རིག་འབྱུང་དོན་གྲུབ་བཀྲ་ཤིས། ཡོ་རོབ།
༢༠༠༧ལོའི་ཟླ༥པའི་ཚེས་༢༣ཉིན་བྲིས།
ངའི་རྨོངས་འཆར།
ད་ནི་འདས་སོང་གི་མི་ཚེ་ལ་ཕྱིར་དྲན་རེ་བྱས་ན། ས་མཐར་སླེབས་ནས་མི་ལོ་བརྒྱད་ཙམ་ཕྱིན་སོང༌། མི་ལོ་བརྒྱད་འདི་ཡང་ཕར་དེད་ན་སྐྱབས་བཅོལ་གྱི་ལོ་ཟླ་རེད། སྐྱབས་བཅོལ་གྱི་ལོ་ཟླ་འདི་ཡང་མངར་སྐྱུར་འདྲེས་མའི་འཚོ་བ་མོག་མོག་ཅིག ད་དུང་ལོ་ངོ་ཅི་ཙམ་ཞིག་ལ་ས་མཐའ་ནས་མི་ཚེ་བསྐྱལ་དགོས་སམ། གཅིག་བྱས་ན་ངའི་མ་འོངས་ཁྱིམ་གཞི་ས་མཐའ་ནས་འཛུགས་དགོས། ངའི་མ་འོངས་བུ་ཕྲུག་རྣམས་ཀྱང་ས་མཐའ་ནས་འཚར་ལོངས་འབྱུང་དགོས་པ་འདྲ། ད་ཅི་དྲགས། རང་བཙན་དང་རང་དབང་ཤོར་བའི་རྒྱལ་ཁབ་ཅིག་གི་མི་སེར་ལ་མཚོན་ན། བདེ་སྐྱིད་དང་ལྷིང་འཇགས། མདུན་ལམ་དང་ཕུགས་བསམ་ཟེར་བ་འདི་ཚོ་གང་ནས་འཚོལ་དགོས་པ་དང་གང་དུ་ཉར་དགོས་སམ། བོད་རྒྱ་ཞི་མོལ་འདི་མ་བྱུང་ན། ངའི་མི་ཚེ་གང་ནས་བསྐྱལ་དགོས་སམ། ངའི་མདུན་ལམ་གང་དུ་འཐེན་དགོས་སམ། ཐ་ན་ངའི་ཕུགས་བསམ་འདི་ཡང་བོར་བརླག་ཏུ་འགྲོ་ཉེན་འདུག ད་དུང༌། ད་དུང་ང་རང་གནས་སྡོད་བྱེད་སའི་བོད་པའི་སྤྱི་ཚོགས་འདི་ཡང་རྒྱ་མཚོའི་རླབས་རིས་ཇི་བཞིན་གཡོ་སྐྱོམ་ཇེ་ཆེ་ནས་ཇེ་ཆེ་རེད།
དེ་རིང་ནས་ཡར་བརྩིས་ན་བོད་རང་དབང་རང་བཙན་ཤོར་ནས་མི་ལོ་བཞི་བཅུ་ཞེ་བརྒྱད། རྒྱ་ནག་གིས་བོད་བཙན་བཟུང་བྱས་ནས་མི་ལོ་ཞེ་བརྒྱད། བོད་མི་རྣམས་སྐྱབས་བཅོལ་ལ་སླེབས་ནས་མི་ལོ་ཞེ་བརྒྱད་བཅས་ཕྱིན་ཚར་བ་རེད། བརྒྱུད་རིམ་འདིའི་ནང༌། ྋགོང་ས་མཆོག་གི་དགོངས་གཞི་དབུ་མའི་ལམ་ལ་བརྟེན་ནས་བོད་རྒྱ་ཞི་མོལ་ཡོང་ཐབས་སུ་འབད་བརྩོན་མི་ལོ་ཉེར་བརྒྱད་བྱས་ཚར་བ་མ་ཟད། ཐོག་མར་སྐྱབས་བཅོལ་དུ་སླེབས་མཁན་བོད་མི་ཕལ་མོ་ཆེ་རྫོགས་ཚར་བ་མ་ཟད་ཁོང་ཚོའི་ཚ་བོ་ཚ་མོ་དག་ཀྱང་ད་ལྟ་བཙན་བྱོལ་བོད་མི་རྒན་གྲས་ཀྱི་གྲངས་རེད། ད་ནི་ང་ཚོ་བཙན་བྱོལ་གྱི་མི་རབས་གསུམ་པ་ཆགས་གྲབས་འདུག་ལ། བོད་རྒྱ་ཞི་འགྲིག་འདི་མ་བྱུང་ན་ང་ཚོ་ཡང་ས་མཐའ་ནས་རྒས་ཀྱི་ཡིན་པ་ཉག་ཅིག་རེད། འོ་ན། བོད་རྒྱ་ཞི་འགྲིག་བྱུང་ཡོད་དམ། ད་དུང་ཡང་བྱུང་མེད། དེ་མ་ཡོང་བ་ཡང་ཕུགས་དེད་ན་ཕར་ཚུར་གཉིས་ཀ་ལན་པ་རེད་མ་གཏོགས་ཕྱོགས་གཅིག་ལ་ཁག་དཀྲི་ས་མེད།
ད་ནི་བོད་རྒྱ་ཞི་མོལ་གྱི་སྐོར་ལ་རང་གི་རྨོངས་འཆར་འགའ་གླེང་བརའདོད།
རྨི་ལམ་མགོ་བཙུགས་པའི་ལོ་ཟླ།
ཕྱི་ལོ ༡༩༧༨ ལོའི་ལོ་མཇུག་ཏུ། ཤིན་ཧྭ་གསར་ཤོག་ཁང་གི་ཤང་ཀང་ཡན་ལག་གི་འགོ་འཛིན་ལི་ཅུའུ་ཧྲིན་གྱིས་ཏིན་ཞོའོ་ཕེན་གྱི་བཀའ་མངགས་ལྟར་མི་མངགས་ནས་རྒྱལ་ལོ་དོན་གྲུབ་བཙལ་ཞིང༌། ཏིན་ཞོའོ་ཕིན་གྱིས་རྒྱ་ལོ་དོན་གྲུབ་ལགས་པེ་ཅིང་དུ་ཕེབས་ནས་གཟིགས་ཞིབ་རྒྱུའི་རེ་བ་བཏོན་ཚུལ་དང་རང་གཞུང་དང་པེ་ཅིང་གཉིས་ཀྱི་དབར་ལོ་ངོ་ཉི་ཤུ་ཙམ་ལ་འབྲེལ་བ་ཡ་འགལ་དུ་གྱུར་པ་དེ་སླར་ཡང་འབྲེལ་མཐུད་མགོ་འཛུགས་གནང་ན་གོ་སྐབས་བཟང་པོ་ཡོད་ལུགས་ཀྱི་བསམ་ཚུལ་བཏོན། ཕྱི་ལོ་ ༡༩༧༩ ལོའི་ཟླ་དང་པོར་ྋགོང་ས་མ་ཆོག་གི་བཀའ་འཁྲོལ་བཞིན་རྒྱ་ལོ་དོན་གྲུབ་ལགས་སྐུ་སྒེར་གྱི་ངོས་ནས་རྒྱ་ནག་ལ་ཕེབས་ཏེ་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་ལས་བྱེད་དང༌། ཏིན་ཞོའོ་ཕིན་ལ་ཐུག་འཕྲད་གནང༌། སྐབས་དེར་ཏིན་ཞོའོ་ཕིན་གྱིས། རྒྱ་ནག་ཆེན་པོའི་འབྱུང་འགྱུར་དང་ཁེ་ཕན་ལ་བསམ་གཞིགས་དགོས་སྐོར་གྱི་བཀའ་མོལ་ཚན་པ་གཅིག་གསུངས་པ་ནི། བོད་རང་བཙན་གྱི་གནད་དོན་དེ་ང་གཅིག་པུ་མ་ཡིན་པར། མ་འོངས་པར་རྒྱ་ནག་གི་གཙོ་འཛིན་སུ་ཡིན་རུང་བོད་ལ་རང་བཙན་སྤྲོད་རྒྱུའི་ཐབས་ཤེས་ཡོད་པ་མ་རེད། རང་བཙན་ཕར་ཕུད་པའི་སྐད་ཆ་གཞན་གང་ཡིན་རུང་བཤད་ཆོག་གི་རེད་ལ་གྲོས་བསྡུར་ཀྱང་བྱས་ཆོག་ཟེར། ད་དུང་འདས་པའི་ལོ་རྒྱུས་ཀྱིས་མི་སུ་ལའང་མནར་གཅོད་བཏང་ཡོད་པ་རེད། འོན་ཀྱང༌། ང་ཚོ་ཚང་མས་མདུན་ཕྱོགས་ལ་བལྟ་དགོས་ཟེར། ཏིན་ཞོའོ་ཕིན་གྱི་བཀའ་མོལ་དེས་རྒྱ་ལོ་དོན་གྲུབ་ལ་ཡང་བག་ཆགས་ཟབ་མོ་ཐེབས་ཡོད་པ་རེད། རྒྱ་ལོ་དོན་གྲུབ་ཀྱིས་ཏིན་ཞོའོ་ཕིན་ནི་བཤད་ཕོད་པ་དང་སྒྲུབ་ཕོད་པ། མིག་གིས་རྒྱང་རིང་ལ་བལྟ་མཁན་ཞིག་རེད་ཟེར། སྐབས་དེར་རྒྱ་ལོ་དོན་གྲུབ་ཀྱིས་ཀྱང་ཏིན་ཞོའོ་ཕིན་ལ་གནད་དོན་གསུམ་གྱི་ཐོག་ལ་རེ་བ་བཏོན། དང་པོ། ཕྱི་རྒྱལ་དུ་གནས་པའི་བོད་མི་རྣམས་ཕྱིར་ཕ་ཡུལ་དུ་གཉེན་འཕྲད་ལ་ཕྱིན་ཏེ་ཁོ་ཚོའི་ཉེ་མི་བཙལ་ཆོག་པའི་རེ་བ་ཞུས། གཉིས་པ། པཎ་ཆེན་རིན་པོ་ཆེ་མཆོག་གི་རང་དབང་སླར་གསོ་ཡོང་བའི་རེ་བ་ཞུས། གསུམ་པ། བོད་ནང་གི་སློབ་གྲྭ་མང་པོར་བོད་ཡིག་དགེ་རྒན་གྱི་དཀའ་ངལ་ཡོད་པ་གཞིར་བྱས། བཙན་བྱོལ་གྱི་དགེ་རྒན་ཁག་ཅིག་མངགས་ཏེ་བོད་རང་སྐྱོང་ལྗོངས་ནང་ཤེས་རིག་གི་བྱ་བ་བསྒྲུབ་ཆོག་པར་རེ་བ་ཞུས། ཏིན་ཞོའོ་ཕིན་གྱིས་ཁོང་གི་རེ་བ་དང་ལེན་དང་སྦྲགས་ལམ་སེང་བསྒྲུབ་དགོས་པའི་བཀའ་བཏང་ཆོག་ཟེར། འོན་ཀྱང༌། ཁས་ལེན་བྱས་པ་ཇི་བཞིན་ལག་ལེན་ལ་འཁྱོལ་ཡོད་དམ་ཞེ་ན། རེ་བ་སྔ་མ་གཉིས་འགྲིག་ཙམ་བྱུང་ཡོད་རུང་རེ་བ་ཕྱི་མ་འདི་ལེགས་འགྲུབ་བྱུང་མེད། ལེགས་འགྲུབ་མ་བྱུང་བ་འདི་ཡང་ཕལ་ཆེར་ང་ཚོའི་ངོས་ནས་ཁོར་ཡུག་བསྐྲུན་སྟངས་མ་ཤེས་པ་ཡིན་པ་འདྲ། འོན་ཀྱང༌། རྒྱ་ལོ་དོན་གྲུབ་མཆོག་གི་རེ་བ་གསུམ་དང་ཏིན་ཞོའོ་ཕིན་གྱི་རང་བཙན་དོར་དགོས་བའི་བཀའ་མོལ་གཉིས་བསྡུར་ན། ཏིན་ཞོའོ་ཕིན་གྱིས་རྒྱ་ནག་གི་མདུན་ཕྱོགས་ལ་མང་ཙམ་བལྟས་པ་རེད་ལ་བོད་ཀྱི་མདུན་ཕྱོགས་ལ་ཉུང་ཙམ་བལྟས་པ་རེད། རྒྱལ་ལོ་དོན་གྲུབ་ཐེངས་དང་པོར་ཕྱི་རྒྱལ་ནས་རྒྱ་ནག་ལ་ཕྱིན་པ་འདི་ང་ཚོར་མཚོན་ན་འབྲེལ་ལམ་གྱི་ལམ་ཁ་འདིངས་དུ་ཕྱིན་པ་རེད། ལམ་ཁ་འདི་ད་ལྟ་ཡང་རྦད་དེ་ཆད་མེད། ཆད་མེད་པ་འདི་ཡང་ཐོག་མར་འདིངས་མཁན་གྱི་མི་དེས་ཧུར་བརྩོན་དང་རྒྱུན་འཁྱོངས་བྱས་བའི་སྐུ་དྲིན་ཉག་གཅིག་རེད། འོན་ཀྱང༌། ཁོང་གི་སྐུ་དྲིན་ཡིན་པ་མཁྱེན་མཁན་ང་ཚོའི་ཁྲོད་ན་ག་ཚོད་ཡོད་དམ། ཧ་ཅང་ཉུང་ཉུང་རེད།བོད་རྒྱ་ཞི་མོལ་གྱི་ལས་དོན་འདིའི་ཆེད་དུ་ཐ་ན་ཁོང་གི་དབུ་སྐྲ་དཀར་པོར་གྱུར་ཅིང༌། ཁོང་གི་ཞལ་ལ་གཉེར་མ་ལྷུང༌། ད་དུང་ཡང་ཁོང་གི་སེམས་ཀྱི་རེ་བ་ཤི་མེད། ཁོང་གི་སེམས་ཀྱི་སྙིང་སྟོབས་ཞུམ་མེད། ཁོང་གི་སེམས་ཀྱི་རེ་བ་བོར་མེད། འོན་ཀྱང༌། ཁོང་ལ་ད་ནི་འཚོ་སྡོད་ཀྱི་ཆུ་ཚོད་མང་པོ་མེད། ཁོང་གི་མི་ཚེའི་ཚེ་མཇུག་གི་ཆུ་ཚོད་འདི་ཡང་ང་ཚོར་མཚོན་ན་རིན་ཐང་ཆེན་པོ་དང་རྩ་ཆེན་པོ་རེད། རྩ་ཆེན་པོ་དང་རིན་ཐང་ཆེན་པོ་ཡིན་པ་ངོ་འཕྲོད་པའི་སྒོ་ནས་ང་ཚོས་བེད་སྤྱོད་ཡང་དག་པ་ཞིག་གཏོང་དགོས། ཁོང་མེད་ན་བོད་དང་རྒྱའི་དབར་གྱི་འབྲེལ་བའི་ཐག་པ་འཐེན་མཁན་དེ་མེད། ད་ལྟ་བར་དུ་ཁོ་རང་སྒེར་གྱི་ངོས་ནས་ཐག་པ་འདི་འཐེན་པ་རེད། ཁོ་རང་སྒེར་གྱི་ངོས་ནས་ཐག་པ་འཐེན་དགོས་སྟབས་ཐག་པ་དེ་གཞུང་གི་ཆེད་དུ་ཡིན་རུང་འཐེན་བྱའི་ཐག་པ་དང་ཐག་པ་འཐེན་མཁན་གཉིས་ཀ་སྒེར་བ་ཡིན་ཙང་སྒེར་བ་གཅིག་གི་ནུས་ཤུགས་ལས་སླེབས་ཐུབ་མེད། རྒྱུ་མཚན༌། ང་ཚོའི་ངོས་ནས་ཁོང་ལ་གཞུང་དོན་གྱི་ཆེད་དུ་གཞུང་གི་ཐག་པ་འཐེན་བཅུག་མེད། འོན་ཀྱང༌། ཁོང་གིས་སྒེར་གྱི་ཐག་པ་གཞུང་གི་ཆེད་དུ་འཐེན་པ་རེད། འདི་ནི་ཧ་ཅང་རླབས་ཆེན་གྱི་ལས་ཀ་རེད། རྩོམ་ཡིག་འབྲི་གིན་འབྲི་གིན་ངས་བློ་སྔོན་དུ་བཏང་བའི་རང་གི་བརྗོད་གཞིའི་སྒང་ལ་མ་ཕྱིན་པར་འཕྲོས་ཤོར་བྱེད་ཀྱི་འདུག ད་ནི་རང་གི་རྨོངས་འཆར་མུ་མཐུད་དུ་གླེང༌། ཏིན་ཞོའི་ཕིན་གྱིས་རང་བཙན་དོར་དགོས་པའི་སྐད་ཆ་འདི་ཡང་ཁོ་རང་སྒེར་གྱི་སྐད་ཆ་མ་ཡིན་པར། ཏིན་ཞོའི་ཕིན་བརྒྱུད་ལམ་བྱས་ཏེ་བྱུང་བའི་སྐབས་དེའི་རྒྱ་ནག་ཕྱོགས་ཀྱི་བསམ་ཚུལ་དང་ལངས་ཕྱོགས་རེད། དེ་ནི་གློ་བུར་བ་ཞིག་མ་ཡིན་པར་སྔོན་ཚུན་ནས་གྲ་སྒྲིག་ཡོད་པའི་སྐད་ཆ་ཞིག་རེད།
དེ་ཡང་ ༡༩༧༩ ལོའི་ལོ་འགོར་ཀྲུང་གོ་གུང་ཁྲན་ཏང་དབུས་ཆབ་སྲིད་ཅུས་ཀྱིས་ཚོགས་འདུའི་ཐོག་དམིགས་བཀར་གྱིས་ཏཱ་ལའི་བླ་མ་ཕྱིར་ཕེབས་སྐོར་སྲིད་བྱུས་ཐག་གཅོད་བྱས་ཤིང༌། ཚོགས་འདུ་དེའི་གྲོས་ཆོད་གཞིར་བཟུང་དབུས་འཐབ་ཕྱོགས་གཅིག་གྱུར་གྱི་འབྲེལ་ཡོད་ལས་ཁུངས་ཁག་ལ་འགྲེམས་སྤེལ་བྱས་པའི་ཡིག་ཆའི་ནང་དུ་“ཏཱ་ལའི་བླ་མ་ཕྱིར་ལོག་ཐུབ་པའི་བརྩོན་ལེན་བྱ་རྒྱུར་གལ་ཆེའི་སྙིང་དོན་ཡོད”ཅེས་གསལ་ཡོད་པ་མ་ཟ྄ད་འདིའི་ཐད་རྒྱུ་མཚན་ཆེ་བ་བཞི་བཀོད་ཡོད།
༡ ཏཱ་ལའི་མེས་རྒྱལ་ལ་ཕྱིར་ལོག་གི་བརྩོན་ལེན་དེ་བོད་ལྗོངས་ཀྱི་བདེ་འཇགས་དང་མི་རིགས་གཅིག་གྱུར། བོད་ མི་རྣམས་ཀྱི་བསམ་པ་ཕྱི་ལོག་ལ་མ་ཕྱོགས་པར་ནང་ལ་ཕྱོགས་ཐུབ་པར་ཕན་ཐོགས་ཡོད་པ།
༢ གལ་སྲིད་ཏཱ་ལའི་ཕྱིར་ལམ་སེང་ལོག་མ་ཐུབ་རུང་རུའུ་སུའུ་ཕྱོགས་ལ་མ་ཕྱོགས་པའི་སྔོན་འགོག་བྱེད་དགོས་ཚུལ།
༣ བོད་དོན་ཐག་གཅོད་གཙང་མ་བྱུང་ན་ཧོང་ཀོང་དང་ཨའོ་མིན་གྱི་གནད་དོན་ཀྱང་ཐག་གཅོད་ཡོང་བར་དཀའ་ ངལ་མེད་ཚུལ།
༤ ཏཱ་ལའི་ཕྱིར་ལོག་ཐུབ་ན་ཏཱ་ལའི་ཕྱོགས་ནས་འཇིགས་སྐུལ་གྱི་བྱ་བ་རྩོམ་རྒྱུར་སྔོན་འགོག་ཐུབ་པ་མ་ཟད་ལུས་སྲོག་ དང་རྒྱུ་ནོར་ལ་གནོད་སྐྱོན་མི་ཡོང་ཚུལ་བཅས་འབྲེལ་བ་བསྐྱར་མཐུད་བྱེད་པར་དགོས་དམིགས་བཞི་བཀོད་ འདུག
གོང་བཀོད་དོན་ཚན་བཞི་དེའི་ངོས་ནས་ར་སྤྲོད་པ་ནི་སྐབས་དེར་རྒྱ་ནག་ལ་མཚོན་ན་རྒྱ་ནག་སྐམ་ས་ཆེན་མོའི་འབྱུང་འགྱུར་གྱི་བདེ་འཇགས་དང་བདག་དབང་སྲ་བརྟན་ལ་སེམས་ཁྲལ་ཡོད་པ་ཙམ་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འགྱུར་འགྲོས་དང་གནས་སྟངས་དངོས་ལ་རྒྱུས་ལོན་གཏིང་ཟབ་ཅིག་རྙེད་མེད་ནའང༌། བཙན་བྱོལ་བོད་མིས་འཐབ་རྩོད་ཀྱི་ཁ་ཕྱོགས་ཅི་འཛིན་དང༌། ྋགོང་ས་མཆོག་གིས་བོད་དོན་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཁོར་ཡུག་ཅི་བསྐྲུན་གྱི་ཕྱོགས་ལ་སེམས་འཚབ་བྱེད་ཀྱི་ཡོད། སྐབས་དེ་དུས་ང་ཚོས་ཁོར་ཡུག་ཡག་པོ་ཞིག་བསྐྲུན་ཡོད་ན། སྐབས་དེ་དུས་ང་ཚོས་ཐབས་མཁས་བསྟུན་མཁས་ཤིག་བྱས་ཡོད་ན། ང་ཚོར་རེ་བ་མེད་པ་ཅི་ལ་ཡིན། ད་འདས་ཚར་བ་བསྐྱར་གླེང་བྱས་པས་ཅི་ཕན། དེ་ལས་འབྱུང་འགྱུར་ལ་བསམ་བློ་གཏོང༌། འབྱུང་འགྱུར་གྱི་ཆེད་དུ་སྔོན་ཚུད་ནས་གྲ་སྒྲིག་བྱེད་དགོས།
