དེ་རིང་གི་གསར་གནས། རྒྱ་རི་བློ་གྲོས་རྒྱལ་མཚན་དང་སྐལ་བཟང་རྒྱལ་མཚན་གཉིས་ཀྱིས་གཙོས་པའི་གཞན་ལས་རོགས་གསུམ་རྒྱ་བོད་གྲོས་མོལ་ཆེད་རྒྱ་ནག་ལ་ཕེབས་གྲུབ་འདུག རྒྱལ་བ་རིན་པ་ཆེ་གསུང་ཆོས་གནང་སླད་ཉི་ཧོང་ལ་ཕེབས་གྲུབ་འདུག དགེ་འདུན་དཀོན་མཆོག་རིན་པོ་ཆེ་དག་ཞིང་ལ་ཕེབས་གྲུབ་འདུག མིའུ་ཕྲུག་རིན་པོ་ཆེ་ཨ་རི་ལ་སྦྱིནབདག་འཚོལ་དུ་ཕེབས་གྲུབ་འདུག མདའ་ཚན་པ་ཁ་བརྡ་དྲ་ཁང་ལ་ཁ་བརྡར་བཤད་དུ་ཕེབས་གྲུབ་འདུག
སྐུ་ཚབས་ཐུག་འཕྲད་ཐེངས་བརྒྱད་པ་ལ་གྲུབ་འབྲས་ཤིག་མེད་སེམས་ཐག་རེད། འོན་ཀྱང་སྔོན་མ་ལས་རྔ་མ་ཅུང་ཙམ་ཡོད་པ་ཞིག་ཏུ་འགྱུར་སྲིད་ཀྱི་རེད། ད་ལྟའི་ཆར་ྋགོང་ས་མཆོག་གིས་རྒྱ་ནག་གཞུང་གི་བྱེད་སྟངས་ལ་ཐུགས་ཕམ་དང་ཡིད་ཆེས་མེད་པར་འགྱུར་བཞིན་ཡོད་ཚུལ་གསུངས་ཡོད་པ་དང༌། ཕྱོགས་གཅིག་གཅིག་ནས་ཡིན་ལ་མིན་ལ་ཙམ་གྱི་བོད་རྒྱའི་འབྲེལ་ལམ་དེ་ཆད་སོང་ན་གྱོང་གཙོ་བོ་རྒྱ་ནག་གཞུང་ལ་རག་གི་ཡོད་སྟབས། ཁོང་ཚོས་ཡང་ང་ཚོ་ལ་རེ་བ་རྫུན་མ་ཞིག་གི་སྣེ་མོ་དེ་སླར་ཡང་སྟོན་སྲིད་པ་རེད་ལ། དེ་ལ་བརྟེན་ནས་བོད་རིགས་རྣམས་མགོ་འཐོམས་ནས་རྒྱ་ནག་གཞུང་ལོ་ཁ་ཤས་ལ་ལྷོད་ལྷོད་བྱེད་རྒྱུ་ཞིག་ཡོང་སྲིད་པ་རེད།
རྒྱ་ནག་གིས་ཉེན་ཁ་ཞིག་མཐོང་ན་ལམ་སང་ངོ་གདོང་གཞན་ཞིག་སྟོན་གྱི་རེད། ཁ་སང་དེ་རིང་གི་ཁོ་ཚོའི་གསར་གནས་ཁག་ཏུའང་སྐད་ཆ་བཤད་སྟངས་ལ་འགྱུར་བ་ཅུང་ཟད་བྱུང་འདུག ཟླ་གསུམ་པའི་འོས་ལངས་དེའི་རྒྱབ་ལོགས་སུ་རྒྱལ་བ་རིན་པོ་ཆེ་ཡོད་ཚུལ་གྱི་ཁག་འདོགས་མང་པོ་ཞིག་བྱེད་ཀྱི་ཡོད་པ་དེ་ཚོ་ཟུར་ཙམ་ཡང་གླེང་གི་མི་འདུག རང་བཙན་འདོད་མཁན་མི་ཉུང་ཤས་ཤིག་གིས་ཨོ་ལིམ་ཕིག་ཚུགས་པར་ངོ་རྒོལ་བྱས་པའི་སྐོར་མ་གཏོགས་བཀོད་མི་འདུག
ལྷ་སྨོན་ཁྱོད་བདེན། ངས་ཀྱང་དེ་འདྲ་ཞིག་ཡོང་གི་རེད་དྲན་ནས་སེམས་ཁྲལ་བྱས་ནས་བསྡད་ཡོད། ད་ཡང་གུང་ཁྲན་འདི་བས་མགོ་སྐོར་ག་འདྲ་ཞིག་གཏོང་རྩྩིས་ཡོད་དམ།
