ཞོའུ་ཕའེ། (ལྷ་སྡེ་གནམ་ལོ་ཡག་གིས་བསྒྱུར།)
བོད་རིགས་སྤུན་ཟླར་གྲོས་སུ་ཕུལ་བའི་འཕྲིན། ____ དབུ་མའི་ལམ་གླེང་བ།
ཕྱི་ལོ་༡༩༧༤ ལོར་ཏཱ་ལའི་བླ་མ་མཆོག་གིས་དབུ་མའི་ལམ་འདོན་སྐབས། ང་རང་ལོ་བརྒྱད་རེད། ལོ་དེར་ངའི་ཕ་མ་གཉིས་དར་རྩེ་མདོ་ནས་ཕྱིར་རྒྱ་ཡུལ་གཡག་རྔར་ལོག་པའི་ཆོག་མཆན་རེག་འདུག དེ་ནི་སྔར་གུང་ཁྲན་ཏང་གི་བཀའ་ལྟར་ལོ་ངོ་༡༩ རིང་བོད་ཁུལ་དར་མདོ་ནས་ལས་ཀ་ལས་པ་དང་ནང་མི་རྣམས་ལོ་མང་རིང་ཁ་འཐོར་རྗེས་ཀྱི་སླར་འཛོམས་རེད། བགྲང་ལས་འདས་པའི་རྒྱ་མི་རྣམས་ཀྱང་ངའི་ཕ་མ་གཉིས་ནང་བཞིན་བཙན་ཤེད་འོག་བོད་ཁུལ་ནས་ལས་ཀ་བྱེད་དགོས་ཐུག་ཡོད་པས། ཕྱིར་ཕ་ཡུལ་དུ་ལོག་པའི་གོ་སྐབས་བྱུང་འཕྲལ་ལོག་རྐྱང་བྱེད་ངེས་པ་ནི་བོད་ཁུལ་གྱི་གནམ་གཤིས་མི་འཕྲོད་པ་དང་རང་ཡུལ་གྱི་དྲན་གདུང་གིས་ཐག་བཅད་ཡོད།
ཡིན་ནའང་། གུང་ཁྲན་རིང་ལུགས་ཀྱི་ཤི་གཤེད་(གུང་ཁྲན་ཏང་གི་བསྒྲགས་གཏམ)རྒྱ་ནག་མི་སེར་རྒྱལ་ཁབ་ནང་སིམ་འཛུལ་བྱས་རྗེས། ལྷག་པར་དུ་མའོ་ཙེ་ཏུང་ལ་སི་ཏ་ལིན་གྱིས་འགོ་ཁྲིད་ཀྱིན་པའི་རྒྱལ་སྤྱིའི་གུང་ཁྲན་ཚོགས་པས་རྒྱབ་ཐོབ་པས། རྒྱ་ནག་མི་སེར་རྒྱལ་ཁབ་དང་བོད་གཞུང་གཉིས་ཀྱི་ཐོག་ཏུ་དྲག་པོས་སྟོབས་ཤུགས་བཀོལ་ནས་ཕམ་ཉེས་བཏང་བར་མ་ཟད། རྒྱ་བོད་གཉིས་ཕྱོགས་བཞིར་ཉུལ་ཞིང་གཞན་ཡུལ་འགྲིམས་དགོས་ཐུག་ཡོད་པ་དང་། ད་དུང་ཉུང་མཐར་མི་འབོར་བྱེ་བ་བརྒྱད་རྐྱེན་འདས་སུ་གྱུར་བ་དང་བྱེ་བ་ལྔ་གཞན་ཡུལ་དུ་གཞིས་ཆགས་དགོས་བྱུང་ཡོད།
ཕྱི་ལོ་༢༠༡༤ ལོ་སྟེ། དྲུག་བཞིའི་དོན་རྐྱེན་བྱུང་ནས་ལོ་༢༥ འཁོར་མཚམས། དེང་སྐབས་མིང་ལ་བཙན་བྱོལ་བོད་མིའི་སྐྱིད་སྡུག་འབོད་པའི་སྒྲིག་འཛུགས་དེས་དྲ་རྒྱ་གསར་འབྱེད་ཀྱིས་༼དབུ་མའི་ལམ༽རྒྱལ་སྤྱིའི་སྟེང་ཁྱབ་བསྒྲགས་བྱེད་འགོ་ཚུགས། འོན་ཀྱང་། ང་རང་ཚུད་པའི་བགྲང་ལས་འདས་པའི་རྒྱ་མི་རྣམས་དྲུག་བཞིའི་དོན་རྐྱེན་བརྒྱུད་རྗེས། གུང་ཁྲན་ཏང་གཅིག་སྡུད་ལམ་ལུགས་དང་ཁ་གཏད་དུ་གྱུར་བའི་རང་དབང་རྩོད་ལེན་གྱི་ལམ་ནང་ཞུགས་ཡོད།
ཕྱི་ལོ་༢༠༠༨ ལོར་བོད་ཁུལ་དུ་ས་བྱི་ལོའི་གསར་བརྗེ་བྱུང་སྐབས། ངས་རང་ཉིད་ཀྱི་འོས་འགན་ཞིག་ཏུ་བསམ་ནས་བོད་མི་རྣམས་ཀྱིས་རང་དབང་རྩོད་ལེན་དང་དྲག་པོའི་གཞུང་ལ་ངོ་རྒོལ་གནང་བར་རྒྱབ་བསྐྱོར་བྱས་པར་མ་ཟད། ལོ་དེའི་ཟླ་༤ ནང་ཏཱ་ལའི་བླ་མ་མཆོག་ལ་ཡོངས་གྲགས་སུ་ཞུ་འཕྲིན་ཕུལ་ནས་རྒྱ་དམར་གཞུང་གིས་ཨོ་ལིམ་ཕིཀི་ལུས་རྩལ་འགྲན་ཚོགས་བསྡུ་བཞིན་པའི་གོ་སྐབས་བཟུང་ནས་འགྲོ་བ་མིའི་ཐོབ་ཐང་ཕྱིར་མི་དམངས་ཀྱི་ལག་ཏུ་ལེན་པར་རྒྱབ་བསྐྱོར་གནང་རོགས་ཞུས་ཡོད། སྐབས་དེར་ང་རང་འདུ་བའི་དྲང་བདེན་ལ་རྒྱབ་བསྐྱོར་ཡོད་པའི་རྒྱ་མི་མང་བོས་༼རྒྱ་དམར་གཞུང་འཐོར་རྗེས། ད་གཟོད་བོད་ཀྱི་གནད་དོན་ཐག་གཅོད་བྱེད་ཐུབ་༽པའི་གཅིག་མཐུན་གྱི་བསམ་ཚུལ་རྙེད་ཡོད་པས་ཡིན། ཞུ་འཕྲིན་གྱི་དྲ་ཐག་འདི་ལྟར།
http://hk.aboluowang.com/2008/0506/85945.html
ཡིད་ཕངས་པ་ནི། སྐབས་དེར་ཏཱ་ལའི་བླ་མ་མཆོག་གིས་འགྲོ་བ་མིའི་ཐོབ་ཐང་གི་དཔལ་འབར་མ་མཐོང་ཞིང་། མང་ཚོགས་ཀྱི་འབོད་བསྐུལ་ཐོས་མ་སོང་། དེའི་ཁར་རྒྱ་དམར་གཞུང་གིས་ཏཱ་ལའི་བླ་མ་མཆོག་གི་མཚན་སྙན་བེད་སྤྱོད་ཀྱིས་ཨོ་ལིམ་ཕིཀི་ལུས་རྩལ་འགྲན་ཚོགས་བདེ་ལེགས་ངང་འཚོགས་ཐུབ་ཡོད་པའི་ཁར། མི་གསོན་པོའི་ནང་འཁྲོལ་བཀོག་ཀྱིན་པའི་ནག་ཉེས་འགེབས་སྲུང་ཐུབ་ཡོད།
དུས་སྐབས་དེར་རྒྱ་དམར་གཞུང་གིས་ཁས་ལེན་གང་མང་བྱས་ཡོད་ནའང་། སྐབས་དེ་ཤེད་ནས་མང་ཚོགས་ལ་འགྲོ་བ་མིའི་ཐོབ་ཐང་སྤྲོད་པ་ཕར་ཞོག་དེ་ལས་ལྡོག་ནས་རིགས་སོ་སོའི་མི་དམངས་ལ་བཙན་གནོན་དང་གནོད་འཚེ་བྱེད་པའི་ཚད་གཞི་དྲག་ཏུ་བཏང་ཡོད།
ཕྱི་ལོ་༢༠༠༩ ལོའི་ཟླ་༢ ནང་། ལོ་ན་༢༠ སོན་པའི་དགེ་འདུན་པ་བཀྲ་བྷེ་མཆོག་གིས་རང་ལུས་མེར་བསྲེག་གིས་རྒྱ་དམར་གཞུང་ལ་ངོ་རྒོལ་གྱི་འགོ་བརྩམས་སོང་། དེ་ལྟར་འདས་པའི་ལོ་ལྔའི་རིང་ཉུང་བོད་མི་སྐྱ་སེར་ ༡༣༡ ལྷག་གིས་རང་ལུས་མེར་བསྲེག་གིས་ངོ་རྒོལ་གནང་ཡོད་པས། ཁོང་ལྷན་རྒྱས་ཀྱི་དཔའ་སྤོབས་ང་རང་གི་བསྐུལ་ལྕག་ཏུ་གྱུར་ནས་མུ་མཐུད་དུ་གུང་ཁྲན་ཏང་ལ་རྒོལ་བའི་དར་ཆ་མཐོ་རུ་འདེགས་ཀྱིན་པར་མ་ཟད། རྒྱ་དམར་འོག་གི་མི་རིགས་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་རྩོད་ལེན་ལ་རྒྱབ་སྐྱོར་རྒྱག་གི་ཡོད། ་
འདས་པའི་ལོ་དྲུག་རིང་། ངས་རྩོམ་ཡིག་སྤེལ་བ་དང་གཏམ་བཤད་བྱེད་སྐབས། རྒྱ་དམར་གཞུང་འདི་བཞིན་ཁོ་རང་ཚོའི་མིག་དཔེ་སྟེ། སྔར་གྱི་རཱ་ཤི་ཡ་དམར་བོའི་གཞུང་ལྟར་དྲག་པོ་ལས་དྲང་བདེན་ལ་འདུན་པ་མེད་ཅེས་བཤད་ཡོད། དོན་ལ་ཏཱ་ལའི་བླ་མ་མཆོག་གིས་ཕྱི་ལོ་༡༩༩༩ ལོའི་གསུམ་བཅུའི་དུས་དྲན་སྟེང་གསུང་དོན། ༼འདས་པའི་མི་ལོ་བཞི་བཅུའི་རིང་རྒྱ་ནག་གཞུང་གིས་བོད་ལ་རང་འདོད་ལྟར་དབང་སྒྱུར་བྱས་ཡོད་ཅིང༌། པཎ་ཆེན་རིན་པོ་ཆེ་སྐུ་གོང་མས་༡༩༦༢ ལོར་ཕྱོགས་བསྡོམས་གནང་བའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུའི་ནང་རྒྱ་མིས་བོད་ནང་གདུག་རྩུབ་བཙན་དབང་ཇི་ལྟར་བྱས་པའི་ལོ་རྒྱུས་རྣམས་གསལ་པོར་འཁོད་ཡོད་པ་དང༌། དེ་རྗེས་རིག་གནས་གསར་བརྗེ་ཟེར་བའི་ལས་འགུལ་སྐབས་གཏོར་བཤིག་དང༌། མི་མང་གིས་སྡུག་བསྔལ་ཇི་ལྟར་མྱངས་པ་ཡོངས་གྲགས་ལྟར་བློ་ཕམ་ཡིད་སྐྱོའི་རང་བཞིན་ལས་མ་མཆིས་པས་ཞིབ་གསལ་བརྗོད་འདོད་མེད། ༡༩༨༩ ལོར་པཎ་ཆེན་རིན་པོ་ཆེ་སྐུ་གཤེགས་ཉེར་གནང་བའི་ཡོངས་ཁྱབ་གསུང་བཤད་ནང༌། བོད་ཡར་རྒྱས་བཏང་ནས་ཐོབ་པའི་ཁེ་ཕན་ལས། གཏོར་བཤིག་བཏང་བ་དང༌། བོད་མིས་དཀའ་སྡུག་མྱངས་པའི་གྱོང་གུན་ཆེ་བ་བྱུང་ལུགས་གསལ་པོ་གསུངས་ཡོད།༽
ཏཱ་ལའི་བླ་མ་མཆོག་གི་གསུང་འཕྲིན་འདི་དག་གིས་རྒྱ་མི་མང་བོ་ཞིག་གིས་རྒྱ་དམར་གཞུང་གིས་བོད་དང་ཡུ་གུར། ད་དུང་རྒྱ་མི་བཅས་ལ་༼ཤེས་རིག་རྨེག་མེད༽ཀྱི་སྲིད་བྱུས་སྤེལ་བཞིན་པར་ངོས་ཟིན་དུ་བཅུག་ཡོད། དེ་ནི་རྒྱ་དམར་གཞུང་གིས་སྲིད་བྱུས་ཀྱིས་བོད་ཀྱི་གནད་དོན་བསླངས་ཡོད་པར་མ་ཟད། ད་དུང་ཐེ་ཝན། ཧོང་ཀོང་། ཡུ་གུར། རྩ་རླུང་སྒོམ་སྒྲུབ་བཅས་ཀྱི་གནད་དོན་ཡང་བསླངས་ཡོད་པས། འདི་ནི་གཞན་མ་ཡིན་པར་རྒྱ་དམར་གཞུང་གི་ལོག་སྤྱོད་ཀྱི་ངོ་བོས་བསྐྱེད་པ་ཞིག་རེད།
རྒྱུ་མཚན་ནི་གུང་ཁྲན་ཏང་གི་སྲིད་དབང་གང་ཡིན་ནའང་ཤོག་ཁག་ཁྲིམས་ལུགས་ལས་མཐོ་བ་དང་། ཡོད་ཚད་གུང་ཁྲན་ཏང་གི་དགོས་དབང་ལྟར་འགྱུར་བ་གཏོང་བཞིན་པས། རྒྱ་དམར་རྩ་ཁྲིམས་ལའང་འགྱུར་བ་འགྲོ་བཞིན་ཡོད། སྔར་རྒྱ་དམར་སྲིད་འཛིན་ལེའུ་ཧཱོ་ཆི་ལགས་ཀྱིས་ཀྱང་རྩ་ཁྲིམས་ལས་གཏན་འབེབས་གནང་བའི་ཐོབ་ཐང་བེད་སྤྱོད་ཀྱིས་རང་ཉིད་ལ་སྲུང་སྐྱོབ་བྱེད་ཐུབ་མེད་པས། གཞན་དག་ལྟ་ཅི་དགོས།
དེ་རིང་གི་བར་དུ། རྒྱ་དམར་གཞུང་གིས་མང་ཚོགས་ཀྱི་རང་ཁ་རང་གསོའི་ཐོབ་ཐང་འཕྲོག་ཡོད། དཔེར་ན། བུ་སྐྱེ་ཚོད་འཛིན། དད་མོས་བཀག་སྡོམ། ཕྲུ་གུའི་ཆེད་དུ་གྲངས་ལས་འདས་པའི་རྒྱ་ནག་
གི་ནང་ཚང་མང་བོ་ཁྱིམ་གཞིས་སྟོང་བཞིན་པ་དང་། དད་པའི་སླད་དུ་རྒྱ་ནག་པ་མང་བོའི་ནང་ཁྲོལ་བཀོག་བཞིན་ཡོད། དེབ་ནང་མི་ཤོང་བའི་ཉེས་དམིགས་འདི་དག་ལ་ཁ་གཏད་སྐབས། བཙན་བྱོལ་
བོད་མིའི་སྐྱིད་སྡུག་ལ་ད་དུང་༼ཀྲུང་ཧ྄་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་ནང་གི་རང་སྐྱོང༽ཞིག་ཡོད་དམ། དེ་ནི་ཉིན་གུང་གི་རྨི་ལམ་དང་། རྐུན་རྒྱབ་ཇག་ལངས་སུ་གྱུར་མེད་དམ།
ངའི་རེ་བར་བོད་རིགས་སྤུན་ཟླ་ཚོས་སྟག་གི་ས་ནས་སྟག་ལྤགས་ལེན་པའི་རྨི་ལམ་མ་གཏོང་རོགས། ང་ཚོས་མཉམ་དུ་ཏཱ་ལའི་བླ་མ་མཆོག་གིས་བཏོན་པའི་༼འཚེ་མེད་ཞི་བའི་འཐབ་རྩོད༽རྒྱུན་འཁྱོངས་
ཀྱིས་རྒྱ་དམར་གཞུང་གི་བསླུ་བྲིད་ལ་༼མི་དགོས༽ཞེས་བརྗོད་འོས། དེང་གི་ཆར་རྒྱ་རིགས་ཚོས་ཡོངས་གྲགས་སུ་གུང་ཁྲན་ཏང་མི་དགོས་ཞེས་ལབ་མི་ཐུབ་མོད། དྲ་ལམ་སོགས་སུ་མིང་དངོས་སུ་མ་བཏོན་
པའི་ལམ་ནས་གུང་ཁྲན་ཏང་ལས་ཕྱིར་འབུད་གནང་ཟིན་པར་བསྒྲགས་མཁན་ད་ལོའི་ཟླ་༨ ཚེས་༣༠ ཉིན་བར་མི་གྲངས་ ༡༧༥༨༨༥༥༥༣ བྱུང་ཡོད། དྲ་གནས་གཟིགས་རོགས།
http://tuidang.epochtimes.com/
མི་སེམས་ཀྱི་འཁོར་ཕྱོགས་ནི་བལྟས་པ་ཙམ་གྱིས་ཤེས་ཐུབ་ངེས། བོད་རིགས་སྤུན་ཟླ་ཚོ་རང་དབང་རང་བཙན་ལ་རྒྱབ་ཕྱོགས་པའི་ལམ་ནང་མ་ཞུགས་རོགས། བཀྲ་བྷེ་ཡིས་མཚོན་པའི་དཔའ་བོ་ཚོར་བློ་ཕམ་མ་སྤྲོད་རོགས། འཇིག་རྟེན་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་བསྒྲགས་གཏམ་ནང་བཀོད་པའི་༼མི་རིགས་རང་ཐག་རང་གཅོད༽ཀྱི་ཐོབ་ཐང་མ་དོར་རོགས།
༼བསྒྱུར་མཆན།༽ ལྷ་རམས་པ་ཞོའུ་ཕའེ་ལགས་ནི་བོད་ཤར་ཕྱོགས་དར་རྩེ་མདོ་ནས་འཁྲུངས་པའི་རྒྱ་རིགས་བུད་མེད་ཅིག་དང་། འཇར་མན་དུ་གནས་བཞུགས་རྒྱ་ཡིག་དང་འཇར་མན་སྐད་གཉིས་རྩོམ་པ་པོ་གྲགས་ཆེན་ཞིག་རེད། འཇར་མན་སྐད་ཡིག་ནང་དེབ་གསུམ་དང་། རྒྱ་ཡིག་ནང་དེབ་གཅིག་བཅས་བརྩམས་འདུག ད་དུང་རྩོམ་ཡིག་བརྒྱ་ཕྲག་ལྷག་སྤེལ་ཡོད་པ་རེད།
ཞོའུ་ཕའེ་ལགས་ཀྱིས་ཁ་ཞེ་གཉིས་མེད་ཀྱིས་གསུངས་པའི་གཏམ་ཞིག་རེད་འདོད་སོང་པས་གུས་བརྩི་ཡོད།
བཙན་བྱོལ་
བོད་མིའི་སྐྱིད་སྡུག་ལ་ད་དུང་༼ཀྲུང་ཧ྄་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་ནང་གི་རང་སྐྱོང༽ཞིག་ཡོད་དམ། དེ་ནི་ཉིན་གུང་གི་རྨི་ལམ་དང་། རྐུན་རྒྱབ་ཇག་ལངས་སུ་གྱུར་མེད་དམ།
ངའི་རེ་བར་བོད་རིགས་སྤུན་ཟླ་ཚོས་སྟག་གི་ས་ནས་སྟག་ལྤགས་ལེན་པའི་རྨི་ལམ་མ་གཏོང་རོགས།་་་་ཅེས་པའི་བཀླགས་མཚམས་འདི་ལ་བསླེབས་དུས་ངའི་ལུས་ཀྱི་བ་སྤུ་འདར།
དེ་ནས་་་་བོད་རིགས་སྤུན་ཟླ་ཚོ་རང་དབང་རང་བཙན་ལ་རྒྱབ་ཕྱོགས་པའི་ལམ་ནང་མ་ཞུགས་རོགས། བཀྲ་བྷེ་ཡིས་མཚོན་པའི་དཔའ་བོ་ཚོར་
བློ་ཕམ་མ་སྤྲོད་རོགས། འཇིག་རྟེན་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་བསྒྲགས་གཏམ་ནང་བཀོད་པའི་༼མི་རིགས་རང་ཐག་རང་གཅོད༽ཀྱི་ཐོབ་ཐང་མ་དོར་རོགས།་་་ཅེས་པའི་བཀླགས་མཚམས་འདི་ལ་བསླེབས་དུས་་་ངའི་མིག་ནང་ནས་མཆུ་མ་ཤ་རེ་ཤོར།
བདག་དང་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་མང་པོས་བོད་རང་བཙན་སེམས་དོར་གྱི་ཡོད་པ་་་མ་ཟད་་་ང་ཚོས་བར་དུ་ཁྱོད་ཤི་ང་གསོན་གྱི་ཐབས་རྩོད་སླེབས་ལ་ཉེ། འདི་ནི་མིག་ཆུ་ཤོར་དགོས་པའི་གནད་དོན་རེད་ལ་བསམ་ཡུལ་ལས་འདས་པའི་བྱ་བ་རེད།
རྒྱ་མོ་དེས་བཀའ་མོས་དེ་འདྲ་ཞིག་གནང་བར་དགའ་པོ་བྱུང་། ང་ཚོས་ངོས་ནས་གུན་ཁྲན་ཏང་ནི་མི་སེར་དུང་ཕྱུར་༡༣་གྱི་རང་དབང་ཕྲོགས་མཁན་གྱི་ཇག་པ་དང་། རྒྱུ་དངོས་ལྐོག་ཟ་བྱེད་མཁན་གྱི་རྐུ་མ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། མི་སེར་དུང་ཕྱུར་༡༣་གྱི་རང་དབང་དང་དམངས་གཙོའི་ཆེད་དུ་འཐབ་རྩོད་བྱེད་ངེས་ཡིན་པའི་དམ་བཅའ་བརྟན་པོ་ཡོད།། ཐུགས་རྗེ་ཆེ། ཁྱོད་ཀྱི་ང་ཚོའི་རང་བཙན་ལ་རྒྱབ་སྐྱོར་གནང་བར་དགའ་པོ་བྱུང་།
དགྱ་ནག་ཚང་ལ་ཡང་ལྷ་རམས་པ་ཞིག་འཁྲུངས་ཡ་ཡོད་ན་ཡག་པོ་རེད། མོ་ལ་ཞབས་རྟེན་གསོལ་འདེབས་འདྲ་འདོན་ཡ་ཡོད་པ་རེད་དམ།
དགྱ་མོ་བོད་ལ་དགའ་ནས་ཐུག་པ་ཞིག་སྐོལ་བཞིན་མེད་པ་གསལ་པོ་རེད། སོ་སོའི་ས་ནས་སོ་སོ་དགྲ་བོ་དགྱ་དམར་གྱི་མདུན་དུ་ལངས་ནས་ངོ་རྒོལ་བྱེད་དགོས་བ་ནི་དཔའ་བོ་དང་མཁས་བའི་ཁྱད་ཆོས་་ཡིན་པ་ལས། མིས་མི་ལག་ཆ་ལ་བཀོལ་ནས་སྙིང་ནད་རྩད་ན་ཁྲམ་པ་དང་གཡོ་སྒྱུ་ཅན་ལས་མཁས་བ་ཞིག་མ་རེད། དགྱ་མོ།
རྒྱ་རིགས་བུད་མེད་ཅིག་གིས་བོད་ཀྱི་གནད་དོན་ཐད་འདི་འདྲའི་གལ་ཆེན་དག་གླེང་བར་དགའ་བསུ་ཡོད། ཁོ་མོས་བརྗོད་དོན་རྣམས་དངོས་ཡོད་ཀྱི་གནས་ཚུལ་རྐྱང་རྐྱང་རེད། ཐུགས་རྗེ་ཆེ།
དར་རྩེ་མདོ་ཡི་རྒྱ་མོ།
བོད་མོ་འདྲ་ལེ་བྱུང་སོང་།
སྙིང་གཏམ་དར་གྱི་མདུད་པ།
ཐེག་མཁན་ཨ་ཕོ་སུ་ཡོད།
རྩ་བའི་བླ་མའི་གསུང་ལ་ཡིད་ཆེས་མེད་པར། རྒྱ་མོ་ཞིག་གི་བཀའ་ལ་བརྩི་མདོག་བྱེད་མཁན་དྲ་འབུ་ཁྱོད་ཚོར་སྐྱག་པ་མཛོ་རྭ་འདྲ་ཞིག་གི་ལེགས་སྐྱེས་ཡོད།
ཁྱོད་ཚོས་མི་དམངས་ཀྱི་ཁ་ལ་སྐྱུག་པ་མཛོ་རྭ་འདྲ་ཞིག་སྤྲོད་ཀྱི་ཡིན་པར་ཤེས་ནས་ཡོད། ཏང་གི་རྐུབ་ལྡག་བཞིན་ཡོད་པ་མཐོང་ནས་ཡོད།
རང་གི་དབུ་ཁྲིད་དགྲ་ཡི་དངས་མར་བརྩི།།
རྒྱ་མོའི་སྐད་ཆར་སངས་རྒྱས་གསུང་ལྟར་བརྩི།།
ལེགས་ཉེས་དབྱེ་བ་མི་ཤེས་དྲ་འབུ་ཚོ།།
མགོ་གཏིང་ལོག་ནས་འགྲོ་བ་མི་ཤེས་སམ།།
ཏང་གི་རྐུབ་ལྡག་མཁན་ཕ་ཆུས་གཙོང་མཁན་རྒྱ་ཁྱི་དོལ་རྒྱལ་བ་ཁྱོད་ཚོ་རེད། ཞབས་འདྲེན་ཁྱོད་ཚོ་ད་དུང་མི་གྲལ་ལ་འགྲོ་ནུས་པ་འདུག་གམ། ཁྱོད་ཚོའི་གདོང་པ་ལ་ལྕགས་འབག་གོན་ཡོད་པ་མི་ཤེས་སམ།
སྒང་པ་བོད་ཀྱི་རང་དབང་རང་བཙན་ལ།
རྒྱབ་སྐྱོར་སུ་ཡིས་བྱས་ན་གྲོགས་པོ་ཡིན།
རྡོག་རོལ་སུ་ཡིས་བཏང་ན་དགྲ་བོ་ཡིན།
