རྒྱལ་མཚན།
༄༅། །ཉེ་བའི་ཆར་ནས་བཙན་བྱོལ་སྤྱི་ཚོགས་ནང་རྐུབ་སྟེགས་དང་སྒེར་དོན་ཁོ་ན་ལས་བསམ་རྒྱུ་མེད་པའི་མི་སྣ་རེ་ཟུང་གིས། བོད་སྤྱི་པའི་གྲོས་ཚོགས་སྡིང་ཆ་བེད་སྤྱོད་ཀྱིས། ༧གོང་ས་མཆོག་གི་སྐུ་དྲིན་ཁ་ལ་ཁུར་ནས་རང་དོན་ཁོག་བཅུག་དང་། སྤྱི་དོན་ལག་ཕྱིས་བྱས་ནས། མང་ཚོགས་ཀྱི་མདུན་ལ་དད་པ་ཆེ་མདོག ལྷག་བསམ་ཆེ་མདོག་གི་རྣམ་འགྱུར་བསྟན་ནས། བོད་མིའི་ཆིག་སྒྲིལ་ལ་གནོད་གཞི་དང་། བོད་ཀྱི་གཞོན་རབས་པའི་བསམ་བློའི་རང་དབང་དང་། སྨྲ་བརྗོད་རང་དབང་། ཡང་དག་པའི་མང་གཙོའི་འཕེལ་རིམ་ལ་གནོད་པ་ཚབས་ཆེན་གཏོང་གི་ཡོད་པར་བརྟེན། ང་ཚོས་བོད་མིའི་ཡང་དག་པའི་མང་གཙོའི་བཟང་སྤྱོད་དང་། སྤྱི་ཚོགས་ཀྱི་ཆིག་སྒྲིལ་གནས་བབ་ལ་བློས་འགན་མ་བཟོད་པར་གནད་དོན་ཁག་ཅིག་གི་ཐད་བོད་རྒྱ་ཆེའི་མང་ཚོགས་ལ་ཐུགས་སྣང་ཞུ་སྙན་དོན་ཚན་ཁག་ཅིག་འབྲི་བཞིན་ཡོད།
༡) སྤྱིར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འགན་ཁུར་གཙོ་བོ་ “ཁྲིམས་ལུགས་བཟོ་འགོད་དང༌། གཏན་འབེབས་བྱ་རྒྱུ་དང་།” དེ་ལས་གཞན་བཅའ་ཁྲིམས་རིན་པོ་ཆེའི་དོན་ཚན་བཞི་པ། བོད་མིའི་སྒྲིག་འཛུགས་ཀྱི་རྩ་དོན། “བོད་དོན་བདེན་མཐའ་གསལ་ཐབས་དང༌། བོད་མི་ཡོངས་ཀྱི་བསམ་སྤྱོད་དང་དངོས་པོའི་ཁེ་ཕན་ཡར་རྒྱས་གཏོང་བའི་ལས་འགན་བསྒྲུབ་རྒྱུ་བཅས་ཡིན་ཡང་།” ད་ལོའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དོན་སྙིང་ལྡན་པའི་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་བགྲོ་གླེང་སྐབས། སྤྱི་འཐུས་རེ་ཟུང་གིས་བསམ་གཟས་ནས་ཀླུ་མཁར་བྱམས་ཁ་ལ་ཁུར་ནས་འབྲེལ་མེད་དོན་གཞན་ཆེད་སློང་གིས། གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་འཆར་གྱི་དགོངས་དོན་གཞན་ལ་བསྒྱུར་ཐབས་བྱས་ཏེ་བོད་ཕྱི་ནང་གི་མང་ཚོགས་ལ་བློ་ཕམ་ཆེན་པོ་བཟོས་སོང་།
༢) བཅའ་ཁྲིམས་རིན་པོ་ཆེའི་དོན་ཚན་དང་པོའི་ནང་༸སྐྱབས་མགོན་རིན་པོ་ཆེ་“བོད་མི་ཡོངས་ཀྱི་མགོན་སྐྱབས། བླ་ན་མེད་པའི་དབུ་འཁྲིད། བླང་དོར་ལམ་སྟོན་པ། བོད་མིའི་ངོ་བོ་དང༌། དེའི་ཆིག་སྒྲིལ་གྱི་མཚོན་རྟགས།” སུ་བརྩི་བཀུར་བྱེད་བཞིན་ཡོད་ནའང་། མི་རེ་ཟུང་གིས་ཁྲིམས་བཟོ་ལྷན་ཚོགས་ཀྱི་སྡིང་ཆ་བེད་སྤྱོད་བཏང་