ཨ་རིག་དགེ་མཐོང་ཟེར་བའི་དུས་བབ་ཟིན་བྲིས་སུ་ཧོར་གཙང་འཇིགས་མེད་ཀྱིས་དབུ་མའི་ལམ་ལ་སྐྱོན་བརྗོད་བྱེད་མཁན་འཇམ་དབྱངས་ནོར་བུ་དང་ལྷ་བཟང་ཚེ་རིང་གདོང་ཐོག་བསྟན་པའི་རྒྱལ་མཚན་སོགས་ཚུགས་ལ་ཉེ་བའི་ཚོགས་ཆེན་སྟེང་དུ་བོས་ནས་སྐད་ཆ་བཤད་དུ་བཅུག་ན་ལེགས་ཚུལ་བཤད་པ་རེད་ཟེར། འཇམ་དབྱངས་ནོར་བུ་དང་ལྷ་བཟང་ཚེ་རིང་གཉིས་ཀྱིས་དབུ་མའི་ལམ་ལ་དགག་པ་རྒྱག་བཞིན་པ་གོ་ཡང་གདོང་ཐོག་བསྟན་རྒྱམ་གྱིས་དོལ་རྒྱལ་ལ་དགག་པ་བརྒྱབས་ཚུལ་ལས་དབུ་མའི་ལམ་ལ་དགག་པ་བརྒྱབས་ཚུལ་ཞིག་གོ་མ་མྱོང་། ཁྱེད་ཚོར་དེའི་སྐོར་གོ་ཐོས་བྱུང་སོང་ངམ།
གདོང་ཐོག་གི་བསམ་ཚུལ་ཞིག་དུས་བབ་གསར་ཤོག་ལ་བཀོད་འདུག་བསམས།
གཡང་སྐྱབས་རྒྱལ་ལགས། ཨོ། ཁྱོད་ལ་དེའི་སྐོར་བཤད་རྒྱུ་འདུག གདོང་ཐོག་བསྟན་རྒྱམ་གྱིས་དུས་བབ་གསར་ཤོག་སྟེང་དུ་གཙོ་བོ་གང་ཞིག་བཤད་འདུག རང་བཙན་གཙང་མའི་ལམ་དུ་འགྲོ་དགོས་རེད་མདོག་མདོག་བཤད་འདུག་གམ།
དགྲ་ཕྱོགས་ནས་ཏྭ་ལའི་བླ་མ་སྒེར་གྱི་གནད་དོན་མ་གཏོགས་བོད་མིའི་སྐོར་སྐད་ཆ་བཤད་ཡ་མེད་ཟེར། དེ་དངོས་གནས་ཡིན་ན་ད་རེས་ཀྱི་གྲོས་མོལ་འདི་ལ་ཡང་རེ་བ་མེད་ཁོ་ཐག་རེད། མ་གཞི་རང་རེའི་བྱས་སྟངས་ཁ་ཤས་ཀྱིས་ཀྱང་དགྲ་བོ་ལ་གོ་སྐབས་དང་ཁ་ལྕེ་ལྷག་མ་ཕུལ་གིན་འདུག དཔེར་ན། གུང་ཁྲན་ལ་དགོས་འདུན་འདོན་དུས་དོན་དག་ཏིག་ཏིག་སྒང་ལ་སྐད་ཆ་གཙོ་བོ་མི་བཤད་པར་སྐུ་མདུན་ལ་མཆན་སྨད་ཞུ་མི་ཆོག་ཟེར་བ་འདྲ་བོ་དང་། ངོ་རྒོལ་ཁྲོམ་སྐོར་སྐབས་༧གོང་ས་མཆོག་སྐུ་ཆེ༹་ཁྲི་ལོར་བརྟན་པར་ཤོག་ཟེར་བ་འདི་འདྲའི་འབྲེལ་བ་མེད་པའི་རིགས་ཀྱིས་བོད་མིའི་གནད་དོན་ཁོང་སྒེར་གྱི་གནད་དོན་འདྲ་བོ་བཟོས་ཙང་གུང་ཁྲན་ལ་སྐད་ཆ་དེ་འདྲ་བཤད་པའི་བསམ་བློ་འཁོར་བ་ཡིན་སྲིད་པ་རེད། ད་ལོ་བོད་ནང་དུ་བོད་མི་དམར་བསོད་བྱེད་སྐབས་སུ་འདི་ན་༧གོང་ས་མཆོག་སྐུ་ཆེ་ཁྲི་ལོར་བརྟན་པར་ཤོག་ཟེར་ནས་ཁྲོམ་སྐོར་ལ་འགྲོ་པ་ལྟ་བུའི་འབྲེལ་མེད་དོན་གཞན་གྱི་ལས་དོན་འདི་འདྲ་གུང་ཁྲན་ལ་ཧམ་པ་བཤད་ཡའི་གོ་སྐབས་ལོས་ཡིན། མགོ་སེར་མང་པོ་ཞིག་ཀྱང་མགོ་འཐོམས་ནས་བོད་དོན་ཟེར་བ་༧ཏྭ་ལའི་བླ་མ་སྒེར་གྱི་གནད་དོན་རེད་དམ་ཟེར་ནས་སྐད་ཆ་འདྲི་མཁན་མང་བོ་ཡོང་གི་འདུག