འོན་ཀྱང༌། ཏིན་ཞོའི་ཕིན་གྱི་སྐད་ཆ་དེ་རེ་བའི་སྣེ་མོར་བཟུང་ནས་ ༡༩༧༩ ལོའི་ཟླ ༨ པའི་ཚེས ༢ ཉིན། ལྟ་སྐོར་ཚོགས་པ་དང་པོའི་མིང་ཐོག་ནས་སྐབས་དེའི་བདེ་སྲུང་བཀའ་བློན་སྟག་ལྷ་ཕུན་ཚོགས་བཀྲ་ཤིས། དྲིལ་བསྒྲགས་བཀའ་བློན་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ། སྐུའི་གཅེན་པོ་བློ་བཟང་བསམ་གཏན། སྤྱི་འཐུས་ཚོགས་གཞོན་བློ་བཟང་དར་རྒྱས། ནང་སྲིད་དྲུང་ཆེ་བཀྲ་ཤིས་སྟོབས་རྒྱལ་བཅས་མི་འགྲོ་ལྔ་ལྡི་ལི་ནས་ཧོང་ཀོང་བརྒྱུད་པེ་ཅིང་དུ་ཐོན། ལྟ་སྐོར་ཚོགས་པས་མདོ་སྟོད་སྨད་བར་གསུམ་གྱི་ས་ཁུལ་ཁག་བཞི་བཅུ་ཙམ་ལ་འཚམས་འདྲི་ལྟ་སྐོར་བྱས་པ་མ་ཟད། ས་གནས་ཁག་ལ་དམིགས་བསལ་གནས་ཚུལ་ཅི་བྱུང་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་སྙན་སེང་ཞུས། རྒྱལ་ལོ་དོན་གྲུབ་ཀྱིས་དེའི་སྐོར་གྱི་གནས་ཚུལ་ཞིབ་ཕྲ་ཤིན་ཧྭ་གསར་ཤོག་ཁང་གི་འགོ་འཛིན་ལི་ཅུའུ་ཧྲིན་བརྒྱུད་རྒྱ་གཞུང་ལ་སྙན་སེང་ཞུས། རྒྱུ་རྐྱེན་དེས་དབང་གིས་ཡིན་ནམ་གང་ལྟར། ༡༩༨༠ ལོའི་ཟླ་ ༣ པའི་ནང་ཧུའུ་ཡའོ་པཱང་གིས་གཙོ་འགན་འོག་བོད་ལྗོངས་ལས་དོན་བཞུགས་མོལ་གྲོས་ཚོགས་ཟེར་བ་དེ་འཚོགས་ཤིང་ཧུའུ་ཡའོ་པཱང་སྐུ་དངོས་བོད་ལྗོངས་ལ་གཟིགས་ཞིབ་ཏུ་ཕེབས་ཤིང༌། ལྷ་སར་ཉིན་དགུར་བཞུགས་ཏེ་ཕྱོགས་སོ་སོའི་ཚོགས་འདུ་བསྐངས་པ་དང་བཀའ་མོལ་གནང༌། འདི་ནི་སྐབས་དེར་རྒྱ་ནག་ཕྱོགས་ནས་བོད་དོན་ལ་ཐུགས་ཁུར་གནང་གི་ཡོད་ཚུལ་གྱི་ཕྱིའི་སྣང་བརྙན་ཙམ་རཻད། སྣང་བརྙན་འདིའི་རྒྱབ་ན་ལྐོག་གཡོ་ཅི་ཞིག་ཡོད་མེད་སུ་ཞིག་གིས་ཚོད་དཔག་ཐུབ་བམ། ད་ནི་ཁག་པོ་རེད།
རྒྱལ་ལོ་དོན་གྲུབ་ལགས་ཀྱིས།ཨེ་ཤེ་ཡའི་བདུན་རེའི་དུས་དེབ་ཀྱི་གསར་འགོད་པར་ཧུའུ་ཡོའོ་པཱང་ནི་དོན་དངོས་གཉེར་མཁན་དང་བོད་དོན་ཐད་ཁོང་རང་ཉིད་ཀྱི་ལྟ་བ་ཡོད་པ། ཁོང་གིས་ཏཱ་ལའི་བླ་མ་མཆོག་ལ་རྣམ་འགྱུར་བསྟན་པ་ནི་ད་ལྟ་བལྟས་ན་ཧ་ཅང་བསམ་ཤེས་དང་བཀག་སྡོམ་མེད་པ་ཞིག་རེད་ཟེར། རྒྱལ་ལོ་དོན་གྲུབ་མཆོག་གིས་གསུངས་པ་ནང་བཞིན་ཧུའུ་ཡའོ་པང་ཁོ་རང་སྒེར་ངོས་ནས་དོན་དངོས་གཉེར་མཁན་དང་བོད་དོན་ཐད་ལྟ་བ་ཡོད་མཁན་ཞིག་ཡིན་རུང༌། བདག་གི་རྨོངས་འཆར་གྱི་དབང་དུ་བྱས་ན། རྒྱ་ནག་གི་ཆབ་སྲིད་ལ་སྒེར་གྱི་གདོང་པའི་ངོས་ནས་སྟོན་སྟངས་གཅིག་དང་ཚོགས་པའི་གདོང་གི་ངོས་ནས་སྟོན་སྟངས་གཅིག་བཅས་གཉིས་འདུག་ལ། མཐའ་མའི་ཐག་གཅོད་དང་ཁ་ཕྱོགས་དེ་ཚོགས་པའི་གདོང་གི་རྗེས་སུ་འབྲངས་ཀྱི་འདུག ད་དུང་ཧུའུ་ཡའོ་པཱང་གིས་བོད་ཆེན་པོའི་སྐོར་ལ་ལན་འདེབས་གསལ་པོ་བྱས་མེད་པ་ནི་སྒེར་གྱི་ངོ་གདོང་གཅིག་པུའི་གནད་ལ་ཐུག་དུས་ཚོགས་པའི་ངོ་ཚབ་བྱེད་ཐུབ་ཀྱི་མེད་པའི་རྒྱུ་མཚན་གྱིས་རེད། ད་དུང་ཁོང་གིས་བོད་ཆེན་པོའི་སྐོར་ལ་ལན་འདེབས་གསལ་པོ་བྱས་མེད་པ་ནི་ང་ཚོའི་སེམས་ཀྱི་རྨི་ལམ་འདིའི་བཀག་རྡོ་ཆགས་པ་རེད་ལ་རྨི་ལམ་འདི་མངོན་འགྱུར་བྱེད་མི་ཐུབ་པའི་རྟགས་མཚན་གསལ་ཤོས་ཤིག་ཀྱང་རེད། དེའི་རྗེས་སུ་ལྟ་སྐོར་ཐེངས་གཉིས་པར་རང་གཞུང་ནིའུ་ཡོག་དོན་གཅོད་བཀྲས་མཐོང་བསྟན་འཛིན་ཆོས་རྒྱལ་དང་སུད་སིའི་དོན་གཅོད་ཚེ་རིང་རྡོ་རྗེ།ཉི་ཧོང་དོན་གཅོད་པད་མ་རྒྱལ་པོ། གཞོན་ནུའི་ཚོགས་གཙོ་བློ་བཟང་སྦྱིནཔ། དབྱིན་ཡུལ་དུ་གཏན་བཞུགས་ཕུན་ཚོགས་དབང་རྒྱལ་བཅས་མི་ངོ་ལྔ་ ༡༩༨༠ ལོའི་ཟླ ༤ པའི་ཚེས་ ༡ ཉིན་པེ་ཅིང་བརྒྱུད་བོད་ལྗོངས་ལ་ལྟ་སྐོར་དུ་བསྐྱོད་ཅིང་ཕྱི་ཟླ ༨ པའི་ཚེས་ ༡༥ ཉིན་ཕྱིར་འཁོར། ༡༩༨༠ ལོའི་ལོ་མཇུག་ཙམ་ལ་ལྟ་སྐོར་ཐེངས་གསུམ་པ་བོད་ཁྱིམ་དབུ་འཛིན་སྐུའི་གཅུང་མོ་རྗེ་བཙུན་པདྨ་མཆོག་དང་མ་སི་རིའི་གཏན་འཇགས་སློབ་གྲྭའི་སློབ་སྤྱི་བསོད་ནམས་རབ་བརྟན། སློབ་དགེ་྄རྫ་ལྷ་བཅས་མི་དྲུག་བསྐྱོད། དེའི་རྗེས་སུ་ལྟ་སྐོར་ཐེངས་བཞི་པར་རང་གཞུང་གི་སྐུ་ཚབ་བླ་མ་བཞི་དང་དགེ་བཤེས་ཁག་ཅིག་བོད་ལ་བསྐྱོད་རྒྱུར་འགོག་རྐྱེན་འཕྲད། འགོག་རྐྱེན་འཕྲད་པ་འདི་ལ་ཕྱོགས་གཉིས་ཀ་ལན་པ་རེད། རྐྱེན་འཕྲད་ས་གཅིག་ནི་ཕྱོགས་གཅིག་ནས་ལྟ་སྐོར་ཚོགས་པ་བོད་ནང་ལ་ཕྱིན་ནས་བོད་ཀྱི་ཡུལ་ལུང་གང་སར་ལྟ་སྐོར་དང་འཚམས་འདྲི་བྱས། དུས་མཚུངས་ཚུར་ཕྱོགས་བཙན་བྱོལ་ནང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་དང་རྔམ་སྟོན་ཁྲོམ་སྐོར་བྱས། ཕྱོགས་གཅིག་ནས་ལྟ་སྐོར་དང་འཚམས་འདྲི་བྱས། ཕྱོགས་གཞན་ཞིག་ནས་ངོ་རྒོལ་དང་ཁྲོམ་སྐོར་བྱས་ན། ཞི་མོལ་གྱི་ས་བོན་གང་ལ་འདེབས་དགོས་སམ། ཞི་མོལ་གྱི་ལམ་ཁ་ཇི་ལྟར་འདིངས། གནད་དོན་འདིའི་ཐད། སྐབས་དེའི་རྒྱ་ནག་གཞུང་གི་མགྲིན་ཚབ་པས་གསུངས་དོན། ལྟ་སྐོར་སྔ་མ་ཚོས་མེས་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ལ་གནོད་པའི་གཏམ་བཤད་སྤེལ་བ་མ་ཟད་ཕྱི་རྒྱལ་མི་རིགས་བརྒྱུད་མི་འཚམ་པའི་དྲིལ་བསྒྲགས་བྱས་པ་དེས་ཕྱོགས་གཉིས་ཀར་མ་སྐྱིད་པ་ཆེ་རུ་གཏོང་གི་འདུག་ཟེར། གཞན་ང་ཚོའི་ངོས་ནས་ཁོར་ཡུག་བསྐྲུན་སྟངས་མ་འགྲིག་པ་རེད་མ་གཏོགས་མི་འགྲོ་གཏོང་སྟངས་ཀྱི་ངོས་ནས་ང་ཚོའི་ཕྱོགས་ན་ཡང་ཁོག་རྩིས་ཡོད་པ་འདྲ། ཁོག་རྩིས་ཅི་ཡོད་ཁོག་རྩིས་འདིངས་མཁན་དང་སྐབས་དེའི་འབྲེལ་ཡོད་མི་སྣ་ཚོས་མ་གཏོགས་ཤེས་རྒྱུ་ཁག་པོ་རེད།
གནད་དོན་གཞན་ཞིག་ནི་རྒྱ་ནག་ངོས་ནས་བོད་ཀྱི་གནད་དོན་ཐད་བསམ་གཞིགས་གཏིང་ཟབ་སྒོས་བོད་འདི་རྒྱ་ནག་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་ཚོར་རྟོགས་ཆེ་རུ་ཕྱིན་པ་མ་ཟད་བོད་དོན་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་འགྲོ་མགོ་ཚུགས་པ་རེད།
བོད་རྒྱ་གཉིས་ཀྱི་རྨི་ལམ་གཅིག་པ་རེད་དམ།
ཕྱི་ལོ་ ༡༩༨༢ ལོར་ྋགོང་ས་མཆོག་གིས་བོད་རྒྱའི་གནད་དོན་འདི་ཉིད་མེས་འཚིགས་མེར་གཏུགས་ཀྱི་འབྲེལ་བ་བྱེད་དགོས་པར་བརྟེན་པེ་ཅིང་དུ་བདེ་སྲུང་བཀའ་བློན་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་དང་ཆོས་ཤེས་བཀའ་བློན་འཇུ་ཆེན་ཐུབ་བསྟན། སྤྱི་འཐུས་ཚོགས་གཙོ་རྒྱ་རི་བློ་གྲོས་རྒྱལ་མཚན་བཅས་སྐུ་ཚབ་ཐེངས་དང་པོ་དེ་གཏོང་གནང་མཛད།སྐུ་ཚབ་རྣམས་པེ་ཅིང་དུ་སླེབས་ཤིང༌། གཞི་ནས་ ༡༩༨༡ལོའི་ཟླ ༧ པའི་ཚེས་ ༢༨ ཉིན༌། ཧུའུ་ཡའོ་པཱང་དང་རྒྱ་ལོ་དོན་གྲུབ་གཉིས་མཇལ་འཕྲད་ཐོག་ཧུའུ་ཡའོ་པཱང་གིས་བོད་དོན་སྐོར་དོན་ཚན་ལྔ་ཡོད་པའི་ཚིག་ཐོ་ཞིག་བཙན་བྱོལ་བོད་གཞུང་ལ་ཕུལ་ཡོད་པ་མཁྱེན། ཧུའུ་ཡའོ་པཱང་གི་ཚིག་ཐོ་དོན་ཚན་ལྔ་དེ་སྐུ་ཚབ་རྣམས་རྒྱ་ནག་ལ་མ་ཕྱིན་པའི་སྔ་རོལ་ཏུ་རྒྱལ་ལོ་དོན་གྲུབ་ལ་སྤྲད་ཡོད་རུང་སྐུ་ཚབ་རྣམས་རྒྱ་ནག་ལ་སླེབས་ཚར་བའི་རྗེས་སུ་མ་གཏོགས་ཚིག་ཐོ་སྤྲད་ཡོད་པ་མཁྱེན་རྟོགས་བྱུང་མེད། ཚིག་ཐོ་སྤྲད་པའི་དུསཚོད་དང་མཁྱེན་རྟོགས་བྱུང་བའི་དུས་ཚོད་ཀྱི་དབར་ལ་བར་ཐག་ཞིག་ཡོད་པ་འདི་ཅི་ཡིན་ནམ།འདི་ནི་བཤད་ཚོད་མི་ཐིག་་པའི་དྲི་བ་ཞིག་རེད།
ཚིག་ཐོ་དེའི་སྙིང་དོན་ནི་ཏཱ་ལའི་བླ་མ་དང་ཁོང་གི་རྗེས་འབྲངས་པ་རྣམས་ཕྱིར་མེས་རྒྱལ་དུ་ལོག་རྒྱུར་དགའ་བསུ་ཞུ་རྒྱུ་དང་མེས་རྒྱལ་དུ་ལོག་རྗེས་ཏཱ་ལའི་བླ་མའི་གོ་གནས་དང་དབང་ཆ་སྔར་བཞིན་ཡིན་པ་སོགས་མདོར་ན་བོད་དོན་ནི་ཏཱ་ལའི་བླ་མ་སྒེར་གྱི་གནད་དོན་ཞིག་ཡིན་པའི་སྐོར་བརྗོད་ཡོད་པ་རེད། ཞིབ་ཏུ་བསམ་ན་ཧུའུ་ཡའོ་པང་གི་ཚིག་ཐོ་དོན་ཚན་ལྔ་དེ་ཡང་ཕྱི་ལོ་ ༡༩༧༩ ལོར་ཀྲུང་གོ་གུང་ཁྲན་ཏང་དབུས་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་གྲོས་ཆོད་གཞིར་བཟུང་དབུས་འཐབ་ཕྱོགས་གཅིག་གྱུར་གྱི་འབྲེལ་ཡོད་ལས་ཁུངས་ཁག་ལ་འགྲེམས་སྤེལ་བྱས་བའི་དོན་ཚན་བཞི་དེ་རྨང་གཞི་བྱས་ནས་བཟོས་པ་ཞིག་རེད་འདུག་ལ་ལྷག་པར་དུ་དེ་ནི་རྒྱ་ནག་གུ་ངོས་ནས་ཏིན་ཞའོ་ཕིན་གྱིས་རང་བཙན་མ་གཏོགས་གཞན་སྐད་ཆ་ཅི་ཡིན་རུང་བཤད་ཆོག་གི་རེད་ལ་གྲོས་བསྡུར་བྱེད་ཆོག་ཟེར་བའི་སྐད་ཆ་བཤད་ཆོག་དང་གྲོས་བསྡུར་བྱེད་ཆོག་ཟེར་བའི་ཚད་དང་མཚམས་ཇི་འདྲ་ཞིག་ཡིན་མིན་དང་རང་བཙན་གྱི་གནད་དོན་ཕར་ཕུད་པའི་རྒྱ་ནག་ངོས་ནས་ང་ཚོར་སྤྲོད་འདོད་པ་ཅི་ཡིན་མིན་ཁ་གསལ་དུ་བཏང་བ་རེད། རྒྱ་ནག་ལ་མཚོན་ན་སྔོན་ནས་ཁོག་རྩིས་ཡོད་པ་རེད།འོན་ཀྱང་ང་ཚོའི་ངོས་ནས་བསམས་ན། ཏིན་ཞོའི་ཕིན་གྱིས་རང་བཙན་མ་གཏོགས་ཅི་ཡང་བཤད་ཆོག་ཞུས་པའི་གནད་དོན་དེ་ཡང་ད་ནི་ཏཱ་ལའི་བླ་མ་སྐུ་སྒེར་གྱི་གནད་དོན་ཡིན་པའི་སྟེང་ལ་བབས། འདི་ནི་རྒྱ་ནག་ལ་མཚོན་ན་ཕྱི་བཤོལ་ཅུང་ཙམ་རེད་ལ་ང་ཚོར་མཚོན་ན་གྲོས་མོལ་གྱི་མདུན་ལམ་ཐུང་དུ་ཕྱིན་པ་རེད།གནད་དོན་འདིའི་ཐད་༧གོང་ས་མཆོག་གིས་ཀྱང་ཕྱི་ལོ་ ༡༩༩༢ ལོའི་ཟླ་ ༩ ཚེས་ ༡༡ ཉིན་རྒྱ་ནག་གི་མགོ་ཁྲིད་ཏེང་ཞའོ་ཕིན་དང་ཅང་ཙེ་མིང་གཉིས་ལ་གནང་བའི་ཕྱག་བྲིས་དྲན་ཐོ་དོན་ཚན ༡༣ གྱི་ནང་དུ་བློ་ཕམ་ཡོད་སྐོར་བརྗོད་ཡོད།
