དགེ དམར་ཐང་། ཆང་ཐང་། བུན་ཁྲོན། ལི་རྫོང་། མའོ་རྫོང་།ཤར་ཁགགཟི་ཚ་སྡེ་དགུ ཁྲོ་ཆུ་སོགས་རྫོང་13་ཡོད། ཞིང་དང་གྲོང་224་ཡོད།སྡེ་བ་1351་ཡོད།ཁུལ་སྟེ་གནས་ནི་འབར་ཁམས་རྫོང་ཡིན། 2007ལོའི་ལོ་མཇུག་ཏུ་མི་གྲངས་ནི་ཁྲི་87.4་ཡོད།དེའི་ནང་དུ་ཞིང་གྲོང་བའི་མི་ནི་ཁྲི་68.9་ཡོད།ཞིང་གྲོང་མིན་པའི་མི་ནི་ཁྲི་18.5་ཡོད། སྤྱིའི་མི་གྲངས་ཁྲོད་དུ་བོད་མི་ནི་55%་ཟིན། ཆང་རིགས་ཀྱིས་18.7ཟིན།རྒྱ་རིགས་ཀྱིས་22.5%་ཟིན།རྒྱ་སོག་གིས་3.3%་ཟིན།
ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ། ས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ་ཁྲི་4.5་ཡོད། དེ་ནི་ཀན་སུའུ་ཞིང་ཆེན་གྱི་ལྷོ་ནུབ་ཏུ་ཡོད། དེ་ཁོངས་གཏོགས་སུ་ཀླུ་ཆུ། རྨ་ཆུ།བསང་ཆུ།ཇོ་ནེ། ཐེ་བོ། བ་ཙེ།འབྲུག་ཆུ།ཞེས་རྫོང་7་དང་གྲོང་ཁྱེར་1། ཞིང་གྲོང་108་ཡོད།སྟེ་གནས་ནི་གཙོད་གྲོང་། ཁུལ་ཡོངས་སུ་བོད་དང་རྒྱ། ཧེ་རིགས།སོག་པོཐུའུ་རིགས། ཟ་ལར།པའོ་ཨན།ཏོན་ཞང་སོགས་མི་རིགས་24་ཡོད།སྤྱིའི་མི་གྲངས་མི་ཁྲི་65.88་ཡོད།དེའི་ནང་དུ་བོད་རིགས་ཁྲི་31.89་ཡོད། མི་གྲངས་ཡོངས་ཀྱི་48.2%་ཟིན།
མཚོ་སྔོན་ཡུ་ཤུལ་བོད་རིགས་རང་སྐྱོང་ཁུལ སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་26.7་ཡོད། དེ་ནི་མཚོ་སྔོན་གྱི་ལྷོ་ནུབ་ཁུལ་གྱི་གཙང་གསུམ་འགོ་ཁུངས་ཡིན། ཁོང་གཏོགས་སུ་ཡུ་ཤུལ། ཁྲི་འདུ།སྣང་ཆེན།རྫ་སྟོད།གཅིག་སྒྲིལ། ཆུ་དམར་ལེབ།བཅས་རྫོང་6་ཡོད། གྲོང་10་དང་། ཞང་35་ཡོད། སྡེ་བ་257་ཡོད། སྟེ་གནས་ནི་ཡུ་ཤུལ་ཡིན། སྤྱིའི་མི་གྲངས་ནི་ཁྲི་28.31་ཡིན། དེ་ནང་དུ་བོད་རིགས་ནི་མི་ཁྲི་26.98་ཡོད། 95.3%ཟིན།
མཚོ་སྔོན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ།
སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ་ཁྲི་4.6་ཡོད། དེ་ནི་མཚོ་སྔོན་གྱི་བྱང་ཤར་ཁུལ་གྱི། མཚོ་སྔོན་པོའི་ལྷོ་ཕྱོགས་སུ་ཡོད། དེའི་ཁོངས་སུ་གུང་ཧའོ། ཁྲི་ཀམང་རྫོང་།འབའ་རྫོང་།དར་མཚོ་རྫོང་བཅས་5་དང་ལུང་གཡང་འགག་སྲིད་ཨུ།སྡོམ་དུ་ཞང་དང་གྲོང་41་ཡོད།སྟེ་གནས་ནི་གུང་ཧའོ་ཡིན། མི་གྲངས་ནི་ཁྲི་38.2་ཡོད།འདི་རུ་བོད་དང་རྒྱ།ཧེ་རིགས སོག་རིགས ཟ་ལར་སོགས་བཅས་ཡོད།དེའི་ནང་དུ་བོད་རིགས་ཀྱིས་52%་ཟིན།
མཚོ་སྔོན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ། སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ་ཁྲི་7.8་ཡོད།དེ་ནི་མཚོ་སྔོན་གྱི་ཤར་ལྷོའི་ཕྱོགས་སུ་ཡོད། ཁོངས་སུ་རྨ་ཆེན། རྨ་སྟོད།སྒར་སྡེ། རྟ་རུ། པད་མ། གཅིག་སྒྲིལ་བཅས་རྫོང་དྲུག་ཡོད། ཞང་དང་གྲོང་51་ཡོད།འབྲོག་དམངས་ཨུ་ཡོན་ཚོགས་པ་183་ཡོད།སྟེ་གནས་ནི་རྨ་ཆེན་རྫོང་ཡིན། སྤྱིའི་མི་གྲངས་ནི་ཁྲི་15.36་ཡོད།དེ་ནང་དུ་འབྲོག་དམངས་ཁྲི་11.94་ཡོད། བོད་མིས་90.9%་ཟིན།
མཚོ་སྔོན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་32.58་ཡོད།དེ་ནི་མཚོ་སྔོན་གྱི་ནུབ་ཕྱོགས་སུ་ཡོད། ཁུལ་ཡོངས་སུ་ཏུའུ་ལན།བོའུ་ལན།ཐེན་རྫོང་བཅས་རྫོང་གསུམ་དང་ན་གོར་མོ། གཏེར་ལེན་ཁ་བཅས་གྲོང་ཁྱེར་གཉིས་དང་མང་ཡ། ལུན་ཧོའུ།ཏ་ཚེ་ཏན་བཅས་སྲིད་ཨུ་གསུམ་བཅས་ཡོད། སྟེ་གནས་ནི་གཏེར་ལེན་ཁ་ཡིན། ཁུལ་ཡོངས་མི་གྲངས་ནི་ཁྲི་32.26་ཡོད། དེའི་ནང་དང་ཞིང་ལས་པ་མིན་པ་མི་ནི་ཁྲི་20.63་ཡོད། ཁུལ་ཡོངས་སུ་རྒྱ་དང་སོག་པོ བོད་རིགས།ཧེ་རིགས། ཐུའུ་རིགས། ཟ་ལར་བཅས་ཡོད་པ་དང་། གྲངས་ཉུང་མི་རིགས་མི་གྲངས་7.91་ཡོད།དེས་མི་གྲངས་ཡོངས་ཀྱི་24.85%ཟིན། དེའི་ནང་དུ་སོག་རིགས་མི་གྲངས་ཁྲི་2.42་ཡོད། བོད་རིགས་ནི་ཁྲི་3.67་ཡོད་པ་རེད། མི་གྲངས་ཡོངས་ཀྱི་11.4%་ཟིན།