འདི་ནི་སྒང་པ་བོད་ཀྱི་ལག་ལེན་ཡིན།
འདི་ནི་ཤི་གསོན་གཉིས་ཀྱི་རེ་བ་ཡིན།
འདི་ནི་རྒྱལ་གཅེས་དཔའ་པོ་ཁ་ཆེམས་ཡིན།
འདི་ནི་མ་འོངས་བོད་ཀྱི་མདུན་ལམ་ཡིན།
འདི་ནི་དེང་རབས་གསར་པའི་ཐོང་ཐང་ཡིན།
རང་བཙན་ཁར་ཁྱེར་ཏང་གི་རྐུབ་ལྡག་མཁན།།
རྒྱ་ཁྱི་དོལ་ཚོགས་བོད་ཀྱི་དགྲ་བོ་ཡིན།།
གཡོ་སྒྱུས་གཞན་མགོ་སྐོར་བའི་ཌ་རུ་མགོ།།
ང་ཚོ་གངས་ཅན་བོད་ལ་དགོས་མཁོ་མེད།།
རང་བཙན་སེམས་ནས་དོར་མཁན་གད་རྙིགས་ཚོ།
སྤྱི་ན་སྒང་པ་བོད་ཀྱི་དགྲ་བོ་ཡིན།
སྒེར་ན་རྒྱལ་གཅེས་དཔའ་བོའི་དགྲ་ཟླ་ཡིན།
གསུམ་ན་ལྷ་སྲས་དར་མའི་རྐང་འདྲེན་ཡིན།
རང་བཙན་རྡོག་རོལ་བཏང་མཁན་རྒྱལ་བཙོང་ཚོ།
བོད་མིའི་ཁ་ལ་སྐྱག་པ་བླུགས་མཁན་ཡིན།
དགྲ་བོ་ཏང་ལ་ཇ་ཆང་ཕུལ་མཁན་ཡིན།
གངས་ཅན་བོད་ལ་དགོས་མཁོ་མེད་ངེས་ཡིན།།།
ཨ་ཨ། ལྷ་རམས་པ་ཞའོ་ཕའེ་དར་རྩེ་མདོར་འཁྲུངས། ་
བརྡ་ཆད་གང་བྱུང་བེད་སྤྱོད་མ་གཏོང་རོགས །
འབུམ་རམས་པ་ཟེར་འདོད་པ་འདྲ། གནམ་ལོ་ཡག་ལ་ཀླད་རྡིབ་བྱུང་བ་འདྲ།
ངོ་མ་རེད་ད་་་རྒྱལ་བཙོང་བ་ཁྱོད་ཚོ་ཡུར་གུ་བའི་རྨོ་ར་བྷི་ཡའི་མདུན་དུ་མྱི་མདོག་མདོག་བྱས་ནས་འགྲོ་ཕོད་པ་ནི་གདོང་ལ་ཕག་སྤུ་སྐྱེས་ཡོད་པ་དང་མདོ་ལ་ཕོ་མཚན་མེད་པའི་རྟགས་རེད་ད།་་་་ཧཧཧ ད་དུང་་་མྱི་ལུས་འདྲ་ཞིག་ལེན་ཡོད་མདོག་མདོག རྨོ་ར་བྷིོ་ཡའི་དཔའ་སྟོབས་ཙམ་ཡང་མེད་པ།
ཁ་ལ་རང་བཙན་ཁྱེར་བའི་ཁྱི་རྒན་ཚོ།།
ཁོག་ན་རྒྱ་དངུལ་སྒོམ་པའི་ཀླད་མེད་ཚོ།།
གདོང་པ་ལྕགས་ལས་གྲུབ་པའི་གླང་གོག་ཚོ།།
བློ་གཏད་འདྲེ་ལ་བཅོལ་བའི་གདོན་འདྲེ་ཚོ།།
ཤེས་མེད་འཇིག་རྟེན་མི་ཡི་གད་སྙིག་ཚོ།།
བློ་མེད་སླས་རྭའི་ནང་གི་ལུག་རྒན་ཚོ།།
དོན་མེད་འུར་ལ་དགའ་བའི་བོང་བུ་ཚོ།།
ང་ཚོ་གངས་ཅན་བོད་ལ་དགོས་མཁོ་མེད།།
བྱམས་པོ་བྱས་ན་དགྲ་ཡང་གཉེན་དུ་གྱུར།
རྩུབ་ཚོད་མ་ཟིན་བུ་ཡང་དགྲ་ལ་འགྱུར།
ཞེས་པ་ལྟར་རྒྱ་མོ་དེའི་སེམས་སྟིང་གི་ཚོར་བ་དེ་བརྗོད་འདུག། འོན་ཀྱང་ངོ་སྟོད་དང་ཚིག་སྙན་ལ་དགའ་བའི་བོད་ཀྱི་རྒྱལ་ཚོང་པ་དག་གི་རྣར་འགྲོ་ནི་མ་རེད། བུང་བུའི་རྣ་བ་ལ་གསེར་དང་བྱེ་མའི་ཁྱད་པར་ཡོད་ནི་མ་རེད། རྣམ་དཔྱོད་ཅན་པ་གནམ་ལོ་ཡག་ལགས་ཀྱིས་བོད་བསྒྱུར་གནང་བ་ཡག་བྱུང་།
རྨོ་ར་བྷིས་ཡ་ཞེས་པ་དེ་རྒྱལ་གཙོང་བ་ཞིག་མ་རེད་ད། རྒྱལ་གཙོང་བ་ཁྱོད་ཚོས་ཡུ་གུར་དཔའ་མོ་འདིས་མཚན་ནང་རྡུང་ལ་བེད་སྤྱོད་བྱེད་ནུས་པ་ནི་ཧམ་པ་ཚ་ཐག་ཆོད་པ་རེད།
དོལ་རྒྱལ་བ་ཚོས་མི་ལ་རྒྱལ་གཙོང་བ་ཟེར་ན་དེ་ནི་ངོ་ཚ་མེད་པའི་རྟགས་ལས་ཅི།
ཕོ་ཟད་མོ་ལ་ཐུག་པའི་ཡུར་གུ་བའི།
དཔའ་མོ་ར་བྷི་ཡ་ཡིས་རང་བཙན་རྩོད།
ཁྱི་ལ་སེང་མིང་བཏགས་པའི་རྒྱལ་བཙོང་བའི།
དམར་པོའི་རྩ་ཁྲིམས་འོག་ཏུ་རང་སྐྱོང་འཚོལ།
སྤྱི་ན་ས་གོ་ལའི་མི་དམངས་ལ།
རང་གི་གདོང་ལ་ཕག་སྤུ་སྐྱེས་མེད་ན།
སྟོན་ནས་འགྲོ་བ་ནུས་པ་ཁྱད་མཚར་རེད།
སྲོང་བཙན་ཡོད་ན་དམར་གསོད་གཏོང་ངེས་རེད།།།
དོལ་རྒྱལ་དོལ་རྒྱལ་ཟེར་ནས་མ་སྡང་ཞིག
བོད་ཀྱི་རྒྱལ་གླུ་རྒྱལ་གཅེས་ཁྲི་བྱང་བརྩམས།
དོལ་ཚོགས་མེད་ན་རྒྱལ་གླུ་སུ་ཡིས་ལེན།
ཁྲི་བྱང་མེད་ན་རྒྱལ་གླུ་སུ་ཡིས་རྩོམ།
སྤྱང་ཀིར་ལུག་སྤགས་གཡོག་པའི་ནང་རུལ་བ།།
ཅོ་རིའི་ཁ་ནས་རང་བཙན་ཐོན་པ་མཚར།།
སྒོམ་རྒྱུ་དངུལ་ལས་མེད་པའི་རྒྱ་ཁྱི་ཚོས།།
འདྲ་ཆག་གཞན་མགོ་སྐོར་འདི་དེ་བས་མཚར།།
དམར་པོའི་རྐུབ་གཡོག་རྒྱུག་མཁན་དོལ་འདྲེ་ཚོས།།
གདོང་ལ་ལྕགས་འབག་གོན་པ་མ་ཡིན་ན།།
གཞན་ལ་གཞི་མེད་སྙོན་འཛུག་བྱེད་བཞིན་དུ།།
འཇིག་རྟེན་མི་ཡི་གྲལ་ལ་འགྲོ་ནུས་སམ།།
བོད་ཀྱི་རྒྱལ་གླུ་རྩོམ་མཁན་ཁྲི་བྱང་དེ།།
ཤི་དུས་རོ་ལང་རྒྱབ་པ་མ་ཐོས་སམ།།
ད་དུང་དོལ་རྒྱལ་ཟེར་ནས་མཆོད་མཁན་ཚོ།།
ཀླད་པར་ཤི་འདྲེ་ཞུགས་པ་མིན་ན་ཅི།།
ཡག་པོ་བཤད་འདུག
ཁྲི་བྱང་མེད་ན་དོལ་འདྲེ་གསོལ་དོན་མེད།།
ཁྲི་བྱང་མེད་ན་ཆོས་དད་རང་དབང་ཡོད།།
མདོར་ན་གོང་སར་ཕམ་ཁ་གང་བྱུང་བ།།
འདི་དག་ཁྲི་བྱང་བླ་མའི་སྐྱོན་ལས་བྱུང་།།
གངས་ཅན་བོད་ལ་རྒྱལ་གླུ་ཡོད་པ་འདི།
རྒྱལ་གཅེས་ཁྲི་བྱང་བླ་མའི་བཀའ་དྲིན་ཡིན།
བཙན་པོ་བོད་ལ་དགའ་བའི་བོད་མི་ཚོས།
བོད་ཀྱི་རྒྱལ་གླུ་རྟག་ཏུ་ལེན་ངེས་རེད།།
ངོ་ཚ་ཁྲེལ་གཞུང་མེད་པའི་རྒྱལ་བཙོང་བས།
ངན་ཁག་དངོས་མེད་ལྷ་འདྲེའི་ཐོག་ཏུ་བཀལ།
མདའ་ཁ་སྐོར་ས་རྒྱལ་གཅེས་ཁྲི་བྱང་རེད།
མདུན་ཁ་སྐོར་ས་ཆུ་སྒང་དམག་མི་རེད།
ཏ་ལའི་བླ་མའི་ཕམ་མགོ་རྡུངས་མཁན་དེ།
ཨ་ཕ་མའོ་རྒྱ་ཡི་ཡུལ་ནས་བསླེབས།
བོད་མི་ས་ཡ་དམར་གསོད་བཏང་མཁན་དེ།
དམག་སྡེ་ཅོ་བརྒྱད་དམར་པོའི་རྒྱ་ནས་བསླེབས།།
ཏ་ལའི་བླ་མའི་རྒྱལ་ས་ཤོར་དུས་སུ།
དཔའ་དང་དཔང་རོགས་ཆུ་སྒང་དམག་མི་རེད།
རྒྱ་གར་ཡུལ་དུ་རང་དབང་ཐོབ་དུས་སུ།
བཤའ་བཅོས་བྱས་ས་ཆུ་སྒང་མི་རྒན་རེད།
xxxxx
ཁྲི་བྱང་མེད་ན་རྒྱལ་གླུ་རྩོམ་མཁན་ཞིག།
བོད་ལ་མེད་པའི་སེམས་ཁྲལ་སུ་ལའང་མེད།
རྒྱལ་གླུ་ཁྲི་བྱང་བླ་མས་རྩོམ་པ་དེས།།
རྟེན་འབྲེལ་མགོ་ནས་ཉེས་པ་མ་ཤེས་སམ།།
ངོ་ཚ་ཁྲེལ་གཞུང་མེད་པའི་དོལ་ཕྲུག་ཚོས།།
ལྷ་འདྲེ་ཁ་ལ་ཁྱེར་ནས་སྒེར་དོན་སྒྲུབ།།
མདའ་ཁ་སྐོར་ས་རྩ་བའི་བླ་མ་རེད།།
མདུང་ཁ་སྐོར་ས་བོད་རིགས་སྤུན་ཟླ་རེད།།
ཨ་ཕ་མའོས་གཙོ་བྱེད་དམག་སྡེ་ཡིས།།
བོད་མི་ས་ཡ་སྔ་མའི་ལམ་ལ་རྫངས།།
ཕ་ཤ་དགྲ་ལ་ཤོར་བའི་མི་བུ་འགས།།
མདུང་ཁ་དགྲ་ལ་མི་སྐོར་གཉེན་ལ་སྐོར།།
དཔའ་བོ་ཨ་འབྲུག་མགོན་པོ་བཀྲ་ཤིས་ཀྱིས།།
བོད་མིའི་དོན་དུ་བྱེད་རྗེས་བཞག་ཡོད་ཀྱང་།།
ལི་ཐང་ཨ་ཐར་ལ་སོགས་ཤེས་མེད་འགས།།
རྐང་རྗེས་ལག་པས་གསུབས་པའི་ཚུལ་དེ་སྐྱོ།།
ཁྲི་བྱང་བླ་མ་སྔ་ལམ་མ་སོང་བར།།
ཏ་ལིའི་བླ་མའི་རང་དབང་ཤོར་རབས་ཡོད།།
འདི་ཡི་རྩ་བ་དོལ་འདྲེ་དེ་ལ་ཐུག།
ད་དུང་བསྟོད་པ་མཐེན་པའི་འོས་ཡིན་ནམ།།
རྩོམ་ཡིག་འདི་ནི་ངོོ་སྤྲོད་བྱས་བར་ཐུགས་རྗེ་ཆེ།
ཁྲི་བྱང་ཡོད་པའི་དོལ་རྒྱལ་བསྟེན་པར་སྤྲོ།
ཁྲི་བྱང་མེད་པས་དོལ་རྒྱལ་སྨོད་པར་ནོར།
ཁྲི་བྱང་ཡོད་པའི་དོལ་རྒྱལ་གླེང་གཞི་མེད།
ཁྲི་བྱང་མེད་པས་དོལ་རྒྱལ་འདྲེ་རུ་འཁྲུལ།
ཁྲི་བྱང་ཡོད་པའི་དགེ་འདུན་དམ་ཚིག་མཐུན།
ཁྲི་བྱང་མེད་པས་དམ་ཉམས་ས་སྟེང་ཁྱབ།
ཁྲི་བྱང་ཡོད་པའི་ལམ་རིམ་སྤྱོད་པ་འཕེལ།
ཁྲི་བྱང་མེད་པས་ལམ་རིམ་བླ་རྒྱུད་འཁྲུལ།
དེས་ན་ཁྱེད་ཅག་རྒྱལ་བཙོང་བ་ཨ་ཅང་། རང་མི་རིགས་ཀྱི་བླ་སྲོག་ཀྱང་བཅོམ་བརླག་པ་རེད་ཅེ་ན། ཇི་ག་སྙམ།
ཁྲི་བྱང་རིན་པོ་ཆེ་རྒྱལ་བའི་ཡོངས་འཛིན་ཡིན་པས་བཀའ་དྲིན་ཆེ་རུང་། དོལ་རྒྱལ་བསྟེན་པས་གཟིགས་ཚུལ་བྱུང་བ་རེད། འོན་ཀྱང་ཁོང་གིས་དོལ་རྒྱལ་སྐྱབས་གནས་སུ་བསྟེན་པ་གནང་མེད་སྙམ།
རྒྱལ་གླུ་བརྩམས་པའི་ཕྱག་རྗེས་བཀུར་རུང་། དོལ་རྒྱལ་བསྟེན་པས་གཟིགས་ཉེས་བྱུང་བ་ཤེས་དགོས་པ་ཡོད།
ཡོངས་འཛིན་རྩ་ཆེན་པོ་ཡིན་རུང་དེ་ལས་༧རྒྱལ་དབང་རྩ་ཆེ་བ་ཡིན། རྒྱལ་སྲས་སྐྱོང་བའི་བློན་པོ་གལ་ཆེ་རུང་། དེ་ལས་རྒྱལ་སྲས་གལ་ཆེ་བ་ཡིན་སྙམ། ཡིན་པ་ལ་ད་དུང་མ་རེད་ཅེ་ན། འོ་ལགས་སོ་ཞུ།
ཡ་ཡ། བགྲོ་གླེང་ལྷུག་པོ་རེད། རྩོམ་ཡིག་རང་གི་སྒང་ལ་བགྲོ་གླེང་གལ་ཆེན་རེད་དེ། ལྷན་རྒྱས་ནས་ཡོངས་འཛིན་ཁྲི་བྱང་སྐོར་གླེང་འདུག ངས་སྒྲུང་ཞིག་བཤད།
གནའ་སྔ་མོ་ཞིག་ལ། ནང་ཚང་ཞིག་ཡོད་པ་རེད། ནང་ཚང་དེར་བཟའ་མི་གཉིས་དང་ཨ་མྱེ་གཅིག བུ་ཕྲུག་གཅིག་བཅས་ཡོད་ཅིང་། ཉིན་ཞིག་བཟའ་དཔོན་གྱིས་ཨ་མྱེ་སླེ་བོ་ཞིག་གི་ནང་བཅུག་ནས་རྒྱབ་ལ་ཁུར་བ་དང་བུ་ཕྲུག་དེ་ཁྲིད་ནས་རྒྱང་ཁད་ཀྱིས་ཆོད་པའི་རི་སྒང་ཞིག་གི་ཕྱོགས་སུ་བསྐྱོད། རི་སྒང་དེར་སླེབས་རྗེས། ཨ་མྱེ་སླེ་བོ་ལས་ཕྱིར་བཏོན་ནས་ཐང་ལ་གཡུགས་པ་དང་། སླེ་བོའང་མེར་བསྲེག་གྲབས་བྱེད་སྐབས། ཧོབ་ཏུ་ཁལ་ལ་བུ་ཕྲུག་དེས་པཱ་ལགས་སླེ་བོ་དེ་ཉར་རོགས་ཞེས་སྐད་བརྒྱབ། ག་རེ་བྱེད་ཀྱི་ཡིན་ཞེས་འདྲི་སྐབས། བུ་ཕྲུག་གིས་ལན་རྒྱག་དོན། པཱ་ལགས་རང་གི་པཱ་ལགས་(ཨ་མྱེ)ཀྱི་ལོ་ཚོད་ལ་སླེབས་སྐབས། ངས་པཱ་ཁྱེད་རང་སླེ་བོ་འདིའི་ནང་བཅུག་ནས་ས་འདིར་སྐྱེལ་དགོས་པ་མ་རེད་དམ་ཞེས་འདྲི་སྐབས། ལན་རྒྱག་ཡ་མེད་པར་གྱུར་བ་རེད།
འོ་་་གནམ་ལོ་ཡག་གི་སྒྲུང་དེ་དོལ་རྒྱལ་བའི་བྱ་སྤྱོད་དང་ཏག་ཏག་མཐུན་སོང་།
བཙན་བྱོལ་བོད་མི་ཚོའི་ཁྲོད་དུ་འདྲེ་བསྟེན་མཁན་རིགས་གཉིས་ཡོད།
གཅིག་ནི། དོལ་རྒྱལ་བསྟེན་མཁན་ཚོ་རེད།
གཞན་དེ་ནི། རྒྱ་འདྲེ་བསྟེན་མཁན་ཚོ་རེད།
རྒྱ་འདྲེ་ཟེར་བ་དེ་ནི། “མང་གཙོ” ཁ་ལ་འཁྱེར་མཁན་རྒྱ་མི་ཕྱི་རྒྱལ་ན་ཡོད་པ་དེ་ཚོ་ལ་ཟེར་གི་ཡོད། དྲྭ་ཐོག་འདིའི་རྒྱ་འདྲེ་བསྟེན་མཁན་གཅིག་ནི་ཀརྨ་བློ་གསལ་རེད། ཉིན་མ་གཅིག་མི་འདིའི་སྐད་ཆ་ཚང་མ་ཕྱིར་བཏོན་ཡོང་ན་ཁྱོད་ཚོས་གཞི་ནས་རྒྱ་འདྲེ་བསྟེན་མཁན་ཟེར་བ་དེ་ཅི་འདྲ་ཞིག་ཡིན་པ་ཤེས་ཐུབ།
རྒྱ་སྟུག་མ་འདིའི་སྐད་ཆའི་སྙིང་པོ་ཧ་གོ་སོང་། དེ་ནི་
༼༧རྒྱལ་བ་རིན་པོ་ཆེ་ཚང་གིས་ “རྒྱ་ནག་གཞུང་གཏོར་རོགས་བྱས་ཏེ་འཐོར་པ་ཡིན་ན། བོད་ཀྱི་གནད་དོན་ཐག་ཆོད་འགྲོ་གི་རེད།”༽ ཟེར་བ་འདི་རེད།
ཁྱོད་ལ་མི་དགོས་རྒྱུ་དེ། དབུ་མའི་ལམ་གྱི་སྲིད་ཇུས་རེད། ངས་ཁྱོད་ལ་དྲི་བ་ཞིག་འདྲི། བོད་ཀྱི་གནད་དོན་ཟེར་བ་དེ་ཁྱོད་ཀྱིས་ཅི་འདྲ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་དམ། དེའི་སྐོར་གྱི་རྩོམ་ཞིག་ཡོད་དམ། ཡོད་ན་དྲྭ་ཐོག་འདིར་ཞོགས་དང་།
སྲིད་ཀྱི་ནང་དུ་ཆོས་བསྲེས་ན་ཉག་ཉོག་གི་རྒྱུ་ཡིན་པ་ཅོ་རི་ཁྱོད་ཀྱིས་མི་ཤེས་པ་ག་ལ་སྲིད།
ཡིན་ནའང་ཅོ་རིས་དོལ་རྒྱལ་བསྟེན་མཁན་ཚོ་དང་མཐུན་འགྲིག་བྱེད་དགོས་པའི་སྐད་ཆ་ཞིག་བཤད་པ་བློ་ཡིད་ན་འདུག དེ་མིན་རུང་ཅོ་རི་འདི་ནི་ཆིག་སྒྲིལ་གྱི་སྐད་ཆ་བཤད་མཁན་ཞིག་ནི་ཡིན་ཐག་ཆོད། དེ་དག་ནི་སྲིད་ཀྱི་དགོས་མཁོ་ཞིག་དང་བྱེད་ཐབས་ཞིག་གི་ངོས་ནས་བཤད་བཞིན་ཡོད་པ་དེ་འདྲའང་ཡིན་སྲིད། ཡིན་ནའང་ངའི་དྲི་བ་ནི། ཅོ་རི་རང་ངོས་ནས་དོལ་རྒྱལ་ཙམ་མིན་པར་དཔལ་ལྡན་ལྷ་མོ་དང་གནས་ཆུང་ལ་སོགས་པའི་ཆོས་སྐྱོང་སྲུང་མ་དེ་ཚོར་དད་པ་དང་ཡིད་ཆེས་ཡོད་མེད་དེ་ཡིན། ལན་ཞིག་གནང་རོགས།
ཁ་ཤས་ཤིག་གིས༼ལྷ་རམས་པ༽ཟེར་བའི་སྦྱངས་པ་མཐར་སོན་པའི་ཤེས་ཡོན་གྱི་གོ་ཐོབ་འདི་བཞིན་སེར་མོ་བའི་ཡིན་ཤག་གནང་བཞིན་འདུག་མོད། དོན་དངོས་སུ་དབྱིན་ནང་དུའང་PH.D(Doctor of Philosophy)ཞེས་ངོ་སྤྲོད་གནང་འདུག་པས། སྐྱ་བོ་ཚོར་ལྷ་རམས་པ་བཀོལ་མ་ཆོག་པ་ཞིག་མིན་པའི་ཁར། ཐ་སྙད་འདི་བྱུང་ནས་ཡུན་རིང་ཕྱིན་ཡོད་པས། བོད་ཀྱི་ཤེས་རིག་ལོ་རྒྱུས་ལ་ཞིབ་འཇུག་བྱེད་དུས་གོ་ས་ངེས་ཅན་ཞིག་ཟིན་ཡོད། དེ་ལས་ལྡོག་ན། འབུམ་རམས་པ་ཟེར་བ་དེ་ཐ་སྙད་གསར་བ་ཞིག་རེད་ལ། བོད་ཀྱི་ཤེས་རིག་ལོ་རྒྱུས་ཀྱི་འཕེལ་རིམ་ཇི་བཞིན་སྟོན་མི་ཐུབ་པའི་ཁར། རིང་བོ་ཞིག་ཐུང་ངུ་དང་ཡོད་པ་ཞིག་མེད་པར་བཏང་ཡོད། དེ་བས། ལྷ་རམས་པ་ཟེར་བ་འདི་ཤིན་ཏུ་ནས་གལ་ཆེན་རེད། གཅིག་བྱས་ན་PHDཟེར་བའི་ཐ་སྙད་དང་དུས་མཉམ་མམ། དེ་ལས་སྔ་ཡང་སྲིད།
བློ་མཐུན་ལྷ་སྡེ་གནམ་ཡག་ལགས། མ་རྩོམ་གྱི་ཐོག་ཏུ་བགྲོ་གླེང་བྱས་སྐབས་སུ་་་རྐུ་ངོ་ལུང་རྟོགས་ཀྱིས་་ཡར་ཕྱིན་ན་དོལ་ཚོགས་ཟེར་ནས་ཁ་རྡུང་དང་མར་ཡོང་དུས་དོལ་རྒྱལ་ཟེར་ནས་ཁ་རྡུངས་བཏང་འོང་གི་འདུག དེར་བརྟེན་ཁོ་ལ་ལན་ཞིག་རྒྱག་དུས་མ་རྩོམ་གྱི་ཐོག་ཏུ་བགྲོ་གླེང་བྱས་མ་ཐུབ་པ་ཞིག་བཟོས་སོང་། དགོངས་འགལ་མེད་པར་བྱོས།
རྡོ་རྗེ་རྒྱལ་མཚན་ལགས་་་ཤུགས་ལྡན་དང་གནས་ཆུང། ལྷ་མོ་དང་འབག་མོ། ཡུལ་ལྷ་དང་གཞི་བདག་་་་སུ་གང་ལ་དད་པ་ཟེར་བ་སྤུ་ཙམ་མེད། གསོ་བཞིན་ཡང་མེད། མ་འོངས་པ་གསོ་གྱི་མིན།
དོལ་ཚོགས་དང་རྒྱལ་བ་རིན་ཆེན་བར་དུ་མཐུན་སྒྲིལ་བྱ་དགོས་ཀྱི་འདུག་ཟེར་བ་ནི་བོད་མི་རིགས་ཀྱི་བདེ་སྡུག་ཁོ་ནར་བསམས་པར་མ་གཏོགས་གནད་དོན་གཞན་དག་གང་ཡང་མེད། ང་ཚོའི་བོད་འདི་ཕམ་ཁའི་ཐོག་ཏུ་ཕམ་ཁ་ཡོང་བསྡད་པ་ནི་ཆིག་སྒྲིལ་མེད་པའི་སྐྱོན་གྱིས་རེད་འདུག་པ་ནི་གཞོན་སྐྱེས་ཤེས་ཡོན་ཅན་མང་པོས་ཁ་གཅིག་གྲགས་རེད་འདུག ཆིག་སྒྲིལ་བྱ་དགོས་ཟེར་བ་ནི་ང་གཅིག་པོའི་བསམ་ཚུལ་མ་རེད།།
ཅོ་རི་ཁྱི་ཕྲུག་ཁྱོས་ནམ་རྒྱུན་རང་བཙན་བཤད་པ་དེ་ལ་དགའ་བོ་བྱུང་། འོན་ཀྱང་ཁྱོས་ཁ་བརྡ་དྲ་བའི་སྟེང་ནས་ཡིག་ནོར་རྟ་རོ་འདྲ་དང་གཡག་རོ་འདྲ་བྲིས་ནས་དབྱེན་དཀྲུག་བྱེད་པ་ལས་གང་ཡང་ནུས་མེད་ལ་ནུས་པར་ཡང་མི་འགྱུར་རོ།།
ph.D ནི་འབུམ་རམས་པ་རང་རེད།
ལྷ་རམས་པ་ཟེར་བ་དེ་ལ་མི་འབྱོར་ཏེ།
དེ་སྐད་ཟེར་བ་ནི་ཕྱི་རྒྱལ་གྱི་པོབ་ལ་༧རྒྱལ་བ་རིན་པོ་ཆེ་དང་ཡང་ན་༧གོང་ས་མཆོག་ཟེར་བ་དང་། ཕྱི་རྒྱལ་གྱི་ཆོས་དཔོན་དེ་ཚོར་དགེ་བཤེས་ཟེར་བ་འདྲ་བས་ཧ་ཅང་ཐལ་འགྲོ།
