ཟླ་འདིའི་ཕྱི་ཚེས་༢༥ ཉིན་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་དུ་བོད་རིགས་སློབ་མ་༤ ལ་རླངས་འཁོར་གྱིས་བརྡུངས་ཏེ་སློབ་མ་༣ བསད་ཡོད་སྟབས། འདས་པོའི་ཁྱིམ་མི་སོགས་ཀྱིས་སྲིད་གཞུང་གིས་དྲང་བདེན་སྐྱོང་དགོས་པའི་ཞུ་སྐུལ་བྱེད་བཞིན་འདུག
འདི་གར་དགེ་བཤེས་སེར་སྨད་བློ་དགའ་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༢༥ ཉིན་རྒྱལ་མོ་ཚ་བ་རོང་ནས་ཡིན་པའི་བོད་རིགས་སློབ་མ་༤ ་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་དུ་གཞུང་ཞབས་པར་རྒྱུགས་སྤྲོད་དུ་ཕྱིན་ཏེ།
གནས་ཚུལ་ཞིབ་གསལ་འདིར་གཟིགས་http://www.tibettimes.net/news.php?showfooter=1&id=9351
དགྱ་གཞུང་དང་དགྱ་འདྲེ་ཚོའི་བཙན་དབང་ཁྲིམས་འགལ་གྱི་བྱ་སྤྱོད་ཐ་ཤལ་མང་པོ་ཞིག་ནམ་ཡང་ཕྱི་གསལ་ནང་གསལ་ཡིན་པ་ནས་ད་ལྟའི་ཆར་ཇེ་མཁྲེགས་དང་ཇེ་མང་རེད།
ཕྱི་ཟླ་དགུ་བ་འདི་གཅིག་པོའི་ནང་དུ་ཡང་། གོང་གསལ་གྱི་ཡིད་སྐྱོའི་གནས་ཚུལ་དེ་དང་། ཉེ་ཆར་མདོ་སྨད་གཅན་ཚའི་ནང་དགྱ་གཞུང་གི་ཉེན་རྟོག་པས་ཆང་གི་བཟི་ཁའི་འོག་བོད་མི་འགར་གང་བྱུང་རྡུང་རྡེག་ཚབས་ཆེན་བཏང་བ། ནག་ཆུ་ཁུལ་གྱི་འབྲི་རུ་མི་མང་རྣམས་ལ་དགྱ་ནག་གཞུང་འབྲེལ་གྱི་དུས་སྟོན་ནང་ངེས་པར་མཉམ་ཞུགས་དགོས་པའི་བཙན་ཤེད་བྱས་པ། འདི་ཟླའི་ཚེས་༢༧ ཉིན་ཧོང་ཀོང་ནང་བོད་ཀྱི་གློག་བརྙན་དུས་སྟོན་སྐབས་དགྱ་འདྲེ་འགས་དེར་བཀག་འགོག་ཟིང་འཁྲུག་བཟོས་པ་སོགས་ལྟ་བུ་རེད།
གདུང་སེམས་ཡོད། བོད་ཞེན་ཡོད་པ་དང་རྒྱུ་འབྲས་བརྩི་མཁན་ཞིག་ཡིན་ན། རྒྱ་དམར་གཞུང་གི་བྱ་སྤྱོད་འདིར་ངོ་རྒོལ་བྱེད་ངེས་རེད། དེ་ལས་ལྡོག་མཁན་ཚོས་མ་མཐོང་མ་ཐོས་ཁུལ་བྱེད་སྲིད་པའང་ཁྲམ་པ་ཞེས་པའི་མིང་ཚིག་འདིས་ཐག་བཅད་ཡོད།
ཁྱིམ་ཚང་གཅིག་གཉིས་དང་ཕ་མ་གཅིག་གཉིས་ཀྱིས་དོན་འདི་རྒྱུ་འབྲས་ལྡན་པ་ཞིག་ཡོང་བར་བྱེད་པ་ལ་ནུས་བ་ཆུང་བས། འདིའི་རྒྱབ་ནས་རྒྱ་ཆེ་བོད་མི་གང་མང་མང་ཞིག་ལང་བར་ཤོག།
བདེན་པ་ཡོད་ཀྱང་ཉོ་བའི་དུས་ཚོད་ཡིན་པས། བདེན་པ་གཅིག་པོ་ལ་བློ་བཀལ་ན་ཡག་པོ་ཞིག་ཡོང་མི་སྲིད་པ་རེད། ཁྲིམས་རྩོད་པར་རྒྱུ་ཡིས་འོག་རྡོ་སྤྲོད་དགོས་བ་དེ་ཤེས་དགོས། རྒྱལ་ཁ་མ་རག་པར་དུ་རྒྱལ་རྒྱུད་མི་འཐོར་བར་ཤོག།
ང་ཚོ་བོད་པར་མི་སྤྱོད་ལས་འདས་པའི་ཐུབ་ཚོད་དེ་ག་འདྲ་པོ་གཏོང་གིན་ཡོད་ནའང་མ་གོ་བའི་ཁུལ་བྱས་ནི་སྡོད་པ་ལས་དམག་གྲུ་བཏང་སྟེ་འབར་རྫས་གཡུག་མཁན་ནི་མི་འདུག། དེ་འདྲའི་སེམས་སྐྱོ་བ་ལ་ཨང་།