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། ས་ཁུལ་སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ་ཁྲི་3.47་ཡོད། དེ་ནི་མཚོ་སྔོན་ཞིང་ཆེན་གྱི་ཤར་ཕྱོགས་སུ་ཡོད་པ་དང་བྱང་ཕྱོགས་ནས་ཀན་སུའུ་དང་འབྲེལ་ཡོད།དེའི་ཁོངས་སུ་ཧེ་ཡན་རྫོང་། ཆི་ལེན་རྫོང་།རྐང་ཚ་རྫོང་།བཅས་རྫོང་གསུམ་དང་། མིན་ཡོན་ཧེ་རིགས་རང་སྐྱོང་རྫོང་བཅས་འདུས། ཁུལ་སྟེ་གནས་ནི་ཧེ་ཡན་མཁར་གྲོང་ཡིན། ཁུལ་ཡོངས་མི་གྲངས་ནི་ཁྲི་27་ཡོད། འདི་རུ་བོད་རིགས། རྒྱ་རིགས། ཧེ་རིགས།ཐུའུ་རིགས། ཟ་ལར་སོགས་མི་རིགས་23་ཡོད། གྲངས་ཉུང་མི་རིགས་ཀྱིས་སྤྱིའི་མི་གྲངས་ཀྱི་57.83%ཟིན། འདིའི་ནང་དུ་བོད་རིགས་ནི་ཁྲི་5.38་ཡོད། མི་གྲངས་ཡོངས་ཀྱི་21.31%་ཙམ་ཟིན།
མཚོ་སྔོན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། ཁུལ་ཡོངས་ཀྱི་རྒྱ་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ་ཁྲི་1.88་ཡོད། དེ་ནི་མཚོ་ལྷོའི་ཤར་ལྷོའི་མཚམས་སུ་ཡོད། ཁོངས་གཏོགས་ནི་ཐུན་རིན་རྫོང་།གཅན་ཚ་རྫོང་།རྩེ་ཁོག་རྫོང་།ཧི་ནན་སོག་རིགས་རང་སྐྱོང་རྫོང་ཡིན་ཞིང་། དེ་རུ་ཞང་28་དང་གྲོང་7་ཡོད།ཁུལ་སྟེ་གནས་ནི་ཐུན་རིན་རོང་བོ་གྲོང་བརྡལ་ཡིན། སྤྱིའི་མི་གྲངས་ནི་ཁྲི་21.25་ཡིན། འདི་རུ་བོད་རིགས།སོག་པོ།རྒྱ་རིགས།པའོ་ཨན།ཟ་ལར།ཧེ་རིགས་སོགས་མི་རིགས་15་ཡོད། གྲངས་ཉུང་མི་རིགས་ཀྱིས་མི་གྲངས་ཀྱི་92.19%་ཟིན། དེའི་ནང་དུ་བོད་མིས་65.94%་ཙམ་ཟིན།
བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ། ཁུལ་འདིའི་སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ་ཁྲི་11་ཡོད། འདི་ནི་བོད་ལྗོངས་ཀྱི་ཤར་སྒོ་ཆེན་པོ་ཡིན། འདི་རུ་ཆབ་མདོ། རྐྱང་མདའ།གོང་ཇོ། ལེ་བོ་ཆི།ཏིང་ཆེན།ཚ་ཡུལ།པ་ཟོ།ཙོ་ཀོང་།མང་ཁང་།ལྷོ་ལོང་།སྤེན་པ་བཅས་རྫོང་11་ཡོད། ཁུལ་སྟེ་གནས་ནི་ཆབ་མདོ་ཡིན། འདི་རུ་བོད་རིགས།རྒྱ། ཧེ་རིགས།ཀྲོང་། ན་ཞི་སོགས་མི་རིགས་21་ཡོད། སྤྱིའི་མི་གྲངས་ནི་ཁྲི་55་ལྷག་ཡོད། བོད་ཀྱིས་98.26%་ཟིན།