གདོང་ཐོག་ཡིན་ན་དེས་ཀྱང་རང་བཙན་ལ་འགྲོ་དགོས་རེད་མདོག་མདོག་བཤད་པ་མ་གཏོགས་འགྲོ་སྟངས་ག་འདྲ་ཡིན་མིན་བཤད་ཡོད་མདོག་མེད། གནའ་ཤུགས་ལྡན་གྱི་རོ་ཁོག་ས་འོག་ནས་འདུག་གི་མི་འཇུག་པར་ས་ཁར་དྲུད་ཡོང་མཁན་ཡང་དེའི་གྲངས་རེད། ད་ལྟོས་དང་ལྟད་མོ་གླིང་ལ་འཇོག་གིན་མི་འདུག་གམ།
འཇིག་རྟེན་གྱི་གཏམ་དཔེར། བདུད་ཤི་ཁར་ལྷ་སེམས་སྐྱེས་ཞེས་པ་ལྟར་ཧོར་འཇིགས་ཀྱིས་གཞི་ནས་འཇམ་ནོར་གྱི་རིན་ཐང་ཤེས་པ་འདྲ། ཁོས་འཇམ་ནོར་ལ་གཞི་མེད་བསྐུར་འདེབས་ཀྱི་དགག་རྒྱག་དེ་ཙམ་བྱས་པར་གནང་འགྱོད་ཀྱི་བཤགས་སྡོམ་ཞིག་གི་ཚབ་ཏུ་ད་ལན་ངོ་སོ་གཏོད་པའི་སྐད་ཆ་ཞིག་དབང་མེད་དུ་ཤོར་སོང་བ་ངེས། གང་ལྟར་སྐད་ཆ་དེ་ཉིད་ངོ་བོའི་ཆ་ནས་བདེན་དོན་ཞིག་གམ་གནས་ལུགས་ཅན་དུ་མཐོང་བས་ཁོང་ལ་བསྟོད་པའི་མཐེ་བོང་སྒྲེང་རྒྱུ་ལས་ཅི་ཡོད།
མདའ་ཚན་པ་འདི་ཡང་མགོན་པོ་ཕྱག་གཉིས་དང་འདྲ་བ་བསམ་ཚུལ་གཅིག་གིས་འགལ་ཟླ་གྱུར་ཚེ་ཕྱོགས་ཡོངས་ལ་སྐྱོན་འདོགས་བྱེད་མཁན་གྱི་གླེན་པ་ཨུ་ཚུགས་ཅན་ཞིག་ཡིན་ངེས་ཏེ། ང་དང་ཁོ་དགེ་འདུན་དཀོན་མཆོག་ལ་ལྟ་ཚུལ་མི་གཅིག་པའི་རྒྱུ་མཚན་གྱིས་ང་ཡི་ཕྱོགས་ཡོངས་ནས་ནག་པོ་བྱེད་ཐབས་ལ་བསམ་གཞིག་བྱེད་ཀྱི་ཡོད་པ་འདྲ། སྙིང་རེ་རྗེ། ཁྱེད་ཅག་ལྟ་བུའི་གསར་བུ་གླེན་འཐོམ་དག་གིས་ང་ལ་ཁ་བཏད་གཅོག་འདོད་ནི་མཚན་མོ་ཉལ་བའི་རྨི་ལམ་ལས་དངོས་སྣང་བདེན་བའི་ཡུལ་དུ་གྲུབ་པར་བསྐལ་པ་གསུམ་གྱིས་དུས་ཡུན་དགོས། ང་ནི་་་་་་་
མི་གཡོག་རྒྱུག་པའི་བྲན་པོ་མ་ཡིན་ཞིང་།།
གཞན་རྗེས་འབྲང་པའི་ནེ་ཙོ་དེ་བས་མིན།།
གླེན་སྤྱོད་སྨྱོན་པའི་རྟུལ་ཞུགས་དང་བྲལ་བའི།།
མི་ལུས་རིན་ཐང་རྙེད་པའི་མི་ཕྲུག་ལགས།།
རྒྱལ་བ་རྒྱ་རིའི་ཁ་ལ་ཁྱེར་བཞིན་དུ།།
རྒྱ་བོད་རྒྱ་ཡི་སྲིད་ཇུས་སྤེལ་བའི་སླད།།
རྒྱ་རི་རྒྱ་ལ་འགྱུར་བའི་གྲོས་མོལ་འདིས།།
རྒྱལ་ཁ་རྒྱ་ལ་ཐོབ་པའི་རྟགས་སུ་བྱིན།།
མདའ་ཚན་མདའ་མོ་བཞིན་དུ་དྲང་མདོག་གིས།།
དགེ་མེད་དགེ་འདུན་བསྐུར་བའི་ལས་ངན་འདིར།།
མི་ ཕྲུག་ མི་ བཟོད་ སྙིང་ རྗེའི་ གོ་ ཆ་ ཡིས།།
མི་རིང་ མི་ངན་ འདི་དག་ ཚར་གཅོད་ བྱ།།
བོད་རྒྱ་གྲོས་མོལ་ཐེངས་བརྒྱད་པའི་ཐོག་རྒྱ་ནག་གཞུང་གིས་བཙན་བྱོལ་བོད་གཞུང་ལ་རྒྱ་ནག་གི་ས་གནས་མི་རིགས་རང་སྐྱོང་གི་བཅའ་ཁྲིམས་ཀྱི་སྐོར་ལ་བསམ་ཚུལ་ཅི་ཞིག་ཡོད་པ་འཁྱེར་ཤོག་ཅེས་བཤད་པ་ལྟར། ད་རེས་ས་གནས་མི་རིགས་རང་སྐྱོང་གི་སྐོར་ལ་བསམ་ཚུལ་བཤད་དུ་ཕྱིན་པ་མ་རེད་དམ། ཟམ་གདོང་བླ་མས་བོད་ཀྱི་གནད་དོན་འདི་རྒྱ་ནག་གི་ད་ཡོད་རྩ་ཁྲིམས་ལ་འགྱུར་བ་གཏོང་མ་དགོས་པའི་ཐོག་ནས་ཐག་ཆོད་སྲིད་པ་ཞིག་རེད་ཅེས་གསུངས་སོང་ང་། བརྗོད་གཞིའི་འདིའི་ཐོག་ཏུ་རྩ་ཁྲིམས་དང་བཅའ་ཁྲིམས་མ་གཏོགས། ཚུལ་ཁྲིམས་བཤད་ན་དེ་དོན་ཐོག་ལ་འབབ་ཀྱི་འདུག་གམ།
བོད་རྒྱལ་འབྲེལ་མོ་གྱི་བོད་ཀྱི་སྐུ་ཚབ་རྒྱ་རི་བ་འདི་ཉིད་ལ་དེང་དུས་སྤྱི་ཚོགས་ནང་དུ་སྐྱོན་བརྗོད་བྱེད་མཁན་མང་དུ་འགྲོ་གིན་ཡོད་པ་འདི་རྒྱུ་མཚན་མེད་པ་སྐུར་འདེབས་ཙམ་ཞིག་མ་ཡིན་པ་ནི་ཁོང་ལ་གསར་འགོད་པས་དྲིས་ལན་གྱི་གོ་སྐབས་ཕུལ་བའི་རྒྱུད་ལམ་དག་ལས་ཤེས་ནུས། སྤྱིར་འབྲེལ་ལམ་གྱི་གྲུབ་འབྲས་མི་ཐོན་པ་ཙམ་ལ་སྐྱོན་བརྗོད་བྱས་ན་ཐལ་ཆེ་བ་ཞིག་ཡིན་ཞེས་བརྗོད་ཆོག་མོད་དེ་ལྟར་མ་ཡིན་པ་ཁོས་བཤད་པའི་སྐད་ཆ་དག་ལ་གཏན་ཚིགས་ཀྱིས་གདེང་ཚོད་མེད་ལ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དེ་བས་ཀྱང་མི་འདུག་ཐ་ན་ཁོས་ཅི་ཞིག་རྩོད་དགོས་པའི་ཉིང་དགོས་དེ་ཡང་མོག་མོག་པོ་ཞིག་ལས་ཁོང་རང་ཉིད་ལ་གསལ་ཆ་གཏིང་ཚུགས་ཤིག་མེད་པ་ངེས། དེས་ན་ཁོས་བོད་ཀྱི་སྐུ་ཚབ་ཇི་ལྟར་བྱེད་ཐུབ་གནད་དོན་འདི་དག་ལ་བསམ་བློ་གཏོང་དུས་སྔོན་ཁོ་བོ་བལ་ཡུལ་དུ་འགྲོ་དུས་ཤིག་ཀློ་བོའི་གྲྭ་པ་ཞིག་སྐད་བསྒྱུར་དུ་ཡོད་པས་ཁོས་ངས་བཤད་པའི་གནས་ལུགས་གང་ཞིག་བདེ་སྲུང་བ་ལ་ཕར་བཤད་མི་ཕོད་ཅིང་། བདེ་སྲུང་བས་དངུལ་དགོས་པའི་རྒྱུ་མཚན་གྱི་སྐད་ཆ་གང་དག་ང་ལ་ཚུར་བསྒྱུར་གྱིན་འདུག