སྐུ་ཚབ་རྣམས་པེ་ཅིང་དུ་བོད་ཀྱི་གནད་ཡོད་མི་སྣ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དང་ང་ཕོད་ངག་དབང་འཇིགས་མེད། འབའ་བ་ཕུན་ཚོགས་དབང་རྒྱལ་བཅས་ལ་ཐུགས་འཕྲད་བྱས་ཤིང༌། སྐབས་དེར་འབའ་བ་ཕུན་ཚོགས་དབང་རྒྱལ་གྱིས། བཀའ་མོལ་ཐེངས་གཅིག་གཉིས་ཀྱིས་ཐག་ཆོད་ཀྱི་མ་རེད། དུས་ཡུན་རིང་པོ་དང་ཀྱག་གེ་ཀྱོག་གེ་མང་པོ་བྱས་ཏེ་དོན་དག་འགྲུབ་དགོས། དོན་དག་ལམ་སེང་འགྲུབ་རྒྱུ་ཁག་པོ་རེད་ཅེས་ནན་ཏན་སྒོས་གསུངས་འདུག པཎ་ཆེན་རིན་པོ་ཆེ་མཆོག་གིས་ཀྱང་ད་ལྟ་ཕན་ཚུན་གྱི་བསམ་ཚུལ་རྒྱང་ཁད་ཆེན་པོ་ཡོད་པ་རེད། ཁྱེད་ཚོས་རེ་འདུན་གསལ་པོ་ཞུས་ན་མ་གཏོགས་བསམ་ཚུལ་མ་རྟོགས་ན་འགྲིག་གི་མ་རེད། རང་བཙན་སྐོར་ད་ལྟ་ཕར་བཞག དེ་མིན་ཚད་མཐོའི་རང་སྐྱོང་འདི་དང་འདི་བཞིན་ཡོང་ཐབས་བྱ་དགོས་ཤིང༌། བར་ལམ་བོད་དུ་ཡག་པོ་བྱུང་བའི་སྐོར་ངོས་ལེན་བྱེད་དགོས། ཚང་མ་མ་འགྲིགས་པ་ཤ་སྟག་མ་ཤོད། ཕུགས་བསམ་རིང་པོ་གཏོང་དགོས། འབྲེལ་བ་མ་ཆད་པ་བྱེད་དགོས། ཐའེ་ཝན་ལ་དོན་ཚན་དགུ་སྤྲད་པའི་སྐོར་ཤོད་ཆོག་པའི་རྒྱུ་མཚན་ཞིག་ཡོད། ད་ལྟའི་ཆར་དེ་ལས་ལྷག་ཡོང་ཐབས་མེད་ལ་དེ་ལས་ལྷག་པ་བྱ་ཐབས་བྲལ་ཞེས་བཀའ་སློབ་གནང་འདུག ད་ལྟ་ཕན་ཚུན་གྱི་བསམ་ཚུལ་ལ་རྒྱང་ཁད་ཆེནཔོ་ཡོད་པ་རེད་ཅེས་པ་འདིས་ལོ་ངོ་བཅུ་ཕྲག་སྔ་མ་གསུམ་གྱི་རིང་ལ་ཕྱོགས་ཕན་ཚུན་གྱི་གནས་སྟངས་ལ་རྒྱུས་ལོན་ཐུབ་མེད་ཙང་ད་ལྟ་སྐད་ཆ་བཤད་དུས་ཕན་ཚུན་ལ་རྒྱུས་ལོན་ཡོང་རྒྱུར་འབད་བརྩོན་བྱེད་དགོས་པ་དང་ཚང་མ་མ་འགྲིག་པ་ཤ་སྟག་མ་ཤོད། ཕུགས་བསམ་རིང་པོ་གཏོང་དགོས། འབྲེལ་བ་མ་ཆད་པ་བྱེད་དགོས་ཞེས་པ་འདིས་ཐབས་མཁས་བསྟུན་མཁས་བྱས་ནས་དམིགས་ཡུལ་འགྲུབ་ཐུབ་པ་བྱ་དགོས་ཞེས་པ་དེ་རེད། འོན་ཀྱང༌། སྐབས་དེའི་སྐུ་ཚབ་ཚོའི་ནང་ལ་རྒྱ་ནག་གི་གནས་སྟངས་དངོས་རྒྱུས་ལོན་མཁན་དང་ཐབས་མཁས་བསྟུན་མཁས་བྱེད་ཐུབ་མཁན་ཞིག་ཡོད་དམ་མེད། གང་ལྟར་སྐབས་དེའི་སྐུ་ཚབ་ཚོའི་ནང་ན་འཇོན་ཐང་ཅན་ཞིག་ཡོད་ན་ནི་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་མ་གཏོགས་གཞན་མི་འདུག་སྙམ། ཕྱོགས་ཕན་ཚུན་གྱི་གནས་སྟངས་ལ་རྒྱུས་མ་ལོན་པ་འདི་ལ་ཡང་ཁག་ཅི་ཡོད། ལོ་ངོ་བཅུ་ཕྲག་སྔ་མ་གསུམ་གྱི་རིང་དུ་རྒྱ་ནག་ལ་མཚོན་ན་རྒྱ་ནག་སྐམ་ས་ཆེན་མོའི་ནང་ཁུལ་གྱི་བདག་དབང་སྲ་བརྟན་དང་བདེ་འཇགས་རྒྱུན་འཁྱོངས།མི་མང་གི་འཚོ་སྡོད་ཡར་རྒྱས་སུ་འགྲོ་བའི་ཆེད་དུ་ཧུར་བརྩོན་དང་ཆུ་ཚོད་མང་ཙམ་གཏོང་དགོས་བྱུང་བ་རེད་ལ། བཙན་བྱོལ་བོད་ཀྱི་སྤྱི་ཚོགས་ལ་མཚོན་ན་རྒྱལ་ཁབ་གཞན་ཞིག་ལ་སྐྱབས་བཅོལ་བའི་གནས་སྟངས་འོག་འཚོ་སྡོད་ཀྱི་རྨང་གཞི་གསར་པ་ཞིག་འདིངས་དགོས་པའི་ཁར་ད་དུང་རིག་གཞུང་དང་ཆོས། ཡུལ་སྲོལ་གོམས་གཤིས། ལེགས་བྱང་བཅས་ཉར་ཚགས་དང་རྒྱུན་འཛིན་བྱེད་སའི་ཁོར་ཡུག་ཞིག་བསྐྲུན་དགོས་པ་མ་ཟད་རང་གི་འཐབ་རྩོད་ཀྱི་ངོ་བོ་ཡང་རྒྱུན་འཁྱོངས་བྱེད་དགོས་ཀྱི་ཡོད་སྟབས་ཆུ་ཚོད་མང་ཆེ་བ་རྨང་གཞི་འདིངས་རྒྱུའི་ཆེད་དུ་བཏང་བ་རེད། དེར་བརྟེན། ཕྱོགས་གཉིས་ཀའི་ཕན་ཚུན་ལ་སྐྱོན་བརྗོད་དང་རེ་དོགས་བྱེད་རྒྱུ་མ་གཏོགས་རྒྱུས་ལོན་ཐུབ་ཡོད་པ་མ་རེད། གང་ལྟར། སྐུ་ཚབ་རྣམས་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་འཛིན་དབྱང་ཆིན་རིན་གཙོས་པའི་མགོ་ཁྲིད་རྣམས་དང་མཇལ་འཕྲད་ཐོག་ཕྱོགས་གཉིས་ཀྱི་བསམ་ཚུལ་བརྗེ་རེས་བྱས། ཕྱོགས་གཉིས་ཀྱི་བསམ་ཚུལ་ནི་ལམ་སྣེ་གཉིས་དང་དམིགས་འབེན་གཉིས་ཀྱི་ཕྱོགས་སུ་གཏད་འདུག་ཅིང༌། ཅི་ཙམ་གྲོས་མོལ་བྱས་རུང་གཅིག་གི་སྒང་ལ་སླེབས་ཐུབ་མི་འདུག དེ་ནི་གཞན་གང་ཡང་མ་ཡིན་པར་ཕྱོགས་གཅིག་གིས་ཚད་མཐོའི་རང་སྐྱོང་དང་བོད་ཆེན་པོའི་བསམ་ཚུལ་མ་དོར་བ་དང་ཕྱོགས་གཅིག་གིས་ཧུའུ་ཡོའོ་པང་གི་ཚིག་ཐོ་མ་དོར་བའི་དབང་གིས་རེད། འོན་ཀྱང༌། ང་ཚོའི་ཕྱོགས་ནས་རེ་བའི་སྒང་ལ་རེ་བ་བརྩེགས་ཏེ་ཕྱི་ལོ་ ༡༩༨༤ ལོའི་ཟླ་ ༡༠ པའི་ཚེས་ ༡༩ ཉིན་ཡང་བསྐྱར་སྐུ་ཚབ་ཐེངས་གཉིས་པ་པེ་ཅིང་དུ་བསྐྱོད། སྐབས་དེར་པཎ་ཆེན་རིན་པོ་ཆེ་མཆོག་གིས་སྐུ་ཚབ་རྣམ་པར། བར་ལམ་ཁྱོད་ཚོས་ཕྱྀ་རོལ་ནས་ཀྲུང་དབྱང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དེ་ཡག་པོ་མ་རེད། གང་ཡིན་ཞེ་ན། རྒྱ་མིའི་མགོ་ཁྲིད་ཀྱི་ནང་དུ་ཏཱ་ལའི་བླ་མ་དང་འབྲེལ་བ་བྱེད་དགོས་པར་འདོད་མཁན་གྱི་རིགས་གཅིག་དང་མི་འདོད་མཁན་གྱི་རིགས་གཅིག་བཅས་གཉིས་ཡོད་རེད། དེར་བརྟེན། ཁྱེད་ཚོས་ཀྲུང་གུང་ལ་ངོ་རྒོལ་བྱས་པ་དེས་འབྲེལ་བ་བྱེད་མཁན་ཚོར་ཕམ་ཉེས་བྱུང་བ་རེད་ལ་མི་བྱེད་མཁན་ཚོར་རྒྱལ་ཁ་ཐོབ་པ་རེད། གནད་དོན་འདིའི་རིགས་ལ་ཁྱེད་ཚོས་བསམ་བློ་ཡག་པོ་གཏོང་དགོས་ཞེས་གསུངས་འདུག ཏཱ་ལའི་བླ་མ་དང་འབྲེལ་བ་བྱེད་དགོས་པར་འདོད་མཁན་གཅིག་དང་མི་འདོད་མཁན་གྱི་རིགས་གཅིག་བཅས་གཉིས་འདུག་ཟེར་བ་འདིས་སྐབས་དེའི་རྒྱ་ནག་གཞུང་གི་ངོས་ནས་བོད་དོན་ཐད་ལྟ་སྟངས་གཉིས་བཟུང་ཡོད་པ་མ་ཟད་གཞུང་འཛིན་མི་སྣ་ཚོ་ཡང་ཕྱོགས་ཁག་གཉིས་སུ་གྱེས་ཡོད་པ་དེ་རེད། ཕྱོགས་ཁག་གཉིས་སུ་གྱེས་པ་དེ་ཡང་བོད་ཀྱི་དཀའ་ངལ་བསམ་ཤེས་ཀྱི་སྒོ་ནས་གྱེས་པ་མ་ཡིན་པར་རྒྱ་ནག་ཆེན་མོའི་མདུན་ལྗོངས་ཀྱི་ཆེད་དུ་གྱེས་པ་རེད། གང་ལྟར་དུས་ཚོད་དེའི་སྐབས་སུ་རྒྱ་ནག་ནང་ཁུལ་གྱི་གནས་སྟངས་དངོས་རྒྱུས་ལོན་ཐུབ་མཁན་ནི་ྋཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དང་འབའ་བ་ཕུན་ཚོགས་དབང་རྒྱལ་གཉིས་རེད།པཎ་ཆེན་རིན་པོ་ཆེ་མཆོག་ལ་མི་རིགས་ཀྱི་ལར་ཞེན་དང་ཚོར་བ་ཤུགས་ཆེ་ཡོད་རུང་གནས་སྟངས་མང་པོ་ཞིག་གཞན་དབང་སྟབས་བསྟུན་ཆགས་ཡོད་ལ་འབའ་བ་ཕུན་ཚོགས་དབང་རྒྱལ་ལགས་བཙོན་ཁང་ནས་གློད་གྲོལ་ཐོབ་ཙམ་ཡིན་སྟབས་ཕྱོགས་མང་པོ་ན་བཀག་རྒྱ་ཡོད། གང་ལྟར་ལས་ལམ་མ་དྲང་བའི་མི་རིགས་དེ་ང་ཚོ་རེད། དེའི་རྗེས་སུ་ ༡༩༨༤ ལོའི་ཟླ ༡༠ པའི་ཚེས་ ༢༨ ཉིན་གྱི་དགོང་དྲོར། འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་ཅང་ཕིན་གྱིས་དོན་ཚན་བརྒྱད་ཡོད་པའི་ཚིག་ཐོ་རིང་མོ་ཞིག་རང་རེའི་སྐུ་ཚབ་རྣམས་དང་གྲོས་མོལ་བྱས། ཚིག་ཐོ་དེའི་སྙིང་དོན་ནི་བོད་རང་བཙན་དང་བོད་ཆེན་པོ་ཞེས་པ་དེ་མི་ཡོང༌། ཏཱ་ལའི་བླ་མ་བོད་ལ་ལོག་རྒྱུར་དགའ་བསུ་ཡོད་པ། ཧུའུ་ཡའོ་པཱང་གི་ཚིག་ཐོ་ལ་འགྱུར་བ་མེད་པ། ཕྱིར་ལོག་རྗེས་མེས་རྒྱལ་ལ་སྐྱོན་བརྗོད་བྱེད་མི་ཉན་པའི་སྐོར་བརྗོད་ཡོད། གནད་དོན་འདི་དག་གི་སྒང་ནས་མཐོང་ཐུབ་པ་ནི་རྒྱ་ནག་གཞུང་གིས་བོད་ལ་འཛིན་པའི་གྲོས་མོལ་གྱི་ལམ་ཁ་ཆུང་ནས་ཆུང་དུ་ཕྱིན་པ་དང་ང་ཚོའི་རེ་བའི་སྣེ་མོ་འདི་རབ་རིབ་ཏུ་གྱུར་པ་རེད།
དེའི་རྗེས་ནས་བཟུང་ང་ཚོའི་ངོས་ནས་པེ་ཅིང་ལ་སྐུ་ཚབ་གཏོང་རྒྱུར་འགོག་རྐྱེན་འཕྲད་པ་མ་ཟད་ད་དུང་༡༩༨༥ལོའི་ཟླ་༧པར་ཀྲའོ་ཙི་ཡང་ནུབ་ཕྱོགས་དང་ཡུ་རོབ་ཁུལ་གྱི་རྒྱལ་ཁབ་ཁ་ཤས་ལ་འཚམས་གཟིགས་སུ་ཕེབས་ཤིང༌། ཁོང་གིས་ཕྱི་རྒྱལ་གྱི་གསར་འགོད་པར་བོད་འདི་ཕྱི་ལོའི་དུས་རབས་བདུན་པ་ནས་བཟུང་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ཞེས་གསུངས། ༡༩༨༧ལོའི་ཟླ་ ༥ པར་རྒྱ་ལོ་དོན་གྲུབ་པེ་ཅིང་ལ་ཕེབས་དུས། བོད་དོན་ཐད་རྒྱ་ནག་གི་ལྟ་སྟངས་ཁ་ཐག་རིང་དུ་ཕྱིན་ཡོད་པ་ངོ་ཐག་ཆོད། འདི་ལྟར་བོད་རྒྱའི་བར་གྱི་སྐུ་ཚབ་ཀྱི་འགྲོ་འོང་གི་ལམ་ཁ་ཆད་པ་རེད། བོད་ཀྱི་མཐོ་རིམ་མི་སྣ་མང་པོ་ཞིག་གི་བཤད་ཚུལ་ལ་གཞིགས་ན། དེ་ལ་ཡང་རྒྱུ་མཚན་ཕྱོགས་མང་པོ་ན་ཡོད་ཚུལ་བརྗོད། ཧུའུ་ཡའོ་པཱང་རྒྱ་ནག་གི་མགོ་ཁྲིད་ནས་དགོངས་ཞུ་ཞུས། འཐབ་ཕྱོགས་གཅིག་གྱུར་ཁང་གི་པུའུ་ཀྲང་དབྱང་ཆིན་རིན་དང་ཅང་ཕིང་གཉིས་རྒས་ཡོལ་དུ་ཕྱིན། རྒྱལ་སྤྱིའི་ཆབ་སྲིད་ལ་འགྱུར་བ་འགྲོ་མགོ་ཚུགས་ཤིང་རྒྱ་ནག་ནང་ཁུལ་གྱི་མགོ་ཁྲིད་ཚོ་བརྗེ་བོ་ཐེབས་པ་རེད་ཟེར། རྒྱུ་མཚན་འདིའི་ཤུགས་བསྟན་གཞན་ཞིག་ནི་ཏཱ་ལའི་བླ་མ་དང་འབྲེལ་བ་བྱེད་དགོས་བར་འདོད་མཁན་མང་པོ་ཞིག་བརྗེ་བོ་ཐེབས་སྟབས་འབྲེལ་མོལ་གྱི་ལམ་ཁ་ལ་ཡང་འགྱུར་བ་ཕྱིན་པ་རེད༌།
འོན་ཀྱང༌། རྒྱུ་མཚན་འདི་གཅིག་པུས་ར་འཕྲོད་པ་ཞིག་མ་རེད་སྙམ། དོན་དངོས་སུ་བཤད་ན་རྒྱ་ནག་ཕྱོགས་ནས་བོད་འདི་ནམ་ཡང་རྒྱ་ནག་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་ཚོར་བ་འདི་རྒྱ་ནག་གཞུང་གི་མཐོ་རིམ་མི་སྣ་ཚོའི་བསམ་བློའི་ནང་ལ་ཤུགས་ཆེ་རུ་ཕྱིན་པ་རེད་ལ་བཙན་བྱོལ་བོད་མི་དང་ྋགོང་ས་མཆོག་གི་རེ་བ་བསྐོང་འདོད་ཀྱི་འདུན་པ་ཤུགས་ཆུང་དུ་ཕྱིན་པ་རེད། ད་ནི་བཽད་རེ་བས་ཕོངས་ཟེར་བ་འདི་ཅིས་མ་བདེན།
ང་ཚོའི་སེམས་ཀྱི་རྨི་ལམ་དེའི་ཁ་དོག་ཅི་ཞིག་རེད།
བོད་ཀྱི་གནད་དོན་འདི་ཉིད་ཐག་གཅོད་མ་ཡོང་བའི་སེམས་ཁྲལ་དང་ཁུར་པོ་དེས་རྐྱེན་པས། ྋགོང་ས་མཆོག་གིས་ ༡༩༨༧ ལོའི་ཟླ ༩ པའི་ཚེས་ ༢༡ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་བོད་རྒྱ་ཞི་མོལ་གྱི་གཞི་རྩ་དབུ་མའི་ལམ་གྱི་དགོངས་དོན་ཞི་བའི་དོན་ཚན་ལྔ་བཏོན་གནང་མཛད། ༡༩༨༧ ལོའི་ ༩ པའི་ཚེས་༢༣ ཉིན། པེ་ཅིང་གཞུང་གིས་༧གོང་ས་མཆོག་གི་ཞི་བའི་དོན་ཚན་ལྔ་ལ་ངོས་ལེན་མེད་པ་མ་ཟད་དེ་ནི་མེས་རྒྱལ་ཁ་྄བྲལ་གྱི་བྱ་སྤྱོད་ཡིན་པ་དང་ཟླ་༡༠པའི་ཚེས་༡ཉིན་གྱི་ལྷ་སའི་ཟིང་ཆ་དེ་ཡང་ཏཱ་ལའི་བླ་མས་ངན་སྐུལ་བྱས་ལུགས་ཀྱི་གསལ་བསྒྲགས་བསྐྱངས། ལྷག་པར་དུ་ ༡༩༨༧ ལོའི་ ༡༠ ཚེས་ ༡༤ ཉིན། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་འཛིན་ཡན་མིང་ཕུས་རྒྱ་ལོ་དོན་གྲུབ་བརྒྱུད་བཙན་བྱོལ་གཞུང་ལ་ཚིག་ཐོ་དོན་ཚན་༡༤ཕུལ། ཚིག་ཐོ་དོན་ཚན་བཅུ་བཞི་དེའི་དགོངས་དོན་ཡང་ཧུའུ་ཡའོ་པང་གི་ཚིག་ཐོ་དོན་ཚན་ལྔ་ཡི་ར་བ་ལས་བརྒལ་མེད་པ་མ་ཟད་ྋགོང་ས་མཆོག་ལ་སྐྱོན་བརྗོད་བྱས་ཡོད།