བོད་ལྗོངས་མངའ་རིས་ས་ཁུལ། ཁུལ་འདིའི་སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ་ཁྲི་30་ལྷག་ཡོད། འདི་ནི་རང་རྒྱལ་གྱི་ནུབ་མཐའ་རུ་ཡོད། སྲིད་གཞུང་སྟེ་གནས་ནི་མགར་རྫོང་དུ་ཡོད། 2007ལོའི་བར་དུ་ཁུལ་གྱི་གྲས་སུ་མགར་རྫོང་།སྤུ་རེངས། དྲ་རྟ། རི་ཐུབདགུ་སྐྱིད།མགར་རྩེ།མཚོ་ཆེན།བཅས་འདུས་ཤིང་། ཞང་དང་གྲོང་36་ཡོད་ཅིང་སྡེ་བ་144་ཡོད། ཁུལ་སྟེ་གནས་ནི་སེང་གེ་ཁ་འབབ་གྲོང་དུ་ཡོད། ཁུལ་ཡོངས་ཀྱི་མི་གྲངས་ནི་ཁྲི་8་ཡོད། 95%་ནི་བོད་རིགས་ཡིན།
བོད་ལྗོངས་ནགས་ཆུ་ས་ཁུལ། ས་ཁུལ་འདིའི་སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ་ཁྲི་42་ཡོད། དེ་ནི་བོད་ལྗོངས་བྱང་ཕྱོགས་སུ་ཡོད། མངའ་ཁོངས་སུ་ནགས་ཆུ།ཨ་འདོ།རྒྱ་ལི།ཏིང་ཆེན།ཉི་མ ཉེ་རོང་།པུས་རོ།སྲིན་བྲག གསོ་རྫོང་།པན་ཀི འབའ་ཆེན་བཅས་རྫོང་10་ཡོད།དང་མཚོ་གཉིས་སྲིད་འཛིན་ཁྱད་པར་ས་གནས་གཅིག སྡོམ་དུ་ཞང་དང་གྲོང་114་ཡོད། སྡོད་དམངས་ཨུ་ཡོན་ཚོགས་པ་14་ཡོད། སྡེ་བ་1283་ཡོད། ས་ཁུལ་སྟེ་གནས་ནི་ནགས་ཆུ་ཡིན། མི་གྲངས་སྡོམ་དུ་ཁྲི་39་ཡོད། དེ་ནང་དུ་བོད་རིགས་ཁྲི་32.7་ཡོད།མི་གྲངས་ཡོངས་ཀྱི་98.86%་ཟིན།
བོད་ལྗོངས་ཉིང་ཁྲི་ས་ཁུལ། ས་གནས་སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ་ཁྲི་11.7་ཡོད། དེ་ནི་བོད་ལྗོས་ལྷོ་ཤར་ཁུལ་དུ་ཆགས་ཡོད། ཁོངས་སུ་ཉིང་ཁྲི། མིས་ལིན།ཀོང་བོ་སྐྱ་མདའ། མེ་ཏོག སྤོ་མེ།ཚ་ཡུལ གླིང་རྫོང་བཅས་རྫོང་7་ཡོད། ས་ཁུལ་སྟེ་གནས་ནི་བརྒྱད་གཅིག་གྲོང་ཡིན། མི་གྲངས་ཡོངས་ནི་ཁྲི་17.3་ཡིན། སྟེ་གནས་སུ་བོད། རྒྱ ཧེ་རིགས ལྷོ་པ མོན་པ ན་ཞི་སོགས་མི་རིགས་10་ལྷག་ཡོད། མེ་ཏོག་རྫོང་ལས་གཞན་ཡོངས་ཀྱི་སྡོད་དམངས་གཙོ་བོ་ནི་བོད་རིགས་ཡིན། བོད་མི་སྡོམ་དུ་ཁྲི་11་ལྷག་ཡོད་ཅིང་། ཁུལ་ཡོངས་ཀྱི་90%་ཡན་ཟིན།