ནས། བོད་མི་ཡོངས་ཀྱི་འདི་ཕྱིའི་སྐྱབས་གནས་༸གོང་ས་༸རྒྱལ་བ་རིན་པོ་ཆེའི་སྐུ་དྲིན་ཁ་ལ་ཁུར་ནས་བོད་མི་ནང་ཁུལ་ལ་ཁ་རྡུང་གཏོང་བ་དང་། ཀུན་སློང་ལ་སྐྱོན་བརྗོད་དང་། མི་གཞི་ལ་དམའ་འབེབས། མི་ཚེ་ལ་ནག་ཉེས་བཙན་འགེལ་བྱེད་ཐབས་བྱས་ཏེ། སྔོན་མ་བོད་ལ་བྱུང་བའི་རིག་གནས་གསར་བརྗེའི་སྐབས་ཀྱི་ཧུར་བརྩོན་པ་དག་གི་བྱེད་སྟངས་ལྟ་བུ་མངོན་སུམ་འཛེམས་མེད་ཀྱིས་བོད་མི་ནང་ཁུལ་ལ་འཐབ་རྩོད་བྱས་པ་འདིས། བོད་དང་བོད་མིའི་མགོན་སྐྱབས་དང་མཚོན་རྟགས་སུ་གྱུར་བ་སྤྱི་ནོར་༸གོང་ས་རྒྱལ་བ་རིན་པོ་ཆེའི་མཚན་སྙན་ལ་རྨ་འབྱིན་པར་བྱས་པའི་སྤྱོད་ངན་ཞིག་ཏུ་གྱུར་བར་མཐོང་ལ། ༸གོང་ས་མཆོག་གི་མཚན་སྙན་སྲུང་སྐྱོབ་དང་། སྐུ་ཚེ་རྒྱུན་སྲིང་བྱེད་རྒྱུར་གནོད་ལས་ཕན་པ་མེད་པ་ཤེས་རབ་དང་ལྡན་པ་ཞིག་ཡིན་ན་མ་ཤེས་པ་གང་ན་ཡོད།
དེར་བརྟེན་ང་ཚོས་འདི་ལྟ་བུའི་ཀུན་སྤྱོད་ནི་༸རྒྱལ་བའི་ཐུགས་དགོངས་དཀྲུགས་གཞི་ངོ་མ་དང་།བོད་མིའི་རང་དབང་དང་མང་གཙོའི་འཕེལ་རིན་གྱི་བཀག་རྡོ་ཉག་གཅིག་ཏུ་མཐོང་བས། རྗེས་སོར་འདི་འདྲ་མི་ཡོང་བར་རྒྱ་ཆེའི་མང་ཚོགས་ནས་ལམ་སྟོན་བྱ་རྒྱུའི་རེ་སྐུལ་ཞུ་གི་ཡོད།
༣) ཁྲིམས་ལུགས་ཀྱི་ངོས་ནས་བཤད་ན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབས་གསལ་བསྒྲགས་ཀྱི་དོན་ཚན་“དོན་ཚན་བཅུ་དགུ་པ། སྐྱེ་བོ་རེ་རེར་བསམ་བློ་གཏོང་བ་དང༌། བསམ་ཚུལ་ཐད་བརྗོད་ཀྱི་རང་དབང་ལ་སྤྱོད་པའི་ཐོབ་ཐང་ཡོད། ཐོབ་ཐང་དེའི་ནང་གཞན་གྱིས་ཐེ་བྱུས་བྲལ་བའི་མནོ་བསམ་གཏོང་བ་དང༌། ས་མཚམས་ཀྱི་དབྱེ་འགོག་མེད་པར་བརྒྱུད་ལམ་ཁག་དང་གནད་དོན་གང་ཡང་རུང་བའི་སྒོ་ནས་གནས་ཚུལ་དང་བསམ་གཞི་སྤེལ་བའམ། འཚོལ་བ། ལེན་པ་བཅས་ཀྱི་རང་དབང་རྣམས་ཀྱང་ཚུད་ཡོད།” ཅེས་གསལ་བ་བཞིན་མི་སོ་སོའི་བསམ་བློའི་རང་དབང་དང་སྨྲ་བརྗོད་རང་དབང་དེ་མི་ཚང་མ་ལ་གཅིག་མཚུངས་ཀྱིས་ཡོད་པ་ཞིག་ཡིན་པ་ལས། སྤྱི་འཐུས་དང་བཀའ་ཤག་ལ་མ་གཏོགས་མེད་པ་ཞིག་གང་ན་ཡིན། མི་གཞན་ལ་སྐྱོན་བརྗོད་དང་ཕོག་ཐུག་གཏོང་ཆོག་མིན་ཡང་ཕྱོགས་གཉིས་ཀར་གཅིག་མཚུངས་རེད། རེད་དེ་ཁྲིམས་ལུགས་ལ་ཁ་གཡར་ནས། རྩོམ་པ་པོས་རྒྱ་ཆེའི་མང་ཚོགས་ལ་གསལ་བཤད་བྱས་ཟིན་པའི་གནད་དོན་བསྐྱར་སློང་བྱས་ནས། མིའི་ཀུན་སློང་ལ་