༡༩༨༨ ལོའི་ཟླ ༦ ཚེས ༡༥ ཉིན་ྋགོང་ས་མཆོག་གིས་ཡང་བསྐྱར་བོད་རྒྱ་ཞི་མོལ་གྱི་གཞི་རྩ་རང་སྲིད་རང་སྐྱོང་གི་གནས་བབས་གང་འདྲ་ཞིག་དགོས་མིན་ཐད་ཡུ་རོབ་གྲོས་ཚོགས་སུ་གསལ་བསྒྲགས་བསྐྱངས། དེའི་རྗེས་སུ་༡༩༨༨ ལོའི་ཟླ་ ༩ པའི་ཚེས་ ༢༣ ཉིན། རྒྱ་ནག་ཕྱོགས་ནས་ྋགོང་ས་མཆོག་དང་མཉམ་ཏུ་གྲོས་མོལ་བྱེད་འདོད་ཡོད་པའི་གསལ་བསྒྲགས་བསྐྱངས་པ་མ་ཟད་ས་གནས་དང་དུས་ཚོད་ྋགོང་ས་མཆོག་གི་འདོད་པ་བཞིན་བྱེད་རྒྱུ་ཡིན་ཟེར། གོང་ས་མཆོག་གིས་ཇི་ནི་ཝ་གཏན་འཁེལ་བྱས་རུང༌། རྒྱ་ནག་གིས་དེ་ལ་ངོས་ལེན་མེད་ཐོག་མཐའ་མར་ཧོང་ཀོང་བྱེད་རྒྱུ་བྱས།གོང་ས་མཆོག་གིས་རྒྱ་གཞུང་གི་བསམ་ཚུལ་ལ་མོས་མཐུན་བྱས་ཀྱང༌། དེ་ཡང་མཐའ་མར་གྲུབ་འབྲས་མ་བྱུང༌། བདག་གི་རྨོངས་འཆར་གྱི་དབང་དུ་བྱས་ནྋགོང་ས་མཆོག་གིས་ཕྱི་ལོ་ ༡༩༨༧ ལཽར་ཨ་རིའི་གྲོས་ཚོགས་འོག་མའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་ ༡༩༨༨ ལོར་ཡུ་རོབ་གྲོས་ཚོགས་སུ་བོད་རྒྱ་ཞི་མོལ་གྱི་གཞི་རྩ་རང་སྲིད་རང་སྐྱོང་གི་གནས་བབས་ག་འདྲ་ཞིག་དགོས་མིན་ཐད་གསལ་བསྒྲགས་བསྐྱངས་དོན་ཡང་གནད་དོན་གསུམ་ལ་ཐུག་འདུག་སྙམ། ཕྱོགས་གཅིག་ནས་དབུ་མའི་ལམ་གྱི་དགོངས་དོན་ཅི་ཡིན་ཁ་གསལ་གཏིང་གསལ་བཟོས་པ་དང༌། ཕྱོགས་གཉིས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཁོང་གི་དགོངས་གཞི་དབུ་མའི་ལམ་ལ་རྒྱབ་སྐྱོར་རག་ཐུབ། གསུམ་ནས་བོད་དོན་འདི་ཉིད་འབྱུང་འགྱུར་རྒྱལ་སྤྱིའི་གནད་དོན་ཏུ་འགྱུར་རྒྱུར་རེ་བ་བཅས་རེད། རྒྱ་ནག་ཕྱོགས་ལ་མཚོན་ན་ཡང་གསལ་བསྒྲགས་སྔ་མར་ངོ་རྒོལ་དང་ཕྱི་མར་འབྲེལ་འཛུགས་བྱེད་དོན་ཡང་ཕྱོགས་གཅིག་ནས་ཏཱ་ལའི་བླ་མའི་དགོངས་གཞི་དབུ་མའི་ལམ་ལ་མོས་མཐུན་མེད་པའི་རྣམ་འགྱུར་གསལ་སྟོན་བྱེད་ཆེད་དང་ཕྱོགས་གཞན་ཞིག་ནས་རྒྱལ་སྤྱིའི་གནོན་ཤུགས་ལ་གཡོལ་ཐབས་རེད།
༡༩༨༨ལོའི་ཟླ ༡༢ ནང༌། བོད་རང་སྐྱོང་ལྗོངས་ཀྱི་དྲུང་ཆེ་བུའུ་ཅིན་ཧ་གོ་གནས་ནས་ཕབ་སྟེ། ཧུའུ་ཅིན་ཐའོ་བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཆགས། འོན་ཀྱང༌། སྟབས་མ་ལེགས་པ་ཞིག་ལ ༡༩༨༩ ལོར་ཀུན་གཟུགས་པཎ་ཆེན་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་འཐིམ྄ས། འདི་ནི་བོད་མི་རྣམས་ལ་མཚོན་ན་གྱོང་གུད་ཆེན་པོ་ཞིག་དང་རྒྱ་ནག་ལ་མཚོན་ན་རང་གི་སྲིད་ཇུས་ལག་བསྟར་བྱེད་སའི་བཀག་རྡོ་ཆེན་པོ་ཞིག་མེད་པརཆགས་པ་རེད།ཕྱོགས་གཞན་ཞིག་ནས་ལོ་དེ་ག་རང་ལ་ྋགོང་ས་མཆོག་ལ་འཛམ་གླིང་ནོར་བེལ་ཞི་བདེའི་གཟེངས་རྟགས་ཐོབ་པ་རེད་ལ་འདི་ནི་ྋགོང་ས་མཆོག་ལ་མཚོན་ན་རྒྱལ་སྤྱིའི་གྲགས་ཅན་མི་སྣ་ཆགས་པ་མ་ཟད་བོད་དོན་འདི་ཡང་རྒྱལ་སྤྱིའི་གནད་དོན་ཅན་ཏུ་འགྱུར་རྒྱུར་གོམ་ཞེང་ཆེན་པོ་སྤོ་ཐུབ་པ་བྱུང་བ་རེད། ༡༩༨༩ ལོའི་ཟླ་ ༢ པའི་ནང༌། རྒྱ་ནག་གཞུང་གིས་པེ་ཅིན་དུ་པན་ཆེན་རིན་པོ་ཆེ་དགོངས་པ་རྫོགས་པའི་མྱ་ངན་གྱི་མཛད་སྒོ་ལྋགོང་ས་མཆོག་གདན་འདྲེན་ཞུས་རུང༌། རྒྱ་ལོ་དོན་གྲུབ་ཀྱིས་མགྲོན་ཤོག་འཁྱེར་ནས་རྒྱ་གར་ལ་སླེབས་སྐབས། ྋགོང་ས་མཆོག་གི་ཉེ་འཁོར་གྱི་མིས་ཁོང་ཉིད་ཕེབས་བཅུག་མིའདུག རྒྱ་ལོ་དོན་གྲུབ་མཆོག་གིས་གསུངས་ན། འདི་ནི་ང་ཚོའི་ངོས་ནས་གོ་སྐབས་ཐེངས་གཅིག་ཤོར་བ་རེད་ཟེར། གཞན་མི་ཁ་ཤས་ཀྱིས་ཟེར་ན།དེ་ནི་རྒྱ་ནག་གི་ལྐོག་གཡོ་ཆེན་པོ་ཞིག་རེད་ཟེར།
བདག་གི་རྨོངས་འཆར་གྱི་དབང་དུ་བྱས་ན་འདི་ནི་རྒྱ་ནག་གི་ངོས་ནས་རྒྱལ་སྤྱིའི་གནོན་ཤུགས་ལ་གཡོལ་ཐབས་དང་བོད་དོན་ཐད་ཀྱི་འཁྲབ་སྟོན་གསར་པ་ཞིག་རྒྱལ་སྤྱིའི་སྒང་ལ་འཁྲབ་འདོད་པ་དེ་རེད། གང་ལྟར། ཤོར་དགོས་པ་དེ་ཤོར་ཞིང་ཐོབ་དགོས་པ་དེ་ཐོབ་མེད། ༡༩༩༢ ལོའི་ཟླ ༥ པའི་ནང་རྒྱ་ལོ་དོན་གྲུབ་མཆོག་གིས་བཀའ་བློན་ལས་འཁུར་ནས་དགོངས་པ་ཞུས། རྒྱལ་ལོ་དོན་གྲུབ་བཀའ་བློན་ལས་ཁུར་ནས་དགོངས་པ་ཞུས་པ་འདིར་ཕྱོགས་ངོས་མང་པོ་ན་རྒྱུ་མཚན་དང་རྒྱབ་ལྗོངས་ཡོད་རུང༌།བོད་རྒྱ་ཞི་མོལ་གྱི་འབྲེལ་ལམ་རྒྱུན་འཁྱོངས་དང་བོད་དོན་དཀའ་ངལ་སེལ་ཐབས་ཀྱི་གནད་དོན་ཐད་ང་ཚོར་གྱོང་གུད་ཆེན་པོ་རག་པ་རེད།འོན་ཀྱང༌།རྒྱལ་ལོ་དོན་གྲུབ་མེད་ན་ང་ཚོར་གྱོང་གུད་ཅི་ཞིག་རག་གི་ཡོད་མེད་དང་རྒྱལ་ལོ་དོན་གྲུབ་ཡོད་ན་ཁེ་ཕན་ཅི་ཡོད་མེད་ཤེས་མཁན་ནི་སྐབས་དེར་མཚོན་ན་ཉུང་ཉུང་རེད། དུས་དེ་ནས་བཟུང་སྟེ་རྒྱལ་ལོ་དོན་གྲུབ་ཀྱིས་བོད་རྒྱ་ཞི་མོལ་ཐད་སྒེར་གྱི་ཐག་པ་འཐེན་དགོས་བྱུང་བ་རེད།
༡༩༩༢ ལོའི་ཟླ་ ༦ པའི་ནང་རྒྱལ་ལོ་དོན་གྲུབ་དང་སྐུ་ཞབས་ཏིང་ཀོན་ཀིན་གཉིས་ཐུག་འཕྲད་གནང་རུང་རྒྱ་ནག་གཞུང་གིས་གྲོས་མོལ་མ་བྱས་གོང་ཆ་རྐྱེན་ཁས་ལེན་དགོས་བའི་བསམ་ཚུལ་བཏོན་འདུག ༡༩༩༣ ལོར་རྒྱ་ལོ་དོན་གྲུབ་དང་བཀའ་ཟུར་བསོད་ནམས་སྟོབས་རྒྱལ་གཉིས་ཏེང་ཞོའི་ཕིན་དང་ཅང་ཙེ་མིང་གཉིས་ལ་ཕུལ་བའི་ཡི་གེ་དང་ཟུར་ཐོའི་མཉམ་དུ་པེ་ཅིང་ལ་བཏང༌།འོན་ཀྱང༌།ཕྱོགས་ཕན་ཚུན་ལ་གྲོས་མོལ་དོན་ཕན་ལྡན་པ་བྱུང་མེད།
རྨི་ལམ་རབ་རིབ་ཏུ་གྱུར་པའི་ལོ་ཟླ།
དུས་ཚོད་ཀྱི་དབང་དུ་བྱས་ན། ཕྱི་ལོ་༡༩༩༣྄ནས་ཕྱི་ལོ་༢༠༠༢བར་བོད་རྒྱའི་བར་ལ་སྐུ་ཚབ་འགྲོ་འོང་གི་ལམ་ཁ་འདི་ཆད་པ་རེད། རྒྱལ་སྤྱིའི་ཐོག་གི་གནས་ཚུལ་འགར་གཞིགས་ན། ༡༩༩༨ ལོའི་ཟླ་ ༡ པའི་ནང་རྦིལ་ཁི་ལོན་ཀྲོན་རྒྱ་ནག་ལ་ཕེབས་ནས་སྐབས་དེའི་རྒྱ་ནག་གི་སྲིད་འཛིན་ཅང་ཙི་མིན་དང་མཉམ་དུ་བོད་དོན་སྐོར་གླེང་མོལ་བྱས་པ་མ་ཟད་ྋགོང་ས་མཆོག་དང་མཉམ་དུ་གྲོས་མོལ་བྱེད་དགོས་པའི་བསམ་ཚུལ་བཏོན། ༡༩༩༨ ལོའི་ཟླ་ ༩ པའི་ནང་ཧཕ་རན་སིའི་སྲིད་བློན་རྒྱ་ནག་ལ་ཕེབས་ནས་བོད་དོན་སྐོར་གླེང༌། ༡༩༩༨ ལོའི་ཟླ་བཅུ་པར་དབྱིན་ཇིའི་སྲིད་བློན་གྱིས་ཀྱང་བོད་དོན་སྐོར་གླེང༌། ཕྱི་ལོ་༢༠༠༠ལོར་ཡུ་རོབ་གྲོས་ཚོགས་ཀྱིས་བོད་དོན་སྐོར་ལ་གྲོས་ཆོད་བཞག་པ་མ་ཟད་བོད་ཀྱི་གནད་དོན་ཐད་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་ཐབས་བྱས། རྒྱལ་སྤྱིའི་ཐོག་གི་གནས་ཚུལ་འདི་དག་གིས་བོད་དོན་ཕྱོགས་གང་ལ་འདེད་ཀྱི་ཡོད་མེད་སུས་བཤད་ཐུབ་བམ། གང་ལྟར། བོད་རྒྱ་འགྲོ་འོང་གི་ལམ་ཁ་ཆད་པའི་རྗེས་ཀྱི་ལོ་བཅུ་ཕྲག་ཕྱི་མ་འདིའི་ནང་དུ་ང་ཚོའི་ངོས་ནས་རྒྱལ་སྤྱིའི་སྤྱི་ཚོགས་བརྒྱུད་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་ཐབས་བྱས་པ་མ་ཟད་རྒྱལ་སྤྱིའི་སྤྱི་ཚོགས་སྟེང་བོད་དོན་ལ་སེམས་ཀྱིས་རྒྱབ་སྐྱོར་དང་དངུལ་གྱི་རྒྱབ་སྐྱོར་བཙལ། ད་དུང་ྋགོང་ས་མཆོག་གིས་ནུབ་ཕྱོགས་པའི་སེམས་ཁམས་དང་གླེང་ཕྱོགས་བེད་སྤྱོད་བཏང་ནས་བོད་དོན་འདི་རྒྱལ་སྤྱིའི་སྤྱི་ཚོགས་སུ་འཁྲིད། ང་ཚོའི་ངོས་ནས་དཀའ་ངལ་བརྒྱབ་པ་ནང་བཞིན་ང་ཚོར་གྲུབ་འབྲས་ངེས་ཅན་ཐོབ། དེ་མཚུངས་ཕྱོགས་གཞན་ཞིག་ནས་རྒྱ་ནག་གཞུང་གིས་ཀྱང་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་བོད་མེད་འདི་མེད་བརླག་ཏུ་གཏོང་རྒྱུའི་གཡོ་ཇུས་འཐེན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མི་མང་གི་ཁྲོད་ནས་ང་ཚོར་རག་པའི་རྒྱབ་སྐྱོར་དང་རྒྱ་ནག་ལ་རག་པའི་རྒྱབ་སྐྱོར་གཉིས་བསྡུར་ན་ང་ཚོར་རྒྱབ་སྐྱོར་མང་ཙམ་དང་རྒྱ་ནག་ལ་ཉུང་ཙམ་རེད། འོན་ཀྱང༌། གཞུང་ཕྱོགས་ནས་རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་དང་ཚོང་འབྲེལ་འཛུགས་ཀྱི་ཡོད་པ་མ་ཟད་འབྲེལ་ལམ་ཆེ་རུ་གཏོང་གི་ཡོད། གང་ལྟར། བཅུ་ཕྲག་ཕྱི་མ་འདིའི་ནང་དུ་ང་ཚོས་བཙན་བྱོལ་གྱི་སྒྲིག་འཛུགས་ཚགས་ཚུད་ཡོང་ཐབས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རོགས་རམ་བརྒྱུད་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད། རྒྱ་ནག་ཕྱོགས་ནས་རྒྱལ་སྤྱིའི་ཁྲོད་དུ་བོད་དོན་ནག་བསུབ་གཏོང་བའི་གཡོ་ཇུས་འཐེན་པ་མ་ཟད་ལྷག་པར་དུ་བོད་ནང་དུ་མི་རིགས་རྩ་མེད་བཟོ་བའི་སྲིད་ཇུས་ལག་བསྟར་བྱས། ད་དུང་ནུབ་བརྒྱུད་ཆེན་མོའི་ལས་འགུལ་ཡང་བཅུ་ཕྲག་འདིའི་ནང་དུ་འཆར་གཞི་བཏིངས་ཤིང་ལག་ལེན་དུ་བསྟར།
རྨི་ལམ་བསྐྱར་དུ་རྨི་གོ་ཚུགས་པ།
འོན་ཀྱང༌། ཕྱི་ལོ༢༠༠༢ལོར་བོད་རྒྱ་ཞི་མོལ་གྱི་འབྲེལ་བ་བསྐྱར་མཐུད་བྱུང་བ་རེད། དེ་ནི་གློ་བུར་དུ་བྱུང་བ་ཞིག་མ་རེད། གནད་དོན་འདིའི་ཐད་ཕྱི་ལོ་༢༠༠༦ལོའི་ཟླ་༢པའི་ཚེས་༥ཉིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གཏམ་གླེང་ཞལ་པར་གྱི་ལེ་ཚན་བརྒྱུད་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱལ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་གསུངས་དོན། ༢༠༠༢ལོར་འབྲེལ་བ་ཆགས་པ་དེ་ྋསྐྱབས་མགོན་རིན་པོ་ཆེའི་བཀའ་མངགས་གཞིར་བཟུང་གིས་གཙོ་བོ་ང་དང་སྐལ་བཟང་རྒྱལ་མཚན་གཉིས་ཀྱིས་འགན་ཁུར་ནས་ཐབས་ཤེས་ལོ་མང་པོ་བྱས་ཡོད་པ་རེད། གཞི་འདྲ་དེ་ཨ་རིའི་སྲིད་འཛིན་ཟུར་པ་ཁི་ལོན་ཌོན་གྱི་སྐབས་ལ་མགོ་བཙུགས་པ་རེད། ཁི་ལོན་ཌོན་རྒྱ་ནག་ནང་ལ་ཕེབས་ནས་ཅང་ཙེ་མིན་དང་ཁོང་གཉིས་ཀྱིས་གསར་འགོད་གསལ་བསྒྲགས་མ་བྱས་པའི་སྔོན་ནས་ཡོངས་གྲགས་མ་ཡིན་པར་ང་ཚོ་ཐེངས་མ་གསུམ་ཞིག་ལ་འཚོགས་པ་རེད།དེ་ནས་ཡང་ཁོང་ཚོས་འབྲེལ་བ་བཅད་པ་རེད། དེ་རྗེས་སུ་ཡང་སྐུ་ཚབ་ཚོགས་པའི་མགོ་འཁྲིད་དེ་ང་ཡིན་ཙང༌། ང་ངོས་ལེན་མ་བྱས་པར་ལོ་གཅིག་གཉིས་ཤིག་ལ་ལྷག་པ་རེད། གང་ལྟར། ཕྱི་ལོ༢༠༠༢ལོའི་འབྲེལ་བ་དེ་ལོ་བཞི་ལྔ་ལ་འབད་བརྩོན་བྱས་ནས་བྱུང་བ་རེད་ཟེར། འབྲེལ་ལམ་འདི་བྱུང་ནས་བཟུང་ད་ལྟ་བར་དུ་ང་ཚོའི་ངོས་ནས་སྐུ་ཚབ་ཐེངས་ལྔ་ཙམ་བསྐྱོད་པ་རེད་ཟེར། སྐུ་ཚབ་ཐེངས་ལྔ་ཙམ་བསྐྱོད་པ་ཐུབ་པ་འདི་ཡང་བཙན་བྱོལ་བོད་གཞུང་གི་མཐོ་རིམ་མི་སྣ་ཚོས་བརྗོད་ན་གྲུབ་འབྲས་ཤིག་ཡིན་པར་གླེང༌། འོན་ཀྱང༌། འདིའི་ཐད་ཕྱི་ལོ་༢༠༠༦ལོའི་ཟླ་༡ པོའི་ཚེས་༩ཉིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་གི་བཅར་འདྲི་བརྒྱུད་སྐུའི་གཅེན་པོ་རྒྱ་ལོ་དོན་གྲུབ་མཆོག་གིས་གསུངས་དོན། འདས་པའི་ལོ་ལྔའི་ནང་ལས་ཀ་ཞེ་པོ་གང་ཡང་གནང་ཐུབ་ཡོད་པ་མ་རེད། ལོ་ལྔ་ཟེར་བ་དེ་ཞེ་དྲག་རྒྱུན་རིང་པོ་རེད། ང་ལ་རྔམ་སྐྲག་སྐྱེས་ཀྱི་འདུག ང་རྷ་རམ་ས་ལར་འགྲོ་དུས་བཀའ་བློན་ཁྲི་བར་ཞུ་རྒྱུ་བྱུང༌། ཕྱག་ལས་ཟེར་བ་དེ་མིས་བརྩམས་པ་རེད་མ་གཏོགས་གནམ་ནས་རྡོག་རྡོག་དེ་འདྲ་ཟགས་ཡོང་གི་ཡོད་པ་མ་རེད། དེ་འདྲ་ཡིན་ཙང་ཕྱག་ལས་རྩོམ་གནང་དགོས་ཀྱི་འདུག ཐབས་ཤེས་གནང་དགོས་ཀྱི་འདུག་ཞེས་བརྗོད་འདུག རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་གསུངས་ན། རྩ་བའི་གནད་དོན་ལ་ད་དུང་ཡང་ཁ་ཐག་རིང་བ་མ་ཟད་མི་མཐུན་ས་གཙོ་བོ་ནི་ས་ཁྱོན་དང་མང་གཙོ་རེད་ཟེར།