གྲུབ་འབྲས་ངས་བདེ་སྲུང་བ་ལ་དངུལ་ཤོར་སོང་། དེ་དང་མཚུངས་པ་ཞིག་ཏུ་མཐོང་བ་ནི་རྒྱ་རིས་བོད་ཀྱི་གནས་བབ་དང་བདེ་སྡུག་ད་ལྟའི་དགོས་མཁོ་མི་མང་གི་བསམ་འཆར་སོགས་རྒྱ་དམར་ལ་ཤོད་དགོས་རྒྱུ་ཅན་ཞིག་ཡིན་ཀྱང་། ཁོས་དེའི་ཚབ་ཏུ་རྒྱ་དམར་གྱིས་ཡར་རྒྱས་སྤེལ་ཕྱོགས་དང་བཟང་ཕྱོགས་ཀྱི་རྣམ་འགྱུར། ད་དུང་ཁོང་ཚོའི་སྲིད་ཇུས་དེ་བོད་པས་ཀྱང་སློབ་སྦྱོང་བྱེད་དགོས་སྐད་སོགས་བརྗོད་པ་འདི་དག་ལ་དཔག་ཚེ་རྒྱ་རི་རྒྱ་ཡི་སྐུ་ཚབ་རེད་ཅེས་བརྗོད་ནའང་མི་ཆོག་མེད་སྙམ།
སྤོབས་པ་དང་། གཡང་སྐྱབས་རྒྱལ། མིའུ་ཕྲུག་ལགས།
ཁྱེད་རྣམ་ལ་ཞུ་རྒྱུ་ཞིག་ལ། གདོང་ཐོག་རིན་པོ་ཆེ་དྲན་པ་མི་བརྟན་པའི་ནད། Schizophrenia ཡིས་གནར་ནས། ད་ལྟ་གང་བཤད་པ་ལམ་གསེང་བརྗེད་འགྲོ་བཞིན་ཡོད་སྟབས། ཁོང་རྡ་སར་ཕེབས་ན་གོ་མི་ཆོད་སྙམ། ངས་མཁས་དབང་ཁོང་མཇལ་བྱུང་། གུང་ལོ་མཐོ་བའི་རྐྱེན་གྱིས་དྲན་པ་ཡག་པོ་མེད་པ་ཐག་ཆོད་རེད།
ཡིན་ནའི་རྟག་ཏུ་དགེ་ལུགས་པའི་བླ་མ་མང་པོ་བདུད་ཀྱི་ཆོ་འཕྲུལ་རེད། ཁྱེད་ཚོས་ཁྲི་བྱང་རིན་པོ་ཆེ་དང་ཕ་བོང་ཁ་པའི་སློབ་མ་རྣམས་ནས་སྡོམས་པ་དང་སྐྱབས་འགྲོ་ལེན་ཡོད་ན། སྡོམས་པ་མི་ཐོབ་པས་ཡང་སྐྱར་ལོན་ཟེར་བཞིན་འདུག
གདོང་ཐོག་གིས་དགེ་ལུགས་པའི་བླ་མ་མང་པོ་དེ་འདྲའི་སྐུར་བ་བཏབ་པ་དངོས་འབྲེལ་ཡིན་ན་ཁོ་རང་ཉིད་ནད་ཀྱིས་མནར་བའམ་གདོན་གྱིས་བཟུང་བ་ཡིན་སྲིད་པ་རེད། དེ་མིན་ན་ཕན་ལས་གནོད་ཆེ་བའི་སྐད་ཆ་དེའི་རིགས་བཤད་དོན་མེད། དྲང་མོར་བཤད་ན་ཕ་བོང་ཁ་བ་སོགས་བདུད་ཡིན་མིན་དེ་ཁོ་རང་གི་གསུང་དེ་དག་ལ་བལྟས་ན་ཧ་གོ་ཡོང་གི་རེད། ཕལ་ཆེར་བདུད་ཅིག་ཡིན་ས་མ་རེད། གསུང་ཁ་ཤས་ཡག་པོ་དེ་འདྲ་འདུག ཁ་ཤས་མྱ་ངན་ལམ་གོལ་དེ་འདྲ་རེད། ལམ་གོལ་དེ་གཡུག་བཞག་ན་འགྲིག་གི་རེད། ད་འོ་ན་བདུད་ཀྱི་ཆོ་འཕྲུལ་ངོ་མ་དེ་གང་རེད་ཟེར་ན། དེང་སང་ཤུགས་ལྡན་ཐོད་ལ་འཁུར་ནས་འགྲོ་མཁན་དང་ཁྲི་བྱང་རིན་པོ་ཆེ་ཞབས་ལ་ཐ་གུ་ནག་པོ་དགུ་འདོགས་མཁན། དགེ་ལུགས་པའི་ནང་དགྲ། ༧གོང་ས་མཆོག་གི་སྐུ་དགྲ། བོད་མི་ཡོངས་ཀྱི་དགྲ་བོ། གུང་ཁྲན་ཏང་གི་གྲོགས་པོ་ཤུགས་ལྡན་འཁོར་བཅས་རེད། བྱས་ཙང་ཟུར་གནས་ཁྱེད་རང་ཡང་ཟུར་ནས་འདུག་ཡ་ལས་”གཟུར་གནས་”བྱེད་ཨེ་ཐུབ་བལྟས་ན་ཁེ་བཟང་ཆེ་ལེ་རེད།