ལྷ་རམས་པ་ཟེར་བ་ནི་སྔར་བོད་ལ་ལྷ་སར་སྨོན་ལམ་ཆེན་མོའི་སྐབས་གདན་ས་གསུམ་མཉམ་འཛོམས་ཀྱི་འདུས་ཚོགས་སུ་གཞུང་ཆེན་བཀའ་པོད་ལྔ་ལ་བགྲོ་གླེང་མཛད་པའི་རིམ་པ་མཐོ་བའི་དགེ་བཤེས་ལ་ཟེར་བ་སྟེ།
དེ་ཡང་ལྷ་རམས་པ་ཟེར་དོན་ཡང་། ལྷ་ནི་ལྷ་ས་དང་། རམས་ནི་རམ་འབྱམས་ཀྱི་བསྡུས་ཚིག་ཡིན་པས། དོན་དུ་ལྷ་སའི་རབ་འབྱམས་པ་ཟེར་བ་ཡིན།
གནམ་ལོ་ཡག ཧེ རྒྱ་མོ་དེས་ལྷ་ས་ནས་རབ་འབྱམས་པ་བཞག་པ་རེད་དམ། ད་རྫོབ་རྟགས་མ་སྟོན་རོགས།
མིང་དེ་བྱུང་རྒྱལ་དུ་འདོགས་ཆོག་ཅིག་མ་ཡིན་པ་ཤེས་པར་མཛོད།
ph.D ལ་འབུམ་རམས་པ་ཡོངས་གྲགས་སུ་སྤྱོད་ཀྱིན་པ་དེ་ག་རང་སྤྱོད་རོགས། སྐད་ཆ་མ་བཤད་སྔོན་ལ་བརྟག་དཔྱད་ཞིབ་འཇུག་ཅུམ་ཙམ་ཞིག་ཀྱང་བྱེད་མཛོད།
གནམ་ལོ་ཡག་གི་བསྒྱུར་རྩོམ་དེར་ངས་ཀྱང་བསམ་ཚུལ་ཞིག་བཤད་འདོད་བྱུང་། དེ་ཡང་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་རྣམས་རྒྱ་ནག་གི་མངའ་འོག་ཡིན་པའི་རྣམ་པ་སྟོན་ཆེད་བོད་རིགས་དང་ཡུ་གུར་བ་སོགས་ལ་སྤུན་ཟླ་མི་རིགས་ཞེས་འབོད་ཀྱི་ཡོད་པ་ལྟར། རྒྱ་མོ་དེའི་རྩོམ་ཡིག་གི་ཁ་བྱང་། བོད་རིགས་སྤུན་ཟླར་གྲོས་སུ་ཕུལ་བ། ཞེས་པ་དེའི་སྟེང་ནས་མཐོང་ཐུབ་པ་ནི་མོས་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་པ་དེ་རེད། དེས་ན་རྟག་པར་གོང་ས་མཆོག་གིས་རང་བཙན་དོར་སོང་ཞེས་ཁོང་ལ་ཟུར་ཟ་དང་སྐྱོན་བརྗོད་བྱེད་མཁན་ཚོས། རྒྱ་མོའི་སྐད་ཆ་ལ་གནས་ལུག་ཅི་ཞིག་ཡོད་མདོག་གིས་དྲ་ཐོག་ལ་བཤམ་ནས་མཐེ་བོང་སྟོན་ཁུལ་བྱེད་མཁན་དང་། བ་སྤུ་ཟིང་རབས་མིག་ཆུ་ཤོར་རབས་བཤད་མཁན་རྣམས་ཀྱི་དམིག་ཡུལ་ནི་རང་བཙན་མ་ཡིན་པར་གོང་ས་མཆོག་ལ་རྒོལ་རྒྱུ་དེ་ཡིན་པ་གསལ་པོ་སྟན་སོང་སྟེ། ཁོ་ཚོས་རྩོམ་ཡིག་འདི་ལ་རྒྱབ་སྐྱོར་བྱེད་དོན་ནི་རྒྱ་མོ་འདིས་གོང་ས་མཆོག་ལ་སྐྱོན་བརྗོད་མང་དག་ཅིག་བྱས་ཡོད་པ་དེ་ལས་གཞན་པའི་རྒྱུ་མཚན་ཞིག་དམིགས་སུ་མེད་པས་སོ།།
ཨེ་་་་ལུང་རྟོགས་་་ཁྱོད་སྙིང་རྗེ། བོད་རྒྱལ་ཁྲི་རལ་པས་རྡོ་རིང་གི་ངོས་སུ་དབོན་ཞང་གཉིས་ཅེས་བཀོད་ཡོད་རེད། ཚ་ཞང་ཡིན་ཟེར་གྱི་ཡོད་རེད། ལོ་རྒྱུས་ཀྱི་རྡོ་རིང་ལ་བཀོད་པའི་ཚ་ཞང་གི་མཛའ་འབྲེལ་ཡོད་པ་འདི་ཙམ་ཡང་མི་ཤེས་པར་་་དུས་རྟག་ཏུ་་་བྷབྷབྷབྷབྷབྷབྷ་་་ཅིག་བཤད་བསྡད་ན་ཕན་ཐོགས་ག་རེ་འདུག་གམ། ཁྱོད་ཤ་ཚ།
རྒྱ་མོ་དེས་བོད་རིགས་སྤུན་ཟླ་ཡིན་ཟེར་བ་ཙམ་བོད་རང་བཙན་མིན་པའི་སྒྲུབ་བྱེད་ཇི་ལྟར་འགྲོ་གི་རེད་དམ། ཏ་ལའི་བླ་མས་བོད་རང་བཙན་སེམས་ནས་དོར་བ་དང་དད་ལྡན་མི་དམངས་དོར་བཅུག་པ་འདི་ནི་བརྗེད་ཐབས་མེད་པའི་སྡུག་བསྔལ་ཡིན་ད།
ངོ་ཚ་མེད་པའི་སྐད་ཆ་རྐྱང་རྐྱང་བཤད། ཧམ་པ་རྐྱང་རྐྱང་བཤད། བོད་རིགས་སྤུན་ཟླ་ཡིན་ཟེར་བ་ཙམ་གྱིས་རང་བཙན་ལ་རྒྱབ་སྐྱོར་མེད་པ་མཚོན་ན་་་མའོ་ཡིོ་བུ་ལྟ་བུ་ཡིན་ཟེར་མཁན་གྱིས་ཅི་ཞིག་མཚོན་ནམ།
དམ་ལོག་ཁྱོད་འདྲ་ད་ནས་ཕན་སྐྱབས་ཆེན་བླ་མ་ཚོས་ཐུགས་ལ་མི་འཛིན་པར་ཤོག།
རྡོ་རྗེ་སྐྱོབ་པ་ལགས། དགེ་བཤེས་འཇོག་སའི་ས་ཆ་གཙོ་བོ་ཡིན་པ་བདེན་ན། དེང་སྐབས་རྒྱ་གར་ནང་དགེ་བཤེས་འཇོག་མཁན་དག་ལ་༼རྒྱ་རམས་པ༽མི་ཟེར་བར་༼ལྷ་རམས་པ༽ཟེར་དོན་ཅི། དེ་མིན་དྲི་བ་གཅིག་ཡོད། དགེ་བཤེས་ཟེར་བའི་བསླབ་མིང་འདི་ཐོག་མར་འཛིན་མཁན་སུ་རེད།
དབུ་མ་ཟེར་བ་ནི་བོད་མི་རིགས་ཀྱི་འདོད་འདུན་ལ་གཙོ་བོ་མ་སྟུན་པ་རྒྱ་ནག་གི་འདོད་འདུན་ལ་གཙོ་ཆེ་སྟུན་ནས་བཟོས་བ་གསལ་བོ་རེད། ལྷག་པར་དུ་དབུ་མའི་ཡོང་ཁུང་རྒྱ་ནག་ལས་སྐུ་མདུན་མ་རེད། སྐུ་མདུན་གྱིས་དེ་ངོས་ལེན་གནང་བ་ཙམ་རེད། དེ་བརྟེན། དབུ་མ་ག་འདྲ་ཞིག་ཡིན་མིན་རྩད་གཅོད་གསལ་བོ་བཏང་དགོས་ན་གཙོ་བོ་ཡོང་ཁུང་གི་རྒྱ་ནག་ལ་ཞིབ་འཇུག་བྱེད་དགོས་བ་ལས་སྐུ་མདུན་མིན། རྒྱ་ནག་ལ་ཞིབ་འཇུག་བྱེད་དགོས་ཚེ། གོང་གི་རྩོམ་ཡིག་འདི་ནི་དཔྱད་གཞིའི་ཡིག་ཆ་ཡག་པོ་ཞིག་ཡིན་པ་འདོད།
ཨ་ནུ་ཐང་བསོད་ནམས་ཀྱིས་འདིར་རྒྱ་གཞུང་ཁ་དགྲ་ལ་འཁོར་བའི་ནུབ་ཕྱོགས་པ་ཚོའི་སྐད་ཆ་བསྐྱར་འགོད་བྱས་པ་ཚེགས་ཆེ། ཏིན་ཞའོ་ཕིན་གྱིས་དོན་དགུ་ལོར་རྒྱ་ལོ་དོན་གྲུབ་ལ་སྐད་བསྐུར་དུས་༧གོང་ས་མཆོག་གཙོས་སྐབས་དེའི་བཙན་བྱོལ་བོད་གཞུང་གིས་དོན་བཞི་ནས་དབུ་མའི་ལམ་ལ་དགོངས་བཞེས་གནང་འདུག་རྩོམ་ཡིག་འདི་འབྲི་མཁན་རྒྱ་མོ་འདིས་ཀྱང་དེ་ལྟར་ཟེར་འདུག་ ཁྱོད་ལ་མིག་འུ་ཡོད། དེའི་རྐྱེན་གྱིས་སྐུ་མདུན་གྱིས་དེ་ངོས་ལེན་གནང་བ་ཙམ་རེད་ཟེར་བའི་དོན་དག་ག་རེ་རེད།
ཨ་ནུ་ཐང་བསོད་ནམས་ཀྱིས་འདིར་ཁ་དགྲ་ལ་(རྒྱ་གཞུང་)འཁོར་བའི་ནུབ་ཕྱོགས་པ་ཚོའི་སྐད་ཆ་བསྐྱར་འགོད་བྱས་པ་ཚེགས་ཆེ། ཏིན་ཞའོ་ཕིན་གྱིས་དོན་དགུ་ལོར་རྒྱ་ལོ་དོན་གྲུབ་ལ་སྐད་བསྐུར་དུས་༧གོང་ས་མཆོག་གཙོས་སྐབས་དེའི་བཙན་བྱོལ་བོད་གཞུང་གིས་དོན་བཞི་ནས་དབུ་མའི་ལམ་ལ་དགོངས་བཞེས་གནང་འདུག་རྩོམ་ཡིག་འདི་འབྲི་མཁན་རྒྱ་མོ་འདིས་ཀྱང་དེ་ལྟར་ཟེར་འདུག་ ཁྱོད་ལ་མིག་འུ་ཡོད། དེའི་རྐྱེན་གྱིས་སྐུ་མདུན་གྱིས་དེ་ངོས་ལེན་གནང་བ་ཙམ་རེད་ཟེར་བའི་དོན་དག་ག་རེ་རེད།
ཅོ་རི་ཉི་མ་ལགས། བསྲེག་བཅད་བརྡར་གསུམ་གྱིས་རིགས་པ་གཏན་ལ་འབེབས་སྟངས་ཁས་ལེན་མཁན་ཞིག་ཡིན་ན། རྩོད་པ་ནི་རྒྱུན་ལྡན་ཞིག་རེད་ལ། མ་རྩོམ་རང་མིན་ཡང་ཕྱོགས་གཏོགས་སྒང་རྩོད་པ་རྒྱག་ཆོག་ད་ཆོག གཙོ་བོ་འདུམ་འགྲིག་གི་ལམ་ཁ་འཚོལ་རྒྱུ་ནི་ཤེས་ཡོན་པ་ཚོའི་ལས་འགན་རེད།
ཅོ་རི་ཨབ་ཕྲུག མི་རིགས་མི་འདྲ་བའི་ཁྱིམ་ཚང་གཉིས་གཉེན་སྒྲིག་པ་ཙམ་གྱིས་མི་རིགས་དེ་གཉིས་སྤུན་ཟླར་འགྱུར་ན། ཁྱོད་ཅོ་རི་བྷིན་ལ་ཌན་གྱི་སྤུན་ཟླ་ཡིན་པར་འགྱུར་ཏེ་ཨ་རབ་ཀྱི་ཁ་ཆེ་དང་གཉེན་སྒྲིག་མཁན་བོད་པ་ཡོད་པས་སོ། ཧཧཧ རྒྱ་མོ་དེས་སྤུན་ཟླ་མི་རིགས་ཟེར་བ་དེས་བོད་རང་བཙན་འདོད་ཀྱི་མེད་པའི་སྒྲུབ་བྱེད་དཔེར་མཚོན་དང་བཅས་གོང་དུ་བཀོད་ཡོད་པས་དེ་མ་མཐོང་ཟེར་ན་ལོང་བ་ཡིན་རྒྱུ་རེད། གོང་ས་མཆོག་གིས་ཕྱག་ལས་ཇི་ལྟར་གནང་གི་ཡོད་མེད་བོད་མི་མང་གིས་གསལ་གསལ་ཐིང་ཐིང་ཤེས་ཀྱི་ཡོད་རེད་ལ་འཛམ་གླིང་མི་མང་གིས་གསལ་གསལ་ཐིང་ཐིང་ཤེས་ཀྱི་ཡོད་རེད། དེས་ན་ཁོང་ལ་མཚན་སྨོད་ཇི་ཙམ་ཞུས་ཀྱང་ཁྱོད་ཅོ་རི་འདི་ཕྱི་གཉིས་ཀ་ལ་ཐུར་ནས་ཐུར་དུ་འགྲོ་བྱེད་ཙམ་ལས་ཅི་ཡང་མེད་པ་ཤེས་པར་གྱིས་ལ་བསྐྲུ་ཁ་ལ་བདག་པོ་ཡག་པོ་རྒྱག་ཨེ་ཐུབ་ལྟོས་དང་དེས་ཁེ་ཆེ་ལེ་རེད།
ཏིང་གི་སྐད་ཆ་མ་གོང་ནས་ཐབས་ཟད་ཨུ་ཐུག་གི་སྟོང་བསམ་ཙམ་ལས་དབུ་མ་ཟེར་བ་ཞིག་མེད། དབུ་མའི་རྩ་བ་རྒྱས་ས་ཏིང་གི་སྐད་ཆ་རེད་ལ། ཏིང་གིས་རྒྱ་དོན་ལ་འབྲེལ་བ་བྱས་ནས་སྐད་ཆ་དེ་སྐུ་མདུན་ལ་བསྐུར་བ་རེད། དེ་སྐུ་མདུན་གྱིས་ངོས་ལེན་གནང་བ་ཙམ་རེད། ལོ་གསུམ་བཞིའི་སྔོན་དུ་དབུ་མའི་འབྱུང་ཁུང་རྒྱ་ནག་ཡིན་པ། སྐུ་མདུན་གྱིས་ཨོ་སི་ཁྲི་རི་ཡ་ནས་ངོས་ལེན་གནང་འདུག ཡིན་ཡང་། ཁོང་གིས་དེ་ནི་བོད་ཀྱི་རྩ་དོན་ལ་ཕན་པས་ཁོང་གིས་ངོས་ལེན་བྱས་ཚུལ་གསུངས་ཀྱིན་འདུག ཡིན་ཡང་། ལོ་ངོ་སོ་ལྔ་རེད། མི་ཚེའི་ཕྱེད་ཀ་རེད། སྐུ་མདུན་གྱི་མི་ཚེའི་བཟང་ཤོས་རེད། ཡིན་ཡང་། ད་དུང་ལག་སྟོང་ཡིན་པས་ཁོང་གི་རྒྱབ་སྐྱོར་བ་དང་། ཁོང་ལ་ཤ་ཞེན་བྱེད་མཁན་གྱི་མི་མང་པོ་ཞིག་སེམས་པ་ན་གི་འདུག ཆབ་སྲིད་ཀྱི་གཡོ་ཐབས་ཟེར་ན་དེ་རེད། དེ་ལས་ལྷག་ཅིག་ཡོད་བ་མ་རེད།
ཨོ་རེད། དབུ་མ་ཡི་འབྱུང་རྒྱ་ནག་ཡིན་པ་ནུབ་ཕྱོགས་པ་སུ་ཞིག་གིས་བཤད་ཀྱིན་འདུག ངས་མཐོང་མ་སོང་། ཁྱེད་ཀྱིས་གཟིགས་ཡོད་ན། ངོ་སྤྲོད་གནང་བའི་རེ་བ་ཡོད། ཐུགས་རྗེ་ཆེ།
སྔར་དབུ་མའི་ལམ་གྱི་ལྟེ་བ་ནི་འཚེ་མེད་ཞི་བ་དང་རང་ཐག་རང་གཅོད་རེད། དེ་ལ་དགག་པ་རྒྱག་མཁན་རྒྱ་དམར་གཞུང་གཅིག་པུ་རེད། ད་ལྟ་དབུ་མའི་ལམ་གྱི་ལྟེ་བ་ནི་འཚེ་མེད་ཞི་བ་དང་རྒྱ་དམར་རྩ་ཁྲིམས་འོག་གི་རང་སྐྱོང་རེད་ལ། འཚེ་མེད་ཞི་བར་ཚང་མར་རྒྱབ་བསྐྱོར་ཡོད་ནའང་། རྒྱ་དམར་རྩ་ཁྲིམས་འོག་ལ་འགྲོ་འདུན་དེར་དགག་པ་རྒྱག་མཁན་བོད་མིའི་ཁྲོད་གང་མང་བྱུང་ཡོད་པའི་ཁར། རྒྱ་མིའི་ནང་དུའང་ཇེ་མང་ནས་ཇེ་མང་ལ་འགྲོ་བཞིན་པ་རེད། རྒྱུ་མཚན་ནི་རྒྱ་དམར་རྩ་ཁྲིམས་འོག་གི་གདམ་ག་དེ་བཞིན་རྒྱ་དམར་དབང་འཛིན་པར་ཕན་ཐོགས་ཡོད་པ་ཞིག་ལས་མང་ཚོགས་དཀྱུས་མར་ཕན་ཐོགས་རྒྱུ་ཕར་ཞོག ད་དུང་ཁོང་ཚོར་དམངས་གཙོ་མངོན་འགྱུར་ཡོང་བའི་འགོག་རྡོར་འགྱུར་ཉེན་འདུག་བསམ་བཞིན་པས་རེད། ཚང་མས་འདིའི་ཐད་དགོངས་ཚུལ་གསུང་རོགས།
ཨེ་་་ལུང་རྟོགས་ལག་གཡོག ཧན་དྷི་ཙེ་ན་བྷ་ཡེ་བྷ་ཡེ་ཟེར་དུས་རྒྱ་གར་ནག་གཉིས་སྤུན་ཟླ་ཡིན་ཟེར་བ་གྱི་ཡོད་པ་ཨེ་རེད། སྤུན་ཟླ་ཡིན་ཟེར་བ་ཙམ་གྱིས་རང་བཙན་མིན་པར་སྒྲུབ་ཀྱི་ཡོད་ན་རྒྱ་གར་ནག་གཉིས་ཀྱི་ནང་ནས་སུ་རང་བཙན་མིན་ཟེར་གྱི་ཡོད་རེད་དམ། ཧན་དྷི་ཙེ་ན་བྷ་ཡེ་བྷ་ཡེ་ཟེར་ནས་བཤད་མྱངས་བའི་ཕྱིར། ཁྱབ་པ་ཁོད།་་ཧཧ
ཨོ་རེད་་་ཁ་བདག་པོ་རྒྱག་ཟེར་ནས་འཇིགས་སྐུལ་བྱེད་ནའང་ཕན་ཐོགས་ཡོད་མ་རེད། བོད་རྒྱལ་ཁབ་ཀྱི་ཆེད་དུ་རང་སྲོག་ཤོར་ན་འགྱོད་པ་སྤུ་ཙམ་མེད། ག་རེ་བྱེད་ཡ་ཡོད་ན་་་་སྒུག་སྡོད་ཆོག ཤེས་སོང་ངམ། བསམ་བློ་སྔོན་ནས་བཏང་ནས་བསླེབས་པ་ཡིན།
ཨོ་རེད་་་ལུང་རྟོགས་་་་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་་་གསོན་ན་བཙོན་དུ་འགྲོ་ཐུབ་པའི་ཆོག་སེམས་དང་ཤི་ན་དམྱལ་བ་འགྲོ་ཕོད་པའི་དམ་བཅའ་བརྟན་པོ་ཡོད། དེ་ལུགས་བྱོས། འཇིགས་སྐུལ་བྱེད་ཀྱི་ཞོག
ཧཧཧ ཅོ་རི་ཨབ་ཕྲུག ད་སྒྲུབ་བྱེད་དེ་འདྲ་ཞིག་ལས་བཀོད་རྒྱུ་མེད་ན་ངོ་ཚ། ཧིན་དུ་ཀྱ་ན་བྷ་ཡི་བྷ་ཡི་ཟེར་བ་ནི་ཆབ་སྲིད་ཀྱི་འཁྲབ་སྟོན་ཙམ་རེད། དེ་བཞིན་རྒྱ་ནག་གིས་བོད་རིགས་ཚོར་སྤུན་ཟླ་ཞེས་འབོད་པ་དེ་ཡང་ཆབ་སྲིད་ཀྱི་འཁྲབ་སྟོན་གཞན་ཞིག་རེད། དེ གཉིས་མིང་འདྲ་ཡང་དོན་ཅིག་པ་མ་རེད། མིང་འདྲ་བ་ཙམ་གྱིས་དོན་ཡང་ཅིག་པ་ཡིན་དགོས་ན་ཁྱོད་རང་གི་མགོ་དེ་ཁྱི་མགོ་ཡིན་པར་འགྱུར་ཏེ། ཁྱི་མགོ་མི་མགོ་གཉིས་ཀ་མགོ་ཞེས་པའི་མིང་མཚུངས་པའི་ཕྱིར། ཧཧཧ གཉིས་ནས་ཁ་ལ་བདག་པོ་རྒྱོབ་ཞེས་ཁྱེད་རང་གི་འདི་ཕྱི་གཉིས་ཕུང་གི་ལས་ལ་མི་འཇུག་པའི་རེ་སྐུལ་ཞིག་བྱས་པ་ཡིན་ཡང་བཟང་ངན་མི་ཤེས་པའི་མིའི་ནམ་ཡང་གོ་བ་ལོག་སྒྲུབ་ཞིག་ལས་མི་ཤེས་པ་ནི་ཆོས་ཉིད་རེད། བོད་རྒྱལ་ཁབས་ཀྱི་དོན་དུ་རང་སྲོག་ཤོར་བར་མི་འགྱོད་པའི་དོའ་སྤོབས་ཤིག་ཡོད་ན། བོད་ས་ཡོངས་རྫོགས་བཙན་བཟུང་བྱེད་མཁན་རྒྱ་ནག་དམར་གཞུང་ལ་ངོ་རྒོལ་གྱིས། དེ་མིན་ཕྱི་དགྲ་བོའི་སྟེང་ལ་དར་ལས་འཇམ། ནང་ཕུ་ནུའི་སྟེང་ལ་ཚེར་ལས་རྩུབ་པའི་བྱ་སྤྱོད་དེ་འདྲས་ནི་བླ་བཙོང་བ་ལས་དཔའ་བོའི་མིང་ཞིག་ནམ་ཡང་ཐོབ་མི་སྲིད་དོ།།
ཕྱིའི་དགྲ་མགོ་རྡུང་བའི་ཐོ་བ་མི་ཕན་པར་ནང་ཕུ་ནུ་དཀྲུགས་རྐྱེན་གྱི་རྡོ་ལུ་དེ་ཁྱོད་རང་ཚོ་རེད། བཙན་བྱོལ་བོད་མི་དུམ་བུ་ཁ་བྲལ་བཏང་མཁན་ཁྱོད་རང་ཚོ་རེད། ཕྱིའི་དགྲ་བོ་ཐུག་དུས་གཉིས་ཕན་དང་གྲོས་མོལ་བཤད། ནང་ཕུ་ནུ་ཐུག་དུས་ཁྱོད་ཤི་ང་གསོན་མ་གཏོགས་གྲོས་མོལ་བྱེད་གང་ཡང་ལྷག་མེད་ཟེར་མཁན་ཁྱོད་རང་ཚོ་རེད། ངོ་ཚ་མེད་པ།
ཉམ་ཆུང་ཕུ་ནུའི་ཐོག་ཏུ་དམར་ཡག་སྟག་གི་མཆེ་བ་སྐྱངས་ཀྱི་ཡོད་མཁན་དང་དགྲ་བོ་མའོ་ལ་རྔ་མ་གཡུགས་ཀྱི་ཡོད་མཁན་ཁྱོད་རང་ཚོ་ཡིན་པ། འདི་ཕྱི་གཉིས་མེད་བཟོ་མཁན་ཟེར་བ་དེ་རྒྱུ་འབྲས་མེད་མཁན། དྲང་བདེན་གྱི་དགྲ་བོ། ཉམ་ཆུང་གི་གཉའ་གནོན་ཚོ་རེད། ང་ཅོ་རིའི་་ཁ་ཕྱོགས་འདི་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་གཉིས་ཀ་དང་མཐུན་ཡོད་པས་ཁྱོད་ཀྱིས་ངའི་འདི་ཕྱི་གཉིས་ལ་ཐུགས་ཁུར་གནང་མི་དགོས། གཅིག་རེད།
གནད་དོན་གཞན་དེ་ནི་་་་ཐང་གོང་མས་བོད་དང་ཚ་ཞང་ཡིན་གསུངས་པ་དེ་རྒྱ་བོད་ཁུངས་ཡིན་ལབ་ཀྱི་ཡོད་པར་ཨེ་རེད། ཁྱོད་ཚོ་ངོ་མ་སྨྱོན་འདུག སྤེན་པ་རྒྱག་པས་སྐར་ལྔའི་དར་དམར་ལ་འགྲེལ་བཤད་རྒྱག་སྟངས་དེ་ནི་བདག་པོ་གུན་ཁྲན་ཏང་གིས་མ་རྒྱག་པའི་འགྲེལ་བཤད་རེད། ཁྱོད་ཀྱིས་བོད་རིགས་སྤུན་ཟླ་ཟེར་བ་ལ་འགྲེལ་རྒྱག་སྟངས་འདི་ནི་རྒྱ་མི་རིགས་ཀྱི་སེམས་མ་འཁོར་བའི་འགྲེལ་བཤད་ཤིག་རེད།
སྨྱོན་པའི་སྨན་ཁང་ནང་དུ་སྟོན་ཙམ་བྱོས། ངས་བྱས་ན་ཁྱོད་ཚོ་ལ་སྨྱོན་ནད་ཕོག་ཤག
ལྷ་སྡེ་གནམ་ལོ་གཡག་ལགས་ལ་འདྲི་?ཁྱོད་ཀྱིས་བཤད་སྟངས་ལས་རྒྱ་ནག་དམར་པོའི་དབང་འཛིན་པ་ཚོ་དང་རྩ་ཁྲིམས་གཉིས་མཉམ་བསྲེས་ཀྱི་སྐད་ཆ་བཤད་བཞིན་པའི་ཚོར་སྣང་ཞིག་སྟེར་གྱིན་འདུག། དབང་བསྒྱུར་སྲིད་ཇུས་དང་རྩ་ཁྲིམས་གཉིས་ཁ་ཁ་སོ་སོ་མ་རེད་དམ? དབང་བསྒྱུར་པའི་མངའ་འོག་ཏུ་དཀའ་སྡུག་མྱངས་བཞིན་པ་རྩ་ཁྲིམས་འོག་ཏུ་མྱང་པར་ངོས་འཛིན་གཅིག་པ་བྱས་ན། དོན་ལ་དབང་བསྒྱུར་པའི་རྩ་ཁྲིམས་ལག་ལེན་དང་རྩ་ཁྲིམས་གཙིག་འཛིན་བྱེད་ཀྱིན་པར་ངོས་ལེན་བྱས་པ་མ་ཡིན་ནམ? ཁྱོད་ཀྱིས་བསམ་ན་དམར་པོའི་དབང་འཛིན་པ་ཚོས་རྒྱ་ནག་རྩ་ཁྲིམས་ནང་གསལ་བཞིན་རྒྱལ་ཁབ་སྐྱོང་གིན་ཡོད་དམ?