ཕྱི་ལོ་ ༢༠༠༢ ལོར་འབྲེལ་བ་མགོ་འཛུགས་གནང་ནས་བཟུང་བོད་གཞུང་བཀའ་ཤག་གིས་བོད་རྒྱའི་ཁོར་ཡུག་བསྐྲུན་རྒྱུའི་ཁ་ཕྱོགས་ཤིག་བཟུང༌། ཁོར་ཡུག་བསྐྲུན་སྟངས་ཀྱི་ཐད་ནས་བལྟས་ན། ང་ཚོའི་ངོས་ནས་རྒྱ་ནག་ལ་ཕར་ཁོར་ཡུག་བསྐྲུན་པ་ཞིག་མ་གཏོགས་རྒྱ་ནག་གི་ངོས་ནས་ཚུར་ཁོར་ཡུག་བསྐྲུན་མེད། ང་ཚོས་རྟག་པར་རྒྱ་ནག་ལ་ཕར་ཁོར་ཡུག་བསྐྲུན་བསྡད་ན་ང་ཚོའི་རེ་བ་འགྲུབ་རྒྱུར་ཐག་ཉེ་རུ་འགྲོ་ཐུབ་བམ། རྒྱ་ནག་ཕྱོགས་ནས་ང་ཚོར་ཡ་ལན་ཡག་པོ་ཞིག་སྤྲོད་སྲིད་དམ། བོད་རྒྱ་ཞི་མོལ་འདི་ྋགོང་ས་མཆོག་སྐུ་བཞུགས་པའི་དུས་ཚོད་ལ་འབྱུང་ཐུབ་བམ། ང་ཚོས་དྲན་སོས་སམ། སྔོན་མ། ཏིན་ཞའོ་ཕིན་གྱི་སྐད་ཆ་དེ་ལ་རེ་བ་འདྲ་བོ་ཞིག་བརྒྱབ་ནས་ང་ཚོས་རང་བཙན་དོར་དེ་དབུ་མའི་ལམ་གྱི་ཕྱོགས་སུ་ཕྱིན་པ་རེད། དབུ་མའི་ལམ་གྱི་ཕྱོགས་སུ་ཕྱིན་པ་འདིས་རྒྱ་ནག་ཕྱོགས་ནས་ང་ཚོར་ཁ་ཞེ་གཉིས་མེད་ཀྱི་རྣམ་འགྱུར་ཞིག་བསྟན་བྱུང་ངམ། ང་ཚོས་ནམ་རྒྱུན་དཔའ་བོ་དང་དཔའ་མོར་གླེང་བཞིན་པའི་འདས་པོ་དེ་དག་གིས་གང་ཞིག་གི་ཆེད་དུ་རང་གི་གཅེས་པའི་ཚེ་སྲོག་དོར་ཞིང་ཅི་ཞིག་ལ་སེམས་པ་ཐོགས་བཞིན་འཇིག་རྟེན་དང་ཁ་བྲལ་བ་རེད། འདི་ནི་ང་ཚོས་བསམ་བློ་གཏོང་དགོས་བའི་གནད་དོན་རིགས་རེད། ཁོར་ཡུག་བསྐྲུན་སྟངས་ཐད་བོད་གཞུང་བཀའ་ཤག་གི་ངོས་ནས་རྒྱ་གཞུང་ལ་ངོ་རྒོལ་མི་གནང་རྒྱུའི་འབོད་སྐུལ་བྱས་པ་མ་ཟད་ལམ་དབུ་མར་བསྐྱར་ཞིབ་མི་བྱཻད་རྒྱུའི་ཁས་ལེན་བྱས། ད་དུང་ཕྱི་ལོ་༢༠༠༦ལོའི་ཟླ༢ཚེས་༥ཉིན་བཙན་བྱོལ་བོད་གཞུང་གི་ཡིག་ཆ་དང༌། གསར་འགྱུར་བརྒྱུད་ལམ་ཁག་ནས་བོད་རྒྱའི་འབྲེལ་བར་བཟང་ཕྱོགས་ཀྱི་ཁོར་ཡུག་བསྐྲུན་ཐབས་སུ་མིང་ཚིག་བེད་སྤྱོད་གཏོང་ཕྱོགས་ཀྱི་རྩ་འཛིན་བཀོད་ཁྱབ་ཞེས་པ་གཏན་འབེབས་གནང་ཡོད་པ་དང༌། གཏན་འབེབས་འདིར་ཁྱོན་མིང་ཚིག་དྲུག་འདུག དེ་ཡང་ང་ཚོས་བེད་སྤྱོད་གཏོང་མི་ཆོག་པའམ་བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་གཏོར་སྐྱོན་གཏོང་བཞིན་པའི་མིང་ཚིག་ཁག་ནི་བོད་ཆེན་པོ་དང་ཆོལ་ཁ་གསུམ། ཚད་མཐོའི་རང་སྐྱོང༌། རྒྱ་དམར། རྒྱ་ནག་དམར་ཕྱོགས་ཚོགས་པ། པཎ་ཆེན་རྫུན་མ་ཞེས་པའི་མིང་ཚིག་དྲུག་པོ་འདི་རེད། འདི་དག་གི་ཚབ་ཏུ་བོད་རིགས་ཡོངས་དང་བོད་རིགས་ཡོངས་རྫོགས། མིང་དོན་མཚུངས་པའི་རང་སྐྱོང་྄། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་བམ་རྒྱ་ནག་སྐམ་ས་ཆེན་པོ། རྒྱ་གཞུང་ངམ་རྒྱ་ནག་གཞུང་གི་མགོ་ཁྲིད། རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་པཎ་ཆེན་བླ་མ་རྒྱལ་མཚན་ནོར་བུ་ཞེས་འབྲི་དགོས་པའི་གཏན་འབེབས་གནང་ཡོད། མིང་ཚིག་ཁག་དྲུག་འདི་ཡང་ཞིབ་ཏུ་བསམ་ན་ས་ཁྱོན་དང་མང་གཙོ་ལ་འབྲེལ་བ་ཡོད་པ་ཤ་སྟག་རེད་འདུག ད་དུང་ང་ཚོའི་ངོས་ནས་ལོ་ངོ་ཅི་ཙམ་ལ་ཁོར་ཡུག་བསྐྲུན་དགོས་སམ། བོད་རྒྱ་ཞི་མོལ་གྱི་ཆེད་དུ་ང་ཚོས་ད་དུང་ཅི་ཞིག་བློས་གཏོང་དགོས་ཤིང་ཅི་ཞིག་རྒྱ་ནག་ལ་སྤྲོད་དགོས་སམ།དོན་དངོས་སུ་ལག་པ་ཡ་གཅིག་གིས་ བཟློག་པ་ཡོང་ངམ། ད་དུང་ང་ཚོས་མུ་མཐུད་ནས་རྨི་ལམ་གཏོང་འདོད་དམ།
རྨི་ལམ་གྱི་ཤི་རྐྱེན།
ང་ཚོའི་ངོས་ནས་ཁོར་ཡུག་བསྐྲུན་སྟངས་མ་འགྲིག་པ་རེད་དམ། ཡང་ན། ང་ཚོའི་ངོས་ནས་ཅི་ཞིག་བློས་བཏང་བ་དེས་རྒྱ་ནག་གི་འདོད་བློ་མ་ཚིམ་པ་རེད། གང་ལྟར། སྐུ་ཚབ་ཐེངས་དྲུག་པ་དེ་ཡང་འགྲོ་མ་ཐུབ་པར་ལྷག་སོང༌། སྐུ་ཚབ་ཐེངས་དྲུག་པ་འདི་འགྲོ་མ་ཐུབ་པ་ལ་ཕྱོགས་ངོས་མང་པོ་ན་རྒྱུ་རྐྱེན་ཡོད་ཚོད། གནད་དོན་འདིའི་ཐད་ད་ལྟའི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུངས་དོན། གནས་ཚུལ་ཆེན་པོ་བཞིས་བོད་རྒྱའི་ཁོར་ཡུག་དཀྲུགས་སོང་ཟེར། བོད་ཀྱི་ནང་ལ་གནས་ཚུལ་ཆེན་པོ་གསུམ་ཏེ། རྒྱན་ལྤགས་མེར་བསྲེགས་དང་ྋགོང་ས་མཆོག་སྐུ་འབུམ་དགོན་པར་ཆིབས་བསྒྱུར་བསྐྱངས་པའི་དཀྲོགས་གཏམ། དགའ་ལྡན་གྱི་ཤུགས་ལྡན་གནས་ཚུལ་སོགས་བྱུང་བ་དང་རྒྱལ་སྤྱིའི་ནང་ལ་གནས་ཚུལ་ཆེན་པོ་ཁ་ཤས་ནིྋགོང་ས་མཆོག་ལ་ཁེ་ན་ཌའི་མི་སེར་ཆེ་མཐོང་དང་ཨ་རིའི་ཀོང་རེ་སིའི་གསེར་གྱི་རྟགས་མ་གནང་བ་སོགས་བྱུང་བའི་ཉེར་ལེན་ལ་བརྟེན་ནས། ༢༠༠༦ལོའི་ཟླ་༥ཙམ་ནས་རྒྱ་ནག་གཞུང་གིས་འཐབ་ཕྱོགས་གསར་པ་ཞིག་བཟུང་ནས། ྋགོང་ས་ལ་གཞི་མེད་ཀྱི་མཚན་སྨད་ཞུ་བ་དང༌། དབུ་མའི་ལམ་ལ་ཕྱོགས་ནས་ཐམས་ཅད་ནས་དགག་པ་རྒྱག་རྒྱུའི་ལས་གཞི་ཁག་ཅིག་མགོ་བརྩམས་ཡོད་པ་རེད་ཟེར། རྒྱན་ལྤགས་མེར་བསྲེགས་དང་ཤུགས་ལྡན་གྱི་གནད་དོན་ཐདྋགོང་ས་མཆོག་གིས་ཨེ་ཤེ་ཡའི་བདུན་རེའི་གསར་དེབ་ཀྱི་གསར་འགོད་པར་གསུངས་དོན། ལོ་ངོ་༣༦༠རིང་གནད་དོན་འདི་མུ་མཐུད་དུ་གནས་ཡོད་པ་རེད། སྔོན་མ་ང་རང་གིས་བསྟེན་མྱོང་བ་དང་རྗེས་སུ་ག་ལེར་བདེན་པའི་གནས་ཚུལ་ཤེས་རྟོགས་བྱུང༌། ༡༩༧༤ལོར་གནད་དོན་འདིའི་གནོད་འཚབ་རང་བཞིན་མཐོང་བས། མི་མང་ལ་བསྟེན་གསོལ་བྱེད་མི་རུང་བའི་དྲན་སྐུལ་བྱས་པ་ཡིན། ད་ལྟ་སྤྱིར་བཏང་རྒྱལ་ཆེན་ཤུགས་ལྡན་བསྟེན་གསོལ་དང་མཆོད་བཀུར་བྱེད་མཁན་ཤིན་ཏུ་ཉུང༌། ངའི་གསལ་བཤད་བྱས་རྗེས་བསྟེན་གསོལ་བྱེད་མཁན་྄མང་ཤོས་ཀྱིས་མཚམས་བཞག་པ་དང༌། རྒྱ་གར་དུ་མང་ཤོས་ཀྱིས་བསྟེན་མཚམས་བཞག་པ་དང་ཉུང་ཤོས་ཤིག་ག་ལེར་བོད་ནང་དུ་ཡང་ཁྱབ་ཡོད་པ་རེད། དགའ་ལྡན་དགོན་པར་དོན་རྐྱེན་བྱུང་བ་དེ་ཅི་ཞིག་ཡིན་པ་ངས་རྩ་བ་ནས་ཤེས་མ་སོང་ཟེར། ང་ཚོས་བོད་ནང་དཔར་བསྐྲུན་བྱས་པའི་པར་དང་བརྙན་འཕྲིན་སོགས་ལས་མཐོང་ཐུབ་པ་ནི་བོད་མི་མང་པོ་ཞིག་གིས་སྟག་གཟིག་སོགས་རི་དྭགས་ཀྱི་པགས་པའི་བཟོས་པའི་གྱོན་ཆས་གོན་ཡོད་པ་དང༌། ང་རང་བོད་ནས་ལོ་ངོ་༢༥རིང་བསྡད་པ་རེད། གནས་སྟངས་དེ་ལྟ་བུ་མཐོང་མྱོང་མེད། སྔོན་མ་ཡོད་ན་ཡང་ཚད་ཆུང་ཆུང་རེད། རྒྱ་གར་ནང་ལ་དྭགས་སོགས་ནས་བོད་པའི་མིང་ཐོག་ནས་ཚོང་རྒྱག་གི་ཡོད་པས་ཁོར་ཡུག་གཏོར་བརླགས་གཏོང་བའི་མིང་དེ་བོད་པ་ཚོའི་མགོར་ལྷུང་བ་རེད། སྔོན་ཆད་ངས་རྟག་པར་འཚོལ་སྙེག་དེ་ནི་དོན་སྙིང་མེད་པ་ཞིག་རེད། དེ་ལས་བོད་པ་ཚོས་ཤེས་ཡོན་སྦྱངས་དགོས་པ་རེད་ཅེས་ཤོད་ཀྱི་ཡོད། རི་དྭགས་ཀྱི་པགས་པའི་གྱོན་གོས་དེས་ང་རང་ངོ་ཚ་དགོས་པ་ཞིག་ཆགས། ཕལ་ཆེར་བོད་པ་ཉུང་ཤ྄ས་ཀྱིས་དེ་ལྟར་བྱེད་ཀྱི་ཡོད་མོད། ཡིན་ན་ཡང༌། དེས་བོད་པ་ཚང་མའི་མཚན་ལ་གནོད་སྐྱེལ་བ་རེད། སྐད་ཆ་འདི་ངས་རྟག་པར་ཤོད་ཀྱི་ཡོད་མོད། ད་ཐེངས་མང་ཚོགས་ལ་འགྱུར་བ་ཐེབས་སོང་བ་དང་མང་ཆེ་ཤོས་ཤིག་བོད་ནས་ཕེབས་མཁན་རེད་ཟེར། གཞན་འབྲེལ་མོལ་གྱི་ལམ་ཁ་ཆད་པ་འདི་ལ་ཡང་རྒྱ་ནག་ཕྱོགས་ནས་མི་མཐུན་པ་བཞི་ཟེར་བ་ཞིག་འཁྱེར་ཡོང་གི་ཡོད་པ་མ་ཟད། ལྷག་པར་དུ་ཕྱི་ལོ་༢༠༠༦ཟླ༨པའི་ཚེས་༡༦ཉིན་འཇར་མན་བདུན་རེའི་གསར་ཤོག་གིས་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་ཀྲང་ཆི་ལིས་ལ་བཅར་འདྲི་བྱས་འདུག་པར། ཁོང་གི་གསུང་བཤད་འདིས་རྒྱ་ནག་ཕྱོགས་ནས་སྲིད་ཇུས་གསར་པ་ཞིག་འཛིན་གྱི་ཡོད་པའི་རྣམ་འགྱུར་བསྟན་ཞིང་རྣམ་འགྱུར་དེ་ལ་འགྱུར་བ་མ་ཕྱིན་པའི་དབང་གིས་བོད་ཀྱི་སྐུ་ཚབ་ཐེངས་དྲུག་པ་རྒྱ་ནག་ལ་འགྲོ་མ་ཐུབ་པ་རེད། ཁོང་གི་གསུང་བཤད་དེ་ཚང་མས་སྐུ་ཚབ་འགྲོ་འོང་གི་ལམ་ཁ་ཆད་རྐྱེན་གྱི་གཞི་འཛིན་ས་ཞིག་ལ་བརྩི་ཡི་ཡོད་པ་རེད།
ཁོང་གིས་གསུངས་དོན།ཏཱ་ལའི་བླ་མ་རང་གི་མེས་རྒྱལ་ལ་ངོ་ལོག་པ་རེད། ཁོས་ང་བཅུ་ང་གྲངས་དང་བརྒྱད་ཅུ་གྱ་གྲངས་ཀྱི་མཇུག་བར་དུ་གྱེན་ལོག་བྱས་པ་རེད། ཁོས་མི་དམངས་དང་རྒྱལ་ཁབ། སྤྱི་ཚོགས་བཅས་ལ་གནོད་པའི་ཟིང་འཁྲུག་བསླངས་ཤིང༌། བོད་ནང་དུ་བརྟན་ལྷིང་མེད་པ་བཟོས་བ་རེད། ད་དུང༌། ངའི་དྲན་ཚོད་ནོར་མེད་ན། ༡༩༥༩ནས་༢༠༠༦ལོའི་ལོ་དཀྱིལ་བར་ཁོས་འཛམ་གླིང་གི་ཡུལ་ལུང་ཁག་ལ་གཟིགས་སྐོར་ཐེངས་༣༡༢བྱས་ཡོད་པ་རེད།གཟིགས་སྐོར་འདི་དག་གི་དམིགས་ཡུལ་ནི་ཁོས་རྒྱ་རྒོལ་སྟོབས་ཤུགས་དང་ལག་འབྲེལ་བྱས་ཏེ་ཁ་བྲལ་གྱི་ལྟ་བ་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་རེད། ཁོས་བོད་ཆེན་པོ་ཞེས་པ་འདིའི་འགན་ཁྱེར་དགོས་ཀྱི་ཡོད་ལ་ཁོང་ལ་ཧོང་ཀོང་དང་ཨོ་མིན་ལས་ལྷག་པའི་རང་སྐྱོང་ཞིག་དགོས་བརྗོད་ཀྱི་ཡོད་པ་རེད། འདི་ཁ་བྲལ་རིང་ལུགས་རེད། ཁོའི་བཙན་བྱོལ་གཞུང་དེ་ཁྲིམས་འགལ་རེད། ང་ཚོའི་དབུས་གཞུང་གིས་དེར་ངོས་ལེན་རྩ་བ་ནས་ཡོད་པ་མ་རེད། འཇར་མན་ཚུད་པའི་འཛམ་གླིང་གི་རྒྱལ་ཁབ་གང་གིས་ཀྱང་དེར་གཞུང་འབྲེལ་གྱི་ཐོག་ནས་ངོས་ལེན་ཡོད་པ་མ་རེད། ད་ལྟའི་འབྲེལ་བ་ནི་ཁོའི་ཉེ་འཁོར་གྱི་མི་སྒེར་བ་ཁག་ཅིག་དང་མཉམ་དུ་རེད་ལ། འབྲེལ་྄མོལ་གྱི་སྐད་ཆ་ནི་ཁོ་སྐུ་སྒེར་གྱི་མ་འོངས་པའི་གནས་བབ་སྐོར་རེད་ཅེས་བརྗོད་ཡོད། ཀྲང་ཆིན་ལི་ཡི་གསུང་བཤད་འདིའི་ཐད་ཕྱི་ལོ་༢༠༠༦ལོའི་ཟླ༡༢པའི་ནང་༧གོང་ས་མཆོག་གིས། ད་ལྟ་བར་དུ་བོད་རང་སྐྱོང་ལྗོངས་ཀྱི་ཧྲུའུ་ཅི་སྔ་ཕྱི་རིམ་པ་བྱས་ནས་སླེབས་ཡོད་པ་རེད། ཡིན་ནའང༌། ད་རེས་ཀྲང་ཆིན་ལི་ལྟ་བུ་སྐད་ཆ་ངར་པོ་བཤད་མཁན་བྱུང་མྱོང་ཡོད་པ་མ་རེད། ཁྱོན་ནས་ཡག་པོ་མི་འདུག་གསུངས་ཡོད་པ་རེད། ཁོང་གིས་ད་དུང་ཨེ་ཤ་ཡའི་བདུན་རེའི་གསར་དེབ་ཀྱི་གསར་འགོད་པར་གསུངས་དོན། བོད་རང་བཙན་མི་རྩོད་པ་དང་རྒྱ་ནག་ལ་ངོ་རྒོལ་མི་བྱེད་རྒྱུ་ནི་ཁོང་གི་མཐའ་གཅིག་གི་ལངས་ཕྱོགས་ཡིན་པ་མ་ཟད་ཁོ་རང་ཐེངས་དང་པོར་ཐེ་ལྦན་དུ་བསྐྱོད་སྐབས་གོ་མིན་ཏང་གི་སྲིད་འཛིན་ལེན་ཀྲན་ལ་ངས་རྒྱ་ནག་ལ་ངོ་རྒོལ་བྱེད་ཀྱི་མེད་ཅེས་བརྗོད་འདུག