གདོང་ཐོག་སྤྲུལ་སྐུས་དགེ་ལུགས་པའི་བླ་མ་མང་པོ་བདུད་ཀྱི་སྤྲུལ་བར་ཐག་བཅད་ཟེར་བ་དེ་མི་ཤེས་ཀྱང་། ཁོང་གིས་བྲིས་པའི་རྒྱལ་རབས་ལོ་རྒྱུས་སུ་གུ་རུའི་ལུང་ཟིན་གྱི་རྒྱལ་པོ་རྭ་སྒྲེང་བཀྲོངས་པའི་ལེ་ཁག་ཡོད་པ་སྟག་བྲག་ངག་དབང་གསུང་རབ་དང་མདོ་སྟོད་དང་དབུས་གཙང་གི་ས་ཆ་མང་པོར་དོལ་གྱི་དུག་རྩྭ་འདེབས་མཁན་ཕ་བོང་ཁ་བ་གཉིས་བདུད་ཀྱི་སྤྲུལ་བ་རེད་ཟེར་ནས་གཤེ་གཤེ་བཏང་འདུག གཞན་ངས་ཁོང་གི་རྩོམ་ཡིག་མང་པོར་བལྟས་ཤིང་ལོ་མང་པོར་གྲོགས་འབྲེལ་ཡོད་པའི་ཆ་ནས་ཁོང་གིས་དགེ་ལུགས་པའི་བླ་མ་ཚད་ལྡན་འདི་དང་དེ་བདུད་ཀྱི་སྤྲུལ་བ་རེད་ཟེར་བའི་ཚིག་གཅིག་ཀྱང་གོ་མ་མྱོང་། ཨ་མདོ་ཡོན་རྒྱམ་དང་ཛེ་སྨད་སོགས་དོལ་ཕྲུག་ཚོར་བདུད་ངོ་མར་ལྟ་མཁན་ཞིག་ཡིན་རྒྱུ་རེད། དེ་མིན་གོང་ས་མཆོག་དང་ཡོངས་འཛིན་རྣམ་གཉིས་ཀྱི་སྐུ་མདུན་ནས་དབང་ལུང་ཁྲིད་གསུམ་མང་པོ་ཞུས་ཡོད་མཁན་ཞིག་རེད་འདུག
ད་མིའུ་ཕྲུག་ཟེར་བ་འདི་སྨྱོས་ཚར་ཤག ཁྱོད་ཨ་རི་ལ་སྦྱིནབདག་འཚོལ་དུ་ཕེབས་གྲུབ་འདུག་ལབ་ན་དེ་ཁྱོད་ཁྱོན་ཡོངས་ནས་ནག་པོ་གཏོང་འདོད་ཇི་ལྟར་རེད། ཁྱོད་བཟོད་པ་ཉམས་ལེན་བྱེད་མཁན་ཞིག་རེད་མི་འདུག ཁྱོད་ཁོང་ཁྲོ་ཉམས་ལེན་བྱེད་མཁན་ཞིག་རེད་ཤག ཁྱོད་ངག་འཆལ་དང་ཚིག་རྩུབ་སྤངས་མཁན་ཞིག་རེད་མི་འདུག དེ་སྤེལ་མཁན་ཞིག་རེད། དགེ་རྒན་ངན་པའི་དགེ་ཕྲུག་ཟེར་བ་དེ་ཁྱེད་རང་རེད་འདུག མི་ལུས་ཐོབ་པ་བྱེད་ཀ་རེད། སྐད་ཆ་བཤད་པ་སྟོང་གཏམ་རེད། ཚར་གཅོད་དགོས་ན་ངས་ཁྱེད་རང་ཚར་གཅད་པར་བྱའོ།
ཁྱོད་ཀྱིས་བདེ་སྲུང་བ་ལ་དངུལ་ཤོར་བའི་སྨྲེ་ངག་འདོན་ས་འདི་མ་རེད། ཁྱེད་རང་གིས་བདེ་སྲུང་བ་ལ་དངུལ་ཤོར་དགོས་པའི་ཉེས་པ་ག་རེ་བྱས་པ་ཡིན། ཁྲིམས་འགལ་གྱི་གསང་བའི་ལས་ཀ་དེ་འདྲ་བྱེད་ཀྱི་མེད་ན་དངུལ་ཤོར་དགོས་པའི་རྒྱུ་མཚན་ཡོད་མ་རེད། མི་ངན་ཞིག་ལ་སྐད་སྒྱུར་ཡང་མི་ངན་ཞིག་མ་གཏོགས་རེག་མདོག་མི་ཁ། ཁྱོད་ཀློ་ལ་སྐྱག་པ་ཟ་གི་ཕྱིན་པས། གྲྭ་བ་ཉོ་གི་ཕྱིན་པ་ཡིན་ནམ།