ཅོ་རི་ཉི་མ་ལགས་ལ་ཞུ་རྒྱུར། ཁྱོད་ཀྱིས་དུས་རྒྱུན་རང་བཙན་དང་ཆིག་སྒྲིལ་ཟེར་ནས་སྐད་ཆ་སྤོམ་པོ་དག་བཤད་ཀྱིན་ཡོད་པས་དངོས་གནས་ཁྱོད་ཀྱི་རང་བཙན་དང་ཆིག་སྒྲིལ་འདོད་ཀྱིན་ཡོད་དམ? གལ་སྲིད་དོན་ངོ་མའི་ཁྱེད་ཀྱིས་བཤད་བཞིན་པ་བསམ་གྱིན་ཡོད་ན་དགའ་བསུ་ལས་གཞན་གང་ཡང་མེད། རྒྱུ་མཚན་ནི་་་རང་བཙན་དང་ཆིག་སྒྲིལ་ནི་ང་ལ་མཚོན་ན་མངོན་འདོད་དང་རྨི་ལམ་ཁོའོ། ཡིན་ཡང་ཉིད་ཀྱིས་སྐད་ཆ་བརྒྱ་ཅུའི་དགུ་བཅུའི་ཟུར་མདའ་འཕེན་ས་ནི་༧གོང་ས་ཏྰ་ལའི་བླ་མ་གཙོའི་མི་རབས་པ་ཚོ་དང་ཁོང་ཚོ་ནི་རྒྱལ་བཙོང་བར་དངོས་འཛིན་དང་ཆུ་བཞི་སྒང་དྲུག་གི་དཔའ་རྒོད་ཚོའི་རྐང་རྗེས་ལག་སྲུབ་བྱེད་མཁན་ཚོ་དང་དགྲ་བོ་ལག་དམར་གྱི་རྒྱུགས་ཁྱི་དོལ་ཚོགས། ཁྱོད་ཀྱི་གནས་ལུགས་དང་བདེན་དོན་གྱི་རྒྱབ་རི་ཡིན་པར་དོན་ལ་བཤད་ཀྱིན་འདུག་་་་དེ་བས་ལན་རེ་ཁྱོད་ཀྱིས་གླེང་བཞིན་པའི་ཆིག་སྒྲིལ་གྱི་ཕུགས་སུ་ཞེ་མཁོན་ཅི་ཞིག་སྤས་འདུག་ཡོད་ན་བསམ་པའི་ཐེ་ཚོམ་མི་སྐྱེ་རང་སྐྱེ་བྱུང་། གང་ལྟར་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞིན་བའི་ཕྱག་ཏུ་བོད་ཀྱི་སྲིད་དབང་བཞགས་དུས་བཙོང་རྒྱུ་ག་ཚོད་ཞིག་ལྷག་ཡོད་པ་ལོ་རྒྱུས་ཀྱིས་ཁྱོད་ལ་གསལ་བཤད་གནང་ངེས་། དེ་ཡང་ལྷ་སའི་དམངས་གཞས་ཤིག་ལ་ཆབ་སྲིད་ཕྱི་རུལ་ནང་རུལ་༧རྒྱལ་བའི་ཕྱག་ལ་ཕུལ་བྱུང་ཟེར་བ་འདིས་ཀྱང་ཁྱོད་ལ་གོ་བརྡ་ཞིག་འཕྲོད་པའི་རེ་བ་ཡོད་་་་རྩ་བའི་ང་ཡང་དབུ་མའི་ལམ་མམ་རང་སྲིད་རང་སྐྱོང་གང་ལའང་མོས་མཐུན་དང་ངོས་ལེན་ཡོད་པ་ནས་མེད་པ་ཆགས་པའི་མི་ཞིག་ཡིན། འོན་ཀྱང་དངོས་ཡོད་དང་ལོ་རྒྱུས་ད་དུང་ཡང་ཁེས་ལེན་གིན་ཡོད་་་
ཆུ་བ་འཕྲིན་བཟང་ལགས།
ཁྱོད་རང་ཡང་རང་བཙན་བསམ་མཁན་ཞིག་ཡིན་གསུངས་པ་ནི་སེམས་བསམ་པའི་གཏིང་ནས་དགའ་པོ་ཡོད་ལ་གུས་བཀུར། ང་དང་ང་འདྲ་བའི་རང་བཙན་འདོད་མཁན་ཚོས་བོད་རྒྱལ་ཁབ་ཤི་ས་ནས་གསོན་ཐུབ་དང་འགྱེལ་ས་ནས་ལང་ཐུབ་པའི་ཐབས་ཇུས་གསུམ་ངོས་འཛིན་པ་རེད། དེའི་ནང་ནས་ཆིག་སྒྲིལ་ནི་རྩ་དོན་གལ་ཆེན་ཞིག་དང་། མེད་དུ་མུ་རུང་བའི་རྩ་དོན་ཞིག་ངོས་འཛིན་བྱུང་བ་རེད།
དེ་ཡང་་་་་་བོད་མི་ཤེས་ཡོན་ཅན་མང་པོས་སྔོན་བྱུང་གི་ལོ་རྒྱུས་ལ་ཕྱི་བལྟས་བྱས། ལོ་རྒྱུས་ཀྱི་ནོར་འཁྲུལ་གླེང་། ནོར་འཁྲུལ་ངོས་འཛིན་བྱས། ནོར་འཁྲུལ་ངོས་ཟིན་པའི་ཐོག་ནས་ལོ་རྒྱུས་ཀྱི་ཉམས་མྱོང་ལས་བསླབ་བྱ་དང་ཐབས་ཇུས་ལེན་པ་རེད། ཐབས་ཇུས་གཅིག་ནི་ཆིག་སྒྲིལ་རེད།
ཆིག་སྒྲིལ་དགོས་པ་འདི་ཡང་བོད་ཀྱི་སྤྱི་ཚོགས་དངོས་དང་སྦྱར་ནས་བཤད་པ་རེད། ཆིག་སྒྲིལ་མེད་མཁན་ཕྱོགས་གཅིག་ནི་དོལ་ཚོགས་དང་རྒྱལ་བ་རིན་པོ་ཆེན་གྱི་་བར་དུ་རེད། འདི་གཉིས་མཐུན་སྒྲིལ་ཡོང་ཆེན་དུ་སྐད་ཆ་བཤད་དུས་མཐུན་ལམ་བྱེད་ཀྱི་མིན་ཟེར་མཁན་ནི་རྒྱལ་བ་རིན་ཆེན་གྱི་ཕྱོགས་གཏོགས་རེད།
དེ་འདྲ་ཡིན་དུས་རྒྱལ་བ་རིན་པོ་ཆེན་ལ་ཚིག་གིས་ཟུར་མདའ་མ་འཕེན་རང་འཕེན་རེད། དོལ་ཚོགས་རྡུང་ནས་ཆིག་སྒྲིལ་ཡོང་ཡ་མེད་པར་གསལ་པོ་རེད་འདུག་ལ་་་་ཆོས་དད་རང་དབང་ནི་རྒྱལ་སྤྱིའི་ཁྲིམས་ལུགས་ནང་དུ་ཡོད་པའི་ཐོང་ཐང་རེད།།།།
དེ་ནས་ཁྱོད་ཀྱིས་ཆུ་བཞི་སྒང་དྲུག་གི་དཔའ་རྒོད་ཚོའི་རྐང་རྗེས་ལག་སྲུབ་བྱེད་མཁན་ཚོ་་དང་་་་ཞེས་བཤད་འདུག འདི་ནི་དྲང་བདེན་ཡོད་པའི་སྐད་ཆ་ཞིག་ལ་ངོས་འཛིན་བྱེད་ཀྱི་མིན། ལི་ཐང་ཨ་ཐར་དང་གཅིག བྱ་རྒོད་སྲས་དོན་ཡོད་དང་གཉིས། རྒ་བྲའུ་དཔོན་རིན་ཆེན་ཚེ་རིང་དང་གསུམ། དཀར་མཛེས་བསོད་དགའ་དང་བཞི། ཁོ་ཚོ་གཙོ་བོ་གྱུར་པའི་སྐབས་དེ་དུས་ཆུ་སྒང་གི་ལས་བྱེད་པ་ཚོ་་་རྐང་རྗེས་ལག་སྲུབ་བྱེད་མཁན་ཞིག་ངོས་འཛིན་མེད་ལ་་་རྒྱུ་མཚན་ཡང་དག་ཞིག་ཡང་རྩ་བ་ནས་མེད།།། ཡོད་ན་ཁྱོད་ཀྱིས་གསུང་རོགས་བྱོས།
གཉིས་པ། ཁྱོད་ཀྱིས་དོལ་ཚོགས་རྒྱ་དམར་གྱི་རྒྱུགས་ཁྱི་རེད་ཅེས་བཤད་འདུག ངས་བལྟས་ན་དོལ་ཚོགས་རྒྱ་དམར་གྱི་རྒྱུགས་ཁྱི་རེད་ཟེར་བ་འདི་ལ་བདེན་ཁ་དང་དཔང་རྟགས་སྟོན་གྱི་མི་འདུག་བསམས་ཀྱི་ཡོད། ཡོད་ན་སྟོན་རོགས་བྱོས།
དེ་ལས་དབུ་མའི་ལམ་ཚང་ནི་རྒྱ་དམར་གྱི་རྒྱུགས་ཁྱི་རེད་ཟེར་ན་དོན་དང་མཐུན་ལ་རྒྱུ་མཚན་ཡང་དག་བཤད་ཀྱི་ཡོད།
༡་་་དབུ་མའི་ལམ་ཚང་གིས་རྒྱ་དམར་གྱི་འདོད་པ་ལྟར་དམངས་གཙོ་མི་རྩོད་ལ་དམར་ཕྱོགས་པའི་རྩ་ཁྲིམས་འོག་ཏུ་སྡོད་ཀྱི་ཁས་ལེན། ཏང་གི་རྒྱུགས་ཁྱི་གཅིག་ཡིན།
༢་་་རྒྱ་དམར་གྱི་འདོད་པ་ལྟར་རྒྱ་ནག་གཅིག་ལ་ཁས་ལེན་ལ་རང་བཙན་ཟེར་ནས་ཁ་བྲལ་མི་རྩོད། རྒྱུགས་ཁྱི་གཉིས་པ་བྱས།
༣་་་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཁས་ལེན་ན་བོད་ནི་རྒྱ་ཁུངས་ཡིན་པར་ཁས་ལེན་དགོས་པའི་ལོ་རྒྱུས་ཀྱི་རུས་རྐང་བཅག་མཁན་གྱི་རྒྱུགས་ཁྱི་གསུམ་པ་དེ་ཡིན།
འདི་དང་འདི་འདྲ་བའི་གནད་དོན་མང་པོ་ཞིག་གི་ཐོག་ནས་དབུ་མའི་ལམ་གྱི་གཙོ་འཛིན་ཏྭ་ལའི་བླ་མ་མཆོག་ལ་སྐད་ཆ་ཁ་ཐུག་མི་བཤད་དཀའ་མེད་ཆགས་ཡོད། མ་གཏོགས་བཤད་འདོད་ཡོད་པ་དང་དགའ་དྲགས་ནས་མིན། ཨུ་ཐུག་ནས་ཡིན། ང་ཡང་ཕོ་ལོ་ཅོ་བརྒྱད་ནས་བདེན་ཚིག་སྨོན་ལམ་བློ་འདོན་བྱས་ནས་འཚར་ལོངས་བྱུང་བའི་མི་ཞིག་ཡིན་ལ་རྒྱལ་བ་རིན་པོ་ཆེན་ལ་ཧ་ཅང་དགའ་པོ་ཡོད། སྐད་ཆ་ཐབས་སྡུག་འདི་འདྲ་བཤད་དགོས་ཐུག་གྱི་རེད་བསམས་པའི་སྣང་བའི་ཡུལ་ལ་མེད།
ད་ནི་་་རང་བཙན་ཐོག་ཏུ་མི་ཚེ་འདི་ལ་འགྱུར་བ་གཏོང་འདོད་མེད་ལ་མུ་མཐུད་ནས་བོད་ཀྱི་མྱི་ཆེན་དང་མྱི་ཆུང་། ཤ་ཉེ་དང་ཕ་མ། གྲོགས་པོ་དང་གྲོགས་མོ་་་སུ་འདྲ་ཞིག་ཡིན་ན་བོད་རང་བཙན་གྱི་ཆེད་དུ་དགག་པ་རྒྱག་དགོས་བྱུང་ན་རྒྱག་ངེས་ཡིན་པ་དཀོན་མཆོག་གསུམ་པོ་དཔང་དུ་བཙུགས།།།། རང་ཕྱོགས་དང་གཞན་ཕྱོགས་ཀྱི་དབྱེ་བ་མི་ཕྱེས་ལ། མདོ་ན་་བོད་རང་བཙན་གྱི་ཆེད་དུ་རང་གི་ཕ་མ་ཡིན་ནའང་གདོང་ན་མཛུབ་མོ་བཙུགས་ངེས་ཡིན་པ་ནི་་་་དམ་པ་དགེ་ཆོས་མཆོག་ངའི་མགོ་ལ་བཞག་ནས་མནའ་ཞིག་འབོད།།། ད་ནི་ཡིད་མ་ཆེས་ན་ང་ལ་ཅང་ཐབས་ཤེས་མེད་དོ།
ཨོ་རེད་་་བོད་རང་བཙན་གྱི་ཆེད་དུ་འཐབ་རྩོད་བྱེད་དུས་དང་སྐད་ཆ་བཤད་དུས་་་ང་ཅོ་རིའི་རིག་པའི་དགག་བྱ་ལ་ཆེ་ཆུང་མེད་ལ་་་ངོ་སྲུང་མེད། རང་དོན་མེད། སེམས་བསམ་པའི་གཏིང་གི་སྐད་ཆ་ཡིན། དེ་འདྲ་ཞིག་གི་ཐོག་ཏུ་མུ་མཐུད་ནས་གོམ་པ་སྤོ་གྱི་ཡིན། ཤི་སྲོག་ལ་ཐུག་ཀྱང་འགྱེད་པ་མེད།།།
ཆུ་བ་ལགས་ནས་དངོས་གནས་ཡག་པོ་གསུངས་འདུག དགའ་བསུ་ཡོད།
བསྟན་འཛིན་རིག་ལྡན་ལགས། ཁྱོད་ཀྱིས་དུས་རྟག་ང་སྲུང་བསྡད་པར་དགའ་པོ་བྱུང་། ཐུགས་རྗེ་ཆེ། མུ་མཐུད་ནས་ངའི་བྲིས་པ་རྣམས་ཀློག་རོགས་བྱོས་ཅེས་རེ་བ་ཡིན།
ངས་དམ་པ་དགེ་ཆོས་མཆོག་གི་གླུ་ཞིག་ལེན་་་ཉོན་ཨ།
མི་མཐུན་རིགས་འགྲོ་བའི་རྒྱལ་ཁབ་འདིར།
བཅུ་ཡི་འདོད་པ་བརྒྱ་ཡིས་མི་འདོད་ཤིང་།
མི་ཡིས་མཐོང་བ་ལྷ་ཡིས་མི་མཐོང་བས།
བདེན་རྫུན་ཚད་མའི་ཁྲིམས་ཐག་སུ་ཡིས་ཆོད།་་་་་་ཅེས་གསུངས་པ་ལྟར་་་་་ངས་ངོས་ནས་ང་བདེན་དང་ཁྱོད་ཀྱིས་ངོས་ནས་ཁྱོད་བདེན་ཡིན་པའི་གནད་ལུགས་འདི་ལ་བསམས་ན་གཞན་གྱི་བཤད་པའི་སྐད་ཆ་ལ་བརྟག་དཔྱྲོད་བྱེད་དགོས་པ་ནི་གནད་འགག་རེད་འདོད།།།། ཁྱོད་ཀྱིས་ངའི་ཆེད་དུ་མཆན་བུ་མང་པོ་བཏབ་སོང་ཡང་ལན་བརྒྱབས་མེད།།།
བློ་མཐུན་ཅོ་རི་ལགས། གནད་དོན་འགའ་རེའི་ཐད་བསམ་ཚུལ་ཏོག་ཙམ་ཞུ་ན་འདོད། ལམ་དབུ་མའི་སྲིད་ཇུས་དེ་༧རྒྱལ་བ་རིན་པོ་ཆེས་རྒྱ་ནག་གི་གནས་བབས་དང་རྒྱལ་སྤྱིའི་གནས་བབས། བོད་ཀྱི་ཛ་དྲག་གི་གནས་བབས་ཡུལ་དུས་གནས་སྐབས་མང་པོ་ཞིག་ལ་གཟིགས་ནས་བོད་འདི་འཆི་ལམ་ནས་མྱུར་སྐྱོབ་ཀྱི་ཐབས་ལམ་ཞིག་མ་འཚོལ་ཀ་མེད་བྱུང་བ་ལས་དགའ་ཞིང་སྤྲོ་ཞིང་ལམ་དབུ་མའི་སྲིད་ཇུས་བཏོན་པ་ཞིག་ཡིན་རྒྱུ་མ་རེད་འདོད། གཞི་རྩའི་དམངས་གཙོའི་སྤྱི་ཚོགས་ཞིག་གི་འགྲོ་སྟངས་འདུག་སྟངས་ལྟར་ན་ཆབ་སྲིད་ཀྱི་དབུ་འཁྲིད་ལ་ཆབ་སྲིད་ཀྱི་ལྟ་གྲུབ་མཐུན་མིན་གྱི་མདུན་དུ་ལངས་ནས་སྐྱོན་བརྗོད་བྱེད་རྒྱུ་དེ་སྤྱིར་སྟངས་ཞིག་རེད་ལ་མ་འགྲིགས་པ་གང་ཡང་མ་རེད།
ཕྱོགས་གཞན་ཞིག་ནས་བཤད་ན་ལམ་དབུ་མའི་སྲིད་ཇུས་དེ་ཀྲུང་གོས་ཁས་ལེན་མི་འདུག་ལ་རང་བཙན་རྣམ་པ་དུ་མར་དབྱེ་ནས་ཕྱིར་ལོག་བཏང་ཚར་ཙང་ཕམ་ཉེས་བྱུང་བ་འདྲ་ཞིག་རེད། དེས་ན་རྒྱལ་བ་རིན་པོ་ཆེས་ནུབ་ཕྱོགས་གསར་ལམ་ཞིག་ཏུ་ལམ་དབུ་མའི་སྲིད་ཇུས་ལ་འབྲས་བུ་མ་བྱུང་ངོ་ཞེས་གསུངས་ཚར་བ་རེད་ལ་དམིགས་བསལ་ཚོགས་ཆེན་བསྐོང་ཚོགས་གནང་དོན་ཡང་གནད་དོན་འདིའི་ཐོག་རེད། འོན་ཀྱང་བོད་མི་རིགས་འདིར་ལྷན་སྐྱེས་ཀྱི་ངན་གོམས་ཞིག་ཡོད་པ་ནི་གོ་སྐབས་དང་ཐོབ་ཐང་ལེན་མི་ཤེས་པ་དང་འགན་འཁུར་མི་ནུས་པ་དེ་རེད། ད་གང་ལྟར་ཆབ་སྲིད་ཐུགས་འགན་བགྲེས་ཡོལ་ཕེབས་ཟིན་པ་རེད་ལ་སྲིད་སྐྱོང་ལམ་ལུགས་ཀྱིས་ཆབ་སྲིད་བསྐྱངས་ནས་གང་ལ་གང་ཙམ་ཕྱིན་ཟིན་པ་རེད། དེས་ན་སྐབས་རྗེས་མའི་སྲིད་སྐྱོང་འོས་འདེམས་སྐབས་དོ་འཁུར་གནང་དགོས་པ་དེ་ཡང་གནད་དོན་གཅིག་ཆགས་ཡོད་པ་རེད།
གཞི་རྩའི་ཏཱ་ལའི་བླ་མར་དད་པ་ཡོད་མེད་ཀྱི་གནད་དོན་མ་རེད། ཁོང་བོད་ཀྱི་ལོ་རྒྱུས་རང་བཞིན་གྱི་བསྐོས་བཞག་པའི་མི་སྣ་གལ་ཆེན་ཞིིག་ཆགས་ཀྱི་ཡོད་ཙང་བོད་མི་རིགས་ཀྱིས་གུས་བརྩི་ཞུ་དགོས་པ་དེ་ཡང་རང་བཞིན་གྱི་གནད་འགག་ཞིག་ཆགས་ཀྱི་ཡོད་པ་རེད། རང་བཙན་རྩོད་པར་མེད་དུ་མི་རུང་བ་གཅིག་ནི་བོད་ཀྱི་ལོ་རྒྱུས་རང་བཞིན་གྱི་དཔང་པོ་གཞི་ལ་འཇོག་དགོས་ཙང་ཏཱ་ལའི་བླ་མ་ཉེ་རབས་བོད་ཀྱི་ལོ་རྒྱུས་ནང་ཡོད་ན་མེད་ན་གཅིག་རེད། ཆབ་སྲིད་ལྟ་གྲུབ་མཐུན་མིན་ཇི་ལྟར་ཡང་བློ་མཐུན་ཅོ་རིས་གནད་དོན་འདིའི་ཐད་ཡིད་འཇོགས་གནང་རྒྱུའི་རེ་བས་བལྟས་ཡོད། ལར་ནས་རང་བཙན་བརྩད་ན་རང་སྐྱོང་འཐོབ་སྲིད་པ་རེད་ལ་དབུ་མའི་རང་སྐྱོང་བརྩད་ན་རང་བཙན་ཡང་འཐོབ་སྲིད་པ་རེད། གཞི་རྩའི་རང་བཙན་ཟེར་ན་མི་རིགས་གཅིག་གི་ལྷན་སྐྱེས་རང་བཞིན་གྱི་ཐོབ་ཐང་རེད་ལ་ལམ་དབུ་མ་འདི་སྲིད་ཇུས་ཞིག་རེད། སྲིད་ཇུས་ཞིག་ཡིན་ན་ཡུལ་དུས་གནས་སྐབས་ལ་འགྱུར་བ་འགྲོ་ཆོག་ཆོག་རེད། གང་ལྟར་འདི་གཉིས་ཀ་བོད་མི་རིགས་ཀྱི་རང་དབང་དང་བདེ་སྐྱིད་ཀྱི་དོན་དུ་ཡིན་པ་སྨྲོས་མེད་རེད། འོན་ཀྱང་རང་དབུ་གཉིས་གང་རུང་ཐོབ་ཀྱང་རང་དབང་དང་བདེ་སྐྱིད་ཆ་ཚང་ཞིག་འཐོབ་མིན་ངེས་པ་གཏན་ནས་མེད་པ་རེད།
དེ་ནས་གདོལ་ཚོགས་བསྐོར་དེ་ཡིན། གདོལ་ཚོགས་འདི་ཆོས་དད་རང་མོས་རྩོད་ལེན་པ་ཞིག་ཁྱོན་ནས་མ་རེད་ལ་ཉིད་ཀྱིས་བཤད་པ་ལྟར་ཉམས་ཆུང་དེ་བས་མ་རེད། རྒྱུ་མཚན་ཁོ་ཚོར་གདོལ་རྒྱལ་བརྟེན་མིན་རང་དབང་ཆ་ཙང་ཡོད་པ་མ་ཟད་བརྟེན་དང་བརྟེན་བཞིན་པ་རེད་ལ་བཀག་འགོག་བྱེད་མཁན་སུ་ཡང་མེད་པ་རེད། ལྷག་པར་དུ་ཏཱ་ལའི་བླ་མ་ཨ་རི་དང་ནུབ་ཕྱོགས་སོགས་ག་པར་ཕེབས་ན་ཡང་རྗེས་འདེད་གཏོང་རྒྱུའི་འགྲོ་གྲོན་ལ་ཐོགས་པ་མི་འདུག། སྐུ་ཉིད་ནུབ་ཕྱོགས་ནང་ཡོད་ཙང་དཔེར་ན་ནུབ་ཕྱོགས་སུ་ལས་རིགས་གང་ཙམ་ཡག་པོ་ཡོད་མཁན་ཞིག་ཡིན་ཡང་དེ་ལྟའི་འགྲོ་གྲོན་གཏོང་རྒྱུ་ཞིག་ཁག་སེའེ་རེད་པཱ། བྱས་ཙང་ཁོ་ཚོ་ཉམས་ཆུང་རྩ་བ་ནས་མ་རེད་འདོད། འོན་ཀྱང་འདི་གནད་དོན་ཞིག་མ་རེད། གནད་དོན་དེ་ཁོ་ཚོས་ཏཱ་ལའི་བླ་མ་གར་ཕེབས་རྗེས་འདེད་ཀྱིས་ངོ་རྒོལ་སྐད་ལོག་རྒྱག་རྒྱུ་ལས་མི་རིགས་རྩ་་དོན་ཆེད་ལས་འགུལ་འདྲ་སྤེལ་མཁན་སྣེ་གཅིག་ཀྱང་མཐོང་མ་སོང་། དོན་དངོས་བྱས་ན་ཁོ་ཚོས་ཏཱ་ལའི་བླ་མར་སྐད་འབོད་བྱེད་རྒྱུ་དེ་ཁ་ཀྲུང་གོར་བསྐོར་ནས་མཉམ་རུབ་ཀྱི་ལས་འགུལ་ཞིག་སྤེལ་ན་ཅི་འདྲའི་མི་ལེགས་སམ། འོན་ཀྱང་དེ་ལས་ལྡོག་ཏེས་ནུབ་ཕྱོགས་ཀྱི་གནད་ཡོད་མི་སྣས་ཏཱ་ལའི་བླ་མར་མཇལ་འཕྲད་མ་ཞུས་པ་དེར་དགའ་བསུ་ཞུས་པ་རེད། འདི་ཀྲུང་གོའི་ལས་དོན་ཞིག་ལས་ང་ཚོ་བོད་རིགས་ཀྱི་ལས་དོན་ཞིག་ནམ་ཡང་མ་རེད། ད་དུང་དམངས་ཁྲོད་ཁ་བརྡ་ཞེས་པའི་ལེ་ཚན་ནང་ཀྲུང་གོས་བཤད་པའི་གཏམ་དེ་ཚོ་བསྐྱར་ཟློས་ཡང་ཟློས་བྱེད་ཀྱི་འདུག། ཏཱ་ལའི་བླ་མས་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འོག་བཞུགས་འདོད་ཡོད་གསུངས་ཀྱང་བོད་མི་རིགས་ལ་རང་དབང་དང་ཐོབ་ཐང་དགོས་གསུངས་བ་ལས་མི་དགོས་གསུངས་ཀྱི་མི་འདུག། བྱས་ཙང་ཀྲུང་གོས་ལམ་དབུ་མར་གཡས་བསྐོར་གཡོན་བསྐོར་གྱིས་ཁ་ཡ་མི་བྱེད་པའི་རྒྱུ་མཚན་ཡང་འདི་རེད།
མདོ་དོན་ངེད་རང་བཙན་འཐབ་རྩོད་པ་ཡིན་ཡང་ཕྱོགས་ཡོངས་ཀྱི་གནད་བབས་ལ་བསམ་བློ་བཏང་ནས་ལྟ་གྲུབ་མཐུན་མིན་ཇི་ལྟར་ཡང་མཉམ་རུབ་ཀྱི་ལས་དོན་བསྒྲུབ་རྒྱུ་དེ་གལ་ཆེན་རེད་ལ། ལྟ་བ་ཕྱོགས་སུ་མ་ལྷུངས་བར་གུ་ཡང་པོའི་ཐོག་ཕན་ཚུན་བསམ་ཤེས་ཀྱིས་མཉམ་ལས་བྱས་ན་ཆིག་སྒྲིལ་ཡང་འདི་ནས་འབྱུང་གི་རེད་མ་གཏོག། གཞན་མི་སུམ་བཅུ་ལབསམ་བློ་སུམ་བཅུ་དང་མཛོ་སུམ་བཅུ་ལ་རྭ་ཅོ་དྲུག་བཅུ་ཞེས་པ་ལྟར་ཆིག་སྒྲིལ་དང་མཉམ་རུབ་ཀྱི་ལས་དོན་བསྒྲུབ་ཐབས་ཁོ་རང་ཡོད་པ་མ་རེད།
དེ་དོན་ཐུགས་ལ་བབས་ན་དགོངས་འཇགས་འཚལ།
ཞོལ་གཡག་གིས་མྱི་སྐད་ཞིག་བརྒྱབས་བཞག་ཐལ། བཟང་གི། གོང་གི་སྐད་ཆ་འདི་ཚོ་གནས་ལུགས་ལྡན་པའི་དཔྱད་པ་རེད། བསམ་བློ་འཁོར་ཚུལ་སྡུག་རྐྱལ་ཞིག་མ་རེད། དོལ་ཁྱི་ནང་བཞིན་ཡོད་ཚད་དམུར་བསྡད་པའི་ཁ་ཕོ་བ་ཞིག་མིན་པ་འདྲ།
ཞོལ་གཡག་འབྲོང་རྒྱུད་ལགས་ཀྱི་གཏམ་རིན་ཐང་ལྡན་པ། རྒྱུ་མཚན་ཡོད། ཤེས་ནས་བཤད་པ་རང་རེད། ཡིད་ཕངས་པ་ཞིག་ལ་ཅོ་རི་ཡོག་ལི་སོགས་ཀྱིས་འདིའི་དོན་མ་གོ་སྔོན་ནས་ཟུག་ཡོང་གི་རེད་དོ།
ཅོ་རིས་གོང་དུ་མཆན་ ༤༡ པར། “ཏ་ལའི་བླ་མས་བོད་རང་བཙན་སེམས་ནས་དོར་བ་དང་དད་ལྡན་མི་དམངས་དོར་བཅུག་པ་འདི་ནི་བརྗེད་ཐབས་མེད་པའི་སྡུག་བསྔལ་ཡིན་ད།” ཅེས་བཤད་ཅིང་། དེའི་འོག་ཏུ་མཆན་ ༤༢ པར་ “མའོ་ཡིོ་བུ་ལྟ་བུ་ཡིན་ཟེར་མཁན་གྱིས་ཅི་ཞིག་མཚོན་ནམ།” ཞེས་བཤད་འདུག
ཅོ་རི་ལྟ་བུའི་མི་ཆུང་ཁྱོད་འདྲ་ཞིག་དང་གནམ་ལོ་ཡག་གམ་ཀརྨ་བློ་གསལ་ཟེར་བ་ཁྱོད་ཚོས་༧གོང་ས་༧རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་མོ་མཆོག་ལ་དགའ་མི་དགའི་སྡང་སྡུག་སྟོན་པ་དེར་ཁྱོད་ཚོའི་སྙིང་མི་ན་ཚེ། ང་ཚོའི་སྙིང་ན་དགོས་དོན་མི་འདུག་ལ། དེ་ཙམ་ལ་ཁྱོད་ཚོ་དང་ཁ་འཛིང་གིས་མི་ཚེ་དོན་མེད་དུ་ཟད་དུ་འཇུག་དགོས་དོན་དེ་བས་ཀྱང་མི་མཐོང་།
ཡིན་ནའང་གོང་དུ་ཅོ་རིས་བཤད་པའི་མཆན་ ༤༡ པ་དེ་ནི་ལོ་རྒྱུས་ལ་འཁྱོག་བཤད་ཅིག་ཏུ་མཐོང་པས། ཚང་མར་འཁྲི་བའི་ཆབ་སྲིད་ཀྱི་ཁེ་ཕན་དང་འོས་འགན་ལ་དམིགས་ནས་གསལ་བཤད་ཉུང་སྡུས་ཤིག་བྱེད་དོ།
༡ “ཏཱ་ལའི་བླ་མས་རང་བཙན་དོར་བ་རེད་དམ།”
ལན། ༧གོང་ས་མཆོག་གིས་རྒྱུན་དུ་ནས་ ལོ་རྒྱུས་ཐོག་བོད་ནི་རང་བཙན་རེད། ལོ་རྒྱུས་ལ་བཟོ་བཅོས་རྒྱག་པའི་ཐོབ་ཐང་མི་སུ་ལའང་ཡོད་མ་རེད་ཅེས་གསུངས་ཏེ། བོད་ནི་རྒྱ་ནག་གི་ཆ་ཤས་རེད་ཟེར་བ་དེ་ལ། འདས་པ་དང་མ་འོངས་པའི་དུས་ཀྱི་རྣམ་གཞག་གསལ་པོ་ཞིག་དབྱེ་བ་འབྱེད་གནང་གི་ཡོད་པ་མ་ཟད། ད་དུང་ཞལ་སངས་ནས་ རང་བཙན་ནི་མི་སོ་སོའི་ཐོབ་ཐང་རེད། རང་བཙན་གྱི་ཐོབ་ཐང་མི་སུ་ལའང་ཡོད་པ་ཞིག་རེད་ཅེས་བོད་ཀྱི་རང་བཙན་གྱི་ལོ་རྒྱུས་དང་ཐོབ་ཐང་དེ་ནམ་ཡང་བློས་གཏོང་གི་མེད་ལ། བོད་མི་ཚོར་བློས་གཏོང་དགོས་པའི་སྐུལ་སློང་ཡང་གནང་གི་མེད་པ་ཚང་མས་ཤེས་གསལ་ལྟར་རེད།
༢ “ཏཱ་ལའི་བླ་མས་དད་ལྡན་མི་མང་ལ་རང་བཙན་དོར་དུ་བཅུག་པ་རེད་དམ”
ལན། ༧གོང་ས་མཆོག་གིས་གཞོན་ནུ་ལྷན་ཚོགས་ཀྱིས་རང་བཙན་རྩོད་པ་དེ་ནི་ཁོང་ཚོའི་མང་གཙོའི་ཐོབ་ཐང་རེད། དེ་ལ་སུས་ཀྱང་བཀག་འགོག་བྱེད་ཐབས་ཡོད་པ་མ་རེད་ཅེས་གསུངས་ཀྱི་ཡོད་པ་མ་རེད་དམ། བཀའ་སློབ་འདི་དག་ནི་ཁྱོད་ཚོས་གོ་མ་མྱོང་པ་མ་རེད་ལ། འདིར་ང་ལྟ་བུ་ཞིག་གིས་དེ་སྐྱར་ཟློས་བྱས་པ་ཙམ་གྱིས་ཀྱང་དེས་ཁྱོད་ཚོའི་སེམས་ལ་བསམ་གཞིགས་སྐྱར་གཏོང་བྱེད་རྒྱུར་ནུས་པ་ཞིག་ཐོན་པའི་རེ་བ་ཏིལ་འབྲུ་ཙམ་ཡང་མེད།
༣ རང་བཙན་དགོས་ཞེས་སྐད་རྒྱག་རྒྱུ་དེ་བྱིས་པ་ལོ་ཆུང་ཞིག་གིས་ཀྱང་འཇོན་པ་ཞིག་རེད། རང་བཙན་རྩོད་པ་ལ་ང་ཚོར་འཆར་གཞི་དགོས་པ་རེད་ལ། འཆར་གཞི་དེ་ལག་ལེན་དུ་བསྟར་མཁན་གྱི་སྒྲིག་འཛུགས་ཀྱང་དགོས་པ་རེད། སྒྲིག་འཛུགས་དེའི་ལས་འགུལ་ལ་དཔལ་འབྱོར་གྱི་རྒྱབ་རྟེན་ཀྱང་དགོས། ད་ལྟ་ང་ཚོའི་རང་བཙན་རྩོད་མཁན་ཚོས་རང་བཙན་ཇི་ལྟར་རྩོད་བཞིན་ཡོད་དམ། རྡ་རམ་ས་ལ་ནས་ལྡི་ལི་བར་དུ་ཞི་བའི་གོམ་བགྲོད་ཅིག་བྱས་ན་རང་བཙན་རྩོད་བཞིན་ཡོད་དམ།
དེ་ཚོའི་རིགས་ཕར་གཡུག་སྟེ། དོན་གྱི་རྡོག་རྩ་རང་ཐོག་ལ་བསྐོར་ན།
ཅོ་རི་ཁྱོད་ཀྱིས་ཉིན་མ་རེ་རེ་འཚོ་བའི་ཁྲོད་དུ་རང་བཙན་ཇི་ལྟར་རྩོད་ཀྱི་ཡོད། དེ་ཅིག་ཤོད་དང་། ད་ལྟའི་མཐོང་སྣང་ལ་ཁྱོད་ཀྱིས་རང་བཙན་རྩོད་ས་ནི་གཞན་སུ་གང་མིན་པར་ “ཏཱ་ལའི་བླ་མ་” ཡིན་པ་འདྲ་ཞིག་ཏུ་མཐོང་།
ད་ཚང་མས་༼བོད་རིང་ལུགས༽ལ་སློབ་སྦྱོང་གནང་རོགས། བོད་ནང་གི་དམིགས་འདུན་དང་སེམས་ཤུགས། ཐབས་ལམ་བཅས་རྟོགས་ངེས་རེད། ཐོག་མར་བོད་དོན་འཐབ་རྩོད་ཀྱི་གཞུང་ལུགས་ལ་བྱང་ཆུབ་པ་བྱོས། དེ་ནས་ཐབས་བསྟན་ཡོང་གི་རེད།
དེ་ནས་གནམ་ལོ་ཡག་ཟེར་བ་xxདེས་ཉོན་ཨ།
བར་སྐབས་ཤིག་ལ་ང་ནི་ཁྱོད་ཀྱི་སྐད་ཆ་གཉིས་ལ་དོ་སྣང་བྱུང་།
གཅིག་ནི། དྲྭ་ཐོག་འདིར་ཁྱོད་ཀྱིས་ཉེ་ཆར་ བོད་མིའི་སྒྲིག་འཛུགས་ལ་དཔལ་འབྱོར་གྱི་རོགས་རམ་སྤྲོད་མཁན་གྱི་ཕྱི་རྒྱལ་གྱི་སྦྱིན་བདག་དེ་ཚོར་ཡི་གེ་བཏང་སྟེ། བོད་མིའི་སྒྲིག་འཛུགས་ལ་རོགས་དངུལ་སྤྲོད་རྒྱུ་མཚམས་འཇོག་ཡོང་བ་བྱེད་དགོས་པའི་སྐུལ་སློང་བྱས་སོང་།
གཉིས་ནི། བོད་ནས་ཨོ་སི་ཐྲི་རི་ལི་ཡར་ལྟ་སྐོར་ལ་ཡོང་བའི་མི་ཁག་ཅིག་ལ་ཁྱོད་ཀྱིས་རྒྱ་གར་ན་ཡོད་པའི་བོད་མིའི་སྒྲིག་འཛུགས་དང་སྤྱི་ཚོགས་ལ་རེ་བ་བརྒྱག་རྒྱུ་མེད་པའི་སྐོར་འགྲེལ་བཤད་བརྒྱབ་པ་ཡིན་ཞེས་བཤད་སོང་།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་དང་ལས་བྱེད། འགོ་འཁྲིད་སོགས་ཀྱི་བྱེད་བབས་ཀྱི་ཐོག་ནས་མི་འགྲིག་པ་ཡོད་སྲིད་ལ། དེར་སྐྱོན་བརྗོད་ཀྱང་ལོས་བྱེད་ཆོག གལ་སྲིད་ཁྱོད་ཀྱིས་འཇོན་ན་གོང་དུ་ཞོལ་གཡག་འབྲོང་རྒྱུད་ཀྱིས་བཤད་པ་ལྟར། བོད་ཀྱི་སྲིད་སྐྱོང་འོས་འདེམས་ཀྱི་ལས་འགུལ་དུ་ཞུགས་ཏེ། རང་ངོས་ནས་སྲིད་ཇུས་དེ་དག་ལ་འགྱུར་བ་གཏོང་བའི་ལམ་ཁ་ཡང་ཡོད་པ་རེད།
ཡིན་ནའང་སྐད་ཆ་འདི་ལྟ་བུ་ནི་ཁྱོད་ཀྱི་འཇོན་ནུས་དང་མི་མཐུན་པ་མ་ཟད། ཁྱོད་ཀྱིས་རྒྱུན་དུ་ནས་ཁ་ན་སྒྲོག་བཞིན་པའི་ “ཤེས་ཡོན་ཅན” ཟེར་བ་དེ་ལ་དེ་བས་ཀྱང་མི་འཚམས་པ་ཞིག་རེད། ཡིན་ནའང་བསམ་བློ་ཞིག་ཐོངས་དང་། བོད་མིའི་སྒྲིག་འཛུགས་ནི་གློག་ཀླད་ཅིག་ཡིན་པའི་ཆ་བཞག་ན། སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བཀའ་བློན། སྤྱི་འཐུས་དང་དྲུང་ཆེ་ལ་སོགས་པ་ནི་གློག་ཀླད་དེའི་ནང་གི་མཉེན་ཆས་ཁག་ཅིག་རེད། མཉེན་ཆས་དེ་ཚོ་བརྗེ་ཆོག་གི་རེད་ལ་རྩ་མེད་དུའང་བཏང་ཆོག་གི་རེད། ཡིན་ནའང་གློག་ཀླད་ཀྱི་ཚབ་ལྟ་བུ་སྟེ། བོད་མིའི་སྒྲིག་འཛུགས་རྩ་འཐོར་དུ་འགྲོ་གཞིའི་སྐུལ་སློང་བྱེད་པ་དེ་ཁྱོད་ལ་ཅི་བྱུང་བ་རེད། སོ་སོའི་འདོད་དོན་གྱི་ཆེད་དུ། རང་གི་སྒྲིག་འཛུགས་ལ་ཅི་མི་སྙམ་པ་འདི་ནི་རྒྱལ་ཚོང་གི་ལས་ཀ་རང་རེད། ཞྭ་དམར་གྱིས་གོར་དམག་དྲངས་པ་ཡིན་ནའང་འདྲ། འབའ་པ་ཕུན་ཚོགས་དབང་རྒྱལ་གྱིས་རྒྱ་དམག་དྲངས་པ་ཡིན་ནའང་འདྲ། ཀུན་སློང་དང་དམིགས་ཡུལ་ཅི་ཙམ་མི་གཅིག་རུང་། སོ་སོའི་འདོད་དོན་གྱི་ཆེད་དུ་སྒྲིག་འཛུགས་ལ་གས་ཆག་ཐེབས་རུང་མིག་བཙུམ་བརྒྱབ་ཡོད་པ་ནི་གཅིག་འདྲ་རེད།
དེས་ན་ “བོད་གཞུང་དང་ཡང་ན་བཙན་བྱོལ་བོད་གཞུང་། ཡང་དབུས་བོད་མིའི་སྒྲིག་འཛུགས” ཞེས་སོགས་ཐ་སྙད་ཀྱི་གདགས་གཞི་གང་ཞིག་སྦྱར་རུང་། ང་ཚོས་མི་རབས་རྗེས་མ་ནས་རྗེས་མར་ཆབ་སྲིད་བདག་དབང་གི་མཚོན་དོན་རྩིས་སྤྲོད་བྱེད་རྒྱུར་དེ་ལས་ལྷག་ཅིག་ཅི་ཡོད་དམ།
ཅོ་རི་ཉི་མ་ཞེས་པ་འདི་རང་བཙན་ལག་ཆར་ཁྱེར་ནས་གོང་ས་མཆོག་ལ་རྒོལ་མཁན་ཞིག་ལས་རང་བཙན་རྩོད་མཁན་ཞིག་མིན་པ་ཚང་མས་ཤེས་པར་གྱིས། མི་འདིས་དོལ་ཚོགས་ལ་དཀའ་ངལ་འཕྲད་དུས་ཆིག་སྒྲིལ་ལ་ཁ་གཡར་ནས་དོལ་ཚོགས་ལ་རྒོལ་མཁན་ཇེ་ཉུང་ལ་གཏོང་ཐབས་བྱེད་ཀྱི་འདུག གང་ལྟར་ཕྱོགས་གང་ནས་ལྟས་ཀྱང་མི་འདི་ནི་བཀྲ་མ་ཤིས་པ་ཞིག་ཡིན་པ་བརྒྱ་ཆ་བརྒྱ་རེད། དེས་ན་ཚང་མས་མི་འདིས་སྐད་ཆ་ལ་དོག་ཟོན་གྱིས། ཁོས་གང་བཤད་པ་ནི་གཞན་སེམས་དཀྲུག་པའི་ཚིག་ངན་ཙམ་ལས་ཁོ་ལ་གནས་ལུག་བཤད་པའི་རྣམ་དཔྱོད་མེད་པ་ནི་གོང་གི་སྐད་ཆ་ནས་གསལ་པོ་སྟན་སོང་།
རྡོ་རྗེ་རྒྱལ་མཚན་ལགས། ཁྱེད་ཀྱི་བསམ་ངོར་ད་རེས་གནམ་ལོ་ཡག་ལ་བརྙས་དམོད་བྱེད་ཐུབ་སོང་བསམ་ཡོད་སྲིད་ཀྱང་དོན་དངོས་ཁྱེད་རང་གི་ཀླད་པ་ལྐུགས་ཟིན་པའི་རྟགས་བསྟན་ཟིན་པར་མ་ཟད། ཁྱེད་རང་ནང་བ་ཞིག་ཡིན་ན་དགེ་བ་བཅུ་ལས་ཚིག་རྩུབ་ཀྱི་རྒྱར་ཚུད་ཟིན་པ་དང་། གལ་སྲིད་གྲྭ་བ་ཞིག་ཡིན་ཚེ་ནང་ཆོས་ཀྱིས་སེམས་འདུལ་ཐུབ་མེད་པ་བསྟན་ཡོད་པས། མི་རབས་འདི་དང་མི་རབས་རྗེས་མའི་དེ་རིང་གི་བཙན་བྱོལ་བའི་བྱ་སྤྱོད་ལ་ཞིབ་འཇུག་བྱེད་སྐབས། དཔྱད་གཞི་གལ་ཆེན་ཞིག་ཏུ་གྱུར་འདུག འདི་གཅིག་ཡིན།
དེ་མིན་བོད་དོན་བོད་ནང་ནས་རྒྱུན་སྐྱོང་བཞིན་པ་ལྟར། འཐབ་རྩོད་ཀྱི་གཞུང་ལུགས་ཀྱང་༼བོད་རིང་ལུགས༽ཐོན་ཟིན་པ་ལྟར་ཡིན་པས། དེ་ལ་མི་དགའ་བའམ། ཞེ་སྡང་ལངས་ན་ཁ་གཏད་ས་དངོས་ནི་བོད་ནང་གྱུར་ཡོད་པ་རེད། དེ་ལུགས་དགོངས་འཇགས་གནང་རོགས།
བློ་མཐུན་གཞོལ་གཡག་འབྲོང་རྒྱུད་ལགས། བཀའ་མོས་ཟབ་རྒྱས་གནང་བར་དགའ་པོ་བྱུང་ཞུ་རྒྱུར་ཡིན།
༡་་་དབུ་མའི་ལམ་ཕམ་ཉེས་བྱུང་ཚར་བ་འདྲ་ཞིག་རེད་ཅེས་པ་དང་། རྒྱལ་བ་རིན་པོ་ཆེན་གྱིས་དབུ་མའི་ལམ་ལ་གྲུབ་འབྲས་མ་བྱུང་ངོ་ཞེས་གསུངས་པ་རེད་ཟེར་བའི་སྐད་ཆ་འདིའི་སྐོར་ལ་ཞུ་རྒྱུ་ཡིན། རེད་་་དབུ་མའི་ལམ་ཕམ་ཉེས་བྱུང་བ་གཙོ་མཛད་ཏ་ལའི་བླ་མ་གཙོ་བོ་གྱུར་པའི་དབུ་མའི་ལམ་པ་བ་ཚོས་དབུ་མའི་ལམ་ཕམ་ཉེས་བྱུང་བ་ལ་ཁས་ལེན་པ་བདེན་ན་་་་དེང་སང་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་། རྡོ་བཙིར་ནས་སྣམ་ཐོན་པའི་རེ་བ་དང་། གོ་རྟོགས་སྤེལ་ནས་འབྲས་བུ་ཡོང་བའི་རེ་བ་རྒྱག་བཞིན་འདུག་པས་དབུ་མའི་ལམ་ཕམ་ཉེས་ཡིན་པར་ཁས་མི་ལེན་པར་མུ་མཐུད་ནས་འབྲས་བུ་ཡོང་བ་ལ་ཡིད་ཆེས་ཡོད་པར་མཚོན་པ་མིན་ནམ།།།།
༢་་་བློ་མཐུན་གྱིས་་་གཞི་རྩའི་ཏཱ་ལའི་བླ་མར་དད་པ་ཡོད་མེད་ཀྱི་གནད་དོན་མ་རེད། ཁོང་བོད་ཀྱི་ལོ་རྒྱུས་རང་བཞིན་གྱི་བསྐོས་བཞག་པའི་མི་སྣ་གལ་ཆེན་ཞིིག་ཆགས་ཀྱི་ཡོད་ཙང་བོད་མི་རིགས་ཀྱིས་གུས་བརྩི་ཞུ་དགོས་པ་དེ་ཡང་རང་བཞིན་གྱི་གནད་འགག་ཞིག་ཆགས་ཀྱི་ཡོད་པ་རེད། རང་བཙན་རྩོད་པར་མེད་དུ་མི་རུང་བ་གཅིག་ནི་བོད་ཀྱི་ལོ་རྒྱུས་རང་བཞིན་གྱི་དཔང་པོ་གཞི་ལ་འཇོག་དགོས་ཙང་ཏཱ་ལའི་བླ་མ་ཉེ་རབས་བོད་ཀྱི་ལོ་རྒྱུས་ནང་ཡོད་ན་མེད་ན་གཅིག་རེད། ཆབ་སྲིད་ལྟ་གྲུབ་མཐུན་མིན་ཇི་ལྟར་ཡང་བློ་མཐུན་ཅོ་རིས་གནད་དོན་འདིའི་ཐད་ཡིད་འཇོགས་གནང་རྒྱུའི་རེ་བས་བལྟས་ཡོད་་་་་ཅེས་གསུངས་འདུག
ལན་་་ངས་ངོས་ནས་ཏྭ་ལའི་བླ་མ་ལོ་རྒྱུས་རང་བཞིན་ལྡན་པའི་མི་སྣ་དང་བོད་གཞུང་དགའ་ལྡན་ཕོ་བྲང་ལོ་ངོ་བཞི་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་སྲིད་གཞུང་དང་། བོད་གཞུང་དགའ་ལྡན་ཕོ་བྲང་གི་རྒྱལ་རྟགས། བཙན་བྱོལ་བོད་གཞུང་གི་མཚན་བྱང་། རྩ་བ་ཆེན་པོ་བརྩིས་པ་ཡིན་ལ་བོད་རང་བཙན་ཡང་ལོ་རྒྱུས་འདིའི་ཐོག་ནས་རྩོད་དགོས་པར་ཤེས་པའི་ཐོག་དོ་སྣང་དང་གུས་བཀུརྲ། བདག་གཅེས་བྱེད་དགོས་ཅེས་བཤད་མྱངས་ཡོད།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཀྱང་བཙན་བྱོལ་བོད་གཞུང་གི་མཚན་བྱང་དང། རྒྱལ་རྟགས་གཉིས་ལ་བདག་གཅེས་དང་། ཡིད་འཇོགས་བྱས། བདག་པོ་བརྒྱབས་ནས་བོད་རྒྱ་ཆེན་མི་དམངས་ལ་རྩིས་སྤྲོད་བྱེད་ཡིན་ཞེས་བསྒྲགས་པ་རེད།
ཡིན་ཀྱང་ལོ་རྒྱུས་རང་བཞིན་ལྡན་པའི་རྩ་ཆེན་དངོས་པོ་འདི་དག་ག་རེ་ཆགས་སོང་མིན་དང་། སུ་ཡིས་ཡིད་འཇོགས་མ་བྱས་པར་ངས་འགྲེལ་བཤད་རྒྱག་མི་དགོས་པར་ཁྱོད་ཀྱིས་མཁྱེན་གསལ་རེད། དེའི་ཕྱིར་་་ཁྱོད་ཀྱིས་་་ཆབ་སྲིད་ལྟ་གྲུབ་མཐུན་མིན་ཇི་ལྟར་ཡང་བློ་མཐུན་ཅོ་རིས་གནད་དོན་འདིའི་ཐད་ཡིད་འཇོགས་གནང་རྒྱུའི་རེ་བས་བལྟས་ཡོད།་་་ཅེས་གསུངས་པ་ནི་འོས་བབ་མེད་པའི་བཀའ་མོས་རེད།།།
༣་་་བློ་མཐུན་གྱིས་་་་། ལར་ནས་རང་བཙན་བརྩད་ན་རང་སྐྱོང་འཐོབ་སྲིད་པ་རེད་ལ་དབུ་མའི་རང་སྐྱོང་བརྩད་ན་རང་བཙན་ཡང་འཐོབ་སྲིད་པ་རེད།་་་ཅེས་གསུངས་འདུག
ལན་་་་རང་བཙན་བརྩད་ན་རང་སྐྱོང་འཐོབ་སྲིད་པ་རེད་གསུངས་པ་ཁས་ལེན་ཡོད། དབུ་མའི་རང་སྐྱོང་བརྩད་ན་རང་བཙན་འཐོབ་སྲིད་པ་རེད་གསུངས་པར་ཁས་ལེན་མེད། འདི་ནས་ཡར་བརྩིས་པའི་མི་ལོ་སུམ་བཅུ་དང་བཞི་བཅུ་གོང་དུ་བོད་ལ་ས་གནས་རང་སྐྱོང་གི་ཐོབ་ཐང་ད་ལྟའི་གནས་བབ་ལས་ཡག་བ་ཡོད། སྐད་ཡིག་གི་རང་དབང་ཡག་བ་ཡོད། བོད་ཁུལ་དུ་རྒྱ་མི་ཉུང་བ་ཡོད།
ངས་བལྟ་སྟངས་བྱས་ན་་་ས་གནས་རང་སྐྱོང་གི་ཐོབ་ཐང་ཡག་ཐག་ཆོད་ཞིག་སྤྲད་ཡོད་པའི་སྐབས་སུ་་་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་། ས་གནས་མི་རིགས་རང་སྐྱོང་གི་བཅའ་ཁྲིམས་གཞིར་བཅོལ་བའི་ཐོག་ནས་དབུ་མའི་ལམ་གཏན་འབེབས་བྱས། མིང་དོན་མཚུངས་པའི་རང་སྐྱོང་དགོས་ཀྱི་ཡོད་ཅེས་ཟེར་དུས་་་་སྔོན་ནས་ཡོད་པའིི་ས་གནས་མི་རིགས་རང་སྐྱོང་གི་ཐོབ་ཐང་ཡོད་པ་ཁག་ཀྱང་རྒྱ་གཞུང་གི་ཕྱི་སྡུད་དང་མིང་ཙམ་ལ་བསྒྱུར་སོང་། དབུ་མའི་ལམ་ལ་ཕྱིན་ན་རང་བཙན་འཐོབ་སྲིད་ཀྱི་ཕར་ཞོག་་་ས་གནས་མི་རིགས་སྐྱོང་ལ་ཡང་སྒྱུར་བཅོས་གཏོང་ནས་མི་རིགས་མཉམ་བསྲེ་ཡི་སྲིད་ཇུས་ལག་སྟར་དགོས་མདོག་མདོག་་་་འཐབ་ཕྱོགས་གཅིག་ཁང་གི་བློན་ཆེན་གཞོན་པ་ཀྲུང་ཝན་ཆིན་གྱིས་རྩོམ་ཡིག་སྤེལ་པ་རེད།།།
མ་ཟད་་་ལྷ་སར་རྒྱ་མི་གྱིས་ཁེངས་སོང་བ་འདི་ཡང་དབུ་མའི་ལམ་གྱི་མཇུག་འབྲས་ཡིན་པ་ལ་ངོས་འཛིན་བྱེད་བཞིན་ཡོད། སྔོན་མ་བོད་རང་བཙན་བརྩད་སྐབས་སུ་བོད་ལ་རྒྱ་མི་མང་པོ་དེ་འདྲ་མེད་ལ་བོད་ཀྱི་ས་ཐོག་ཏུ་རྒྱ་མི་ཁང་པ་རྒྱག་མཁན་ཧ་ཅང་ཉུང་ཉུང་རེད། དེ་ནས་་་༡༩༩༠་ཡི་ནང་ནས་དབུ་མ་ལམ་ས་བསྒྲགས་གནམ་བསྒྱབས་བཟོས། བོད་རྒྱ་ཁུངས་སྡོད་ཀྱི་ཡིན་པར་ས་བསྒྲགས་གནས་བསྒྲགས་བཟོས། བོད་འདི་ཉིད་ཀྲུང་གོའི་རྒྱལ་ཁབ་ཀྱི་ས་ཁུལ་ཞིག་ཡིན་པར་ཡིག་ཐོག་ནས་ཁས་ལེན་དུས་་་བོད་ཀྱི་ས་ཐོག་ཏུ་རྒྱ་མི་ཁང་པ་རྒྱག་མཁན་མང་རེར་ཕྱིན། དེ་ནི་ཆོས་ཉིད་ཤིག་ཀྱང་རེད།
གལ་སྲིད་བོད་འདི་ཀྲུང་གོའི་རྒྱལ་ཁབ་ཀྱི་ས་ཁུལ་ཞིག་ཡིན་པར་བོད་མི་རྣམས་ཀྱིས་ཁས་ལེན་མ་བྱས་ན་་་་རྩོད་གཞི་ཅན་གྱི་ས་ཁུལ་ཞིག་ནང་དུ་འགྲོ་མགྲོན་བཏང་ནས་ཁང་པ་རྒྱག་མཁན་མང་པོ་ཡོང་གི་མ་རེད་བསམས་ཀྱི་ཡོད།
༤་་་་དོལ་ཚོགས་ཀྱི་སྐོར་ངེད་གཉིས་ཐེངས་གཉིས་གླེང་ཟིན་པ་རེད། དེ་ལས་ཡང་བསྐྱར་ཁྱོད་ལ་ཞུ་བྱ་གང་ཡང་མེད། རྗེས་སུ་ཤེས་ཡོང་གི་རེད།
༥་་་་བློ་མཐུན་གྱིས་་་་མདོ་དོན་ངེད་རང་བཙན་འཐབ་རྩོད་པ་ཡིན་ཡང་ཕྱོགས་ཡོངས་ཀྱི་གནད་བབས་ལ་བསམ་བློ་བཏང་ནས་ལྟ་གྲུབ་མཐུན་མིན་ཇི་ལྟར་ཡང་མཉམ་རུབ་ཀྱི་ལས་དོན་བསྒྲུབ་རྒྱུ་དེ་གལ་ཆེན་རེད་ལ། ལྟ་བ་ཕྱོགས་སུ་མ་ལྷུངས་བར་གུ་ཡང་པོའི་ཐོག་ཕན་ཚུན་བསམ་ཤེས་ཀྱིས་མཉམ་ལས་བྱས་ན་ཆིག་སྒྲིལ་ཡང་འདི་ནས་འབྱུང་གི་རེད་མ་གཏོག། གཞན་མི་སུམ་བཅུ་ལབསམ་བློ་སུམ་བཅུ་དང་མཛོ་སུམ་བཅུ་ལ་རྭ་ཅོ་དྲུག་བཅུ་ཞེས་པ་ལྟར་ཆིག་སྒྲིལ་དང་མཉམ་རུབ་ཀྱི་ལས་དོན་བསྒྲུབ་ཐབས་ཁོ་རང་ཡོད་པ་མ་རེད་་་ཅེས་གསུགས་འདུག
ལན་་་་འདི་ལ་ནི་གོ་རྒྱུ་ཆེན་པོ་འདུག་པས་མོས་མཐུན་ཡོད། མ་ཟད་ཁྱོད་ཀྱིས་བོད་ཀྱི་སྤྱི་ཚོགས་དངོས་དང་སྦྱར་ནས་ཆིག་སྒྲིལ་གྱི་ལམ་དུ་ཁ་ཕྱོགས་སྟངས་དང་གོམ་ཁ་སྒྱུར་སྟངས་གསལ་ཙམ་དང་རྒྱས་ཙམ་གསུང་པའི་རེ་བ་ཡོད། ཉན་འདོད་ཡོད།
ཐུགས་རྗེ་ཆེ།
རྡོ་རྗེ་རྒྱལ་མཚན་ལགས།
ཁྱོད་ཀྱིས་་་་་༡ ”ཏཱ་ལའི་བླ་མས་རང་བཙན་དོར་བ་རེད་དམ།”
ལན། ༧གོང་ས་མཆོག་གིས་རྒྱུན་དུ་ནས་ ལོ་རྒྱུས་ཐོག་བོད་ནི་རང་བཙན་རེད། ལོ་རྒྱུས་ལ་བཟོ་བཅོས་རྒྱག་པའི་ཐོབ་ཐང་མི་སུ་ལའང་ཡོད་མ་རེད་ཅེས་གསུངས་ཏེ། བོད་ནི་རྒྱ་ནག་གི་ཆ་ཤས་རེད་ཟེར་བ་དེ་ལ། འདས་པ་དང་མ་འོངས་པའི་དུས་ཀྱི་རྣམ་གཞག་གསལ་པོ་ཞིག་དབྱེ་བ་འབྱེད་གནང་གི་ཡོད་པ་མ་ཟད། ད་དུང་ཞལ་སངས་ནས་ རང་བཙན་ནི་མི་སོ་སོའི་ཐོབ་ཐང་རེད། རང་བཙན་གྱི་ཐོབ་ཐང་མི་སུ་ལའང་ཡོད་པ་ཞིག་རེད་ཅེས་བོད་ཀྱི་རང་བཙན་གྱི་ལོ་རྒྱུས་དང་ཐོབ་ཐང་དེ་ནམ་ཡང་བློས་གཏོང་གི་མེད་ལ། བོད་མི་ཚོར་བློས་གཏོང་དགོས་པའི་སྐུལ་སློང་ཡང་གནང་གི་མེད་པ་ཚང་མས་ཤེས་གསལ་ལྟར་རེད། ་་་་་ཅེས་བཤད་འདུག