སྐྱོན་བརྗོད་དང་། རྩོམ་ཡིག་ལ་ལོག་འགྲེལ། སྤྱི་ཚོགས་ནང་མིང་ཆད་བཟོ་ཐབས། སྤྱི་ཚོགས་ཀྱི་ཁོར་ཡུག་ནས་ཕྱིར་ཕུད་གཏོང་ཐབས་སོགས་ཀྱི་སྦྱོར་བ་མངོན་སུམ་འཛེམས་མེད་དུ་བྱེད་པ་འདི་དག་ནི་ཁྲིམས་དང་འགལ་བ་ཙམ་དུ་མ་ཟད། མི་ཆོས་ཀུན་སྤྱོད་དང་རྦད་དེ་རྒྱབ་འགལ་དུ་གྱུར་ཡོད། ཁྲིམས་ལུགས་ནི་ཁྲིམས་ལུགས་རང་ཡིན་པས་ཕྱོགས་གཉིས་ཀས་འགན་ཁུར་དགོས་པ་ཞིག་ལས། གཅིག་གིས་གཅིག་ལ་སྐྱོན་བརྗོད་དང་དམའ་འབེབས་ཁོ་ན་ལ་བརྟེན་ནས། གཞན་ལ་འཐབ་རྩོད་བཏང་སྟེ་མ་ཉེས་ཁ་གཡོག་གིས་ནག་ཉེས་ངོས་ལེན་བྱེད་པར་མནར་གཅོད་གཏོང་བ་ནི་རྒྱ་དམར་སྲིད་གཞུང་གི་ཉེས་མེད་བོད་མིར་ཆབ་སྲིད་ཀྱི་ཞྭ་མོ་ནག་པོ་གཡོག་ནས་ནག་ཉེས་ངོས་ལེན་བྱེད་འཇུག་པའི་བྱེད་སྟངས་དང་ཁྱད་པར་ཅི་ཞིག་ཡོད།
༤) ཧུར་བརྩོན་ཅན་ཚོས་ཀླུ་མཁར་བྱམས་སྲིད་སྐྱོང་ལ་ལངས་སྐབས་རྒྱབ་སྐྱོར་བྱེད་མཁན་སུ་དང་སུ་ཡོད་བརྩད་བཅད་ནས། མི་དེ་དག་ལ་སྡིག་ར་གཏོང་བར་རྩོམ་བཞིན་འདུག་པས། གནད་དོན་འདིའི་རྒྱབ་ལྗོངས་ན་མདའ་མོ་འཕེན་འདོད་མིན་པར་གཞུ་མོ་གཅོག་འདོད་ཅེས་པའི་དཔེ་ལྟར། ངན་གཡོ་ཅི་ཞིག་བཟུང་ཡོད་དོགས་གཞི་ཆེན་པོ་ཆགས་འདུག བོད་མི་མང་སྤྱི་འཐུས་ར་བ་ནི་བོད་ཀྱི་མང་གཙོའི་དོན་སྙིང་ལྡན་པའི་རང་དབང་དང༌། འདྲ་མཉམ། ཁྲིམས་ཀྱི་དབང་སྒྱུར། ཆིག་བསྒྲིལ་བཅས་ལྡན་མིན་གྱི་ཚད་གཞི་འཛིན་ས་དེ་ཡིན་པར་བརྟེན། སྤྱི་འཐུས་ལྷན་ཚོགས་ཀྱིས་གནད་དོན་འདི་དག་ལ་འགན་ཁུར་དགོས་པ་ལས། རང་ཉིད་ཀྱི་ལྟ་བ་དང་ལངས་ཕྱོགས་མི་མཐུན་པའི་ཕྱོགས་གཏོགས་ལ། མང་གཙོའི་བཟང་སྤྱོད་དང་འགལ་བའི་དབྱེ་འབྱེད་དང་། རྒོལ་རྡུང་སྤྲོད་པ་ནི་བོད་མིའི་མང་གཙོའི་ལམ་ལུགས་ལ་བར་ཆད་ཆེན་པོ་ཡོང་གཞིར་གྱུར་བས་མང་ཚོགས་ཀྱིས་ངེས་པར་ཐུགས་སྣང་གནང་དགོས།
༥) ང་ཚོས་གྲོགས་ཚོགས་ནང་དོ་སྣང་ཆེན་པོ་བྱས་ནས་ལྟ་ཉན་བྱེད་ཀྱིན་ཡོད་ལ། གྲོས་ཚོགས་ནང་ཀླུ་མཁར་བྱམས་ཀྱི་རྩོམ་དེས་མི་མང་ནང་སེམས་ཁྲལ་བཟོས་སྐོར་དང་། དེར་དགག་རྒྱག་དང་གླེང་སློང་དགོས་སྐོར་བཤད་མཁན་ཡོད་པས་བཤད་ཡིན་ཟེར་མཁན་མཐོང་། དོན་དངོས་ཀྱི་མང་ཚོགས་ཀྱི་སེམས་ཁྲལ་གླེང་གི་ཡོད་ན། ཚོགས་སྡེ་རེ་ཟུང་དང་། སྤྱི་འཐུས་དང་གཞུང་གི་མཛད་གཙོ་རེ་ཟུང་གིས་ཀླུ་མཁར་ལ་སྐྱོན་བརྗོད་བྱེད་སྟངས་འདིས་ང་ཚོར་ཡང་སེམས་ཁྲལ་ཆེན་པོ་བྱུང་བས། དེ་ཡང་མི་མང་གི་སྐུ་ཚབ་རྣམ་པས་ཕྱོགས་གཅིག་མ་ཡིན་པར་ང་ཚོའི་སེམས་ཁྲལ་ཡང་གླེང་དགོས་པར་མཐོང་། རྒྱུ་མཚན་ནི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནི་མི་ཧུར་བརྩོད་ཅན་རེ་ཟུང་གི་གཏམ་བཤད་ལ་དབང་བ་མིན་པས་ཡིན།
༦) གྲོས་ཚོགས་ར་བའི་ནང་ཁོ་ན་མ་ཡིན་པར། གཞུང་འབྲེལ་མི་སྣ་རེ་ཟུང་གིས་བོད་ཀྱི་ལོ་སར་རྟེན་འབྲེལ་གྱི་འགོ་མར་བཀྲ་ཤིས་པའི་ཕྱེ་མར་མཆོད་ས་ནས། སྣ་ནག་མའི་ཐལ་བ་གཏོར་ནས་ཀླུ་མཁར་བྱམས་ལ་རྒོལ་གཏམ་གཏོང་ཁུལ་གྱིས། ༧གོང་ས་མཆོག་གྲོགས་མེད་ཁེར་རྐྱང་དུ་ལུས་ཡོད་ཚུལ་གྱིས་སྐུར་འདེབས་བྱས་ཡོད། གནད་དོན་དེ་ནི་རྦད་དེ་བསམ་ཡུལ་ལས་འདས་པ་ཞིག་ཡིན། བོད་མི་རྣམས་ཀྱིས་༧གོང་ས་མཆོག་ནི་མི་རིགས་ཀྱི་མཚོན་རྟགས་དང་། ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས། འཇིག་རྟེན་ཞི་བདེའི་དེད་དཔོན་ཞུ་བ་བཞིན། འཛམ་གླིང་སྐྱེས་བོ་དུང་ཕྱུར་མང་པོས་ཀྱང་སོ་སོའི་ཆོས་ལུགས་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་དག་ལས་༧གོང་ས་མཆོག་ལ་གུས་བརྩི་ཞུ་བཞིན་ཡོད་པ་ཤེས་བཞིན་དུ། ད་དུང་༧གོང་ས་མཆོག་གྲོགས་མེད་ཁེར་རྐྱང་ལ་ལྷག་གི་འདུག་ཟེར་བ་ནི། ༧གོང་ས་མཆོག་ཁ་ལ་ཁུར་ནས་རང་ཉིད་ཀྱི་དམིགས་ཡུལ་སྒྲུབ་ཐབས་བྱས་པ་ཙམ་དུ་མ་ཟད། ༧གོང་ས་མཆོག་ལ་དད་པའི་མི་མང་ལ་བརྙས་བཅོས་དང་། ༸གོང་ས་མཆོག་ལ་ཡང་ཟུར་ཟ་ཅི་ཞིག་བྱེད་ཀྱི་ཡོད་དམ་སྙམ་པའི་དོགས་པ་བྱུང་བས། མི་འདི་འདྲའི་རིགས་ལ་ང་ཚོས་རིག་པ་དྭངས་གསལ་གྱིས་ཐུགས་སྣང་ཆེན་པོ་གནང་དགོས་ངེས་རེད།
༧) ད་དུང་ཟ་ཁང་བདག་པོ་ཞིག་གིས་ཀྱང་ཀླུ་མཁར་བྱམས་ལ་ཟ་མ་བཙོང་མི་རུང་བའི་ཉེན་བརྡ་གཏོང་གི་འདུག་པ་ནི། སྔོན་ནུབ་ཕྱོགས་སུ་མི་རིགས་དཀར་ནག་གི་དབྱེ་འབྱེད་སྐབས་ཀྱི་བྱེད་སྟངས་ཡ་མ་བླ་དེ་ཚོ་དངོས་སུ་ལག་བསྟར་བྱེད་བཞིན་པར་སོང་། འདི་ལྟ་བུའི་ཉེན་ཁ་ཅན་དང་མ་རུང་བའི་སྤྱི་ཚོགས་ཉམས་རྒུད་དུ་འགྲོ་བཞིན་པ་ལེགས་བཅོས་ཡོང་བར་རང་གཞུང་གི་ངོས་ནས་ཛ་དྲག་གི་ལམ་སྟོན་དང་གདོང་ལེན་བྱེད་རན་འདུག