བོད་ལྗོངས་ལྷོ་ཁ་ས་ཁུལ། སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ་ཁྲི་7.97་ཡོད། དེ་ནི་གངས་ཏེ་སེ་ནས་གཉན་ཆེན་ཐང་ལྷའི་ལྷོ་ཕྱོགས་སུ་ཆགས་ཡོད། ཁོངས་སུ་རྫོང་12་ཡོད། དེ་དག་ནི་སྣེ་གདོང་། བྲ་ནང་། ཀུན་དགའ།སངས་རི། འཕྱོངས་རྒྱས། ཆུ་བཟང་། མཚོ་མེར། ལྷོ་བྲག རྒྱ་ཚ། ལུང་ཙི།མཚོ་ནགགླིང་ཙི་མཁར་བཅས་ཡིན། སྟེ་གནས་ནི་སྣེ་གདོང་ཡིན། སྤྱིའི་མི་གྲངས་ནི་ཁྲི་31.8་ཡོད། གཙོ་བོ་བོད་དང་རྒྱ། མོན་པ ལྷོ་པ་བཅས་མི་རིགས་14་ཡོད། བོད་རིགས་མི་གྲངས་ཀྱིས་96%་ཟིན།
བོད་ལྗོངས་གཞིས་ཀ་རྩེ་ས་ཁུལ། ས་ཁུལ་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་18.2་ཡོད། འདི་ནི་བོད་ལྗོངས་ལྷོ་ནུབ་ཁུལ་དུ་ཡོད། ཁོངས་སུ་གཞིས་ཀ་རྩེ་གྲོང་ཁྱེར། སྟིང་རྒྱས། ས་སྐྱ ལ་ཙི། ཏིང་རི། སྙེ་མོ་ལ སྐྱིད་ལུང་། འབྲོང་བ ས་སྒ ཨང་རིན། ཤེལ་མཐོང་མུན། གནམ་ལེན། རིང་བོ པེ་གླིང་། རྐྱང་རྩེ། ཁང་མ སྒང་བ ཡ་ཏོན་རྫོང་བཅས་17་ཡོད། ཁུལ་ཡོངས་སུ་གྲོང་27་དང་ཞང་174་ཡོད། སྟེ་གནས་ནི་གཞིས་ཀ་རྩེ་ཡིན། ཁུལ་ཡོངས་སུ་མི་གྲངས་ཁྲི་63་ཡོད། བོད་རིགས་མི་གྲངས་ཀྱིས་97%་ཟིན། གཞན་རྒྱ་སོག་པོ ཧེ་རིགས་སོགས་མི་རིགས་15་ཡོད། དེ་ནང་དུ་ཤར་བ་མི་གྲངས་1875་ཡོུད།
བོད་ལྗོངས་ལྷ་ས་གྲོང་ཁྱེར། གྲོང་ཁྱེར་ཡོངས་ཀྱི་རྒྱ་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ་ཁྲི་3་ཡོད། ལྷ་སའི་ཁོངས་སུ་འདམ་གཞུང་། གཏེར་ལུང་བདེ་ཆེན། ཆུའུ་ཧྲིས། སྨིན་གྲོལ་གོང་ཁ དར་རྩེ། སྣེ་མོ། ལྷུན་འགྲུབ་རྫོང་བཅས་བདུན་དང་ལྷ་ས་གྲོང་ཁུལ་སོགས་འདུས། འདི་ནི་བོད་ལྗོངས་ཀྱི་སྟེ་གནས་ཡིན། གྲོང་ཁྱེར་ཡོངས་སུ་མི་གྲངས་ཁྲི་55་ཙམ་ཡོད། དེ་ནང་དུ་གྲོང་ཁྱེར་མི་གྲངས་ནི་ཁྲི་27་ཡིན། འདིའི་ནང་དུ་བོད་མི་སུམ་ཆའི་གཅིག་ལ་ཐོན་ལ་ཉེ་བ་ཙམ། བོད་མིའི་མི་གྲངས་ཀྱིས་ལྷ་ས་གྲོང་བརྡལ་གཡས་གཡོན་མི་གྲངས་ཀྱི་87%་ཙམ་ཟིན།
ཟི་ཁྲོན་ཞིང་ཆེན་ལིང་ཧྲན་ཡི་རིགས་རང་སྐྱོང་ཁུལ་མུ་ལི་བོད་རིགས་རང་སྐྱོང་རྫོང་། རྫོང་ཡོངས་ས་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ་ཁྲི་1.3་ཡོད། འདི་རུ་གྲོང་གཅིག་དང་ཞང་28་། ཕྱུགས་ར་9་། སྡེ་བ་112་བཅས་ཡོད། དེ་ནི་ཟི་ཁྲོན་གྱི་ལྷོ་ནུབ་མཐའ་མཚམས་སུ་ཡོད། རྫོང་དེ་རུ་བོད་དང་ཡི་རིགས། མའོ། སོག་པོ་སོགས་མི་རིགས་17་ལྷག་ཡོད། 1999ལོའི་མཇུག་ཏུ་མི་གྲངས་ཁྲི་12.2་ལྷག་ཡོད། གྲངས་ཉུང་མི་རིགས་ཀྱིས་མི་གྲངས་ཡོངས་ཀྱི་77.02%་ཟིན། དེའི་ནང་དུ་བོད་མི་39025་ལྷག་ཡོད། མི་གྲངས་ཡོངས་ཀྱི་31.9%་ཙམ་ཟིན།
ཀན་སུའུ་བོ་བེ་དཔའ་རུས་བོད་རིགས་རང་སྐྱོང་རྫོང་། རྫོང་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་7149་ཡོད། དེ་ནི་ཀན་སུའུ་དཀྱིལ་དུ་ཡོད། རྫོང་ཡོངས་ལ་དཔའ་བཟང་དགོན། འདན་མ། གསེར་ལ་ལོང་སོགས་གྲོང་8་དང་ཞང་11་ཡོད། 2005་ལོའི་མཇུག་ཏུ། རྫོང་ཡོངས་ཀྱི་མི་གྲངས་ནི་ཁྲི་21་ཡོད།དེ་རུ་བོད་དང་། རྒྱ། ཐུའུ། སོག་པོ མན་རིགས།ཏོན་ཞང་།ཡུའུ་ཀུའུ།སོགས་ཡོད། དེ་རུ་གྲངས་ཉུང་མི་རིགས་ནི་82702་ཡོད། གྲངས་ཉུང་མི་རིགས་ཀྱིས་རྫོང་ཡོངས་ཀྱི་མི་གྲངས་ཀྱི་38.84%་ཟིན།
ཟི་ལིང་གྲོང་ཁྱེར། གྲོང་ཁྱེར་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་7665་ཡོད། གྲོང་ཁྱེར་དུ་ཁུལ་བཞི་དང་ཏ་ཐོན།སྐུ་འབུམ། ཧོང་ཡོན་རྫོང་གསུམ་དང་ལྷོ་ཁུལ་འཛུགས་བསྐྲུན་སྟེ་གནས་བཅས་ཡོད། ཞིང་ཆེན་སྟེ་གནས་ནི་ཟི་ལིང་ཡིན། གྲོང་ཁྱེར་གཏན་སྡོད་མི་གྲངས་ནི་ཁྲི་215.36་ཡོད། དེ་རུ་བོད་རིགས་སོགས་གྲངས་ཉུང་མི་རིགས་ནི་ཁྲི་54.36་ཡོད།