ད་ནི་ཕྱོགས་གཉིས་བར་གྱི་མ་མཐུན་པ་འདི་དག་ལ་བརྟེན་ནས་སྐུ་ཚབ་ཐེངས་དྲུག་པ་འགྲོ་རྒྱུར་ལྷག་ནས་ཡོད་པ་རེད་ལ་བོད་རྒྱ་ཞི་྄མོལ་ནི་དེ་བས་ཀྱང་ཐག་རིང་དུ་ཕྱིན་པ་རེད། གྲོལ་མོལ་ཐེངས་དྲུག་པ་དེ་ཕྱིར་འགྱངས་བྱས་པའི་ཐད་ཨེ་ཤེ་ཡའི་བདུན་རེའི་དུས་དེབ་ཀྱི་གསར་འགོད་པ་ཅིའས་ཧྲུའུ་མེན་གྱིས་སྐུའི་གཅེན་པོ་རྒྱ་ལོ་དོན་གྲུབ་ལ་བཅར་འདྲི་བྱས་བའི་ཐད་ཁོང་གིས་གསུངས་དོན། ན་ནིང་གི་ཟླ་བ་ལྔ་པ་དྲུག་པ་ནས་བཟུང༌། པེ་ཅིན་གྱི་མི་ཁ་ཤས་ཀྱིས་ཏཱ་ལའི་བླ་མས་ཁ་བྲལ་བཟོ་བཞིན་པར་སྐྱོན་འཛུགས་བྱེད་པའི་སྐད་སྒྲ་གཡས་འཇགས་གཡོན་ལངས་རེད། ང་ནི་ཧང་སངས་སོང༌། ཏིན་ཞོའི་ཕེན་གྱིས་རང་བཙན་ཕུད་གང་ཡིན་རུང་བཤད་ཆོག་ཅེས་གསུངས་ཡོད། ད་ལྟ་ང་ཚོ་ད་རུང་གྲོལ་མོལ་གྱི་ཅོག་ཙེ་སྒང་ལ་མ་སླེབས་སྔོན་མི་ཁ་ཤས་ཀྱིས་གང་ཡིན་རུང་མི་ཆོག་ཟེར།གནས་སྟངས་འདིར་བལྟས་ན། ཁོང་ཚོས་ཏིན་ཞོའོ་ཕེན་གྱིས་ང་དང་མཉམ་དུ་བཞག་པའི་ཁས་ལེན་དམ་བཅའ་དེ་གཡུག་ཚར་འདུག
ཁོང་གིས་ད་དུང་ནན་ཏན་སྒོས་ཏཱ་ལའི་བླ་མ་མཆོག་གིས་རང་བཙན་མི་རྩོད་ཟེར་བ་ནི་དངོས་གནས་རེད། ཡིན་ན་ཡང༌། དབུས་གཞུང་གི་མི་ཁ་ཤས་ཀྱིས་ད་རུང་ཁོང་ཉིད་ལ་སྐྱོན་འཛུགས་བྱས་པ་དེ། སྔོན་མ་ཏིང་ཞོའོ་ཕིན་དང་ཧུའུ་ཡོའོ་པཱང་བཅས་རྒྱལ་ཁབ་ཀྱི་མགོ་ཁྲིད་རྣམ་པས་བོད་དོན་ཐག་གཅོད་ཀྱི་སྲིད་ཇུས་དང་བསྡུར་ན། ད་ལྟ་ཏཱ་ལའི་བླ་མ་མཆོག་ལ་འཛིན་པའི་སྲིད་ཇུས་འདི་ཕྱིར་ནུར་བརྒྱབ་འདུག་ཟེར། རྒྱ་ལོ་དོན་གྲུབ་མཆོག་གིས་སྦར་མོ་ལྷོད་ལྷོད་ཅིག་བརྡབ་སྟེ།ང་ནི་ཐལ་མོ་ཡ་གཅིག་བརྡབས་ན་སྒྲ་མི་གྲག་ཟེར་བའི་དཔེ་ལྟར། ཕྱོགས་གཉིས་ཀ་ལ་བྱ་བ་ལས་ཀྱང༌། ཕལ་ཆེར་ཕྱོགས་གཉིས་ཀ་ལ་ངོ་སོ་ཐོབ་ཐབས་དཀའ། ངས་ལོ་ངོ་ཉེར་བརྒྱད་རིང་རྒྱུན་འཁྱོངས་བྱས་པ་ཡིན་ལ་ད་ནི་རོ་སྒམ་ནང་འགྲོ་རན་འདུག ངས་དངོས་གནས་མཇུག་འབྲས་ཡག་པོ་ཞིག་མཐོང་ཐུབ་པར་རེ་འདོད་ཡོད། ད་དུང༌། ཁོང་གིས་རྒྱ་ནག་གི་སྲིད་ཇུས་ལ་འགྱུར་བ་ཐེབས་པར་སེམས་ཁྲལ་མི་འདུག་ཀྱང་པེ་ཅིན་གྱིས་ཁ་དན་ཚིག་ལ་མི་གནས་བསམ་གྱི་འདུག དེ་ནི་བོད་མི་ཡོངས་རྫོགས་ཀྱིས་འདི་ལྟར་བསམ་གྱི་ཡོད་པ་རེད། ཏཱ་ལའི་བླ་མ་མཆོག་དང་བོད་རིགས་མི་དམངས་ཡོངས་རྫོགས་ཧ་ཅང་དྲང་མོ་དང་ང་ཚོའི་བསམ་བློ་ནི་རྙོག་འཛིང་མེད་པའི་རྐྱེན་གྱིས་རེད། རྒྱལ་སྤྱིའི་གནས་སྟངས་ནི་རྙོག་དྲ་འདི་འདྲ་ཆེ་བ་རེད། ཏཱ་ལའི་བླ་མ་མཆོག་རྒྱ་གར་དུ་བཞུགས་ན། ཕྱི་རྒྱལ་གྱི་མི་ཁ་ཤ྄ས་སྟེ་དཔེར་ན། ཨ་རི་དང་ཡུ་རོབ། འཇར་པན་སོགས་ཀྱི་མི་ཚོར་ཁོ་ཚོའི་ཁོག་རྩིས་ཡོད་པ་རེད། དེ་བས་ཡུན་རིང་བར་དུ་འདི་ལྟར་ནར་འགྱངས་བྱས་པ་ཡིན་ན་རྒྱ་བོད་གཉིས་ཆ་ལ་ཕན་གྱི་མ་རེད། དུས་ཡུན་འདི་འདྲ་རིང་པོ་ཞིག་འགྱངས་ཚར་བ་རེད། ད་རུང་འགྱངས་པ་ཡིན་ན་རྒྱ་ནག་ལ་ཁ་དཔེ་ཞིག་ཡོད་པ་སྟེ། མཚན་རིང་ན་རྨི་ལམ་མང་ཟེར་བ་ནང་བཞིན། དུས་ཡུན་རིང་དྲག་ན་དོན་དག་ག་འདྲ་འབྱུང་རྒྱུ་ཧ་གོ་གི་མ་རེད་ཟེར།
དོན་ངོ་མར་བོད་རྒྱ་ཞི་མོལ་འབྱུང་ངམ། བོད་ལ་ཆེས་མཐོའི་རང་སྲིད་རང་སྐྱོང་རག་གམ། ང་ཚོའི་ཞི་མོལ་གྱི་ལམ་ཁ་ཆད་སྟངས་ལ་བལྟས་ན་ང་ཚོར་རེ་བ་ཡོད་དམ། འབྲེལ་ལམ་ཆད་རྐྱེན་གྱི་ཐད་མཁས་དབང་བློ་བཟང་སེང་གེ་མཆོག་གིས་གསུངས་དོན། བོད་རིགས་དང་རྒྱ་རིགས་ཟེར་ནའང་འདྲ། སྐུ་མདུན་གྱིས་དབུ་འཁྲིད་པའི་བཙན་བྱོལ་བོད་གཞུང་དང་རྒྱ་ནག་གཞུང་བར་དུས་ཡུན་རིང་པོར་འབྲེལ་བ་གནང་ནས་བསྡད་པ་རེད། དཀའ་ངལ་ཆེ་ཤོས་དེ་གནས་ཚུལ་ལོག་པ་དང་གོ་བ་ལོག་པ། ཡིད་ཆེས་མེད་པ་འདི་ཕན་ཚུན་བར་དཀའ་ངལ་ཆེ་ཤོས་རེད། དེ་ཡོང་དགོས་པའི་རྒྱུ་མཚན་ནི། ཕན་ཚུན་བར་འབྲེལ་ལམ་དང་རྒྱུས་ལོན། བསམ་ཚུལ་བརྗེ་རེས་མེད་པའི་རྐྱེན་གྱིས་རེད་ཟེར། ད་དུང་ཚོགས་པ་དང་ཚོགས་པའི་དབར།མི་སྒེར་དང་མི་སྒེར་དབར། མཁས་པ་དང་མཁས་པའི་དབར། མི་མང་དཀྱུས་མ་དང་དཀྱུས་མའི་དབར་བཅས་ལ་འབྲེལ་མོལ་དང་རྒྱུས་ལོན་བཅས་མེད་པ་རེད་ལ་ད་དུང་གནས་ཚུལ་གང་སླེབས་པ་དེ་ཡང་གང་ཟག་གསུམ་པ་དང་བཞི་པ་ཞིག་བརྒྱུད་ནས་སླེབས་ཀྱི་ཡོད་ཙང་ཁག་པོ་རེད་ཟེར། གནད་དོན་འདིའི་ཐདྋགོང་ས་མཆོག་གིས་ཨེ་ཤེ་ཡའི་དུས་དེབ་ཀྱི་གསར་འགོད་པར་གསུངས་དོན། ཕྱོགས་གཅིག་ནས་རྒྱ་ནག་གཞུང་གིས་བོད་ཀྱི་གནས་སྟངས་ངོ་མ་དེ་ཤེས་ཀྱི་མི་འདུག ས་གནས་དཔོན་རིགས་ཀྱིས་གོང་ལ་ཕུལ་བའི་གནས་ཚུལ་ཚང་མ་ནི། དགའ་སྐྱིད་དང་བརྟན་ལྷིང༌། མཐུན་སྒྲིལ་བཅས་ཡིན་ལ་འདི་ནི་ལོ་རབས་ལྔ་བཅུ་ནས་བཟུང་བརྗོད་བཞིན་པ་རེད། ང་རང་༡༩༥༤ལོར་འཚོགས་པའི་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་ལ་ཞུགས་པ་དང་འཐུས་མི་ཚོས་རིགས་སོ་སོའི་མི་དམངས་མཐུན་སྒྲིལ་དང་ཁྲི་ལོ་བརྟན་པར་ཤོག་ཅེས་བརྗོད་སྐབས་ཚང་མས་ལག་པ་ཡར་བཀྱགས་པ་རེད། ཡིན་ན་ཡང་སེམས་ནང་ནས་ངོ་མའི་མཐུན་སྒྲིལ་ཡོད་པ་ཞིག་མཐོང་གི་མི་འདུག བོད་ཀྱི་ལས་བྱེད་ཚང་མས་མཐུན་སྒྲིལ་བརྗོད་ཀྱི་ཡོད་པ་རེད། ཡིན་ན་ཡང།ལས་བྱེད་ཚང་མ་རྡ་ལམ་ས་ལར་སླེབས་དུས་མི་འདོད་པའི་ཚོར་བ་ཤུགས་ཆེན་པོ་མངོན་གྱི་ཡོད་པ་རེད། དེ་ནི་བོད་དང་ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་གཉིས་ཀར་ཁེ་ཕན་མེད་པ་ཞིག་རེད། དེས་མཐུན་སྒྲིལ་དང་བརྟན་ལྷིང་ལ་གནོད་པ་དང་འཆམ་མཐུན་ལ་ཡང་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་རེད། གལ་སྲིད་བོད་མི་མང་གི་འདོད་བློ་ཚིམ་ཚེ་མཐུན་སྒྲིལ་ཡང་མངོན་དུ་འགྱུར་བ་དང་ཀྲུང་དབྱང་གིས་ཀྱང་དོགས་ཟོན་དང་ཞེད་སྣང་བྱེད་དགོས་དོན་ཡོད་པ་མ་རེད་ཟེར། སྐད་ཆ་འདི་དག་ལ་རྒྱབ་ལྗོངས་དང་རྒྱུ་མཚན་མེད་པ་ཅི་ལ་ཡིན། རྒྱབ་ལྗོངས་དང་རྒྱུ་མཚན་ཡོད་པ་ཙམ་གྱིས་ང་ཚོའི་རེ་བ་འགྲུབ་བམ། ང་ཚོའི་སེམས་ཀྱི་རྨི་ལམ་མངོན་འགྱུར་ཐུབ་བམ།
རྨི་ལམ་མངོན་འགྱུར་ཐུབ་བམ།
སྐུ་ཚབ་ཐེངས་དྲུག་པའི་ལམ་ཁ་བསྐྱར་མཐུད་ཐུབ་ན། ང་ཚོའི་ངོས་ན་རེ་བ་ཡོད་དམ།བོད་དང་རྒྱ་ནག་གཉིས་ཀྱི་དབར་ལ་ཞི་མོལ་གྱི་རེ་བ་ཡོད་དམ། ང་ཚོར་ཆེས་མཐོའི་རང་སྲིད་རང་སྐྱོང་རག་སྲིད་དམ། འདི་ནི་ང་ཚོའི་སེམས་ཀྱི་རྨི་ལམ་མངོན་འགྱུར་ཐུབ་མིན་གྱི་དྲི་བ་དང་གནད་འགག་རེད།
སྐུའི་གཅེན་པོ་རྒྱ་ལོ་དོན་གྲུབ་མཆོག་གིས་གསུངས་ན། དེ་རིང་སང་ཉིན་རྒྱ་མིའི་དཔོན་པོ་ཧུའུ་ཅིན་ཐའོ་རེད། ང་ཚོའི་དོ་བདག་སུ་རེད་ལབ་ན། སྐྱབས་མགོན་རིན་པོ་ཆེ་རེད། ཡང་མིན་ན་ཧུའུ་ཅིན་ཐའོ་སྐྱབས་མགོན་རིན་པོ་ཆེར་མཇལ་བར་བཅར་ཐུབ་ན་ཡག་པོ་རེད། ཡང་མིན་ན་སྐྱབས་མགོན་རིན་པོ་ཆེ་པེ་ཅིན་ལ་གདན་འདྲེན་ཞུ་དགོས་པ་རེད། དོ་བདག་དང་དོ་བདག་ངོ་འཕྲད་ནས་སྐད་ཆ་བཤད་རྒྱུ་གལ་ཆེན་པོ་རེད་ཟེར། གཞན་བོད་ཀྱི་ཁྱད་མཁས་ཁ་ཤས་ཀྱིས་བརྗོད་ན། རྒྱ་ནག་གི་མགོ་ཁྲིད་སུ་ཡིན་རུང༌། དང་པོ་སོ་སོའི་རྐུབ་སྟེགས་བརྟན་པོ་ཡོང་ཐབས་བྱེད་རྒྱུ་དང་གཉིས་པ་དེ་རྒྱལ་ཁབ་ལ་བྱས་རྗེས་གང་འཇོག་ཐུབ་པར་བལྟ་རྒྱུ་དེ་རེད་ཟེར། ད་དུང་ཧུའུ་ཅིན་ཐའོ་ཡིས་བོད་དོན་ཐོག་ལས་ཀ་བྱས་པ་ཡིན་ན་ཁོའི་སྐབས་གཉིས་པ་དེ་དུས་ཚོད་ཡག་ཤོསརེད། ཧུའུ་ཅིན་ཐོའོ་འགུལ་བསྐྱོད་མ་བརྒྱབ་ན་གཞན་པ་འགུལ་བསྐྱོད་རྒྱག་ཁག་པོ་རེད། དེ་ཡང༌། ཧུའུ་ཡིས་བོད་དོན་ལ་ལག་པ་འཆང་བ་ལ་ཡང་ཆ་རྐྱེན་མང་པོ་ཚང་དགོས་པ་རེད། དེ་ཡང་ཁོང་གིས་དབང་ཆ་ཆ་ཚང་འཛིན་ཐུབ་པ་དགོས་ཀྱི་ཡོད་རེད། ཧུའུ་ཅིན་ཐའོ་རྒྱལ་ཡོངས་མི་དམངས་འཐུས་མིའི་ནང་དུ་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་རེད། བོད་དོན་སྐོར་མགོ་ཁྲིད་གཞན་པ་ལས་ཁོང་གིས་མང་བ་ཤེས་ཀྱི་ཡོད་པ་རེད། བོད་དོན་ཐོག་ལ་ག་རེ་བྱས་པ་ཡིན་ན་ཡང༌། གལ་ཆེན་པོ་ཡིན་ན་ཧུའུ་ལ་ཡར་གཏོང་གི་ཡོད་པ་རེད། དོན་དག་ཆུང་ཆུང་ཡིན་ན་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ལ་མར་གཏོང་གི་ཡོད་པ་རེད། ༢༠༠༧ལོའི་ཟླ་༡༠པར་ཏང་གི་མགོ་འཁྲིད་འདེམས་རྒྱུའི་དུས་ཚོད་རེད། དེ་དུས་ཧུའུ་ཡི་ཕྱོགས་ཀྱི་མི་ག་ཚོད་སླེབས་ཀྱི་ཡོད་མེད་དང་ཅང་ཙི་མིན་གྱི་ཕྱོགས་གཏོགས་ཀྱི་མི་ག་ཚོད་སླེབས་ཀྱི་ཡོད་མེད་བལྟ་རྒྱུ་རེད་ཟེར། ཧུའུ་ཡི་ཕྱོགས་གཏོགས་ཀྱི་མི་་མང་པོ་སླེབས་ན༌།བོད་དོན་ཐད་ཡག་པོ་དང་སྡུག་པོ་ག་རེ་བྱས་ན་ཡང་ཁོ་རང་ལ་དབང་ཆ་ཡོད་པ་རེད། འོན་ཀྱང༌། ད་ལྟ་མངའ་སྡེའི་ནང་གི་ཏང་གི་དྲུང་ཆེ་དང་སྤྱི་ཁྱབ་མང་ཆེ་བ་ཅང་ཙི་མིན་གྱི་ཕྱོགས་གཏོགས་ཡིན་པ་མ་ཟད་ལྷག་པར་དུ་དཔལ་འབྱོར་དང་ལས་བྱེད་བསྐོ་བཞག་བྱེད་རྒྱུའི་དབང་ཆ་ཆེ་ཤོས་དེ་ཙིན་ཆིང་ཧུང་གིས་འཇུས་བསྡད་ཡོད་པ་རེད་ལ་ཁོང་ནི་ཅང་གི་མི་སྣ་དྲག་ཤོས་དེ་རཻད་ཟེར། འོན་ཀྱང༌། ཟླ་༡༠པའི་ནང་ཧུའུ་ཡིས་དབང་ཆ་ཆ་ཚང་འཛིན་ཐུབ་པ་ཡིན་ན་བོད་དོན་ལ་འགྱུར་བ་འགྲོ་བའི་རེ་བ་ཡོད་པ་རེད་ཟེར། འདི་ནི་ང་ཚོའི་སེམས་ཀྱི་རེ་བ་ཙམ་རེད་མ་གཏོགས་དོན་ངོ་མར་རྒྱ་ནག་ལ་ཁོག་རྩིས་ཇི་ཡོད་སུ་ཞིག་གིས་རྟོགས་ཐུབ་བམ། གཞན་རྒྱ་ནག་གི་ཁྱད་མཁས་འགས་བརྗོད་ན། རྒྱ་ནག་ལ་མཚོན་ན་འབྲེལ་མོལ་གྱི་ལམ་བུ་འདི་འཁྲབ་སྟོན་གྱི་རྩེད་མོ་རྩེ་ས་རཻད་ཟེར། དེ་ཡང་འབྲེལ་མོལ་གྱི་ལམ་བུ་འདི་བརྒྱུད་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་རང་ཉིད་ཀྱི་གུ་ཡངས་ཀྱི་རྣམ་པ་གསར་བཞེངས་ཐུབ་ཀྱི་ཡོད་པ་དང་རྒྱལ་སྤྱིའི་གནོན་ཤུགས་ཉུང་དུ་གཏོང་བ། སོ་སོའི་ལས་དོན་ལ་ལམ་ལྷོང་ཡོང་ཐབས་སུ་དུས་ཚོད་ཕྱིར་འགྱངས་བྱེད་ཀྱི་ཡོད་པ་རེད་ཟེར། སྐད་ཆ་འདི་དག་ལ་གོ་རྒྱུ་ཞིག་དང་རྒྱུ་མཚན་ཞིག་མེད་པ་ཅི་ལ་ཡིན། འོ་ན། ད་ལྟའི་འགྲོ་འོང་གི་འབྲེལ་ལམ་འདི་བསྐྱར་མཐུད་ཐུབ་ན་ང་ཚོར་རེ་བ་ཡོད་དམ། བོད་དོན་ལ་བཟང་ཕྱོགས་ནས་འགྱུར་བ་འགྲོ་སྲིད་དམ། ད་ནི་རྨི་ལམ་ཙམ་རྨི་རྒྱུ་ལས་གཞན་ང་ཚོས་ཅི་ཞིག་ཤེས་སམ།