༨) ཀླུ་མཁར་བྱམས་བོད་གཞུང་བདེ་སྲུང་ལས་ཁུངས་ཀྱིས་ཉམས་ཞིབ་ཚད་ལྡན་བྱས་སྟེ། བོད་ཀྱི་ཆབ་སྲིད་བཙོན་པར་ངོས་འཛིན་ཐོབ་ནས་མི་ལོ་ཧ་ཅང་མང་པོ་འགོར་ཟིན་ན་ཡང་། ཚོགས་པ་སྒྲིག་འཛུགས་ལ་ལས་ད་དུང་དེ་ལ་ཡིད་ཆེས་མེད་པར་བསྐྱར་ཞིབ་དགོས་པའི་དགོས་འདུན་བཏོན་པ་ནི། ཀླུ་མཁར་བྱམས་ལ་རང་གཞུང་གི་ཁྲིམས་སྒྲིག་འོག་རག་བཞིན་པའི་ཁེ་དབང་དང་། ཐོབ་ཐང་འཕྲོག་འདོད་ཙམ་མ་ཡིན་པར། བཅའ་ཁྲིམས་རིན་པོ་ཆེའི་དོན་ཚན་བཅུ་གསུམ་པའི་ནང་གསེས་དང་པོ་“བོད་མིའི་སྒྲིག་འཛུགས་ལ་ཡིད་ཆེས་བློ་གཏད།”མ་བྱས་པར་བཀའ་ཤག་རིམ་པའི་བདེ་སྲུང་ལྷན་ཁང་ལ་ཡིད་ཆེས་མེད་པའི་རྣམ་འགྱུར་དངོས་སུ་བསྟན་པ་ཞིག་ཏུ་མཐོང་བས། “བོད་ཀྱི་ཡུལ་མིའི་ལས་འགན་”མི་སྒྲུབ་མཁན་དེ་དག་གིས་ཀླུ་མཁར་བྱམས་ཁ་ལ་ཁུར་ནས་དོན་དངོས་ཐོག་ཅི་ཞིག་བྱེད་འདོད་པ་ཡིན་ནམ་སྙམ་པའི་དོགས་པ་བྱུང་།
མདོར་ན་རང་དོན་ལ་རྩ་འཛིན་དང་སྤྱི་དོན་ཁ་ལ་ཁུར་མཁན། མ་རུང་བ་ཁོག་ཏུ་བཅུག་བའི་གཡོ་སྒྱུ་ཅན་གྱི་མི་སྣ་རེ་ཟུང་གིས་སྤྱི་བའི་སྡིང་ཆ་བེད་སྤྱོད་ལོག་པར་བཏང་ནས། ༸གོང་ས་མཆོག་ཁ་ལ་ཁུར། སྤྱི་ཚོགས་སུ་དཀྲོག་རྐྱེན་བསླངས། མང་ཚོགས་ལ་ངན་སྐུལ་བྱས། བོད་མིའི་ཞི་བདེ་དང་ཆིག་སྒྲིལ་ལ་གཏོར་བཤིག་བཏང་། མི་སྒེར་གྱི་བདེ་འཇགས་ལ་འཇིགས་སྐུལ་གཏོང་བ་སོགས་ཀྱི་བྱ་སྤྱོད་དག་ནི་ཕྱོགས་ཡོངས་ན་དྲང་སྙོམས་མིན་པ་དང་། བདེན་པ་མིན་པ། འཚེ་བའི་རིང་བཞིན་གྱི་ལས་ཁོ་ན་ཡིན་པར་བརྟེན། ༧གོང་ས་སྐྱབས་མགོན་ཆེན་པོའི་བླ་ན་མེད་པའི་བཀའ་དགོངས་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་རྩ་བའི་དགོངས་གཞི་དང་རྦད་དེ་འགལ་བས་མ་ཚད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་། ཡང་དག་པའི་མང་གཙོའི་ལམ་ལུགས་དང་གཏན་ནས་མི་མཐུན་པར་བརྟེན། དགྲ་དགའ། གཉེན་སྡུག་ཏུ་གྱུར་བའི་གནས་ཚུལ་འདི་རིགས་ལ་སྔ་ས་ན་བོད་རྒྱ་ཆེའི་མང་ཚོགས་ཀྱིས་ཐུགས་སྣང་དང་མགོ་སྐོར་ནང་མ་ཚུད་པ་དགོས་པའི་རེ་སྐུལ་ཞུ་བ་ཡིན།
འཛམ་གླིང་ཤར་ནུབ་གང་ས་ནས་མ་གྲོས་བསམ་པ་གཅིག་མཐུན་གྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་དྲང་བདེན་དང་འཆམ་མཐུན་ཞིག་ཡོང་བར་སྤྱི་ཚོགས་ཀྱི་ཕྱོགས་གང་སར་དོ་སྣང་ཡོད་པའི་བོད་མི་བློ་མཐུན་པ་རྣམས་ཀྱིས་ཕུལ། ། ༢༠༡༧ཟླ་ ༠༣ ཚེས ༢༤ ཉིན།
ངོ་བཤུ།
༡ དཔལ་ལྡན་ཁྲིམས་ཞིབ་ཁང་།