མིའུ་ཕྲུག ཡིག་ནོར་འདི་ཚོར་གཟབ་པར་བྱ། བསྐུར་འདེབས། གནང་འགྱོད། ངོ་སོ་གཏོད། བསྟོད་པའི་མཐེ་བོང་སྒྲེང་རྒྱུ། འགལ་ཟླ་གྱུར། ང་ཡི་ཕྱོགས་ཡོངས་ནས་ནག་པོ་བྱེད། ཁ་བཏད་གཅོག བསྐལ་པ་གསུམ་གྱིས་དུས་ཡུན་དགོས། ཁྱེར་བཞིན། རྒྱ་བོད་རྒྱ་ཡི་སྲིད་ཇུས། ཚར་གཅོད་ བྱ། རྒྱུད་ལམ། མེད་པ་ངེས།
དྲྭ་གྲོགས་ཚོ་བརྗོད་གཞི་ལས་ཅུང་ཞིག་དཀྱོག་སོང་། ང་ཚོའི་བརྗོད་གཞི་ངོ་མ་དེ་གདོང་ཐོག་བསྟན་རྒྱམ་གྱིས་བོད་རང་བཙན་སྐོར་ལ་སྐད་ཆ་བཤད་མ་བཤད་དེ་རེད། གདོང་ཐོག་བསྟན་རྒྱམ་པས་ཕ་བོང་ཁ་པ་དང་ཁྲི་བྱང་སོགས་བདུད་རེད་ལབ་མ་ལབ་ཏེ་ཁོའི་ཆོས་ཕྱོགས་ཀྱི་ལྟ་སྟངས་ཤིག་ཡིན་རྒྱུ་རེད། གདོང་ཐོག་བསྟན་རྒྱམ་པས་བོད་རང་བཙན་བཤད་དང་མ་བཤད་དེ་ཁོའི་སྲིད་ཕྱོགས་ཀྱི་ལྟ་སྟངས་ཤིག་རེད། ཁོས་དགེ་ལུགས་པའི་བླ་མ་ག་གེ་མོ་ལ་བདུད་རེད་ལབ་པས་བོད་རང་བཙན་བཤད་སར་ཡོང་མི་ཆོག་ལབ་ཁྱད་མཚར་མ་རེད་དམ།
བདུད་ཡིན་མིན་བཤད་ན་བདུད་ཟེར་བ་དེ་མགོ་ན་རྭ་དང་ཁ་ན་མཆེ་བ་ཡོད་མཁན་ཞིག་མ་རེད། འཛེ་སྨད་སྤྲུལ་སྐུ་ལྟ་བུ་ཡིན་ན་རྒྱལ་བ་རིན་པོ་ཆེའི་སློབ་མ་རེད། ཆོས་གྲོགས་རེད། ཕྱག་རོགས་རེད། ཡིན་ན་ཡང་རྒྱལ་བ་རིན་པོ་ཆེ་ལ་ངོ་རྒོལ་བརྒྱབ་པ་རེད། སྤྱིར་ནང་པའི་ལྟ་གྲུབ་དང་ཁྱད་པར་དུ་རྡོ་རྗེ་ཐེག་པའི་དམ་ཚིག་གི་རིམ་པ་ལ་སྦྱར་ན་བདུད་ཟེར་ན་དེ་ལས་གཞན་ཞིག་མེད་པ་རེད།
ང་རང་ཚོས་ཀྱང་གཟབ་གཟབ་མ་བྱས་ན་བདུད་དུ་འགྱུར་རྒྱུ་དེ་ལ་ཨིན་ཆི་གཅིག་གི་རིང་ཐུང་ལས་མེད་པ་རེད། ལ་ལས་རྒྱལ་བ་རིན་པོ་ཆེ་ཟེར་ནས་ཡར་འགྱོག་མདོག་བྱེད་ཀྱང་ཁོང་གི་སྐུ་འཁོར་སྐུ་ཚབ་ཚོ་ལ་སྡུག་རིགས་སྡུག་ཚད་ལབ་ན་རྒྱལ་བ་རིན་པོ་ཆེ་དང་ཆོས་དམ་ཚིག་གི་རིམ་པ་ཡོད་མཁན་ཞིག་ཡིན་ན་དམ་ཚིག་ཉམས་པ་རེད། རྡོ་རྗེ་ཐེག་པ་ལས་བླ་མའི་ཉེ་འཁོར་སྡུག་པའང་བླ་མ་བཞིན་བཀུར་དགོས་ཚུལ་གསུངས་ཡོད་རེད། བླ་མ་མཆེད་གྲོགས་ལ་དམ་ཚིག་ཉམས་མཁན་དེ་བདུད་རེད།