རྒྱལ་བ་རིན་པོ་ཆེན་གྱིས་རང་བཙན་བློས་བཏང་མེད་ན་་་་་་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཀྱིས་རྒྱལ་བ་རིན་པོ་ཆེན་་་མ་བྷིང་ག་འདྲ་སི་བཟོས་པ་རེད་དམ། རྒྱལ་རིན་པོ་ཆེན་གྱིས་སེམས་ལ་བསམ་གྱི་རང་བཙན་མེད་ཅེས་གསུངས་མྱངས་ཡོད་པ་མིན་ནམ།།།། གཅིག་རེད།
ལོ་རྒྱུས་ལ་བཟོ་བཅོས་རྒྱག་པའི་ཐོབ་ཐང་མེད་གསུངས་པར་བདེན་ན་་་ཉིན་ཤས་གོང་དུ་འཇམ་མན་ནང་དུ་རྒྱ་བོད་ཐུན་མོང་གི་རྟེན་གཞི་འཚོལ་བའི་འཚོགས་འདུས་ནང་དུ་་་་བོད་ཆེན་པོོ་ཟེར་བ་ཞིག་ལོ་རྒྱུས་ཐོག་ཏུ་མེད་ནས་རྒྱ་མི་ཚོ་ལ་ག་རེ་བྱས་ནས་ལབ་པ་རེད་དམ།།།།། འདི་ནི་ལོ་རྒྱུས་ལ་བཟོ་བཅོས་རྒྱག་བཞིན་ཡོད་པར་མིན་ནམ།།།
ངས་བྱས་ན་་་ཁྱོད་ཀྱིས་ཀྱང་་་རྒྱལ་བ་རིན་པོ་ཆེན་མཆོག་་་མ་བྷིང་བཟོ་བཞིན་འདུག་ད་་་་་ཧཧཧཧ
་བོད་ཆེན་པོོ་ཟེར་བ་ཞིག་ལོ་རྒྱུས་ཐོག་ཏུ་མེད་ཟེར་ནས་རྒྱ་མི་ཚོ་ལ་ག་རེ་བྱས་ནས་ལབ་པ་རེད་དམ།།།།། འདི་ནི་ལོ་རྒྱུས་ལ་བཟོ་བཅོས་རྒྱག་བཞིན་ཡོད་པར་མིན་ནམ།།།་་་་བཅོས་རོགས
ཨོ་་ཙི་་་ལུང་རྟོགས་་་་་ངའི་སྐད་ཆ་ལ་གཞན་སེམས་དཀྲུགས་པའི་ཚིག་ངན་ཙམ་ལས་གནད་ལུགས་མེད་པར་བདེན་ན་་་་རྒྱལ་བ་རིན་པོ་ཆེན་ལ་ཚིག་ངན་ཞིག་གིས་རྒོལ་ཐུབ་ཀྱི་རེད་པེ། དོལ་ཚོགས་ལ་རྒོལ་མཁན་ཉུང་རེ་གཏོང་ཐུབ་ཀྱི་རེད་པེ། ་་ཧཧཧ
གནད་ལུགས་དང་རྒྱུ་མཚན་མེད་ན་སོ་སོའི་སྤུན་ཆེད་ཡིན་ནའང་ཉན་གི་མ་རེད་དོ། གནད་ལུགས་དང་རྒྱུ་མཚན་ཡོད་ན་ཁ་གཏད་ཀྱི་དགྲ་བོ་ཡིན་ནའངབསམ་བློ་གཏོང་གི་རེད་དོ། ཚིག་ངན་དང་ཧམ་པ་མ་གཏོགས་བཤད་མི་ཤེས་མཁན་དེ་ཁྱོད་རང་རེད་ད་་་་ཧཧ
ཨོ་རེད་་་་བློ་མཐུན་འབྲོང་ལགས་་་་དེང་སང་མི་རིགས་མཉམ་བསྲེ་ཡི་ལས་འགུལ་འགོ་རྒྱ་བོད་གཉེན་སྒྲིག་ནས་བཙུགས་ཀྱི་ཡོད་པར་འདྲ། ག་ལེ་བྱས་ནས་ཤར་ཕྱོགས་པས་ལག་ལེན་སྟར་ཡོང་གི་འདུག་ག
བློ་མཐུན་ཅོ་རི་ལགས་ཀྱི་གཏམ་ཀྱི་གནས་ལུགས་ལ་མར་དྲི་འཐུལ་ལེ་འདུག བོད་པ་ངོ་མ་ཞིག་གི་གཏམ་རེད། ད་ཁོ་རང་ཚོས་ཨུ་ཚུགས་རྒྱག་པ་ལས་ལབ་ཡ་ལྷག་མི་འདུག
བློ་མཐུན་ཅོ་རི་ལགས་ཀྱིས་ལྗགས་ལན་གནང་བ་ཡག་བྱུང་། གཞི་རྩའི་དབུ་མའི་ལམ་པ་བ་ཚོས་ཕམ་ཉེས་བྱུང་བ་ཁས་ལེན་གྱི་གནད་དོན་དེ་མ་རེད། དབུ་མའི་ལམ་གྱི་མངོན་འདོད་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འབྲུ་འདོན་ཡིག་ཆ་དེ་ཀྲུང་ནན་ཧེའེ་ནས་ངོས་ལེན་མེད་ཁར་རང་བཙན་རྣམ་པ་དུ་མར་དབྱེ་ནས་ཕྱིར་ལོག་བཏང་བ་དེས་ཕམ་ཉེས་བྱུང་བ་འདྲ་ཞིག་རེད་བཤད་ཡོད་ལ་ཏཱ་ལའི་བླ་མས་ནུབ་ཕྱོགས་གསར་ལམ་དབྱིན་ཇིའི་BBCཡིན་ན་ཨ་རིའི་CNNཡིན་པ་ཡོད་གསལ་པོ་དག་པོ་གསུངས་སོང་སྙམ། འོན་ཀྱང་ཏཱ་ལའི་བླ་མས་ལམ་དབུ་མ་མུ་མཐུད་ནས་དགོངས་ཚུལ་གསུངས་པ་དེ་རྒྱ་བོད་གནས་སྟངས་ལ་གཞིག་ནས་སྡོད་རི་བོང་ལས་ཚུགས་པ་དང་འགྲོ་ཞི་མི་ལས་མཁས་པ་མ་གནང་རང་གནང་རེད་དྲན་ཡོད། དེས་ན་ལམ་དབུ་མའི་གོ་རྟོགས་དང་སྒྲིལ་བསྒྲག་དེ་ཡུལ་བགྱར་སྲིད་གཞུང་གིས་ལས་མེད་ཀྱི་ལས་ཀ་འདྲ་ཞིག་ངས་རྒྱུན་དུ་མཐོང་གི་ཡོད།
བཙན་བྱོལ་སྲིད་གཞུང་གི་མཚན་བྱང་ཟེར་ན་འདྲ་བོད་རྒྱལ་ཁབ་ཀྱི་མཚན་བྱང་ཟེར་ན་འདྲ་འགྱུར་བ་རང་བཞིན་ནི་གཞན་དབང་སྟབས་བསྟུན་འོག་གནས་ཙང་གནས་ཡུལ་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལས་བརྒལ་བ་སོང་ཡང་ད་བར་ཨུ་ཚུགས་ཀྱིས་ཉར་བ་རེད། འོན་ཀྱང་ག་ལེར་གནས་ཡུལ་རྒྱ་གར་གྱིས་འདོད་མོས་མེད་པར་བསུན་བཙེར་ལས་མཚན་བྱང་རྒྱལ་རྟགས་སོགས་ལ་འགྱུར་བ་མ་བཏང་ཆགས་ཀྱི་ཡོད་པ་མངོན་སུམ་རེད་འདུག། འདི་ནི་ཡུལ་ཇ་བཏུང་ནས་ཡུལ་ཁྲིམས་འཁུར་དགོས་པ་ཡང་འགྲོ་སྟངས་ཤིག་རེད། གནད་དོན་འདིའི་ཐད་བོད་མི་ཚང་མར་བློ་མ་བདེ་བ་དང་སེམས་ཚབ་ཤིག་ངམ་ངམ་ཤུགས་ཤུགས་སུ་འབྱུང་བ་ནི་ཆོས་ཉིད་རེད། མ་ཟད་སྐབས་དེར་ངས་ཀྱང་མི་འདོད་པའི་རྣམ་འགྱུར་གྱི་མཆན་མང་མང་བྲིས་ཡོད་སྙམ། དངོས་ཡོད་གནས་ཚུལ་ལ་ཞིབ་འཇུག་བྱས་ཡོང་དུས་རང་དབང་རང་ཚན་པ་ཞིག་ཡོད་བཟོ་མི་འདུག།
མ་གཞི་བོད་བཙན་པོའི་རྒྱལ་ཁབ་སླར་གསོ་ཐུབ་འཚམས་མཚན་བྱང་དེ་ལས་རྫིགས་པ་ག་རེ་བཏགས་བཏགས་རེད། དཔེར་ན་ནུབ་ཕྱོགས་ཡུལ་གྲུ་ཕལ་ཆེ་བ་དམག་ཆེན་གཉིས་པའི་རྗེས་ནས་རྒྱལ་རྟགས་རྒྱལ་དར་སོགས་གསར་བཟོ་བྱས་པ་ཤ་སྟག་རེད། འོན་ཀྱང་ལོ་སྒྱུས་རང་བཞིན་གྱི་རྒྱུ་ཆ་བདག་ཉར་བྱེད་དགོས་པ་དེ་ཡང་གནད་འགག་ཡིན་ཙང་། གཞུང་འབྲེལ་སྒྲིག་འཛུགས་སྲིད་གཞུང་ལ་བདག་གཉེར་བྱེད་པའི་རང་དབང་མེད་ཀྱང་། གཞུང་འབྲེལ་མིན་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བདག་གཉེར་བྱས་པ་དེ་འོས་བབས་དང་འགན་འཁྲི་རང་བཞིན་ཅན་ཞིག་ཆགས་ཡོད་པ་རེད་ལ་དགའ་སྤོབས་བྱེད་དགོས་པ་རེད། རྒྱུ་མཚན་བོད་ཀྱི་མ་འོངས་བདག་པོ་གཞོན་ནུ་ཚོ་དང་མི་རབས་གསར་པ་ཡིན་ཙང་བོད་རྒྱལ་ཁབ་རང་བཙན་སླར་གསོ་བྱེད་པའི་འགན་འཁྲི་རང་བཞིན་ཅན་ཕྲག་སྟེང་དུ་བབས་པར་བརྟེན་རྒྱལ་རྟགས་མཚན་བྱང་སོགས་བདག་གཉེར་བྱེད་པའི་ཐོབ་ཐང་ཡང་ཡོད་པ་རེད།
དབུ་མའི་རང་སྐྱོང་བརྩད་ནས་རང་བཙན་འཐོབ་སྲིད་པའི་མ་འོངས་མངོན་འགྱུར་གྱི་འཆར་སྣང་དེ་རྩོད་གཞི་རང་སྐྱོང་གི་རྩོད་བྱེད་ལམ་དབུ་མའི་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གི་གྲངས་ཉུང་མི་རིགས་ཁག་གི་ཐོབ་ཐང་དང་མི་རིགས་ཀྱི་གནད་དོན་ཟེར་བ་དེས་ཤུགས་རྐྱེན་ཇི་ཙམ་ཐེབས་ཡོད་མེད་ཀྲུའུ་ཝེ་ཆོན་གྱིས་རྩོམ་ཡིག་གཅིག་བྲིས་དགོས་བྱུང་བ་རེད་ལ། ཆབ་སྲིད་གྲོས་ཚོགས་ནང་སྙན་ཞུ་ཡང་ཕུལ་དགོས་པའི་ཤུགས་རྐྱེན་དེ་ཐེབས་པ་རེད་དྲན་ཡོད། བྱས་ཙང་ཀྲུང་གོ་བཞི་ཆ་གཅིག་དུམ་བུར་འགྲོ་ཚུལ་བཤད་པ་རེད་ལ་དོན་དངོས་འཇིགས་སྣང་ཞིག་སྐྱེས་དགོས་བྱུང་བ་རེད། རྒྱུ་མཚན་བོད་ལ་རང་སྐྱོང་ཁ་ཡོད་ལག་ཡོད་གཅིག་སྤྲད་པ་ཡིན་ན་འགལ་འདུ་སྣ་མང་རང་བཞིན་ཅན་གྱི་ཤིང་ཅང་དང་ནང་སོག་གིས་ལྷིང་འཇགས་ངང་གནས་མི་ཐུབ་པ་དེ་གསལ་པོ་ཤེས་ཀྱི་ཡོད་པ་རེད། དེ་ལྟ་བས་ན་བོད་ལ་རང་སྐྱོང་རྣལ་མ་ཞིག་ནམ་ཡང་སྤྲོད་མི་སྲིད་པ་རེད། འོན་ཀྱང་ལམ་དབུ་མའི་རང་སྐྱོང་འདི་འཐབ་རྩོད་ཀྱི་ཐབས་ལམ་ཡུ་བ་འཇུ་ས་ཡག་པོ་ཞིག་རེད། གལ་ཏེ་བོད་སོག་ཤིང་གསུམ་གྱིས་མཉམ་རུབ་ཀྱིས་ཀྲུའུ་ཝེ་ཆོན་འཇིག་སྣང་སྐྱེས་དགོས་པ་དེ་མངོན་འགྱུར་བྱེད་ཐུབ་དགོས། གལ་ཏེ་མངོན་འགྱུར་བྱུང་ན་ཀྲུང་གོ་ཟང་ཟིང་ཀློང་དུ་འགྲོ་ཡི་རེད། སྐབས་དེ་དུས་རིགས་སོས་གོ་སྐབས་དེ་བསྲུང་དགོས་པ་སྟ་གོན་ད་ལྟ་ནས་དགོས་པ་རེད། དེ་ལྟར་གོ་སྐབས་ལེན་པའི་དུས་ཤིག་ཤར་སྲིད་པས་སྐབས་དེ་དུས་རང་སྐྱོང་བརྩད་ནས་རང་བཙན་འཐོབ་སྲིད་པའི་རྨི་ལམ་མངོན་འགྱུར་བྱུང་བ་རེད། དེ་མིན་ན་ཡང་ཀྲུང་གོ་དམངས་གཙོ་ཕྱོགས་སུ་བཟང་ཕྱོགས་ཀྱི་གོམ་པ་སྤོས་ན་དེ་རིང་ཁ་སང་གི་ཨིསི་ཀོཊི་ལཎཌི་གྱི་རྣམ་པ་དེ་ཡང་མངོན་འགྱུར་ཡོང་སྲིད། གང་ལྟར་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་གི་འཐབ་རྩོད་བྱེད་དུས་འཐབ་ལམ་གཅིག་རང་གཅིག་ལ་ཤི་འཐམ་རོ་འཐམ་བྱས་བསྡད་ན་རྒྱལ་ཁ་མི་ལོན་པ་མྱོང་བས་གྲུབ། བྱས་ཙང་འཐབ་ལམ་སྣ་མང་ལ་བརྟེན་དགོས་པ་དེ་དམག་ཇུས་མཁས་པའི་གཏམ་བརྒྱུད་ལ་སློབ་སྦྱོང་བྱེད་དགོས་པ་དེ་ཡང་གལ་ཆེན་དོན་ཆེན་རེད
རྒྱ་ནག་དམངས་གཙོ་ལ་བསྒྱུར་དགོས་པ་ནི་ལྡོག་ཏུ་མེད་པའི་ཆོས་ཉིད་རེད། རྒྱ་ནག་དམངས་གཙོ་ལ་བསྒྱུར་བ་ལ་ཕྱོགས་བཞི་མཚམས་བརྒྱད་ནས་རྒོལ་དགོས་པར་འདོད། གཙོ་བོ་་་ཧོང་ཀོང་དང་མ་ཁོ། ཐད་ཝན་སོགས་ཀྱིས་ཤུགས་རྐྱེན་སྤྲད་དང་སྤྲོད་བཞིན་པ་རེད།
ང་ཚོས་ངོས་ནས་ཀྲུང་གོ་དམངས་གཙོ་ལ་བསྒྱུར་ཐུབ་ཆེད་དུ་གོམ་པ་མཉམ་སྤོ་བྱེད་དགོས་པ་ནི་གནད་འགག་རེད། ཡིན་ཀྱང་བཙན་བྱོལ་བོད་ཀྱི་ངོས་ནས་དབུ་མའི་ལམ་གྱི་སྲིད་ཇུས་འདིས་རྒྱ་ནག་དམངས་གཙོ་ཅན་དུ་འགྱུར་ལ་ཕན་ཐོགས་མེད་པར་འགོག་རྐྱེན་བཟོ་བཞིན་ཡོད།
བཙན་བྱོལ་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གིས་ཁ་གསལ་པོ་དང་ཧམ་པ་ཆེན་པོའི་ཐོག་ནས་དམངས་གཙོ་རྩོད་ཀྱི་མེད་ཅེས་འཛམ་གླིང་ལ་བསྒྲགས་ཡོད་རེད། གནད་དོན་འདིས་་་དོན་དངོས་པོའི་ཐོག་གི་དམངས་གཙོ་དོན་གཉེན་བའི་རྒྱ་རིགས་མི་དམངས་ཀྱི་སེམས་ལ་ཆུ་ཁྱག་བླུགས་པ་ལྟར་ཆགས་ཡོད་རེད།
བོད་ཀྱི་ངོས་ནས་ནག་རྒྱ་དམངས་གཙོ་ལ་བསྒྱུར་དགོས་པ་ནི་ལས་འགུལ་རེད། སྤྱི་མི་སེར་དུང་ཕྱུར་༡༣་གྱི་རང་དབང་དང་འབྲེལ་ཡོད་རེད་ལ་སྒེར་བོད་དོན་བདེན་མཐའ་གསལ་གྱི་དང་འབྲེལ་ཧ་ཅང་ཆེན་པོ་རེད། རྒྱ་ནག་དམངས་གཙོ་ཅན་དུ་འགྱུར་བ་ལ་དུས་ཚོད་ཅི་ཙམ་རིང་བ་དེ་ཙམ་གྱི་བོད་དོན་བདེན་མཐའ་གསལ་པའི་རེ་བ་མེད།
ང་ཚོ་ལ་གོ་སྐབས་ཤིག་ཡོང་ངེས་ཡིན་པ་ནི་དེ་རིང་གི་དབྱིན་ཇིས་རྒྱལ་ཁབ་ཀྱིས་དམངས་གཙོ་རྩ་བའི་རྩེ་ལ་བཞག་ནས་རྒྱལ་སྤྱིའི་ཁྲིམས་ལུགས་ནང་གི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དེ་ཉིད་སི་ཁོ་ཆེ་ལན་ཌའི་མི་དམངས་སྤྲད་པ་འདིར་རེད། དབྱིན་ཇིས་རྒྱལ་ཁབ་ཀྱིས་འཛམ་གླིང་ལ་ངོམས་ཆོག་པའི་གཟི་བརྗིད་ལྡན་པའི་ལས་ཀ་འདི་རེད།
མ་འོངས་པ་ང་ཚོ་ལ་ཡང་གོ་སྐབས་འདི་འདྲ་ཞིག་ཡོང་ངེས་ཡིན་པ་ནི་ཆོས་ཉིད་རེད། སྐབས་དེར་དུས་བོད་མི་དམངས་ཀྱི་རྒྱུད་ལ་བོད་རྒྱལ་ཁབ་ལ་དགའ་བའི་རྒྱལ་ཞེན་གྱི་འདུ་ཤེས་ཉམས་ཚར་བ་ཡིན་ན་་་་སི་ཁོ་ཆེ་ལན་ཌའི་མི་དམངངས་ལ་རང་བཙན་སྤྲད་ཀྱང་མ་ལེན་པ་ལྟར་བོད་ལ་ཡང་ཆགས་འོང་ངེས་རེད་འདོད།
ད་རིང་གི་གནད་དོན་འདིས་ཐོག་ནས་ཀྲུང་གོ་ལ་བརྡ་ཞིག་སྤྲད་ཡོད་པ་ནི་་་བོད་མི་དམངས་ལ་ཡག་པོ་བྱས་ན་མ་འོངས་པ་ཁ་བྲལ་འགྲོ་གི་མ་རེད་ཅེས་པའི་བརྡ་ལན་ཞིག་གནད་ལུགས་ཀྱིས་ཐོག་ནས་སྤྲད་པ་རེད། བོད་ལ་བརྡ་ཞིག་སྤྲད་ཡོད་པ་ནི་རྒྱལ་ཞེན་གྱི་འདུ་ཤེས་ཉམས་ནས་རྒྱལ་བཙོང་བའི་ས་སྟེང་ཁེངས་སོང་ན་་་རང་བཙན་སྤྲད་ཀྱང་ལེན་མཁན་མེད་པའི་གནས་སྟངས་ཤིག་ཡོང་ངེས་པའི་བརྡ་སྤྲད་པ་རེད།
དེ་ག་རང་རེད། བློ་མཐུན་ཅོ་རི་ལགས་ཀྱིས་འགག་རྩ་གསུངས་སོང་། བཀའ་དྲིན་ཆེ།
ཅོ་རི་ལགས། ཁྱོད་ཀྱི་སྐད་ཆ་ལ་གནས་ལུག་དང་རྒྱུ་མཚན་ཡོད་མེད་གོང་གི་དྲ་གྲོགས་ཚོའི་བསམ་ཚུལ་ནས་གསལ་པོ་རེད། ཁྱོད་ཀྱི་སྐད་ཆ་ལ་རྒྱབ་སྐྱོར་བྱེད་མཁན་ཇི་ཙམ་འདུག ད་དུང་ཨུ་ཚུག་མཐའ་སྐྱེལ་གྱིས་རང་ཉིད་དཀར་འདོན་བྱེད་པ་ནི་ངོ་ཚ་མེད་པའི་བྱ་སྤྱོད་ལས་ཅི། གང་ལྟར་ཁྱེད་རང་གིས་གཤམ་གྱི་ཚིག་བཅད་འདི་ལ་བསམ་བློ་ཡག་པོ་ཞིག་ཐོང་ཤོག རང་སྐྱོན་མཁས་པ་རྣམས་ཀྱིས་ཀྱང་། །སྐྱོན་དུ་གོ་བ་ཤིན་ཏུ་དཀའ། །མང་པོས་བདག་ལ་དེ་སྒྲོགས་ན། །སྐྱོན་ཅན་ཡིན་པར་རྗེས་སུ་དཔོག།
ངས་ངོས་ནས་མཐོང་ཚུལ་བྱས་ན་་་༧གོང་ས་མཆོག་ཁོང་རང་གིས་ཀྱང་དབུ་མའི་ལམ་ལ་ངོ་རྒོལ་བྱེད་བཞིན་འདུག ༧གོང་ས་མཆོག་གིས་རྒྱ་ནག་དམངས་གཙོ་ལ་བསྒྱུར་དགོས་པའི་གནད་དོན་ཐོག་ཏུ་ཁ་ཞེ་གཉིས་མེད་ཀྱི་ཤུགས་རྒྱག་བཞིན་འདུག་བསམས་པའི་མཐོང་ཚུལ་བྱུང་། མ་གཏོགས་དམར་ཕྱོགས་པའི་རྩ་ཁྲིམས་ལ་ངོས་ལེན་གནང་བཞིན་མི་འདུག་བསམས་ཀྱི་འདུག
གནད་དོན་འདི་ཐོག་ནས་༧གོང་ས་མཆོག་གིས་རྒྱ་ནག་དམངས་གཙོ་ལ་བསྒྱུར་ཐུབ་པ་ལ་འབད་བརྩོན་ཁ་ཞེ་གཉིས་མེད་ཀྱི་ཐོག་ནས་ཡིན་ན་་་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།།།
ཧ་ཧ་་་ལུང་རྟོགས།
རང་སྐྱོན་མཐོང་བའི་རྗེས་དཔག་འདི།
ཚུལ་གསུམ་རིགས་པའི་རྟགས་ལས་བྱུང་།
ཚུལ་གསུམ་རིགས་པའི་གཏན་ཚིགས་འདི།
རྟོག་གེ་ཅོ་རིའི་ཁྲག་དང་འདྲེས།་་་་་་་་་ཧཧ
རྒྱབ་སྐྱོར་མང་ནས་གནད་ལུགས་འགྱུར་སོང་ན།
འཇིག་རྟེན་ཀུན་རྫོབ་གནད་ལུགས་མཐར་ཐུག་ཡིན།
རྒྱབ་སྐྱོར་མེད་ནས་རྫུན་དུ་འགྱུར་སོང་ན།
དོན་དམ་སྟོང་ཉིད་རྫུན་དུ་འགྱུར་ངེས་ཡིན།།
Hyena ཧེན་ན་ཟེར་བའི་ཁྱི་འདི་དང་སྦྱར་ནས་ཚུལ་བསམ་ཏོག་ཙམ་ཞུ་རྒྱུད་ཡིན།
ཧེན་ན་ཡིས་རི་དྭགས་རྒྱག་དུས་བརྒྱ་ཆའི་༦༥་རི་དྭགས་གསོད་ཐུབ་ཀྱི་ཡོད། སེང་གེས་རི་དྭགས་རྒྱག་དུས་བརྒྱ་ཆ་༤༥་གསོད་ཐུབ་ཀྱི་ཡོད། འདི་ནི་ཚན་རིག་པས་དཔྱད་ནས་བཤད་པའི་སྐད་ཆ་ཞིག་རེད་མ་གཏོགས་ངས་རྟོག་བཟོས་བྱས་པ་ཞིག་མིན།
ཧེན་ན་ཡིས་རི་དྭགས་རྒྱག་སྟངས་ལ་ཁྱད་ཆོས་ཕུན་ཚོགས་པ་ཡོད། ཧེན་ན་ཡིས་རི་དྭགས་རྒྱག་དུས་མཉམ་རུབ། རྡོག་རྩ་གཅིག་སྒྲིལ། དུས་ཚོད་ཏག་ཏག་ལ་མཆོངས་ཐུབ་པ། རི་དྭགས་ཡི་མཐའ་ནས་སྐོར་མཁས་པ། སོགས་ཀྱི་ཁྱད་ཆོས་ཡོད་དུས་སེང་གེ་ལས་ཁྱི་འདིས་རི་དྭགས་གསོད་མཁས་པ་ཡོད།།
ཧེན་ན་ལ་སྟོབས་མེད། མདོག་ངན། གྲོ་པ་ཆེ། ཡིན་ཀྱང་ཁྱད་དུ་འཕགས་པའི་ཡོན་ཏན་ཞིག་ཡོད་པ་ནི་རི་དྭགས་རྒྱག་མཁས་པ་འདི་རེད། ཁྱི་འདིའི་རྩ་ནས་བསླབ་བྱ་ལེན་གྱི་ཡོད་པར་འདོད།
བོད་དང་ཡུར་གུ ནང་སོག ཧོང་ཀོང་། ཐད་ཝན། མ་ཁོ། རྒྱ་རིགས་དམངས་གཙོ་དོན་ཉེར་དྲུག་པོ་རེ་རེ་ལ་ཁྱི་རྒན་ཧེན་ནའི་ནུས་པ་ཙམ་ལས་མེད། གུན་ཁྲན་ཏང་ནི་སྟག་མོ་ཁེར་འདུག་རེད། ཧེན་ན་དྲུག་གིས་སྟག་གསོད་ཐུབ་པ་བརྒྱ་ཆ་བརྒྱ་རེད།
མི་རིགས་དྲུག་པོས་ཧེན་ན་ཡིས་རི་དྭགས་རྒྱག་པ་ལྟར་གུན་ཁྲན་ཏང་གི་ཐོག་ཏུ་མཆོང་པ་ཡིན་ན་སྟག་གསོད་ཐུབ་ངེས་རེད། དེ་ཡང་ཧེན་ན་ནང་བཞིན་་མཉམ་རུབ། རྡོག་རྩ་གཅིག་སྒྲིལ། དུས་ཚོད་ཏག་ཏག་མཆོངས་ཐུབ་པ། སྟག་གི་མཐའ་ནས་སྐོར་མཁས་པ།སོགས་བྱུང་ན་་རྒྱ་ནག་དམངས་གཙོ་ལ་བསྒྱུར་ཐུབ་ཀྱི་རེད་འདོད།
དེ་འདྲ་མིན་པར་སྤྱང་ཀི་ཁེར་རྒྱུགས་བྱེད་པ་ལྟར་བྱས་ན་རང་སྲོག་ཤོར་བ་ལས་སྟག་གསོད་ཐུབ་པའི་རེ་མེད། བྱས་ཙང་ཧེན་ནའི་ཁྱད་ཆོས་ནས་ང་ཚོའི་འཐབ་རྩོད་ལ་བསླབ་བྱ་ལེན་གྱི་འདུག་བསམས་ཀྱི་ཡོད། སི་ཏ་ལི་ཡིས་དམར་ཕྱོགས་པའི་དབང་སྒྱུར་བྱས་དུས་་་འགྲོ་བ་མི་རྣམས་ཁྱི་ལ་རྩིས་རྒྱག་པ་དང་། ཁྱི་ལ་ལྟོ་སྤྲད་ན་དབང་བསྒྱུར་བྱེད་ཐུབ་པ་ལྟར་འགྲོ་བ་མི་ཡང་ལྟོ་ཡིས་སླུས་ནས་དབང་སྒྱུར་བྱས་པར་གྲགས།་་་་་ཧཧཧཧཧ
སྐལ་མེད་སར་སྐེ་བསྲིངས་ཡོང་མཁན་དག་ལ་ལན་དུ་མེད་ལ། གཞས་ཞིག་གཏོང་འདོད་བྱུང་། བལྟོས་ཨ།
ཁྲུང་ཁྲུང་བྱང་ལ་འགྲོ་དུས། ཕག་པ་ཇུས་ཏོག་མ་བྱེད།
ཕག་པ་ཕག་ཚང་ནང་ལ། སྡུག་སྒོམ་བརྒྱབ་ནས་སྡོད་ཤིག།
ལྷ་སའི་བར་བསྐོར་ནང་ལ། ཁྱི་ཕྲུག་སྙང་རལ་ཛར་ཛར།
ང་ལ་ཟུག་རྒྱུ་བཞག་ནས། ཁྱོད་རང་སྙང་རལ་འཕྱིས་ཤིག། ཧ་ཧ།
བོད་ཕྱི་ནང་དཀྲུག་པའི་གྱོད་འདྲེ་དང་། བཙོན་བྱོལ་གསར་རྙིང་དཀྲུག་པའི་གྱོད་འདྲེ། བླ་མ་དང་སློབ་མ་དཀྲུག་པའི་གྱོད་འདྲེ། ཆོལ་གསུམ་ཆིག་སྒྲིལ་དཀྲུག་པའི་གྱོད་འདྲེ་ཚོས། མི་ངན་རེ་ཟུང་གི་སྐྱོན་མཚང་ཐེར་འདོན་ནི་ཡོད་ཚད་དཀྲུག་པའི་རྒྱུ་རུ་བཟོས་ན། ང་ཚོས་རྒོལ་བ་དང་ཡིད་གཟབ་བྱེད་པ་གལ་ཆེ།