བདག་གི་རྨོངས་འཆར་གྱི་དབང་དུ་བྱས་ན། རྒྱ་ནག་གིས་ནམ་ཡང་གློད་མི་སྲིད་པ་ནི་འཚོ་སྡོད་ཀྱི་གནད་དོན་དང་བདག་དབང་གི་གནད་དོན། བདེ་འཇགས་ཀྱི་གནད་དོན་གསུམ་རེད། གལ་སྲིད་ྋགོང་ས་མཆོག་དང་མཉམ་དུ་གདོང་དང་གདོང་ཐུག་ནས་གྲོས་མོལ་བྱས་རུང༌། རྒྱ་ནག་ཕྱོགས་ནས་གནད་དོན་འདི་གསུམ་ནམ་ཡང་གློད་ཀྱི་མ་རེད། རྒྱ་ནག་ཕྱོགས་ནས་བོད་དང་མཉམ་དུ་དོན་དངོས་ཀྱི་ཞི་མོལ་བྱེད་འདོད་མེད་པ་དང་ཆེས་མཐོའི་རང་སྲིད་རང་སྐྱོང་སྤྲོད་འདོད་མེད་པ་འདི་ལ་ཡང་ཕྱོགས་ངོས་མང་པོ་ནས་རྒྱུ་མཚན་འདུག་སྙམ།
ཉེ་བའི་ལོའི་ནང་རྒྱ་ནག་ཕྱོགས་ནས་ཞི་མོལ་ཡོང་མི་ཐུབ་པ་དང་ཆེས་མཐོའི་རང་སྲིད་རང་སྐྱོང་སྤྲོད་མི་ཐུབ་པའི་ཐད་མི་མཐུན་པ་བཞི་ཞེས་གནད་དོན་ཆེན་པོ་བཞི་གླེང་གི་ཡོད་པ་རེད། དང་པོ། ྋགོང་ས་མཆོག་གིས་ལམ་དབུ་མའི་ཐོག་ལ་ཕེབས་ནས་རང་བཙན་རྩོད་ཀྱི་མིན་ཞེས་བཀའ་གནང་གི་ཡོད་རུང༌། དོན་དངོས་སུ་ཁོང་གི་དགོངས་པ་དེ་ཁ་བྲལ་ཆགས་ཀྱི་འདུག་པ་མ་ཟད་དེས་ལོ་བཅུ་ཕྲག་མང་པོའི་རིང་ལ་དཀའ་ལས་བརྒྱབ་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འགྱུར་བ་གཏོང་རྒྱུའི་སྐད་ཆ་བཤད་ཡོང་གི་འདུག་ཟེར། གཉིས་པ། ད་ལྟའི་ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁྱོན་བཞི་ཆ་གཅིག་ཁོང་གིས་དབང་བསྒྱུར་བྱེད་ཀྱི་བྱེད་ཀྱི་ཡིན་བརྗོད་ཀྱི་ཡོད་པ་རེད་ཟེར། གསུམ་པ། བོད་ས་ཡོངས་རྫོགས་ཀྱི་བོད་རིགས་མ་གཏོགས་མི་རིགས་གཞན་པ་ཚང་མ་ཕྱིར་འཐེན་བྱེད་དགོས་ཀྱི་ཡོད་བརྗོད་ཀྱི་ཡོད་པ་རེད་ཟེར། བཞི་པ། བོད་ཀྱི་ས་ཁུལ་ཡོངས་རྫོགས་ཀྱི་བཅིངས་འགྲོལ་དམག་ཕྱིར་འཐེན་དགོས་བརྗོད་ཀྱི་ཡོད་པ་རེད་ཟེར། དེར་བརྟེན། གནད་དོན་འདི་བཞི་ནི་རྒྱ་ནག་ཕྱོགས་ནས་ཁས་ལེན་བྱེད་ཐབས་མེད་པ་ཞིག་རེད་ཟེར། འདི་ལ་ཡང་རྒྱུ་མཚན་ཁྱོན་རང་ནས་མེད་པ་ཅི་ཡིན་༌། ྋགོང་ས་མཆོག་གི་ངོས་ནས་དུས་ད་ལྟ་དང་མ་འོངས་གཉིས་ཀར་དབུ་མའི་ལམ་དགོངས་དོན་ལ་འགྱུར་བ་མེད་རུང་བོད་མི་ཚང་མ་འདི་ལྟར་ཡིན་མིན་སུ་ཡིས་ཚོད་དཔོག་ཐུབ་བམ། དོན་དངོས་སུ་ང་ཚོའི་སེམས་པའི་གཏིང་ན་རང་བཙན་ཕར་བཞག་དབུ་མའི་ལམ་གཅིག་པུ་དམིགས་ཡུལ་ཡིན་སྙམ་པའི་ཚོར་བ་དངོས་གནས་དེ་ཡོད་དམ། ཇི་སྲིད་དབུ་མའི་ལམ་གྱི་དགོངས་དོན་ཆེས་མཐོའི་རང་སྲིད་རང་སྐྱོང་མ་གཏོགས་གཞན་ཅི་ཡང་མི་དགོས་མ་བསམ་བར་དུ་ང་ཚོའི་སེམས་ནས་རང་བཙན་དོར་མི་ཐུབ།ཇི་སྲིད་རང་བཙན་མ་དོར་བ་དེ་སྲིད་དུ་དབུ་མའི་ལམ་འདི་ང་ཚོའི་དམིགས་དོན་མི་ཆགས། ང་ཚོས་བསམ་བློ་ཞིབ་ཏུ་ཐོངས་དང༌། ང་ཚོས་དབུ་མའི་ལམ་གྱི་དགོངས་གཞི་འདི་༧གོང་ས་མཆོག་གི་དགོངས་གཞི་མ་ཡིན་པར་དགོངས་གཞི་རང་ག་བ་ཞིག་ཡིན་པའི་བསམ་ཚུལ་བཟུང་རང་བཙན་འདི་ཡང་དེ་མཚུངས་སེམས་ལ་ཉར་ནས་བསམ་བློ་ཞིག་ཐོངས་དང༌། ང་ཚོའི་སེམས་ན་ལམ་ཁ་འདི་གཉིས་ལས་གང་གི་ཕྱོགས་སུ་འགྲོ་འདོད་ཀྱིའདུན་པ་འདུག་གམ།ལམ་ཁ་གང་ཞིག་ཐོབ་འདོད་ཀྱི་ཚོར་བ་ཆེ་འམ། འདི་ནི་རྒྱ་ནག་ཕྱོགས་ལ་བལྟ་མི་དགོས་པར་ང་ཚོ་རང་གིས་རང་ལ་གསལ་འདེབས་དགོས་པའི་གནད་དོན་རེད།
ཡང་མི་འགའ་ཞིག་གི་བསམ་ཚུལ་ལྟར་ན། ྋགོང་ས་མཆོག་གིས་ལོ་རྒྱུས་ཐོག་བོད་རྒྱ་ཁོངས་ཡིན་པ་ཞལ་བཞེས་མ་གནང་པ་དེས་མ་འོངས་པར་བོད་མིས་ལོ་རྒྱུས་གཞིར་བཞག་རང་བཙན་རྩོད་སའི་ལམ་ཁ་བཀག་མེད་པ་དང༌། ད་དུང་ཁོང་ཉིད་བོད་ནང་ལ་ཕེབས་རྗེས། ཆབ་སྲིད་ཀྱི་ཐུགས་འགན་བཞེས་ཀྱི་མིན་གསུང་སྟངས་འདིས། ད་ལྟ་ཁོང་དང་པེ་ཅིང་དབར་ཆབ་སྲིད་ཀྱི་གན་རྒྱ་འདྲ་བོ་ཞིག་བཞག་ཀྱང༌། ཁོང་གིས་ཆབ་སྲིད་ཀྱི་ཐུགས་འགན་མ་བཞེས་ཚེ་དེ་དག་ལག་བསྟར་ཐུབ་མིན་བཤད་ཚོད་མི་ཐིག་པར་མ་ཟད། དེའི་ཁར་མ་འོངས་པར་བོད་མི་རིགས་ཀྱིས་ཆབ་སྲིད་ཀྱི་མདུན་ལམ་གང་ཞིག་ཐག་བཅད་ནས་རྒྱ་ནག་ལ་དཀའ་རྙོག་བསླངས་ན་ཡང་ཁོང་གིས་དེར་ཁག་ཐེག་གནང་རྒྱུ་ཁག་པོ་རེད་ཟེར།
ཡང་རྩོམ་པ་པོ་མོ་ལིས་ཧྭ་ཡིས་བརྗོད་གསལ་ལྟར་ན། བོད་རྒྱ་ཞི་མོལ་གྱི་རྣམ་པ་འདི་ཉིད་རྩེད་མོའི་སྒང་ལ་གནས་འདུག་ཟེར། རྒྱུ་མཚན། རྒྱ་ནག་ཕྱོགས་ནས་རྒྱ་རི་བློ་གྲོས་རྒྱལ་མཚན་སོགས་ནི་ཏཱ་ལའི་བླ་྄མའི་སྐུ་ཚབ་ངོ་མ་ཡིན་པར་ཁས་ལེན་བྱེད་ཀྱི་མེད་ཁར། ཁོ་ཚོ་ནི་རྒྱལ་ནང་དུ་ལྟ་སྐོར་ལ་ཡོང་བའི་བོད་རིགས་སྤུན་ཟླ་དང་ཏཱ་ལའི་བླ་མར་འབྲེལ་བ་དམ་ཟབ་ཡོད་པའི་མི་ཁ་ཤས་ཤིག་ཡིནཔར་བརྗོད་ཀྱི་ཡོད་ལ། སྐུ་ཚབ་ཚོ་ཡུལ་སྐོར་བའི་ཐོངས་མཆན་ཐོག་རྒྱ་ནག་ལ་བསྐྱོད་ཀྱི་ཡོད་ཟེར། ད་དུང༌། རྒྱ་ནག་གིས་སྐུ་ཚབ་ཚོ་དང་མཉམ་ཏུ་བོད་རྒྱའི་ཛ་དྲག་གི་གནད་དོན་མི་གླེང་བར་མེས་རྒྱལ་གྱི་ཡར་རྒྱས་ངོ་སྤྲོད་བྱེད་ཀྱི་ཡོད་པ་རཻད་ཟེར། དཔེར་ན། ཕྱི་ལོ་༢༠༠༤ལོར་རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མའི་སྐུ་ཚབ་ཚོ་པེ་ཅིན་ཁྲིན་ཏུ་ཚ་གཡོལ་རི་གྲོང་གི་མན་ཆིན་གོང་མའི་ཕོ་བྲང་ལ་ལྟ་སྐོར་དུ་འཁྲིད་པ་དང༌། ཕྱི་ལོ་༢༠༠༥ལོར་སྐུ་ཚབ་ཚོ་ཀུའུ་ལེན་རི་ཆུ་ལ་བལྟ་སྐོར་དུ་འཁྲིད་ཡོད་པ་རེད་ཟེར།
འདི་ནི་ཕྱོགས་གཅིག་གི་གླེང་ཕྱོགས་རེད། བདག་གི་རྨོངས་འཆར་གྱི་དབང་དུ་བྱས་ན། བོད་རྒྱ་ཞི་མོལ་འདི་དོན་འཁྱོལ་མ་ཡོང་བ་དང་རྒྱ་ནག་གིས་བོད་ལ་ཆེས་མཐོའི་རང་སྲིད་རང་སྐྱོང་མ་སྤྲད་པ་དེ་དཀའ་ངལ་ཆེན་པོ་གསུམ་ལ་ཐུག་འདུག་སྙམ། ལྡོག་ཏུ་མེད་པའི་དཀའ་ངལ་ཆེན་པོ་གསུམ་གྱིས་དུས་རྟག་ཏུ་བོད་ལ་ཆེས་མཐོའི་རང་སྲིད་རང་སྐྱོང་སྤྲོད་མི་རུང་བའི་གནས་སྟངས་ཤིག་འགྲེལ་བཤད་བྱེད་ཀྱི་ཡོད། དེ་ནི་འཚོ་སྡོད་ཀྱི་དཀའ་ངལ་དང་བདག་དབང་སྲ་བརྟན་གྱི་དཀའ་ངལ། རྒྱལ་སྲུང་གི་དཀའ་ངལ་གསུམ་རེད། རྒྱ་ནག་གི་ས་ཁྱོན་གྱི་བཞི་ཆ་གཅིག་ཟིན་པའི་བོད་ཀྱི་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ས་ཡ་གཉིས་དང་འབུམ་ལྔ་འདི་ཉིད་བོད་མིའི་བདག་དབང་གི་ཁྱབ་ཁོངས་སུ་སླེབས་ཤིང༌། དབུ་མའི་ལམ་གྱི་དགོངས་དོན་བཞིན་བོད་ནང་དུ་རྒྱ་མིའི་མི་འབོར་སྤོ་ཞུགས་མཚམས་འཇོག་བྱས་ཚེ། ས་ཁྱོན་བཞི་ཆ་གསུམ་གྱི་ཐོན་ཁུངས་ཀྱིས་རྒྱ་ནག་མི་མང་དུང་ཕྱུར་བཅུ་ལྷག་གི་ཞིང་ལས་དང་བཟོ་ལས་གཙོ་བོར་གྱུར་པའི་འཚོ་སྡོད་ཀྱི་དགོས་མཁོ་སྐོང་མི་ཐུབ་པ་ནི་ཟུར་བལྟས་ལེབ་མཐོང་རེད། དཔེར་ན། རྒྱ་ནག་གི་ཆུ་གློག་ནུས་པའི་གསུམ་ཆ་གཉིས་ཙམ་བོད་ཀྱི་གཙང་པོ་ཁག་ལ་བརྟེན་གྱི་ཡོད་པ་མ་ཟད། རྨ་ཆུ་ལ་མཚོན་ན་རྒྱ་ནག་བྱང་རྒྱུད་ཀྱི་མི་མང་ས་ཡ་ ༥༥༠ དང་ཞིང་ལས་ཀྱི་གསུམ་ཆ་གཉིས་ཀྱི་བརྟེན་ས་ཆགས་ཀྱི་ཡོད་པ་མ་ཟད་གྲོང་ཁྱེར་ཆེ་ཁག་ ༥༠ ལྷག་ལ་ཆུ་ཡི་དགོས་མཁོ་བསྐོང་ཐུབ་ཀྱི་ཡོད། འབྲི་ཆུར་མཚོན་ན་རྒྱ་ནག་ལྷོ་རྒྱུད་ཀྱི་ཞིང་སའི་གསུམ་ཆ་གཅིག་དང་མི་མང་ས་ཡ་༧༠༠ལྷག་གི་འཚོ་རྟེན་ཆགས་ཀྱི་ཡོད། ལྷག་པར་དུ་བོད་ཀྱི་གཏེར་ཁ་གཙོ་བོ་ཚྭ་འདམ་གཞོང་ས་ནས་ལོ་རེར་མ་བཅོས་རྒྱུ་ཆ་ཀྲོན་འབུམ་གསུམ་ལྷག་རྒྱ་ནག་ནང་ཁུལ་མཁོ་འདོན་བྱེད་ཀྱི་ཡོད། ད་དུང་དེ་རིང་སང་ཉིན་རྒྱ་ནག་ནང་ལ་ཁོར་ཡུག་གི་སྐྱབས་བཅོལ་བ་མི་ས་ཡ་བཞི་བཅུ་ལྷག་ཡོད་པ་རེད། འདི་དག་གིས་འཚོ་སྡོད་ཀྱི་གདན་གང་ལ་འདིངས་དགོས་སམ། གཞན། རང་བཙན་ཕར་ཕུད་པའི་བོད་ལ་ཆེས་མཐོའི་རང་སྲིད་རང་སྐྱོང་སྤྲད་པའི་དབང་དུ་བྱས་ན། དེས་བོད་མི་རིགས་མ་ཡིན་པའི་གྲངས་ཉུང་མི་རིགས་གཞན་ཁག་ལ་ཡང་ལུ་གུ་བརྒྱུད་ལྟ་བུའི་ཤུགས་རྐྱེན་སླེབས་རྒྱུ་ཡིན་པ་ནི་སྨྲོས་མེད་རེད། གྲངས་ཉུང་མི་རིགས་ཁག་གི་རང་བཙན་དང་རང་དབང་བརྩོན་ལེན་གྱི་རྣམ་པ་དེས་རྒྱ་ནག་གི་སྲིད་དབང་སྲ་བརྟན་ཁ་འཐོར་དུ་འགྲོ་རྒྱུར་ཉེན་ཁ་ཡོང་རྒྱུ་ཡིན་པ་ནི་རྒྱ་ནག་གཞུང་གི་སེམས་ཀྱི་དངངས་འཚབ་དང་ཞེད་སྣང་སྐྱེ་གཞི་ཞིག་རེད། ད་དུང༌། བོད་ལ་ཆེས་མཐོའི་རང་སྲིད་རང་སྐྱོང་སྤྲད་ཚེ། སྤྱི་ལེ་ ༡༥༠༠ ལྷག་གིས་ཆོད་པའི་རྒྱ་གར་དང་རྒྱ་ནག་བར་གྱི་ས་ཁྱོན་འདི་རྒྱ་ནག་གི་སྟངས་འཛིན་ནས་ཁ་྄བྲལ་ཏེ་ཞི་བའི་བསྟི་གནས་ཞིག་ཏུ་འགྱུར་རྒྱུ་ཡིན་ཞིང༌། དེས་རྒྱ་ནག་གི་དམག་དཔུང་དང་གོ་མཚོན་ཉར་འཇོག་བྱེད་སའི་ནུབ་རྒྱུད་ཀྱི་འཐབ་རྭ་ཆེན་པོ་འདི་ནུས་མེད་དུ་འགྱུར་རྒྱུ་ཡིན་པ་དང༌། དེ་ལ་བརྟེན་ནས། རྒྱ་ནག་གི་བདེ་སྲུང་ལ་འབྱུང་འགྱུར་དཀའ་ངལ་འཕྲད་སྲིད་པའི་ཉེན་ཟོན་དང་ཡིད་གཟབ་བྱེད་དགོས་ཆགས་ཀྱི་ཡོད། རྒྱུ་མཚན་འདི་དག་ལ་བརྟེན། རྒྱ་ནག་གིས་བོད་ལ་རང་བཙན་ཕར་བཞག་ཐ་ན་ཆེས་མཐོའི་རང་སྲིད་རང་སྐྱོང་ཡང་སྤྲོད་འདོད་མེད་པ་ནི་ཕྱི་གསལ་ནང་གསལ་རེད། དེར་བརྟེན། ངའི་རྨོངས་འཆར་གྱི་དབང་དུ་བྱས་ན། རྒྱ་ནག་གིས་ང་ཚོར་རང་བཙན་ཕར་བཞག་ཐ་ན་ཆེས་མཐོའི་རང་སྲིད་རང་སྐྱོང་ཡང་སྤྲོད་འདོད་མེད་པའི་མཚམས་ལ་སླེབས་འདུག་པ་སོགས་ཀྱི་ངོས་འཛིན་དང་བསམ་ཚུལ་སྣ ་ཚོགས་འདོན་བཞིན་པའི་མཚམས་ཚིགས་འདིར། སྐུ་ཚབ་ཐེངས་དྲུག་པ་རྒྱ་ནག་ཏུ་ཕེབས་ཐུབ་པ་བྱུང་ཡོད་ནའང༌། སྐུ་ཚབ་ཚོགས་པས་ཡོངས་ཁྱབ་ཀྱི་གསར་འགོད་གསལ་བསྒྲགས་གནང་བའི་ནང༌། བཀའ་མོལ་གྱི་བརྒྱུད་རིམ་དེ་ཛ་དྲག་དང་གནད་འགག་ཅིག་ལ་བསྐྱལ་བཞག་ཡོད་ཟེར་བ་ཙམ་ལས། གསལ་བཤད་ཁ་གསལ་གང་ཡག་གནང་མེད།