ང་གདོང་ཐོག་རིན་པོ་ཆེར་ཐུག་དུས་ངས་གདོང་ཐོག་རིན་པོ་ཆེ་འདི་མི་ཁ་སངས་པོ། དྲང་མོ་དྲང་རྐྱང་ཞིག་ཏུ་མཐོང་སོང་། གཞན་པ་ཅང་མི་ཤེས། ས་གཞི་འདར་བའི་འབྲུག་སྒྲའི་ནང་ཚིག་ཇི་བཞིན་མི་དྲན་ཡང་། བླ་མ་ཡང་དག་པ་ཡིན་མིན་དམ་ཆོས་ཡང་དག་པ་ཡིན་མིན་ལ་ཐུག་ཡོད་པ་ལྟ་བུ་ཞིག་གསུངས་ནས་ཁྲི་བྱང་རིན་པོ་ཆེ་དང་ཕ་བོང་ཁ་བ་གཉིས་ཡང་དག་པ་མིན་པར་བཤད་འདུག གཞན་ལྕང་སྐྱ་རོལ་བའི་རྡོ་རྗེ་དང་ཐུའུ་བཀྭན་གཉིས་ནས་རྒྱལ་བ་ཀརྨ་བ་རྒྱ་ནག་ཏུ་ཕེབས་རྒྱུར་མཐུ་བཏང་ནས་བཀྲོངས་པའི་གནས་ཚུལ་ཞིག་བཀོད་ཡོད་བསམ། མཐུ་བཏང་བའི་གནས་ཚུལ་དེ་བདེན་པ་རེད།
གདོང་ཐོག་ཡིན་ན་དེ་བཙན་བྱོལ་སྤྱི་ཚོགས་ནང་དུ་རྩོད་རྙོག་ཐོག་མར་ཁྱེར་ཡོང་མཁན་དེ་གྲས་རེད། དེ་ཡིས་བྱ་སྤྱོད་ལ་ང་ཚོས་ཇུས་ཏོག་མ་བྱས་ན་དགའ་རེད། ཁོས་ཁ་ཞེ་གཉིས་མེད་ཀྱི་་རང་བཙན་ཞིག་བཤད་འདོད་ཡོད་པ་དཀའ།
སྐུ་ཚབས་ཚོ་རྒྱ་ནག་ཏུ་སོངས་བ་གོ་རྗེས་གུས་པའི་སེམས་ལ་ཡང་བསྐྱར་མནའ་ཟུག་ཅིག་བྱུང་།
འདི་ནི་ཕྲན་ཡང་བོད་མི་ཞིག་ཡིན་པའི་ཆ་ནས་ཡིན། སྐུ་ཚབས་འདི་ཚོས་རྒྱ་ནག་གི་ལོ་རྒྱུས་དང་ཁྲིམས་ལུགས་སོགས་གང་ཡང་མི་ཤཻསལ་རྒྱ་སྐད་ཀྱང་མི་ཤེས། འདི་ལྟར་རེ་བ་ཆེན་པོ་ཞིག་ཡོད་འདོག་བྱས་ནས་ལོ་ངོ་ ༧ བྱིན་པ་ཀུན་གྱིས་མཁྱེན་གསལ་རེད། རྒྱ་ཕྱོགས་ནམ་ཡང་སྐད་ཆ་གཅིག་མཚུངས་བྱེད་བཞིན་ཡོད། ཟམ་གདོང་བླ་མའི་རྒྱས་བཤད་དེས་བོད་མི་རིགས་ཀྱི་བདེན་མཐའ་ཆུ་ལ་བསྐུར་སོངས་། འདི་ནི་ཁོང་མཁས་དབང་ཡིན་པའི་རྐྱིན་གྱིས་ཡིན་སྲིད། ཁ་དཔེ་ལ། མཁས་པ་འཕྱུག་ན་འདོམ་གང་འཕྱུག་ཟེར། ཁོང་གིས་འབྲེལ་མོལ་ལ་རེ་བ་མེད་པ་ཤེས་གྱིན་ཡོད་ཡིན་ན་ཡང་ཁོང་གི་བཀའ་ཁྲིས་རིང་ལ་བོད་རྒྱ་འབྲེལ་མོལ་ཆད་མ་སོངས་ཟེར་བའི་མིང་དེ་ལ་དུང་ནས་ཨུ་ཚུགས་བརྒྱབ་ནས་བསྡད་ཡོད།
འདི་ནི་ང་ཕོད་ཀྱིས་ཆིངས་ཡིག་དོན་མཚན་བཅུ་བདུན་ལ་ས་ཡིག་བརྒྱབ་པ་དང་གཅིག་མཚུངས་ཡིན།
འདི་བོད་རྒྱལ་ཁབ་ཀྱི་ལོ་རྒྱུས་ནང་ནག་ཐིག་ཆེན་པོ་ཞིག་ཡིན།