༢ དཔལ་ལྡན་བཀའ་ཤག
༣ བོད་མི་མང་སྤྱི་འཐུས།
༤ བདེ་སྲུང་།
འབྲེལ་གཏུག །
རྒྱལ་མཚན། 38 rue Olivier metra75020 Paris France:
My Mobil no 0033-641130771
གོང་གི་སྒེར་གྱི་བསམ་ཚུལ་འདི་བཞིན་གང་ནས་བལྟས་ཀྱང་ཕན་ཐོགས་མེད་པ་ཞིག་རེད་འདུག སྐྱེ་བོ་གང་ཞིག་གི་སྨྲ་བརྗོད་རང་དབང་ལ་བསྙད་བཏགས་ཤིང་མ་རབས་ཐ་ཤལ་གྱི་རིགས་ཀྱི་ངན་རྒྱབ་ལངས་པ་དང་། ༸གོང་ས་མཆོག་ཁ་ལ་འཁྱེར་མཁན་གྱི་གྲས་ཤིག་ཀྱང་རེད་འདུག་པས། མི་མང་བསམ་ཡོད་ཅན་རྣམས་ནས་དྭོགས་ཟོན་དགོས་གལ། ཁྱེད་རྣམ་པར་སྨྲ་བརྗོད་རང་དབང་ལ་དེ་ཙམ་གྱི་བསམ་ཚུལ་ཡོད་ན་རི་བོ་ཧི་མ་ལ་ཡའི་ཕ་རོལ་ན་ལོ་ངོ་བཅུ་ཕྲག་མང་པོ་ནས་སྨྲ་བརྗོད་རང་དབང་ཙམ་མ་ཡིན་པར་མིའི་རང་དབང་ཆ་ཚང་ལ་རྡོག་རོལ་བཏང་ནས་བོད་མིའི་ཆོས་རིག་དང་མི་རིགས་དང་བཅས་པར་རྩ་མེད་བཟོས་དང་བཟོ་བཞིན་པ་རྒྱ་དམར་གྱི་བྱེད་བབ་མ་མཐོང་བ་ཡིན་ནམ། ངན་པ་ལ་རྒྱབ་ལངས་བྱས་ཏེ་མི་རིགས་ནང་ཁུལ་དཀྲུགས་ཤིང་བྱེད་པོ་ཁྱེད་རྣམས་ལ་དཀོན་མཆོག་གིས་བཀའ་ཆད་ཕོག་ཡོང་ངམ་མནོ་བསམ་བཞེས་རོགས།
ངའི་བསམ་ཚུལ་བྱས་ན། ༧གོང་ས་མཆོག་ལ་དད་པ་ཡོད་ན། ༧ གོང་ས་མཆོག་ཁ་ལ་འཁྱེར་དགོས་ལ་ཁོག་པ་ལ་ཡང་བསམ་དགོས། ཁ་ལ་འཁྱེར་ཡེ་དེ་གལ་ཆེན་པོ་རེད། དད་པ་མེད་མཁན་དོལ་རྒྱལ་བ་དང་དེ་དང་མཚུངས་པ་ཚོས་་ཁ་ལ་འཁྱེར་མི་དགོས་ལ་ཁོག་ལ་བསམ་མི་དགོས། འཛམ་གླིང་འདིའི་ནང་ཆོས་ལུགས་ཀྱི་དབང་དུ་བྱས་ན་ཆོས་ལུགས་དེའིརྗེས་འབྲང་པ་ཚོས། ཆོས་ལུགས་དེའི་སྲོལ་གཏོད་པ་་པོ་དང་འཇིག་རྟེན་བཀོད་པ་པོ་ཁ་ལ་འཁྱེར་དགོས་ལ་ཁོག་ལ་དད་པ་ཡོད་དགོས། དེ་བཞིན་དུ་རང་གི་ཡིད་ཆེས་ཡོད་པའི་གྲགས་ཅན་མི་སྣའི་གསུང་དེ་ཚོ་ཡང་ཁ་ལ་འཁྱེར་དགོས། དཔེར་ན་རྒྱ་གར་བའི་གྷན་དྷིའི་གསུང་ཁ་ལ་འཁྱེར་བ་སོགས་དཔེ་མཚོན་ཙམ་ཡིན།
རྩོམ་འདི་བཀླགས་རྗེས། གང་ལྟར་ཆུང་ཆུང་ཞིག་ཆེན་པོ་བཟོ་བཞིན་ཡོད་པའི་ཚོར་སྣང་བྱུང་།
ཇུས་མེད་ཇུས་གཏོགས་དང་། འཇོན་མེད་འཇོན་མདོག་དེ་ཚོ་མི་དགོས་པ་རེད་བསམ།
༄༅། དགྲ་ཤར་ལ་བཞག་ གཏོར་མ་ནུབ་ལ་སྐྱེལ་མཁན་མི་རེ་གཉིས་ཡོང་གི་ཡོད་པ་དེ་ཚོ་མང་
གཙོ་ཁ་ལ་འཁྱེར་ནས་ཁ་ནས་གང་བྱུང་མང་བྱུང་བཤད་པ་དེ་དམངས་གཙོའི་རྩ་དོན་ལ་ཡོངས་སུ་