ཁྱི་ལ་ལས་རིག་ནི་ཟུག། ཁྱི་ལ་ལས་མ་རིག་པར་ཟུག་ཟེར་བ་ལྟར། དགྱ་མ་ཡིན་པའི་དགྱ་ཁྱི་དང་དོལ་རྒྱལ་བ་མ་ཡིན་པའི་དོལ་ཁྱི་བྱེད་མཁན་གྱི་ངོ་གཉིས་མ་འདི་ཚོ་ཁ་སང་དེ་རིང་གི་གྱོད་འདྲེ་སྣ་ནག་དེ་ཚོ་ཡིན་ཚང་མས་ཤེས་དགོས།
ཐུགས་རྗེ་གཟིགས་་་་རྣམ་པ་གཉིས་ཀྱིས་ཟུར་མདའ་འཕེན་རེའི་མ་བྱེད་དང་། ཤ་ཉེ་་་དྲིན་ཆེ་གཉིས་་་་ཁྱབ་མེད་པ་བཤད་མ་འོང་རོགས་བྱོས།
ཨེ་་་གནམ་་་ཤུགས་རྒྱོབ་ཤོག་ཨ་་་་དེ་རིང་་་ང་ཚོ་བློ་མཐུན་རྣམས་ཀྱི་བསམ་ཚུལ་མ་མཐུན་པ་ཏོག་ཙམ་རེ་ཡོང་གི་ཡོད་དུས་ཁྱོད་ལ་གོ་སྐབས་བཟང་པོ་རེད་ད། དཀྲུག་ཤོག་ཨ་་་་ངས་ཁྱོད་ཆབ་སྲིད་མཁས་མིན་བལྟ་དགོས་ཡོད། ཆུ་ངོམས་གཏམ་རྒྱུད་ནང་གི་དམག་སྤྱི་ཀའོ་ཡིས་ཐབས་ཇུས་ནི་་་་་སྤྱང་ཀི་ཡིས་འཕར་བ་གསོད་ན་གསོད་་་འཕར་བས་སྤྱང་ཀི་གསོད་ན་གསོད་་་ཟེར་བ་དེ་རེད་ད་་་་་་ཧཧ
རང་ཉིད་ལས་གཞན་ཚང་མ་གནས་ལུག་མི་ཤེས་མཁན་དང་དྲངས་བདེན་ལ་རྒྱབ་སྐྱོར་མི་བྱེད་མཁན་ཞིག་རེད་བསམ་ན་དེ་ནི་རང་ཉིད་གླེན་པ་གླང་གོག་འདྲ་ཞིག་ཡིན་པའི་རྟགས་ལས་གཞན་ཅི་ཡང་མིན། གལ་ཏེ་ཁྱོང་རང་གིས་དྲངས་བདེན་དང་གནས་ལུག་ཡོད་པའི་སྐད་ཆ་ཞིག་བཤད་ན། མི་ཚང་མས་མིནཡང་མང་ཆེ་བས་རྒྱབ་སྐྱོར་བྱེད་པ་ནི་ཆོས་ཉིད་རེད། དེས་ན་མི་ཕལ་མོ་ཆེས་ཁྱེད་རང་གི་བྱ་སྤྱོད་ལ་ངོ་རྒོལ་བྱེད་ཀྱི་འདུག་ན་དེ་ནི་ཁྱེད་རང་ནོར་ཡོད་རྟགས་ཡང་དག་རེད།
ཅོ་རིལ་གྱི་བསམ་པར་བོད་རང་བཙན་རྩ་མེད་བཟོ་མཁན་ནི་གཞན་སུ་གང་མིན་པར་༧རྒྱལ་བ་རིན་པོ་ཆེ་རེད་ཅེས་༧རྒྱལ་བ་རིན་པོ་ཆེ་ཚང་ལ་ཁ་རྡུང་གཏོང་རྒྱུ་ཞིག་འཚོལ་སྡོད་ཀྱི་ཡོད།
གནམ་ལོ་ཡག་ཀྱང་དེ་བཞིན་རེད། ག་དུས་ཡིན་ཡང་xxxཞོར་དུ། བཙན་བྱོལ་བོད་གཞུང་དང་སྤྱི་ཚོགས་ལ་རེ་ཐག་ཆོད་པའི་སྐད་ཆ་xxxཤོད་སྡོད་ཀྱི་རེད།
སྐད་ཆ་སྟོང་པ་དེ་ཚོར་བདག་པོ་རྒྱག་མི་རྒྱག་དྲ་གྲོགས་རྣམ་པ་ཚོས་གཟིགས།
ཨ་མདོ་ལུང་རྟོགས་ནི་ཨ་མདོའི་ནང་གི་ཤེས་ཚད་སྐྱོ་བོ་དང་ཞེན་ཁོག་ཡོད་ཟེར་མཁན་ཞིག་ཡིན་ས་རེད། གང་ལྟར་གནས་ལུགས་རྐང་གཅིག་ལབ་ཤེས་ཀྱི་མི་འདུག མེར་བསྲེག་ནས་ངོ་རྒོལ་གནང་མཁན་མང་ཤོས་ཨ་མདོ་རེད་ད། ག་རེ་བྱས་ནས། རྒྱ་མིའི་རྩ་ཁྲིམས་འོག་སྡོད་འདོད་མེད་པ་དང་། བསྡད་ཀྱང་གསོན་ཐབས་མེད་པ་མ་རེད་དམ། སྐུ་མཁྱེན། ཤི་བོ་ཚོར་བསམ་བློ་གཏོང་གི་མིན་ནམ།
ཀར་བློ། ཁྱོད་རང་ལ་ལེན་འདེབས་འདོད་མེད། ཁྱེད་རང་ནི་ཚིག་ངན་ཁོ་ན་ལས་གནས་ལུག་རྐང་ཅིག་བཤད་མི་ཤེས་པའི་བོང་བུ་ལྟ་བུ་ཞིག་རེད། ཁྱེད་རང་དང་སྡུར་ན་ཅོ་རི་ཉི་མ་ཅུང་ཟད་དྲག་གི་འདུག ཅོ་རི་ཁོ་རང་གི་གཞི་རྩའི་བསམ་ཚུལ་དེ་སྡུག་དྲག་པས་རྒྱབ་རྟེན་གྱི་གནས་ལུག་ཞིག་བཤད་རྒྱུ་མ་རྙེད་པ་ལས། གནས་ལུག་བཤད་ཡ་གི་འབད་རྩོན་ཅུང་ཟད་བྱེད་མཁན་ཞིག་རེད། ཁྱོད་ཚོའི་ཁྲོད་ཀྱི་ལོང་བའི་ནང་གི་སྤྱན་བཟང་དང་། ཞ་བོའི་ནང་གི་རྐང་བདེ་ནི་ཞོལ་གཡག་ཅེས་པ་འདི་རེད་ལ། འདིས་དེང་སྐབས་གནས་ལུག་དང་ཐག་ཉེ་བའི་སྐད་ཆ་གང་མཚམས་ཤིག་བཤད་ཀྱི་ཡོད་པའི་ཚོར་སྣང་བྱུང་ལ། ངས་མི་འདིས་སྐད་ཆ་ལ་དེང་སང་བསམ་གཞིག་ཏོག་ཙམ་བྱེད་ཀྱི་ཡོད་པ་ལས། ཅི་རི་ཁྱེད་རང་གཉིས་ཀྱི་སྐད་ཆ་ལ་ངས་སྐྱག་པའི་མཐོང་ཡང་བཞག་གི་མེད། ཤེས་ཨེ་སོང་། ཧཧཧ
ལོ་རྒྱུས་ཀྱི་བདེན་པའི་ཆེད་དུ་སླར་ཡང་གསལ་བཤད་ཅིག་ཞུ།
ཅོ་རིལ་གྱིས་གོང་དུ་མཆན་ ༧༡ པར།
“རྒྱལ་བ་རིན་པོ་ཆེན་གྱིས་རང་བཙན་བློས་བཏང་མེད་ན་་་་་་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཀྱིས་རྒྱལ་བ་རིན་པོ་ཆེན་་་མ་བྷིང་ག་འདྲ་སི་བཟོས་པ་རེད་དམ། རྒྱལ་རིན་པོ་ཆེན་གྱིས་སེམས་ལ་བསམ་གྱི་རང་བཙན་མེད་ཅེས་གསུངས་མྱངས་ཡོད་པ་མིན་ནམ།།།།”
༧རྒྱལ་བ་རིན་པོ་ཆེ་ཚང་གིས།
“བོད་ནི་ལོ་རྒྱུས་ཐོག་རང་བཙན་རེད། ཡིན་ནའང་མ་འོངས་པའི་ཆེད་དུ། རང་བཙན་རྩོད་ཀྱི་མེད།”ཅེས་གསུངས་ཡོད།
དེ་ལ་དབྱིན་ཇིའི་སྐད་དུ། “Tibet was independent” “Tibet is independent” “Tibet will be independent” ཞེས་ Verb copula “to be” ཟེར་བ་དེར་བོད་རྒྱ་གཉིས་ཀྱི་བྱ་བའི་ཚིག་གྲོགས་ “ཡིན། རེད། 是“ བཅས་དང་མི་འདྲ་བར་དུས་གསུམ་གྱི་རྣམ་གཞག་གསལ་པོར་སྟོན་པའི་ནུས་པ་ཡོད་པ་ཞིག་རེད།
ཀརྨ་ཆོས་འཕེལ་གྱིས་༧རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་དགོངས་ཀྱི་ “ལོ་རྒྱུས་ཐོག་གི་རང་བཙན” དང་ “མ་འོངས་པའི་ཆེས་མཐོའི་རང་སྐྱོང་གཉིས་” བར་གྱི་གནད་འགག་ལ་འཁྱོག་བཤད་བྱས་པ་རེད། ཅོ་རིལ་གྱིས་ཀྱང་ཞིབ་ཕྲ་འདིའི་བར་ན་མགོ་རྨོངས་པའི་ཉོག་བཤད་སྒྲོག་བཞིན་འདུག
དགེ་ཆོས་ཀྱིས་ཀྱང་ ཅི་ཙམ་དངོས་པོའི་གཤིས་དང་ཉེ་གྱུར་ན།། མཁས་པའི་ངག་ནི་དེ་ཙམ་ལྐུགས་པར་འགྱུར།། ཟེར་བའི་གནད་དམ་པ་ཞིག་བསྟན་ཡོད་པ་ལྟར། སྨྱོ་བཤད་གཟའ་བཤད་རྒྱག་མཁན་ཚོ་ནི་རྩང་རྩིང་ཙམ་ལས་ཞིབ་ཕྲ་ལ་འཇུག་པའི་སྐབས་ནི་ག་ལ་ཡོད།
གཞན་ཡང་ ལོ་རྒྱུས་ཐོག་བོད་ཆེན་པོ་མེད་ཟེར་བ་དེས། ལོ་རྒྱུས་ཐོག་བོད་རང་བཙན་མིན་ཟེར་བའི་ནང་དོན་སྟོན་བཞིན་ཡོད་པའི་ངེས་པ་མེད།
རང་བཙན་ཀྱི་འཐབ་རྩོད་ལ་ངར་ཞིག་དགོས་པ་བདེན་མོད། རང་བཙན་གྱི་ལོ་རྒྱུས་བཤད་པར།
ཞི་གནས་ནི་ལྷག་མཐོང་ལ་ཕན་ནོ། གནས་ལུགས་དང་རྒྱུ་མཚན་འཚོལ་བར་འདོད་ན་ཞི་བར་གནས་རོགས་ཅི་རིལ་ལགས། རང་རློམ་ཆེ་དྲགས་ན་དངོས་པོའི་རང་གཤིས་དང་ཇི་ལྟར་ཐག་ཉེ་རུ་བཅར་ཐུབ་བམ།
དོལ་ཁྱི་ཆོན་ཐག་དམུར།
རྒྱ་དཀར་གྱི་བལྟད་མོ་ཚང་མ་ཆགས་པ་གཙོ་བོར་བཟུང་བའི་བཙན་གཡབ་ཀྱི་སྐོར་རྐྱང་རེད། རྒྱ་གར་ལ་བཙན་གཡབ་པ་མང་བ་ཡང་དེ་ནས་བྱུང་ཡོད།
དགྱ་ནག་གི་བལྟད་མོ་ཚང་མ་དོགས་པ་གཙོ་བོར་བཟུང་བའི་ཁྱོ་ཤི་ང་གསོན་གྱི་སྐོར་རྐྱང་རེད། དགྱ་ནག་ལ་བློ་གཏད་མེད་པའི་གཡོ་སྒྱུ་བ་མང་བ་ཡང་དེ་ནས་བྱུང་ཡོད། ངས་བལྟད་མོ་འདི་ཚོ་ནས་བསགས་པའི་ལྟ་བ་དང་སྤྱོད་པ་གཅིག་ལ་མེད།
མ་དྲིན་ཆེན་གྱིས་ང་ལ་དྲིན་ཆེན་ལ་དྲིན་ངོ་འཇལ་ཤེས་བ་ཞིག་གི་བསླབ་བྱ་གནང་ཡོད། ཡོད་ཚད་པོ་ང་ཡི་དྲིན་ཆེན་མིན་ཟེར། ཕ་དྲིན་ཆེན་གྱིས་ང་ལ་གོང་དཔོན་པོ་དཔོན་ས་ན་ཡོད་དུས་བཀུར་དགོས་བའི་ཁ་ཏ་བྱས་སོང་། རྒྱལ་བློན་གྲོས་ལ་འདུས་དུས་སྐད་མགོ་མཐོ་དགོས་ཟེར། འདིའི་ཞོར་ནས་མར་ལ་ང་རང་གིས། དམངས་གཙོ་ཕུག་མདུན་སྦྱང་ཡིན། སྐབས་དེ་ནས་བཟུང་། མི་ངན་རེ་ཟུང་གིས་རང་ལྟོ་ཁུག་མར་བཅུག་ནས་རྒྱལ་འབངས་གཉིས་ཕམས་ཀྱི་གཡེན་སྦྱོར་དང་གཏོར་རྒོལ་བྱེད་པོ་ལ་ཚིག་མདའ་རེ་འཕེན་ཨེ་ཤེས་བལྟ་བཞིན་ཡོད། ངའི་དགྲ་ངོ་མ་ནི་དགྱ་དཔོན་དབང་ཡོད་པ་ཚོ་ཡིན། དེ་ཚོའི་མདུན་ན། ངོ་རྒོལ་སྐད་འབོད། སྲོག་གི་ཆད་པ་ཕོག་ན་འགྱོད་པ་མེད། དེ་མིན། ངས་ཆབ་སྲིས་ཤེས་ནས་བཀའ་བློན་སྤྱི་མཐུས་ཤིག་ཕར་བཞག། མཐའ་ན་ས་གནས་སྡེ་དཔོན་ཞིག་ལ་ཡང་རེ་བ་འཆང་མེད། ཡིན་ན་ཡང་། འབངས་མི་བློ་དཀར་ཞིག་གི་གོ་ཐོབ་ངས་ནམ་ཡང་ས་ལ་མི་འཇོག། ཤེས་སོང་ངམ། དོལ་ཁྱི་བློ་ཁོག་ཅན། ནང་དགྲ་གྲོད་པུའི་སྤུ།
སྐྱབས་རྗེ་ཁྲི་བྱང་ནི་༧རྒྱལ་བ་རིན་པོ་ཆེར་ཧ་ཅང་གི་དད་པ་ཆེན་པོ་ཡོད། ཁོང་གིས་དོལ་རྒྱལ་དེ་རྒྱལ་བ་རྒྱལ་བ་རིན་པོ་ཆེར་སྤེལ་པ་ཡིན་ན་དོལ་རྒྱལ་གྱི་རྒྱུན་ཆད་ཀྱི་མ་རེད་དགོངས་ཡོད། ཁོང་གིས་ཧ་ཅང་གི་གཟབ་གཟབ་བགྱིས་ནས་རྙིང་ཆོས་མི་ཞུ་བའི་ཐབས་ཤེས་རྩལ་བསྒྲིག་གནང་བ་རེད། དེ་ཡང་དོལ་རྒྱལ་གྱི་ཆེད་ཡིན་ཁོང་གི་དགོངས་པར་ཡོད་རེད། རྙིང་ཆོས་དང་དགེ་ལུགས་གང་ཡིན་གྱང་མི་རྣམས་ལ་རྣམ་གྲོལ་བསྒྲུབ་པའི་ཐབས་མ་ནོར་བ་སྟོན་པའི་ནུས་པ་ཡོད་པར་ཁོང་གིས་མཁྱེན་གྱིན་མེད། དོལ་བསླད་ཅན་ཚང་མས་འདི་རྟོགས་ནུས་གྱིན་མེད། ཁོང་ནི་རིག་རྩལ་ཅན་དང་ཐབས་ཇུས་དྲང་བཞག་མང་པོ་བྱས་པར་བརྟེན་རྒྱལ་བ་རིན་པོའི་ཆེའི་བླ་མར་གྱུར་པ་རེད། ༧རྒྱལ་བ་རིན་པོ་ཆེས་ཀྱང་སྐྱབས་རྗེ་ཁྲི་བྱང་ལ་ཧ་ཅང་གི་དད་པ་ཆེན་པོ་ཡོད། ཡིན་ནའང་འདྲེ་དོལ་གསོ་བའི་ཆོ་ག་རྨོངས་དད་རེད་དྲན་གྱིན་ཡོད་པ་རེད། གསང་བསྔགས་ཀྱི་གཞུང་ནང་བླ་མར་མགོ་འབུལ་ལུས་ཞུས་ན་བྱིན་རླབས་མྱུར་བར་བཤད་ཡོད། གཟབས་གཟབས་མ་བྱས་ན་དེང་སང་གི་བླ་བརྫུན་རྣམས་ལྟར་གང་མཚམས་ནས་བླ་མས་དོལ་རྒྱལ་བསྟེན་རོགས་རྙིང་ཆོས་ཞུ་མི་དགོས་པ་བྱོས་ཟེར་མདོག་ཁ་པོ་རེད། དེར་༧རྒྱལ་བ་རིན་པོ་ཆེས་ཧ་ཅང་གི་རྨོངས་དད་རེད་དྲན་བཞིན་ཡོད་ཙ་ངེས་ལེན་མ་གནང་བ་རེད། དོལ་རྒྱལ་ནི་རྙིང་མ་དང་དགའ་ལྡན་ཕོ་བྲང་གི་མིང་གོ་ན་ཁོང་ཁྲོ་ཟ་ནས་དྲན་པ་འཐོར་འགྲོ་བའི་མི་མ་ཡིན་པ་དེ་འདྲ་རེད། འདྲེ་ཡིན་པར་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་མཁྱེན་གྱི་མེད། འཆི་ཁར་བསྒོམ་ན་ཁོག་པའི་ནང་དུ་འཛུལ་འགྲོ་བའང་དེ་ལས་ཀྱང་སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་གི་མཁྱེན་གྱིན་མེད། དཔེར་ན་གནས་ཆུང་ལྟ་བུའི་མི་མ་ཡིན་ལ་ཚད་མཐོན་པོས་བསྒོམ་མཁན་མེད། འཆི་ཁར་ཁོག་པའི་ནང་དུ་འཛུལ་བའི་ཉེན་ཁ་ཡོད། དོལ་རྒྱལ་ཁོག་པའི་ནང་དུ་འཛུལ་བཅུག་ནས་མགོ་འབུལ་ལུས་འབུལ་བྱ་མཁན་མང་པོ་བྱུང་མྱོང་། རྨོངས་དད་ཀྱི་མཐར་གཏུགས་ན་དེའདྲ་ཡོང་གི་རེད། བླ་མ་གང་ཞིག་ནས་ནོར་འཁྲུལ་བཟོས་ན་བླ་མས་བྱས་བྱས་ཀུན་ནོར་འཁྲུལ་དུ་བརྩི་མི་རུང་ལ། བླ་མ་གང་ཞིག་ནས་ལེགས་བྱས་ཀུན་ནོར་འཁྲུལ་སྣ་གཅིག་གིས་ཉེས་བྱས་སུ་མི་འགྱུར་རོ། སྐྱབས་རྗེ་ཁྲི་བྱང་མཆོག་ནི་རྨོངས་དད་མ་སྤོང་བའི་སྐྱེས་བུ་དམ་པ་ཡོད་ན་མེད་ན་གཅིག་རེད།
ང་ཆེས་ཁོང་ཁྲོ་ཟ་བ་ནི་དོལ་རྒྱལ་བ་ཚོས་རྡ་སར་རིག་པའི་དབང་ཕྱུག་དགེ་བཤེས་བློ་བཟང་བསད་པ་དེ་མིན་པར། སྐྱབས་རྗེ་ཁྲི་བྱང་གི་སྤྲུལ་སྐུར་སྐུ་ཡོན་བཞེས་མ་བཅུགས་པར་གདན་ས་ཆེན་པོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ནས་བཙན་ཁྲིད་ཀྱིས་ལག་རྩེད་རྩེ་སོང་། དོལ་ཕྲུག་ཁྱོད་ཚོར་ལས་རྒྱུ་འབྲས་མེད། ཅོ་ཁྱི་འདི་རྒྱ་ནག་གི་དམངས་ཁྲོད་ཁ་བརྡར་སོང་ན་རྒྱ་མཚོ་ཡིན། བོད་ཀྱི་ཁ་བརྡར་འོང་ན་ཅོ་རི་ཉི་མ་ཤར་ལེ་རེད།
ཁ་སང་གྲོས་ཚོགས་ནང་གསེར་རྟ་ཚུལ་ཁྲིམས་འོད་ཟེར་གྱི་སྤྲུལ་སྐུ་བཀྲ་ཤིས་དོན་གྲུབ་ཀྱིས་རྒྱ་མགོ་འདོགས་ནས་ཞི་ཅི་ཕིན་ལ་ཁ་དོག་འཁྱེར་ནས་ཕེབས་བསུ་བཅར་དགོས་པའི་རྒྱ་མའི་སྐད་ཆ་ཞིག་གྲོས
ཚོགས་ལ་འཁྱེར་སླེབས་སོང་། ལུང་རྟོགས་ཟེར་བའི་རྒྱལ་ཚོང་བ་ཁོ་ཚོ་གཅིག་པ་རཅ་རེས
ཀྲུང་གོ་དམངས་གཙོ་ཅན་དུ་འགྱུར་བར་གཅིག་བྱས་ན་དུས་ཡུན་རིང་པོ་འགོར་སྲིད་པ་རེད་ལ་གཅིག་བྱས་ན་དུས་ཡུན་རིང་པོ་འགོར་མི་སྲིད་པ་རེད། དུས་ཚོད་ངེས་མེད་རེད། གལ་ཏེ་དམངས་གཙོ་ཅན་དུ་འགྱུར་ན་རང་སྐྱོང་ནི་མ་བརྩད་ཀྱང་མ་མཐར་རག་གི་རེད། དེས་ན་ཀྲུང་གོ་དམངས་གཙོར་འགྱུར་བར་ཕྱི་ཕྱོགས་གིས་ཤུགས་རྐྱེན་དེ་ཙམ་ཐེབས་ཀྱི་མ་རེད། གལ་ཆེ་ཤོས་དེ་རྒྱ་རིགས་དུང་ཕྱུར་བཅུ་གསུམ་ལྷག་གི་རྒྱུད་ལ་དམངས་གཙོའི་དགེ་མཚན་ཤེས་ནས་གོ་རྟོགས་ཡང་དག་པ་ཞིག་སད་དགོས་པ་དེ་ཁ་ཚ་དགོས་གཏུག་ཆགས་ཡོད་པ་རེད། ནང་ཁུལ་གྱི་གསར་རྗེའི་ཡར་ལངས་མ་བྱུང་བར་དམངས་གཙོ་ཅན་དུ་གྱུར་རྒྱུ་ཁག་པོ་ཞེ་དྲག་རེད། འོན་ཀྱང་དམངས་གཙོའི་དགེ་མཚན་དང་གོ་རྟོགས་སྤེལ་རྒྱུ་དང་གསར་རྗེའི་ཡར་ལངས་ལ་ཕྱི་ཕྱོགས་ནས་སྐུལ་འདེད་གཏོང་ཐུབ་སྲིད། གཞི་རྩའི་རྒྱ་མི་རིགས་དེ་ཚོ་མི་རིགས་ཆེན་པོའི་རིང་ལུགས་ཀྱི་ལྟ་གྲུབ་འོག་ནང་་ཁུལ་འགལ་འདུ་སྣ་མང་རང་བཞིན་ཅན་ཡིན་ཡང་ཁ་ཕྱི་ལ་བསྐོར་ཡོང་དུས་གཅིག་རེད། རྒྱུ་མཚན་འདིས་ཧོང་ཀོང་དང་ཐེ་ཝན་སོགས་ཀྱི་ཡར་ལངས་ལ་ལྟ་སྟངས་ཡག་པོ་ཞིག་མེད་པ་གསལ་པོ་རེད། རྒྱུ་མཚན་ཀྲུང་གོ་ཁ་བྲལ་དུ་འགྲོ་རྒྱུར་རྒྱ་རིགས་མི་རེ་ངོ་རེའི་སེམས་ནང་སེམས་ཚབས་ཆེན་པོ་ཡོད་པ་རེད། སྲིད་གཞུང་གི་དྲིལ་བསྒྲག་ཡིན་ནམ་མི་རིགས་ཆེན་པོའི་རིང་ལུགས་ཀྱི་ལྟ་བ་ཡིན་མིན་ཇི་ལྟར་ཡང་༢༠༠༨ལོའི་བོད་ནང་ས་བྱི་གཞི་རྒོལ་སྐབས་རྒྱ་ནང་གི་ཞིང་ཆེན་མི་ཉུང་བ་ཞིག་གི་སློབ་གྲྭ་ཆེན་མོའི་སློབ་ཕྲུག་གིས་བོད་ལ་ཚུར་ངོ་རྒོལ་བྱས་པ་རེད། འདིས་ག་རེ་མཚོན་པ་རེད་ཟེར་ན་སློབ་ཆེན་གྱི་སློབ་ཕྲུག་ཚོ་ཤེས་བྱའི་འཁོར་ཡུག་ནང་ཚར་ལོངས་བྱུང་བའི་མི་རབས་གསར་པ་ཞིག་ཡིན་ཡང་ཤེས་རྒྱ་བློ་རྒྱ་ཇི་ཙམ་ཡོད་མེད་མཚོན་ཐུབ་པ་རེད། ཁོ་ཚོའི་བསམ་བློའི་ནང་ནང་ཁུལ་འགལ་ཟླའི་དཀའ་ངལ་ཇི་ཙམ་ཆེ་ན་ཡང་ཨ་རི་དང་ནུབ་ཕྱོགས་དགྲར་འཛིན་སྟོབས་ཤུགས་ལ་ཁ་གཏད་ཅོག་མཁན་ཏང་ཀྲུང་དབྱང་སྲིད་གཞུང་འདི་གལ་ཆེན་པོ་རེད་སྙམ་ཡོད་པ་རེད་ལ། ཏང་སྲིད་དམག་གསུམ་དང་རྒྱལ་ཁབ་དཔལ་འབྱོར་གྱི་ནུས་སྟོབས་རྒྱལ་སྤྱིར་ངོམས་གསོ་བྱ་ཆོག་བསམ་ཡོད་པ་རེད།
དེ་དེ་བཞིན་ཕྱི་ཕྱོགས་ཀྱི་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཡིན་མདོག་བྱེད་མཁན་དེ་ཚོ་ལ་ཡང་ཡིད་ཆེས་དང་ཆ་འཇོག་བྱེད་ས་གཅིག་ཀྱང་ཡོད་པ་མ་རེད། འདི་ཚོ་ཆིག་སྒྲིལ་དང་མཉམ་རུབ་བྱེད་པའི་ལམ་ལུགས་མི་འདུག་ལ་འགོ་འཁྲིད་ཐུབ་མཁན་ཀྱང་གཅིག་ཀྱང་ཡོད་བཟོ་མི་འདུག། མང་ཆེ་བ་དཔལ་འབྱོར་དོན་གཉེར་བ་ཤ་སྟག་ལས་དམངས་གཙོའི་དོན་དུ་ཁ་ཡོད་ལག་ཡོད་ཀྱིས་ལས་ཀ་བྱེད་མཁན་ཕལ་ཆེར་དཀོན་ཚོད་འདུག།
གང་ལྟར་ཇི་ལྟར་ན་ཡང་བོད་སོག་ཤིང་གསུམ་གྱིས་ལག་གདང་སྦྲེལ་ནས་མཉམ་རུབ་ཀྱི་ལས་ཀ་ཞིག་བྱེད་ཐུབ་ན་དགེ་མཚན་གཏན་གཏན་ཡོད་རེད་འདོད། བྱས་ཙང་བོད་སོག་ཤིང་གསུམ་གྲངས་ཉུང་མི་རིགས་གཅིག་པ་རེད་ལ་དབང་བསྒྱུར་ལམ་ལུགས་གཅིག་གི་འོག་དཀའ་སྡུག་མྱོང་མཁན་གཅིག་གྱུར་ཡིན་ཙང་འདྲ་ས་མེད་པ་རེད། འོན་ཀྱང་ལག་གདང་ཇི་ལྟར་སྦྲེལ་དགོས་མིན་དང་མཉམ་རུབ་ཇི་ལྟར་བྱེད་དགོས་འཆར་གཞི་ངེས་ཅན་ལྡན་དགོས་པ་རེད།
བློ་མཐུན་དེ་ཚོར་ཅི་བྱུང་སོང་ངམ། ང་ཚོ་དང་བློ་མ་མཐུན་ཙང་ “ཤེས་ཡོན་ཅན” ཡིན་ཞེས་རྒྱང་བཀྱད་བཞིན་ཡོད་པ་རེད་དམ། ཡང་ན་མི་འདི་ཚོས་གནས་ལུགས་དང་རྒྱུ་མཚན་ཟེར་བ་དེ་མི་ཤེས་ཞེས་ཁ་གཉེར་སྣ་གཉེར་བྱས་ནས་བསྡད་ཡོད་དམ།
“བློ་མཐུན་” འདི་ཚོར་བློ་མཐུན་པའི་གཞི་གཅིག་ཡོད་པ་དེ་ནི། གཞན་གྱིས་རང་ཉིད་ལ་གུ་ཡངས་བྱེད་དགོས་པ་དང་། རང་གིས་གཞན་ལ་གུ་ཡངས་བྱེད་མི་ཐུབ་པ་དེ་རེད།
དེ་ཇི་ལྟར་རེད་དམ་ཟེར་ན། “༧རྒྱལ་བ་རིན་པོ་ཆེ་ཚང་གིས་དོལ་xxxxརྒྱལ་མ་བསྟེན་ན་ཡག་གི་རེད་” ཅེས་པའི་གསུངས་སྐད་ལ་ཉན་འདོད་རྩ་ནས་མི་བྱེད་པར། དེ་ལས་ལྡོག་སྟེ། “ང་ཚོ་ཅིའི་ཕྱིར་༧རྒྱལ་བ་རིན་པོ་ཆེ་ཚང་གི་གསུངས་ཆོས་ལ་ཉན་དུ་ཡོང་ཆོག་གི་མ་རེད” ཅེས་ “རང་འདོད” ཁོ་ན་བཤད་སྡོད་གི་འདུག
དེ་བཞིན་དུ་གནམ་ལོ་ཡག་ཅན་པ་དེ་ཚོའང་དེ་བཞིན་རེད། རང་ངོས་ནས་མི་གཞན་པར་ཚིག་རྩུབ་བཤད་རྒྱུར་ཅི་མི་སྙམ་པར་མ་ཟད། ད་དུང་མིའི་སྒང་ལ་གླེང་ཡང་འགེལ་གྱི་རེད། ཡིན་ནའང་གཞན་གྱིས་རང་ཉིད་ལ་མཚང་མིང་གིས་བོས་པ་ཙམ་གྱིས། དེ་ནི་ཆོས་འདུལ་བ་ཟེར་བ་ཞིག་དང་སྦྱར་ནས་སྐད་ཆ་ཇེ་ཆེ་དང་གནད་ཆེ་ས་ཞིག་ལ་འཁྱེར་ཅི་ཐུབ་བྱེད་པ་གོང་གི་མཆན་དེ་དག་ལས་ཤེས་ཐུབ་པ་ལྟར་རེད།
གཞན་ཡང་། རྒྱ་མོ་ཞིག་ལ་ལྷ་རམས་པ་ཞེས་བོས་ན་བོད་ཀྱི་ཁྱད་ཆོས་ལྡན་ཚུལ་བཤད་གི་འདུག དེས་ན་ཁྱོད་ལ་xxxxxx
དྲ་གྲོགས་ཚོས་མཆན་འདིའི་རྒྱབ་ལྗོངས་ཤེས་འདོད་ན་སྔར་གྱི་མཆན་གཉིས་གཤམ་དུ་ལུང་འདྲེན་བྱས་གཟིགས་རོགས།
# 67 རྡོ་རྗེ་རྒྱལ་མཚན།་ལགས་ཀྱིས་མཆན་བཏབ་པ།:
September 19th, 2014 at 1:06 AM
དེ་ནས་གནམ་ལོ་ཡག་xxxxཉོན་ཨ།
བར་སྐབས་ཤིག་ལ་ང་ནི་ཁྱོད་ཀྱི་སྐད་ཆ་གཉིས་ལ་དོ་སྣང་བྱུང་།
གཅིག་ནི། དྲྭ་ཐོག་འདིར་ཁྱོད་ཀྱིས་ཉེ་ཆར་ བོད་མིའི་སྒྲིག་འཛུགས་ལ་དཔལ་འབྱོར་གྱི་རོགས་རམ་སྤྲོད་མཁན་གྱི་ཕྱི་རྒྱལ་གྱི་སྦྱིན་བདག་དེ་ཚོར་ཡི་གེ་བཏང་སྟེ། བོད་མིའི་སྒྲིག་འཛུགས་ལ་རོགས་དངུལ་སྤྲོད་རྒྱུ་མཚམས་འཇོག་ཡོང་བ་བྱེད་དགོས་པའི་སྐུལ་སློང་བྱས་སོང་།
གཉིས་ནི། བོད་ནས་ཨོ་སི་ཐྲི་རི་ལི་ཡར་ལྟ་སྐོར་ལ་ཡོང་བའི་མི་ཁག་ཅིག་ལ་ཁྱོད་ཀྱིས་རྒྱ་གར་ན་ཡོད་པའི་བོད་མིའི་སྒྲིག་འཛུགས་དང་སྤྱི་ཚོགས་ལ་རེ་བ་བརྒྱག་རྒྱུ་མེད་པའི་སྐོར་འགྲེལ་བཤད་བརྒྱབ་པ་ཡིན་ཞེས་བཤད་སོང་།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་དང་ལས་བྱེད། འགོ་འཁྲིད་སོགས་ཀྱི་བྱེད་བབས་ཀྱི་ཐོག་ནས་མི་འགྲིག་པ་ཡོད་སྲིད་ལ། དེར་སྐྱོན་བརྗོད་ཀྱང་ལོས་བྱེད་ཆོག གལ་སྲིད་ཁྱོད་ཀྱིས་འཇོན་ན་གོང་དུ་ཞོལ་གཡག་འབྲོང་རྒྱུད་ཀྱིས་བཤད་པ་ལྟར། བོད་ཀྱི་སྲིད་སྐྱོང་འོས་འདེམས་ཀྱི་ལས་འགུལ་དུ་ཞུགས་ཏེ། རང་ངོས་ནས་སྲིད་ཇུས་དེ་དག་ལ་འགྱུར་བ་གཏོང་བའི་ལམ་ཁ་ཡང་ཡོད་པ་རེད།
ཡིན་ནའང་སྐད་ཆ་འདི་ལྟ་བུ་ནི་ཁྱོད་ཀྱི་འཇོན་ནུས་དང་མི་མཐུན་པ་མ་ཟད། ཁྱོད་ཀྱིས་རྒྱུན་དུ་ནས་ཁ་ན་སྒྲོག་བཞིན་པའི་ ”ཤེས་ཡོན་ཅན” ཟེར་བ་དེ་ལ་དེ་བས་ཀྱང་མི་འཚམས་པ་ཞིག་རེད། ཡིན་ནའང་བསམ་བློ་ཞིག་ཐོངས་དང་། བོད་མིའི་སྒྲིག་འཛུགས་ནི་གློག་ཀླད་ཅིག་ཡིན་པའི་ཆ་བཞག་ན། སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བཀའ་བློན། སྤྱི་འཐུས་དང་དྲུང་ཆེ་ལ་སོགས་པ་ནི་གློག་ཀླད་དེའི་ནང་གི་མཉེན་ཆས་ཁག་ཅིག་རེད། མཉེན་ཆས་དེ་ཚོ་བརྗེ་ཆོག་གི་རེད་ལ་རྩ་མེད་དུའང་བཏང་ཆོག་གི་རེད། ཡིན་ནའང་གློག་ཀླད་ཀྱི་ཚབ་ལྟ་བུ་སྟེ། བོད་མིའི་སྒྲིག་འཛུགས་རྩ་འཐོར་དུ་འགྲོ་གཞིའི་སྐུལ་སློང་བྱེད་པ་དེ་ཁྱོད་ལ་ཅི་བྱུང་བ་རེད། སོ་སོའི་འདོད་དོན་གྱི་ཆེད་དུ། རང་གི་སྒྲིག་འཛུགས་ལ་ཅི་མི་སྙམ་པ་འདི་ནི་རྒྱལ་ཚོང་གི་ལས་ཀ་རང་རེད། ཞྭ་དམར་གྱིས་གོར་དམག་དྲངས་པ་ཡིན་ནའང་འདྲ། འབའ་པ་ཕུན་ཚོགས་དབང་རྒྱལ་གྱིས་རྒྱ་དམག་དྲངས་པ་ཡིན་ནའང་འདྲ། ཀུན་སློང་དང་དམིགས་ཡུལ་ཅི་ཙམ་མི་གཅིག་རུང་། སོ་སོའི་འདོད་དོན་གྱི་ཆེད་དུ་སྒྲིག་འཛུགས་ལ་གས་ཆག་ཐེབས་རུང་མིག་བཙུམ་བརྒྱབ་ཡོད་པ་ནི་གཅིག་འདྲ་རེད།
དེས་ན་ ”བོད་གཞུང་དང་ཡང་ན་བཙན་བྱོལ་བོད་གཞུང་། ཡང་ན་དབུས་བོད་མིའི་སྒྲིག་འཛུགས” ཞེས་སོགས་ཐ་སྙད་ཀྱི་གདགས་གཞི་གང་ཞིག་སྦྱར་རུང་། ང་ཚོས་མི་རབས་རྗེས་མ་ནས་རྗེས་མར་ཆབ་སྲིད་བདག་དབང་གི་མཚོན་དོན་རྩིས་སྤྲོད་བྱེད་རྒྱུར་དེ་ལས་ལྷག་ཅིག་ཅི་ཡོད་དམ།
# 69 ལྷ་སྡེ་གནམ་ལོ་ཡག་ལགས་ཀྱིས་མཆན་བཏབ་པ།:
September 19th, 2014 at 3:47 AM
རྡོ་རྗེ་རྒྱལ་མཚན་ལགས། ཁྱེད་ཀྱི་བསམ་ངོར་ད་རེས་གནམ་ལོ་ཡག་ལ་བརྙས་དམོད་བྱེད་ཐུབ་སོང་བསམ་ཡོད་སྲིད་ཀྱང་དོན་དངོས་ཁྱེད་རང་གི་ཀླད་པ་ལྐུགས་ཟིན་པའི་རྟགས་བསྟན་ཟིན་པར་མ་ཟད། ཁྱེད་རང་ནང་བ་ཞིག་ཡིན་ན་དགེ་བ་བཅུ་ལས་ཚིག་རྩུབ་ཀྱི་རྒྱར་ཚུད་ཟིན་པ་དང་། གལ་སྲིད་གྲྭ་བ་ཞིག་ཡིན་ཚེ་ནང་ཆོས་ཀྱིས་སེམས་འདུལ་ཐུབ་མེད་པ་བསྟན་ཡོད་པས། མི་རབས་འདི་དང་མི་རབས་རྗེས་མའི་དེ་རིང་གི་བཙན་བྱོལ་བའི་བྱ་སྤྱོད་ལ་ཞིབ་འཇུག་བྱེད་སྐབས། དཔྱད་གཞི་གལ་ཆེན་ཞིག་ཏུ་གྱུར་འདུག འདི་གཅིག་ཡིན།
དེ་མིན་བོད་དོན་བོད་ནང་ནས་རྒྱུན་སྐྱོང་བཞིན་པ་ལྟར། འཐབ་རྩོད་ཀྱི་གཞུང་ལུགས་ཀྱང་༼བོད་རིང་ལུགས༽ཐོན་ཟིན་པ་ལྟར་ཡིན་པས། དེ་ལ་མི་དགའ་བའམ། ཞེ་སྡང་ལངས་ན་ཁ་གཏད་ས་དངོས་ནི་བོད་ནང་གྱུར་ཡོད་པ་རེད། དེ་ལུགས་དགོངས་འཇགས་གནང་རོགས།
ཅོ་རིལ་དང་གནམ་ལོ་ཡག་ཟེར་མཁན་དེའི་རིགས་ནི་འདི་འདྲ་རེད།
གཞན་གྱི་སྒང་ལ་ ཁ་རྒྱགས་པ་ག་ཚད་ཡིན་རུང་ བཤད་ཆོག་པ་ཞིག་དང་། རང་གི་སྒང་ལ་ ཚིག་གཅིག་གི་ལྗིད་ཁོག་ཀྱང་འཁྱེར་ཐུབ་ཀྱི་མི་འདུག་གཱ “ཤེས་ཡོན་ཅན་” ཟེར་བའི་ “ཤེས་མཁན་” དང་ “ཡོན་ཏན་ཅན་” ཡིན་ཟེར་མཁན་འདི་ཚོར་ཅི་ཞིག་མ་འགྲིག་པ་རེད། ངའི་གྲོགས་པོ་བོང་རྫི་ལགས་ཀྱིས་ཁྱོད་ཚོའི་སྐོར་ལ་དཔྱད་པ་གཏོང་བཞིན་པའི་སྒང་རེད། ཁྱོད་ཚོ་ནི་ཁོང་གི་འབུམ་རམས་པའི་དཔྱད་རྩོམ་གྱི་དཔྱད་གཞི་རེད་ཅེས་ཀྱང་དྲན་གསོ་ཞིག་གཏོང་བར་ཐལ།།
ཧེ་ཧེ། རྡོ་རྗེ་རྒྱལ་མཚན་ཟེར་བ་ཁྱོད་་་་སེང་རྡོར་དྲ་ཐོག་གི་བོང་རྫི་ཡིན་པར་རེད། བདུན་ཕྲག་གཅིག་ཙམ་གྱི་གོང་དུ་་་་ཁྲི་རལ་པ་ཅེས་པའི་མིང་ཐོག་ནས་་་ཨ་མདོའི་གཞོན་སྐྱེས་དང་དམར་པོའི་ལྟ་བ་ཅེས་པའི་དཀྲུགས་རྩོམ་ཞིག་སྤེལ་ཡོད།། རྩོམ་དེའི་བདག་པོ་ཡང་བོང་རྫི་ཟེར་ནའང་པར་འདྲ། མིང་གང་བཏགས་ཀྱང་ཁྱོད་ཀྱི་རེད་བསམས་པའི་དོག་པ་སྔོན་ནས་བྱུང་།
ཁྱོད་ཉོན་ཨ་་་་མྱི་ཐུབ་རྐྱེན་གྱི་གཏམ་དང་རྟ་ཐུབ་རྐྱེན་སྒྲོག་ཡོད་ན་་་་སྒུག་སྡོད་ཆོག་ལབ་ཀྱི་ཡིན།།། བོང་རྫི་ལ་རིག་པ་དང་གཏན་ཚིགས་ཅི་ཡོད་ཏོག་ཙམ་ཤེས་ཀྱི་ཡོད། ང་ཚོའི་བཤད་པའི་སྐད་ཆ་དཔྱོད་པ་བྱེད་མཁན་དང་གཏན་ཚིགས་ཀྱིས་ཐོག་ནས་དགག་མཁན་ཡོད་ན་དགའ་བསུ་ཡོད།།།།
ངས་ངོས་ནས་ང་ཅོ་རི་ཤེས་ཡོན་ཅན་ཡིན་ཞེས་སྔ་ཡང་ལབ་མྱངས་མེད། རྗེས་སུ་ཡང་ལབ་མི་སྲིད། ཁྱོད་ཀྱིས་མདའ་ཁ་དང་མདུན་ཁ་སྐོར་ས་བོད་ནང་གི་གཞོན་སྐྱེས་ཤེས་ཡོན་ཅན་ཟེར་ནའང་འདྲ། བོད་མི་རིགས་ཀྱི་ཁོག་པའི་སྙིང་ཟེར་ནའང་འདྲ། བོད་མི་རིགས་ཀྱི་ཡོད་ཚོད་ནས་ཡོད་ཚོད་ཟེར་ནའང་ཆོག ཨ་མདོའི་གཞོན་སྐྱེས་ཚོ་ཞུས་ནའང་རེད། བོད་མི་དེ་དག་གི་ཐོག་ཏུ་རེད། ཁྱོད་སྙིང་མ་རྗེ། ཕེབས་ཤོག་་་་ཨ ངས་ཁྱོད་ལ་ལྕི་ཚོད་ཡོད་པའི་གནད་ལུགས་ཅི་ཙམ་བཤད་ཡོད་མེད་བལྟ་ཆོག
ཨོ་རེད་་་ད་དུང་ཁྱོད་་་་དམ་པ་དགེ་ཆོས་མཆོག་གི་ཐོག་ཏུ་ཡང་ཅི་བཤད་མདོག་མདོག་དང་དགག་མདོག་མདོག་བྱས་མཁན་ཞིག་ཡིན།་་་་ཧཧཧ
ཨོ་རེད་་་བོང་རྫི་་་ཁྱོད་ཀྱིས་དུས་རྟག་ཏུ་དམར་དམག་དང་རྙིང་གཏོར་གསར་བརྗེ་བ་འབོད་བསྡད་སའི་བོད་མི་ཤེས་ཡོན་ཅན་དེ་དག་ལ་ཁྱོད་མིག་ཨེ་ཚ་ཁུ། ཚ་ནའང་ཁྱོད་སྡུག་གྱོང་རེད། ངས་བལྟས་ན་ཁྱོད་ལ་ཁོང་ཚོའི་ཤེས་ཡོན་གྱི་སུམ་ཆ་གཅིག་ཙམ་ཡང་མི་འདུག ཁྱོད་ཀླད་རྙིང་ཡིན་པ།་་་་ཧཧཧ
ལྷག་པ་ཏུ་་་་བོད་ཕམ་ཉེས་ལས་བླངས་བའི་བསླབ་བྱ་དང་ཐབས་ཇུས།ཅེས་རྩོམ་ཡིག་འདིའི་ཐོག་ཏུ་དགག་ཤོག་དང་བུ་ཡིན། འདི་ནི་བོད་ཕྱི་ནང་གཉིས་ཀྱི་གཞོན་སྐྱེས་ཤེས་ཡོན་ཅན་ཐུན་མོང་གི་ལྟ་གྲུབ་འདུས་ཡོད་པའི་རྩོམ་ཡིག་ཞིག་ཡིན།་་་་ http://www.khabdha.org/?p=59978&cpage=1
ཅོ་རིལ། སྒུག་ཨ། ངར་མ་ལངས། ངར་ལངས་ནས་ས་རྒྱ་ཆོད་གི་མ་རེད།
བོང་རྫི་ནི་ ངའི་ “བློ་མཐུན་” རེད། ཡིན་ནའང་ཁོང་ ཁ་བརྡའི་ཐོག་ནས་ རྒྱང་ཕུད་བཏང་སོང་ཟེར་གྱི་འདུག དེ་དངོས་གནས་ཡིན་མིན་མི་ཤེས། གང་ལྟར་ད་སྐབས་ཁོང་ཁ་བརྡའི་ཐོག་ཏུ་ཡོང་གི་མི་འདུག “དམར་པོའི་ལྟ་བ་དང་ཨ་མདོའི་གཞོན་སྐྱེས་ཚོ་” ཞེས་པའི་རྩོམ་དེ་ཁོང་གིས་བྲིས་པའི་དོགས་པ་ང་ལའང་ཡོད། འདི་གསལ་བཤད་ཙམ་ཡིན།
དེ་ནས་དོན་གྱི་གནད་དམ་པ་ནི། ༧རྒྱལ་བ་རིན་པོ་ཆེ་ཚང་གིས་ “བོད་རང་བཙན་” རྩ་མེད་དུ་བཏང་ཡོད་མེད་དེ་རེད། དེ་ལ་ལན་འཁྱེར་ཤོག
ཨོ་་་་རྡོ་རྗེ་རྒྱལ་མཚན་་་་ཁྱོད་ཉོན་་་་ཁྱབ་ལོགས་སྒྲུབ་མ་འོང་ཨ་་་རྒྱལ་བ་རིན་པོ་ཆེན་གྱིས་རང་བཙན་སེམས་ནས་དོར་སོང་ཟེར་མཁན་ང་ཡིན། རང་བཙན་རྩ་མེད་བཏང་སོང་ཟེར་མྱངས་མེད་ད། རང་བཙན་རྩ་མེད་གཏོང་ཐུབ་ཀྱི་ཡང་མ་རེད། ཁས་ལེན་མེད་པའི་དགག་ལེན་རྒྱག་མ་འོང་་་ཨ་་་ཁྱོད་རྙིང་རྗེ།
ད་དུང་་་ཁྱོད་ཀྱིས་ཟེར་ན་རྒྱལ་བ་རིན་པོ་ཆེན་གྱི་སེམས་ལ་བོད་རང་བཙན་ཡོད་རེད་ཟེར་གྱི་ཡོད་པ། སྔོན་མ་ཀརྨ་ཆོས་འཕེལ་གྱིས་ཀྱང་དེ་འདྲ་ལབ་རེད། རྒྱལ་བ་རིན་པོ་ཆེན་གྱིས་ཁ་ནས་བཤད་ཀྱི་དབུ་མ་དང་ཁོག་ལ་བསམས་ཀྱི་རང་བཙན་མེད་ཅེས་ཡིག་ངག་གཉིས་ཀྱི་ཐོག་ནས་གསུངས་ཡོད་རེད་་་་ཧཧཧ་་་་ཁྱོད་ཤ་ཚ།
ངས་ཁྱོད་ལ་ཚར་ཞིག་རྒྱག་གི་ཡིན་ད་་་་་་ཚཪ་་་་་ཚར། xxx
ཁྱོད་བོང་རྫི་མིན་་་བོང་རྫིའི་བློ་མཐུན་ཡིན་ཟེར་བ་ལ་ཡིད་ཆེས་མེད་་་་ཁྱོད་ཀྱིས་རྒྱལ་བ་རིན་པོ་ཆེན་མགོ་ལ་བཞག་ནས་མནའ་སྐྱལ་ན་ཡོང་བ་འདུག་གམ། མ་གཏོགས་ཡིད་ཆེས་མེད། ཁྱོད་་་་མིག་གིས་མཐོང་ས་ལ་རྫུན་བཤད་མཁན་ཞིག་རེད་འདུག་ག་་་་ཧཧ
–བོང་རྫི། ངས་རྒྱལ་བ་རིན་པོ་ཆེན་གྱིས་རང་བཙན་རྩ་མེད་བཟོས་སོང་ཟེར་ནས་་་ག་པ་བྲིས་འདུག་གམ། སྟོན་དང་། སྟོན་གྱི་མེད་ན་་་་ཉིན་མ་དེ་རིང་ནས་རྫུན་རྐྱལ་ཞེས་པའི་མིང་ཚིག་འདི་ཁྱོད་་ཀྱི་མིང་འགོ་ལ་བདག་པ་རེད། ཁོང་ཁྲོ་མ་ལང་ཨ།་་་་ཧཧཧ
ཨེ་་་xxལན་ཁྱེར་ཤོག སྒུག་བསྡད་ཡོད། ལན་མེད་ན་མེད་ལབ་ཤོག
xxབོང་རྫི་ཡིས་ཉོན་ཨ། ཁྱོད་ཀྱིས་་་དེ་ལ་དབྱིན་ཇིའི་སྐད་དུ། ”Tibet was independent” “Tibet is independent” “Tibet will be independent” ཞེས་ Verb copula “to be” ཟེར་བ་དེར་བོད་རྒྱ་གཉིས་ཀྱི་བྱ་བའི་ཚིག་གྲོགས་ ”ཡིན། རེད། 是“ བཅས་དང་མི་འདྲ་བར་དུས་གསུམ་གྱི་རྣམ་གཞག་གསལ་པོར་སྟོན་པའི་ནུས་པ་ཡོད་པ་ཞིག་རེད།་་ཅེས་བྲིས་འདུག
འདས་མ་ད་གསུམ་གྱི་ཐོག་ནས་བོད་རང་བཙན་རེད་ཅེས་དབྱིན་ཡིག་ཐོག་ནས་བྲིས་པ་དང་རྩོད་གཞི་གཉིས་ནི་འབྲེལ་མེད་དོན་གཞན་རེད།
ཁྱོད་ཀྱིས་དབྱིན་ཡིག་མཁས་མདོག་བྱས་ཀྱི་ཡོད་པེ། དེའི་ཐོག་ཏུ་རྒྱ་ཡིག་ཡང་ཤེས་མདོག་སྟོན་གྱི་ཡོད་པེ། སྙིང་རྗེ་ཁྱོད། བོད་ཡིག་འབྲི་སའི་དྲ་རྒྱའི་ནང་དུ་དབྱིན་ཡིག་དང་རྒྱ་ཡིག་ཚིག་རེ་གཉིས་ཀྱི་འབྲི་མདོག་མདོག་བྱས་་་ཧཧཧ སྤྱོད་པ་འདི་འདྲ་ཡོད་པའི་མི་ལ་ང་ཅོ་རིས་སྐྱུག་མེར་ལངས་ཀིན་ཡོད།།།
ཁྱོད་ཀྱི་བྲིས་པའི་གོང་གི་དབྱིན་ཡིག་དང་རྒྱ་ཡིག་གཉིས་ཀ་ངས་མ་ཤེས་པ་གཅིག་ཀྱང་མི་འདུག
ཁྱོད་ལ་ངོ་ཚ་མེད་ནས་མཁས་མདོག་སྟོན་པ་རེད། ཡིན་ཀྱང་་་ང་ངོ་ཚ་ནས་ལན་ཡང་རྒྱག་མ་ཕོད། དེ་རིང་ནི་མི་རྒྱག་དཀའ་མེད་རེད། ལན་མ་རྒྱག་ན་ཁྱོད་བླུན་སྤོབས་ཇེ་མཐོ་རེད་འདུག ཁྱོད་་་ཉོན་ཨ། ང་ཅོ་རིས་་སྐད་རིགས་དྲུག་དང་ཡིག་རིགས་བཞི་ཤེས་ཀྱི་ཡོད། མཁས་མདོག་མིན་ད། རྒྱ་ཡིག་སློབ་གྲྭ་བོད་ལ་ཕྱིན་པ། འཇར་ཡིག་སློབ་གྲྭ་སུད་སི་ཕྱིན་པ། དབྱིན་ཡིག་སློབ་གྲྭ་ཡང་སུད་སི་དང་བལ་ཡུལ་གཉིས་ཀ་ལ་ཕྱིན་པ་ཡིན། བོད་ཡིག་ནི་ཁྱོད་ཀྱི་མིག་མདུན་འབྲི་བསྡད་ཀྱི་འདི་རེད་་་་ཧཧཧ
independent བྲིས་ན་འགྲིག་གི་མ་རེད་བསམས་ཀྱི་འདུག Tibet is Independence འབྲི་དགོས་རེད། འདི་གཉིས་ལ་ཁྱད་པར་ཡོད་རེད། མ་ཤེས་ན་ཤེས་མཁན་ཞིག་ལ་དྲིས།།་་་་ཧཧཧ རང་བཙན་བཤད་དུས་་་Independence རེད།།
ཨོ་རེད་་་xxབོང་རྫི། ཁྱོད་ཀྱི་ང་ལ་ཅོ་རི་མི་ཆུང་ཟེར་ནས་བྲིས་འདུག་ཀྱང་མི་ཆུང་གི་བྱས་སྟངས་ཚང་མ་ཁྱོད་རང་བྱས་ཀྱི་འདུག་ག ངས་བལྟས་ན་ཁྱོད་ཕྲག་དོག་གིས་རྒྱུགས་ནས་ཡོང་བ་མ་གཏོགས་གཞན་ཤེས་ཚོད་ཅང་ཡོད་ཟོལ་མི་འདུག དེ་ལས་ཀྱང་་་གནམ་ལོ་ཡག་ལ་འགྲན་མདོག་མ་བྱེད།
འཇིག་རྟེན་གྱིས་གཏམ་དཔེར་ཞིག་ཁྱོད་ལ་ཡིན
ཙི་གིས་འབྲོང་ལ་རྭ་རྩེད་རྩོད།
འབྲོང་ཤི་འདོད་མ་རེད་ཙི་གི་ཤི་འདོད་རེད།
ཨབ་རས་རྐྱང་ལ་བང་རྩལ་འགྲན།
རྐྱང་ཤི་འདོད་མ་རེད་ཨབ་ར་ཤི་འདོད་རེད་་་་་དོ།།
ཨོ་་་ཧཧཧཧཧ དེ་འདྲ་ཡིན་ན་་་་ཉལ་བདེ་བྱོས།
རྡོ་རྗེ་རྒྱལ་མཚན་སྐད་ཆ་བཤད་ན་ངར་གི། ཡིན་ན་ནའང་དོལ་ཕྲུག་ཆུང་ཆུང་ཨ་མ་དང་དགྲ་བོའི་ཁྱད་འབྱེད་མི་ཤེས་པའི་བྱིས་པ་གཅིག་ལ་མྱི་སྐད་བཤད་ན་ཁྱེད་ཀའི་ཆུ་ཚོད་འཛད་སྤྱད་ཙམ་རེད། འདི་ཚོར་དངོས་གནས་བྱས་ན་མཁུར་གོང་ཕན་ཚུན་ལ་དབུགས་བསག་ཏེ་འདྲེ་ཡིན་ཁུལ་གྱིས་ཞེ་སྣང་རེ་སྐུལ་ན་རེད།
ང་ནི་ཁ་བརྡའི་སྒྲིག་གཞི་དང་འགལ་གྱི་ཡོད་པ་འདྲ།
ཡིན་ནའང་། མི་གཞན་ཚོས་ཀྱང་༧རྒྱལ་བ་རིན་པོ་ཆེ་དང་བོད་མིའི་སྒྲིག་འཛུགས་ལའང་མཚན་སྨད་མི་ཞུ་རྒྱུའི་རེ་བ་ཡོད། བོད་རང་བཙན་རྒྱལ་ལོ།།
ཨ་ལེ། རྡོ་རྗེ་རྒྱལ་མཚན་ཟེར་བ་འདི་བོང་རྫི་རེད་པས། ད་ལྟ་སེང་རྡོར་དྲ་བ་སྒོ་རྒྱག་ཏུ་བཅུག་འདུག་ག ཁ་བརྡའང་གོད་ཆག་དེ་སྤྲོད་ས་རེད་ད།
རྡོ་རྗེ་རྒྱལ་མཚན་ངར་སོང་།།
དོལ་ཕྲུག་ཅོ་རི་དང་ནི།།
རྒྱ་ཕྲུག་ཀར་བློ་གཉིས་ཀ།
སྙིང་གཟེར་རྒྱག་གི་བཅུག་སོང་།།
ད་ལྟོས་དང་། བོད་པ་ཡོངས་ནས་མེར་བསྲེག་དཔའ་བོར་མྱ་ངན་དང་གུས་འདུད་ཞུ་སྐབས། ལུང་རྟོགས་ཟེར་མཁན་དག་གིས་གཞས་འདྲ་བཏང་ནས་བསྡད་ཡོག་རེད།
འོ་ཡ། བློ་མཐུན་རྣམ་པ་ཚོ། དང་པོ་རྒྱ་གོག་དེས་ང་ཚོ་ལ་སྤུན་ཟླ་ཟེར་བོས་པ་དེ་ལ་ངོས་ལེན་བྱ་ཐབས་མེད། ང་ཚོ་ལ་སྤུན་ཟླ་བོད་པ་ཚོ་ལས་མེད།
དེ་ནས་སྤྱིེ་བཏང་རྒྱ་མོ་དེས་བཤད་སྟངས་འགྲིག་བསྡད་ཤག ད་དབུ་མའི་ལམ་ཟེར་རྒྱུ་དེ་ལ་བོད་མི་སྤྱི་ཡོངས་ནས་ངོས་ལེན་བྱ་ཐབས་མེད། ཅི་རེད་ཟེར་ན། དེ་འཐབ་ཇུས་ཡང་དག་པ་ཞིག་གཏན་ནས་མ་རེད། རྒྱ་མིས་བོད་པར་རང་སྐྱོང་གཙང་མ་ཞིག་སྤྲད་ནས་འཇོག་པ་ཤེས་བྱ་ལ་མི་སྲིད། དེ་ཚོ་རྒྱ་མི་རྒྱུས་ལོན་གཏན་ནས་མེད་པའམ་དགྲ་ལ་ཡིད་ཆེས་བྱེད་པ་གླེན་རྟགས་མཛོ་རོ་འདྲ་བོ་བསྟན་པ་ལས་གཞན་ཅི་ཡིན། བོད་མིའི་འཐབ་རྩོད་ཁ་ཕྱོགས་རང་བཙན་རྩོད་རྒྱུ་ལས་གདམ་ང་མེད་པ་རེད། ཐ་ན། ང་ཚོས་དྲག་པོ་བྱེད་དགོས་ནའང་བྱས་ནས་ཁྱོད་ཤི་ང་གསོན་བྱ་ཕོད་དགོས།