མཚོ་ཤར་ས་ཁུལ། དེའི་སྤྱིའི་རྒྱ་ཁྱོན་ནི་སྟོང་རྨིད་གྲུ་བཞི་མ་12801་ཡོད། མི་གྲངས་ནི་ཁྲི་147་ཡོད། དེ་ནི་མཚོ་སྔོན་གྱི་ཤར་ཕྱོགས་ཁུལ་དུ་ཡོད། དེ་རུ་ཕིན་ཨན། ལའོ་ཏུའུ། ཧུའུ་ཀྲུའུ། མིན་ཧུ། ཧྭ་ལོང་། ཞོན་ཧྭ།སྐུ་འབུམ། ཧོང་ཡོན་བཅས་རྫོང་8་ཡོད། དེའི་རྫོང་སོ་སོར་ཡང་གཏན་སྡོད་བོད་རིགས་མི་ཉུང་བ་ཞིག་ཡོད།
གཞན་ཡུན་ནན་ནུའུ་ཅང་གཙང་བོ་ལིས་སོ་རང་སྐྱོང་རྫོང་དང་ཏུའུ་ལོན་རྫོང་། ལིའི་ཅང་ས་ཁུལ། ཟི་ཁྲོན་མན་ཡང་གྲོང་ཁྱེར་ཕིན་བུའུ་རྫོང་། པེ་ཁྲོན་ཆང་རིགས་རྫོང་། ཡ་ཨན་གྲོང་ཁྱེར་པའོ་ཞིན་རྫོང་། ཧྲི་མན་རྫོང་། ཀན་སུའུ་ལྷོ་ཕྱོགས་བུན་རྫོང་། བུའུ་ཏུའུ་དང་ཆི་ལེན་རི་རྒྱུད་ཁུལ་དང་། ཞིན་ཅང་པ་ཡིན་གོ་ལིན་སོག་རིགས་རང་སྐྱོང་ཁུལ། ནང་སོགས་འ་ལ་སྲན་སོགས་ས་ཁུལ་དུ་གནའ་ནས་ལོ་རབས་དུ་མར་བོད་རིགས་ཐར་ཐོར་གྱིས་གཏན་སྡོད་བྱས་ཡོད།
འདིའི་རིགས་རྣམས་དྲ་ཐོག་ཏུ་འགོད་ན་དཔྱད་གཞིག་ཚུལ་གྱི་ཡག་པོ་འདུག། དྲ་མཐུད་གནང་བར་ཐུགས་རྗེ་ཆེ་ཞུ།
མཚོ་སྔོན་ཡུ་ཤུལ་བོད་རིགས་རང་སྐྱོང་ཁུལ སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་26.7་ཡོད། དེ་ནི་མཚོ་སྔོན་གྱི་ལྷོ་ནུབ་ཁུལ་གྱི་གཙང་གསུམ་འགོ་ཁུངས་ཡིན། ཁོང་གཏོགས་སུ་ཡུ་ཤུལ། ཁྲི་འདུ།སྣང་ཆེན།རྫ་སྟོད།གཅིག་སྒྲིལ། ཆུ་དམར་ལེབ།བཅས་རྫོང་6་ཡོད།
ནོར་བཅོས།
མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་26.7་ཡོད། དེ་ནི་མཚོ་སྔོན་གྱི་ལྷོ་ནུབ་ཁུལ་གྱི་གཙང་གསུམ་འགོ་ཁུངས་ཡིན། ཁོང་གཏོགས་སུ་ཡུལ་ཤུལ། ཁྲི་འདུ། ནང་ཆེན།རྫ་སྟོད།འབྲི་སྟོད། ཆུ་དམར་ལེབ།བཅས་རྫོང་6་ཡོད།