འགལ་བ་རེད། དམངས་གཙོའི་ཁེ་དབང་སྤྱོད་དགོས་ན་ མདོར་བསྡུས་ནས་བཤད་ན། དང་པོ་དམངས་གཙོའི་ལས་འགན་འཁུར་ནས་དམངས་དང་རྒྱལ་ཁབ་ལ་ཞབས་འདེགས་ག་
རེ་ཞུས་ཡོད་པ་བལྟ་དགོས། དེ་ནས་གཉིས་པ་ནི་དམངས་གཙོའི་ཁེ་དབང་ལེན་ཆོག་པའི་ཐོབ་
ཐང་ཡོད།རྒྱལ་ཁབ་དང་མི་མང་ལ་གནོད་པའི་ལས་ཀ་བྱེད་མཁན་ཡོད་ན་མི་དེ་ཁྲིམས་ཐོག་ནས་
ཁྲིམས་ཆད་གཏོང་ཆོག་པའི་ཐོབ་ཐང་ཡོད།
ཞིབ་འཇུག་བྱེད་དགོས། སྨ་བརྗོད་རང་དབང་ཡིན་ཟེར་མཁན་ལ་ཞིབ་འཇུག་བྱེད་དགོས།
དེའི་རྒྱབ་ལ་སུ་འདུག་ཞིབ་འཇུག་བྱེད་དགོས། བཙོན་ཟུར་ལའང་ཞིབ་འཇུག་བྱེད་དགོས།
འཚོ་བ་དགྲ་ལ་བཅོལ་ནས་ནང་གི་ཕ་མ་སྤུན་ལ་སྐྱོན་བརྗོད་གནོད་སྐྱོན་གཏོང་མཁན་སུ་རེད།
ཞིབ་འཇུག་བྱེད་དགོས།
མར་མེ་རླུང་གིས་འཁྱེར་ཡང་འཛུམ་དམུལ་དམུལ།
ཞལ་ཟས་ཁྱི་ཡིས་ཟས་ཀྱང་འཛུམ་དམུལ་དམུལ་མ་བྱེད་རོགས།
ལྟོས་དང། ཁ་ནས་ཁྲག་བསྐྱུགས་ནས་གློ་བུར་དུ་ཨ་ཞང་གི་མདུན་དུ་འགྲོ་མཁན་ཡང་བྱུང་ཡོད།
ཆོ་ཞེ་དྲག་མི་འདུག
རྩོམ་དེ་ལ་རིན་ཐང་གང་མི་འདུག དེའི་དངོས་ཤུགས་བརྒྱུད་གསུམ་ན་དཀྲུག་ཤིང་དང་ཕྱོགས་ཞེན་ཡིན་པ་ཞིག་ལས་མཐོང་མ་སོང་། ཆོ་མེད་རྩོམ་ཡིག་དང་དུས་ཚོད་འཕྲོ་བརླག་རང་རེད་དོ།
ཀླུ་མཁར་བྱམས་སྙིང་ཁམས་འདི། གོང་ས་མཆོག་སྐུ་མགྱོགས་པོར་གྲོངས་ན་དགའ་བའི་གོ་རྒྱུ་ཅན་གྱི་ཚིག་འདི་ལྟར་ཤོད་འབྲི་ཐུབ་པ་འདི་འདྲ། དོལ་རྒྱལ་བ་དང་རྒྱ་དམར་གཞུང་ལ་དེ་ལྟར་བསམ་བློ་ཡོད་སྲིད་ཀྱང་དེ་མིན་གཞན་་ཡོད་རྒྱུ་མ་རེད། ཀླུ་མཁར་བྱམས་དོལ་རྒྱལ་བ་དང་རྒྱ་དམར་གཞུང་དང་མཉམ་དུ་བརྫང་དགོས་སམ། དོལ་རྒྱལ་བ་དང་རྒྱ་དམར་གཞུང་གཉིས་ང་ཚོའི་ཁ་གཏད་དུ་མངོན་སུམ་དུ་ལངས་ཡོད་པས། ཕན་ཚུན་འདྲེས་པའི་དཀའ་རྙོག་མེད་ལ། བཙན་བྱོལ་དུ་མངོན་གསལ་དོད་པོས་ཁོང་ཚོར་རྒྱབ་སྐྱོར་བྱེད་མཁན་ཞིག་བོད་པའི་སྤྱི་ཚོགས་ན་མེད། དོལ་རྒྱལ་བ་དང་རྒྱ་གཞུང་གི་བྱེད་སྟངས་དང་ཀླུ་མཁར་བྱམས་ཀྱི་བྱེད་སྟངས་ལ་ཁྱད་པར་མེད་ཀྱང་ཀླུ་མཁར་བྱམས་ང་ཚོ་དང་འདྲེས་ནས་ཡོད་པ་མ་ཟད། ད་དུང་ཚོགས་པ་དང་མི་ཁ་ཤས་ནས་ཁོ་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་དེ། སློབ་ཕྲུག་ཚོགས་པ་དང་དགུ་བཅུ་གསུམ། གཞོན་ཚོགས། ཨ་མྱེས་རྨ་ཆེན་༼ཨ་མྱེས་རྨ་ཆེན་ནི་ཐོག་མར་སྤྱི་ལ་དབང་བའི་རིག་གཞུང་གི་ཚོགས་པ་ཡིན་ཡང་ཐ་མ་བཀྲ་ཤིས་ཚེ་རིང་གིས་སྒེར་བདག་བྱས་ཡོད༽ གྱི་བཀྲ་ཤིས་ཚེ་རིང་། འཇམ་དབྱངས་ནོར་བུ། བསྟན་རྡོར། སྤྱིནའཐུས་མིང་ཅན་ལྷ་རྒྱལ་རྣམ་སྒྲོལ། སྤྱི་འཐུས་རྡོར་ཚེ། བུ་ཆུང་བསོད་ནམས་སོགས་སྐོར་ཞིག་ཡོད། མི་འདི་དག་གིས་ཀླུ་མཁར་བྱམས་མདུན་ལ་བརྫིངས་ཏེ་གློའུ་རྟགས་སྟོན་འཇུག་གི་ཡོད་ཅིང་། ཁོའི་ཁ་ལག་ནས་ཐོན་པའི་གོང་ས་མཆོག་ལ་ཟུར་ཟ་དང་དམའ་འབེབས་དེ་དག་ཁོང་ཚོའི་བསམ་བློ་དང་འབྲེལ་བ་དམ་ཟབ་ཡོད།
རྒྱལ་མཚན་ལ་ཚིག་འགའ་ཞུ་རྒྱུ།
1༽ཁྲིམས་དང་སྒྲིག་གཞི། མང་གཙོ་དང་སྨྲ་བརྗོད་རང་དབང་ཐད་ནས་བཤད་ན། ཀླུ་མཁར་བྱམས་ཀྱིས་བྱེད་སྟངས་དག་འགྲིག་པ་ལས་གཞན་པས་ཀླུ་མཁར་བྱམས་ཐད་བྱས་པ་དེ་ཁྲིམས་སྒྲིག་གང་ཐད་ནོར་བ་རེད་དམ།
2༽ ཉིད་ཀྱི་རྩོམ་དེར་གཞིགས་ན། མང་གཙོ་དང་སྨྲ་བརྗོད་རང་དབང་ཐད་ནས་ཐོབ་ཐང་དང་རང་དབང་ལས་འགན་འཁྲིའི་ཐད་ནས་ཅི་ཡང་གླེང་མི་འདུག་པས། མང་གཙོ་ཟེར་བའི་ལམ་ལུགས་དེའི་ནང་འགན་འཁྲི་ཟེར་བ་མེད་པ་རེད་དམ།
3༽ ཀླུ་མཁར་བྱམས་ཀྱིས་ཆེ་བ་གོང་ས་མཆོག་ནས་བོད་མིའི་སྒྲིག་འཛུགས་ལ་འདྲ་མིན་བཤད་པ་འགྲིག་པ་ཞིག་དང་། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པ་དག་ནས་ཀླུ་མཁར་བྱམས་ལ་བཤད་པ་དེ་ནོར་བ་ཡིན་ཚུལ་ག་འདྲ་རེད།
4༽ ཀླུ་མཁར་བྱམས་ཀྱི་གསལ་བཤད་ཀྱིས་ཁྱོད་ཅག་ལ་འགྲིག་ཡོད་ཀྱང་། གཞན་ལ་དེས་མ་འགྲིག་པས་དོགས་སློང་བྱས་ན་མི་ཆོག་དོན་ཅི་རེད།
5༽ ཀླུ་མཁར་བྱམས་ཀྱིས་གོང་ས་མཆོག་ལ་བོད་མི་མང་གི་དད་གུས་དང་བརྩི་བཀུར་བླ་མེད་ཞུ་བཞིན་པ་དེར། ཆེད་དུ་རྡོག་རོལ་བཏང་སྟེ་བོད་མི་ཚོའི་སེམས་མ་སྐྱིད་པ་བཟོས་དང་བཟོ་བཞིན་དག་ཁྱེད་ཅག་གིས་བཤད་ན་འགྲིག་པ་ཞིག་རེད་དམ། དཔེར་ན། ཁྱེད་ཀྱི་ཨ་མ་ལ་གཞན་གྱིས་དོན་ལ་མ་གནས་པའི་སྐྱོན་བརྗོད་རྐྱང་རྐྱང་བྱས་བསྡད་ན། ཁྱོད་ཀྱི་སེམས་མ་སྐྱིད་པ་བཟོ་བཞིན་པ་དེ་འགྲིག་པ་རེད་ཅེས་བཤད་ཐུབ་བམ། འདི་དག་ཐོབ་ཐང་དང་རང་དབང་གི་ཐད་ནས་ཀྱང་འགྲིག་པ་ཞིག་རེད་དམ།
༄༅། བློ་གྲོས་རབ་བརྟན་ནས་བྲིས་གནང་བ་དེ་ལ་རྒྱབ་སྐྱོར་ཡོད་།
ད་ག་རང་རེད། དེ་མ་ཚད་བཤད་རྒྱུ་ཡོད་ན་་་ཕ་ཡུལ་བཙན་གྱིས་འཕྲོག་མཁན་ལ་བཤད་དགོས།
དེ་མིན་འཇོན་མདོག་དང་་་རྗིགས་མདོག་ག་ཚོད་བཤད་ཀྱང་དོན་འབྲས་རིན་ཐང་གང་ཡང་མི་
འདུག་།