ས་གཤིས་ཀྱི་གནས་ཚུལ་དང་ཁོར་ཡུག་རྒྱ་ཆེ་ཆུང་། དེར་གནས་སྡོད་ཀྱི་མི་གྲངས་སོགས་ནི་གསལ་གསལ་ཐིང་ཐིང་ཞིག་རང་གཞུང་ལ་ངེས་པར་དུ་དགོས་ངེས་ཤིག་ཡིན་ཡང་། བདེ་སྲུང་ཉམས་ཞིབ་ལ་དེའི་སྐོར་ཅུང་ཙམ་ཡོད་ན་ལས། རང་གཞུང་གིས་དེའི་སྐོར་ནས་དེབ་གཞི་ཚད་ལྡན་ཞིག་ཀྱང་འདོན་ཐུབ་མེད། མཚམས་ལན་རེར་བསམ་ན་གཞུང་གི་ལས་བྱ་ཅི་ཞིག་སྒྲུབ་ཀྱིན་མིན་ཡང་དོགས་གཞིར་གྱུར་འགྲོ་བ་ཞིག་རེད།
འདི་ལྟར་བྲིས་པ་ཡག་པོ་འདུག འོན་ཀྱང་ཡི་གེའི་དག་ཆ་དང་མངའ་སྡེ་དང་རྫོང་སོགས་ཇི་བཞིན་མི་འདུག དཔེར་ན། བོད་ལྗོངས་ནག་ཆུ་མངའ་སྡེ་ནི། རྒྱལ་ས་ལྷ་སའི་བྱང་ཕྱོགས་སུ་གནས། ས་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་༤༢་ཙམ་ཡོད་པ་དང་། མངའ་ཁོངས་རྫོང་ཁག་བཅུ་དང་གྲོ་མི་ཨུ་ཡོན་ལྷན་ཁང་གཉིས་ཡོད། དེ་དག་དཔེར་ན། ༡ནག་ཆུ་རྫོང་། ༢པ་འགའ་རྫོང་། ༣ཤན་རྩ་རྫོང་། ༤ཨ་མདོ་རྫོང་། ༥ཉི་མ་རྫོང་། ༦སྙན་རོང་རྫོང་། ༧ལྷ་རི་རྫོང་། ༨སོག་རྫོང་། ༩སྦྲ་ཆེན་རྫོང་། ༡༠འབྲི་རུ་རྫོང་བཅས་རེད། མཚོ་གཉིས་ནི་རྫོང་དང་ཕྱོགས་མཚུངས་པའི་ས་གནས་ཤིག་ཡིན་ཀྱང་རྫོང་མིན། དེ་ནི་གྲོང་མི་ཨུ་ཡོན་ལྷན་ཁང་ཞིག་ཏུ་རྩི། བསྡོམས་ཤང་གྲོང་༡༡༤ དང་། མི་དམངས་ཨུ་ཡོན་ལྷན་ཁང་༡༤ ། སྡེ་གྲངས་༡༢༨༣། མི་དམངས་སྲིད་གཞུང་བསྟི་གནས་ནག་ཆུ་ཁར་ཆགས། མི་འབོར་ཁྲི་ ༣༩ ནང་ནས་བོད་རིགས་ཁྲི་༣༢་༧ ཟིན། སྤྱིའི་མི་འབོར་རྒྱ་ཆ་༩༨ལས་རྒྱ་ཆ་༨༦ བོད་རིགས་ཡིན།
མཚོ་སྔོན་མཚོ་ཤར་ཁུལ་ལ་རྫོང་ཞང་ག་ཚོད་ཡོད་མེད་དང་བོད་རིགས་ཇི་ཙམ་ཡོད་མེད་སོགས་འདིར་འགོད་ཐུབ་ན་ཡག་པོ་ཡོང་བ། གང་ལགས་ཟེར་ན། ས་ཁུལ་དེ་ནི་བོད་རྒྱའི་གལ་ཆེའི་ས་མཚམས་ལ་ཁེལ་ཡོད་པ་མ་ཟད་ད་བར་ཆོས་སྲིད་གང་ཐད་ནས་མི་སྣ་གྲགས་ཆེན་མི་ཉུང་བ་ཞིག་ཁུལ་དེ་ནས་བྱུང་ཡོད།
ཐུགས་རྗེ་གཟིགས། ཁྲི་༢༥༠དང་སྟོང་༣༢༠ལྟ་བུ་མ་བྲིས་རོགས། ཁྲི་འབུམ་ས་ཡ་བྱེ་བ་སོགས་བོད་སྐད་བཤད་ན་ལེགས།