དེ་བས་ན། གནད་བབ་འདི་འབྲེལ་གྱི་ཕྱོགས་ངོས་གཞན་ཞིག་ནས་བསམ་ན། རྒྱ་ནག་གི་སྲིད་དབང་གནས་བབ་ལ་འགྱུར་བ་ཕྱིན་ནས་རྒྱ་ནག་འདི་དམངས་གཙོ་མ་ཆགས་བར་དུ་དང༌། ཡང་ན། བོད་མིས་ངོས་ནས་ལས་འགུལ་བཟང་ཐག་ངན་ཐག་ཆོད་པ་ཞིག་སྤེལ་མ་ཐུབ་ཀྱི་བར་དུ། བོད་ལ་ཆེས་མཐོའི་རང་སྲིད་རང་སྐྱོང་ཞིག་རེག་རྒྱུ་མེད་པ་ནི་འདས་ད་ལྟ། མ་འོངས་པ་བཅས་ཀྱི་གང་ལ་དཔག་པས་ཀྱང་ཧ་མི་གོ་བའི་ཚོད་མ་རེད། ད་ནི་རང་གི་ཕ་ཡུལ་དུ་ལོག་འདོད་ན། ད་ནི་རང་གི་ཕ་ཡུལ་ནས་མི་ཚེ་སྐྱེལ་འདོད་ན། རང་གི་འགན་འཁྲི་ཁུར་དུ་བླངས་ནས་ཁ་ཕྱོགས་ངེས་ཅན་ཞིག་དང་ཧུར་བརྩོན་ངེས་ཅན་ཞིག་བསྐྱེད་པའི་དུས་ལ་བབས་ནས་འདུག
མུ་འགོད།
གསལ་བཤད། (རྨོངས་འཆར་འདི་ཁ་བརྡའི་སྟེང་གི་རྩོམ་འབྲི་བ་རྒན་པ་ཚོར་དཔྱད་གཞིར་ཕུལ་བ་ཡིན།
རྩོམ་འདི་རྩོམ་རྙིང་ཞིག་ཡིན། ལོ་ངོ་གཉིས་ཀྱི་སྔོན་དུ་བྲིས་བ་ཞིག་ཡིན། དེའི་སྐབས་ཀྱི་ཤེས་ཡོན་གྱི་གནས་ཚད་དང་མཐོང་ཐོས་ཀྱི་རྒྱ་ཁྱོན་ལ་དཔགས་པའི་རྩོམ་ཞིག་ཡིན།
རྩོམ་འདི་རུ་༢༠༠༦ཡན་གྱི་གནས་ཚུལ་རྣམས་མ་གཏོགས་མེད་ལ་བསམ་ཚུལ་ཡང་དེ་མཚུངས་རེད། རྩོམ་འདིའི་ནང་གི་གནས་ཚུལ་རྣམས་ལ་འགྱུར་བ་མེད་པར་རང་སོར་བཞག་པའི་ཐོག
བསམ་ཚུལ་ཇི་སྙེད་ཅིག་ལ་འགྱུར་བ་དང་བཅོས་བྱས་ཤིང་ཕྱི་ལོ་༢༠༠༦ལོའི་རྗེས་ཀྱི་གནས་ཚུལ་རྣམས་ཀྱང་ཁ་སྣོན་བྱས་ཏེ་རྨོངས་འཆར་རིང་པོ་ཞིག་འབྲི་བཞིན་ཡོད།)
དེ་ཙམ་ཞུ།
རིག་འབྱུང་ལགས། ཁྱེད་ཀྱི་དཔྱད་རྩོམ་འདི་རིང་པོ་ཡོད་ཙང་་ཚང་མ་ྐློག་མ་ཐུབ་ཐ། ཁྱེད་ཀྱིས་རྒྱ་ལོ་དོན་གྲུབ་ལ་བསྟོད་རྒྱུ་མང་དྲགས་འདུག
བསྟོད་རྒྱུ་མང་དྲགས་ན་ཡག་པོ་ཡོད་མ་རེད་ད།
ད་དུང་༢༠༠༦གི་རྗེས་གི་གནས་ཚུལ་དེ་ཚོ་མི་འདུག་ནོ་ཆི་ཟིག་རེད།
རྒྱལ་ལོ་དོན་གྲུབ་ཀྱིས་ལས་ཀ་ཅི་བྱས་བཙན་རྒོལ་རྒྱལ་སྐྱོབ་དང་སངས་རྒྱས་ཀྱི་དཔའ་རྟུལ་ཚོར་གཟིགས་ན་ཤེས་ཀྱི་རེད།
ཆབ་སྲིད་པ་ཞིག་ཡིན་ཚེ་སྐྱོན་བརྗོད་དང་ངོ་རྒོལ་ལ་ཁ་བྲལ་ཐབས་ཡོད་པ་མ་རེད། ཚེ་སྲོག་གི་ཉེ་ཁའང་ལུས་དང་གྲིབ་མ་ནང་བཞིན་འབྲེལ་མེད་དུ་འགྲོག་ནས་ཡོང་གི་རེད། ཁྱད་ཚོས་འདི་དག་མི་ཚང་ན་ཆབ་སྲིད་པའི་མཚན་ཉིད་ཚང་གི་མེད་པར་བསམ། དེར་ཕྱིར་ཆབ་སྲིད་པ་ཞིག་ལ་བསྟོད་པ་མཐོང་བ་དང་དགའ་དགོས་པ་དང་། སྐྱོན་བརྗོད་བྱེད་པ་གོ་བས་ངུ་རིན་ཡོད་པ་མ་རེད། མ་ཟད་ཆབ་སྲིད་པ་ཞིག་གཏན་དུ་དཀར་འདོན་བྱེད་དཀའ་ལ། ཡོངས་སུ་ནག་པོ་བཟོ་ཐབས་ཀྱང་དཀའ་མོ་རེད།
ཆབ་སྲིད་པ་ཞིག་ཡིན་ཚེ་སྐྱོན་བརྗོད་དང་ངོ་རྒོལ་ལ་ཁ་བྲལ་ཐབས་ཡོད་པ་མ་རེད། ཚེ་སྲོག་གི་ཉེ་ཁའང་ལུས་དང་གྲིབ་མ་ནང་བཞིན་འབྲེལ་མེད་དུ་འགྲོག་ནས་ཡོང་གི་རེད། ཁྱད་ཚོས་འདི་དག་མི་ཚང་ན་ཆབ་སྲིད་པའི་མཚན་ཉིད་ཚང་གི་མེད་པར་བསམ། དེར་ཕྱིར་ཆབ་སྲིད་པ་ཞིག་ལ་བསྟོད་པ་མཐོང་བ་དང་དགའ་དགོས་པ་དང་། སྐྱོན་བརྗོད་བྱེད་པ་གོ་བས་ངུ་རིན་ཡོད་པ་མ་རེད། མ་ཟད་ཆབ་སྲིད་པ་ཞིག་གཏན་དུ་དཀར་འདོན་བྱེད་དཀའ་ལ། ཡོངས་སུ་ནག་པོ་བཟོ་ཐབས་ཀྱང་དཀའ་མོ་རེད།
དེ་རིང་ངའི་རོགས་པ་ཆང་གཅིག་པོ་མ་ཡིན་པར་ཁ་སྔོན་ནང་བཞིན་བུ་མོ་ཆང་འཐང་རོགས་དེ་ཡོད་ན། དྲ་ཁང་འདིར་འཛུལ་ཡོང་གི་མ་རེད་དེ། དེ་རིང་བུ་མོ་ཕྱིན་ཚར་བས་གཅིག་པོས་ཆང་འཐུང་ཞོར་ལ་དྲ་ཁང་ལ་འཛུལ་ནས་བརྗེད་ཟིན་པའི་བོད་ཡིག་འབྲི་ཁུལ་དང་། ནུས་པ་མི་ཐོན་པའི་བོད་དོན་རྩོད་པ་ལས་ལྷག་པའི་འདམས་ཀ་མི་འདུག
དམར་མདོག་རྒུན་ཆང་མངར་མོ་རྫོགས་མེད་དུ་འཐུང་བཞིན།།
གཟུགས་མེད་ཚེར་མས་ཁེངས་པའི་དྲ་ཁང་འདིར་འཛུལ་ནས།།
ཉེན་མེད་རག་བྱ་རྩུབ་མོ་སེམས་གཏིང་ལ་མྱོང་བཞིན།།
ཚེ་ཡི་སྐར་ཆ་འགའ་ཤས་དྲ་ཐོག་འདིར་བཏང་ཡིན།།
སྟག་སྨྱོན་རོ་སྐེ་བཏགས། ཁྱོད་ནི་གཞན་དང་མ་འདྲ་བའི་གདུག་སེམས་སོལ་བ་ལས་གནག་པ་ཞིག་འདུག་པས་ངས་ཁྱོད་ལ་ཕྱོགས་གཞན་ཞིག་ནས་ཞིབ་འཇུག་དང་ཟིན་བྲིས་གསར་བ་ཞིག་ཀྱང་མི་འགོད་ཐབས་མེད་བྱུང་། དེ་ནི་ད་བར་ཁྱོད་དྲ་ཐོག་འདི་ནས་མི་སུ་དང་རྒྱག་རེས་བརྒྱབ་ཡོད་མེད་དང་། གྲ་གྲོགས་གཞན་གྱིས་ཁྱོད་ལ་བལྟ་ཚུལ་ཇི་ཡོད་ཕྱོགས་བསྡུས་ཤིག་བྱས་ནས་ཡང་ཁྱོད་ཀྱི་སྐེ་ལ་རོ་གསར་བ་ཞིག་བཏགས་རྒྱུ་དེ་རེད། འོན་ཀྱང་རྩོམ་རྙིང་དང་མཆན་རྙིང་ཚོ་བསྔོགས་རྒྱུར་དུས་ཚོད་ཅུང་འགོར་ངེས་པས་སྒུག་ཨ། འོག་གི་མཆན་འདི་གཉིས་ནི་ཁར་སང་དེ་རིང་དྲ་གྲོགས་ཚོའི་ཁྱོད་ལ་བཏབ་པའི་མཆན་རེད།
གོང་བཤད་ལྟར་མི་གཞན་གྱིས་ཁྱོད་ལ་རྒྱག་རེས་བརྒྱབ་ཚད་ཕྱོགས་བསྡུས་བྱེད་རྒྱུར་དུས་ཚོད་ཅུང་རིང་ཙམ་དགོས་ཀྱང་ཁྱོད་ངང་མ་ཐུང་དང་། ངས་ཁྱོད་ཀྱི་སྐེ་ལ་བཏག་རྒྱུའི་རོ་གསར་བ་ཞིག་གྲ་སྒྲིབ་བྱེད་ཡོང་གོ། དམ་སྲིའི་ཁོལ་པོ། ཕ་རོ་ཟ་རྒྱུ་ཁྱོད།
༢༩༽ ཕུན་ཚོགས་ནས།
སྤྱི་ལོ་ ༢༠༠༩ ཟླ་ ༧ ཚེས་ ༦ གི་ཆུ་ཚོད་ ༠ སྐར་མ་ ༢༠
དྲ་འདྲེ་སྟག་སྨྱོན་ཟེར་བ་འདི་ཡང་སླེབས་ཚར་འདུག ཅ་མ་ཟིང་། ཚང་མས་གཟབ་གཟབ་གྱིས། འདི་གཅིག་བ྄ྱནརྒྱ་མིའི་ཕོག་ཟོན་པ་ཡིན་རྒྱུ་རེད། སུས་ཤེས།
༥༢༽ འདོད་ལྷའི་བུ་ནས།
སྤྱི་ལོ་ ༢༠༠༩ ཟླ་ ༧ ཚེས་ ༧ གི་ཆུ་ཚོད་ ༥ སྐར་མ་ ༤༤
འོ་མི་ཤེས་ཡ། སྟག་སྨྱོན་ཟེར་བ་འདི་དྲ་ཐོག་ཏུ་ཐོན་དུས་འུག་པ་ཉིན་མོར་ཕྱི་ལོགས་ལ་ཐོན་བཞག་ནི་འདྲ་ཞིག་རེད། ཅ་སུན་པོ་པེ་འདུག
དྲ་གྲོགས་གསར་བ་ཚོ། ཁྱོད་ཚོས་ངའི་སྐད་ཆ་འདི་དག་ཆོ་མེད་ཅིག་རེད་བསམ་མི་ཉན། མི་འདིའི་རྒྱུས་ང་ལ་ཡོད་པས་ཤེས་ནས་གནས་ལུགས་བཤད་པ་ཡིན། ཉེ་བའི་ཆར་ཤིས་ཚང་མཁྱེན་རབ་རྒྱ་མཚོའི་རྩོམ་ཞིག་གི་ནང་དུ། ངེས་གཏན་མེད་པའི་སྨྱུག་མིང་འདྲ་མིན་བེད་སྤྱོད་ཀྱིས་འགན་ཁུར་མེད་པའི་སྐད་ཆ་སྦོམ་བཤད་དང་དཀྲུགས་ཤིང་རྒྱག་མཁན་རྣམས་ལ་གདོང་འབག་ཅན་གྱི་སྙུག་ཐོགས་པ་ཞེས་བཏགས་འདུག་པ་ཅི་མ་བདེན། དེང་སང་མི་ཁོག་དུག་ཅན་འགའ་ཞིག་གིས་དྲ་རྒྱ་འདྲ་མིན་གྱི་ཐོག་ཏུ་མིང་དངོས་མ་སྦས་ཏེ་མིང་རྫུན་མའི་གདོང་འབག་གི་འོག་ནས། ཆོས་ལུགས་ཀྱི་སྙིང་ནད་དང་། ཆོལ་ཁའི་སྙིང་ནད། ཆབ་སྲིད་ཀྱི་སྙིང་ནད། ཐ་ན་མི་སྒེར་གྱི་སྙིང་ནད་ཡན་ཆད་རྩོད་རྒྱུའི་དམིགས་ཡུལ་དམ་འཛིན་བྱས་ཏེ། གོ་སྐབས་ཡོད་ཚད་ལ་སྙིང་དམར་པོ་ཚ་བསྔོགས་བྱེད་པའི་རྩོམ་དང་མཆན་འདྲ་མིན་སྣ་དགུ་བྲིས་ནས་རང་ལ་ནུས་པ་ཡོད་ཚད་ཀྱིས་ཡར་དཀྲུགས་མར་དཀྲུགས་གང་ཐུབ་བྱེད་ཀྱི་ཡོད་ལ། སྟག་སྨྱོན་དང་གདོང་དམར་ཟེར་བ་འདི་ཡང་དེའི་ནང་གི་གཙོ་གྲས་གཅིག་ཡིན། མི་འདིས་ད་བར་མིང་རྫུན་མ་འདྲ་མིན་བེད་སྤྱོད་ཀྱིས་༧རྒྱལ་བ་པཎ་ཆེན་དང་། ཞིང་གཤེགས་པད་ནོར་རིན་པོ་ཆེ། བཀའ་བློན་མཁས་དབང་ཟམ་གདོང་རིན་པོ་ཆེ། བོད་མི་མང་སྤྱི་འཐུས་ཡོངས་རྫོགས། བོད་གཞུང་བཀའ་ཤག བོད་ཀྱི་བླ་སྤྲུལ་ཕལ་མོ་ཆེ། སྐུ་ཚབ་རྒྱ་རི་རིན་པོ་ཆེ་སོགས་གང་ན་བོད་མིའི་ཆོས་སྲིད་ཀྱི་སྲོག་རྩ་ཡོད་པ་དེ་ན་མཚན་སྨོད་དང་སྐྱོན་བརྗོད། སྙིང་ཚིམ་དང་གཞི་མེད་སྐུར་འདེབས་སོགས་ཡིད་ལ་དྲན་ཚད་དྲ་ཐོག་ཏུ་གཏོང་གི་ཡོད་པར་མ་ཟད། སྐབས་རེ་གསོད་འདོད་ཡོད་པའི་འཇིག་སྐུལ་ཐ་ཚིག་ཀྱང་སྐད་གསེང་མཐོན་པོས་སྒྲོག་གི་ཡོད་ཅིང་། ད་དུང་ངོ་ཚ་མེད་པར་དུས་བབ་ཀྱི་ཟིན་བྲིས་ས་མིག་ཏུ་ཡང་ཟིན་བྲིས་པའི་ཆ་ཤས་བླངས་ནས་བསྡད་ཡོད། ཁོས་ད་བར་བསམ་བློའི་ཁྱེར་སོ་གང་ཞིག་གི་ཐོག་ནས་རྩོམ་དང་མཆན་ཇི་ཞིག་བྲིས་པ་ཐམས་ཅད་འདིར་འགོད་དགོས་ན་ཁྱེད་ཀློག་པ་པོ་རྣམས་ཧ་ཅང་སུན་པར་འགྱུར་མོད། འོག་ཏུ་ཁོས་ད་བར་བྲིས་པ་རྣམས་ཀྱི་ནང་ནས་དཔེ་མཚོན་ཁག་ཅིག་ཟུར་བཀོད་བྱས་ཡོད་པས་ཀུན་གྱིས་གཟིགས་རོགས་དང་། དེ་ལུགས་ཀྱིས་རྗེས་སུ་མི་འདིའི་རྩོམ་དང་མཆན་རྣམས་ལ་དོ་སྣང་གཟབ་ནན་གནང་རོགས་ཞུ་རྒྱུ་ཡིན།
ཁོ་བོ་ཤི་ཡང་བོད་གཞུང་དང་བོད་ཡིག་གིས་ཕན་སྲིད་པའི་རེ་བ་མེད། འོན་ཀྱང་རང་བཙན་ལག་དེབ་ཀྱི་དངུལ་མ་སྤྲད་ཐབས་མེད་རེད། དེ་མ་སྤྲད་ན་གུང་གསེང་ལ་འགྲོ་རྒྱུའི་ལམ་ཁ་བཀག་འདུག ཟམ་གདོང་རིན་པོ་ཆེ་ལ་དགོས་པ་ནུབ་ཕྱོགས་ཀྱི་བོད་མི་སྐྱབས་བཅོལ་བ་ཚོ་མ་ཡིན་པར། ཁོ་ཚོའི་དངུལ་གཅིག་པོ་རེད། ཁོང་གིས་ནུབ་ཕྱོགས་ཀྱི་བོད་མི་ཚོ་ཁྲིམས་འགལ་བ་དང་ནག་ཅན་པ་རེད་ཟེར་བ་དེ་ནས་བཟུང་ངས་བོད་གཞུང་ལ་རེ་བ་བཅད་པ་ཡིན།
༢༠༠༩ ༠༣ ༡༣ལ་བྲིས་པའི་དུས་བབ་ནང་གི་ཟིན་བྲིས།་་་་་་་་་་་་་་་་་་་་་་་་་་་་
ཟམ་སྟོང་བླ་མ་མང་འོས་བཀའ་ཁྲི་དང་པོར་འདེམས་པ་དང་། བོད་གཞུང་བཀའ་ཤག་གི་རྩེ་ལ་ཐོག་བརྒྱབ་ནས་བོད་ཀྱི་རྒྱལ་དར་གཏོར་བ་རེད། དེ་ནི་ཁོང་གི་བྱས་ཉེས་རྐྱང་བྱས་ནས་བོད་དང་བོད་ཀྱི་རྒྱལ་དར་རྩ་མེད་འགྲོ་རྒྱུ་ཡིན་པའི་ངན་ལྟས་ཚོད་འདུག དེ་ནི་ལྷ་སྲུང་མངོན་ཤེས་ཅན་ཞིག་ཁྲོས་པའི་སྔོན་བརྡ་ཡང་ཡིན་པ་འདྲ། ཁ་བརྡའི་ནང་གི་བཀའ་བློན་ཁྲི་པ་ལགས་ཞེས་པའི་བརྗོད་གཞིའི་འོག་གི་མཆན་༦པ།་་་་་་་་་་་་་་་་་་་་་་་་་་་་་་་་
ཟམ་གདོང་རིན་པོ་ཆེས་ངེས་པར་དུ་ཁ་ཞེ་གཉིས་མེད་དང་ངོ་ནས་དྲང་ནས་བོད་ཀྱི་རྩ་དོན་རྩོད་ཀྱི་ཡོད་པ་ང་ཚོ་བོད་རིགས་མི་དམངས་ལ་ཡིད་ཆེས་འཕེར་བའི་སྒོ་ནས་གསལ་བོ་བཟོ་དགོས་ཡོད། དེ་མིན་ན་རྩ་དགོངས་ཞུས་ནས་བོད་དོན་བོད་མི་ལ་རྩིས་སྤྲོད་དགོས། ཁ་བརྡའི་ནང་གི་བཀའ་བློན་ཁྲི་པ་ལགས་ཞེས་པའི་བརྗོད་གཞིའི་འོག་གི་མཆན་༡༡པ།་་་་་་་་་་་་་་་་་་་་
དང་པོ་བོད་པ་ཚོས་བླ་མ་ཟེར་ནས་སྒང་ལ་བཞག་ཁྱོད་མཁྱེན་ཞུས་ནས་འབྱོར་ཚད་ཕུལ་མྱོངས་ས་ཞིག་ཡིན་རྒྱུ་རེད། དེ་ནས་ཁོ་རང་གིས་ཀྱང་མི་མཁྱེན་མཁྱེན་ཁུལ་གྱི་གཡོ་འཁྲབ་སྟངས་དང་བྱིན་རླབས་མེད་ནའང་ཡོད་མདོག་གིས་ཕྱག་མཇལ་གནང་སྟངས་བོད་མའི་མགོ་ལ་སྦྱངས་ཚར་བའི་རྗེས་ནུབ་ཕྱོགས་སུ་ཆོས་ཚོང་བརྒྱབ་ནས་འབྱོར་ལྡན་ཆགས་མཁན་ཞིག་མིན་འགྲོ། ཁ་བརྡ་དྲ་ཁང་གི་སྔ་འགྱུར་རྙིང་མའི་དབུ་ཁྲིད་དགོངས་པ་ཆོས་དབྱིངས་སུ་ཐིམ་འདུག་ཅེས་པའི་འོག་གི་མཆན་༡༢པ།་་་་་་་་་་་་་་་་་་་་་་་་་་
མ་གཞི་ནས་པད་ནོར་ཆེན་པོ་ཅང་འགོར་གི་མ་རེད། མགྱོགས་པོ་འཁྲུངས་ཡོང་གི་རེད། གང་ཡིན་ཟེར་ན་ཁོང་གིས་སྒོར་མོ་མང་བསགས་ཡོད་པ་ཚང་མ་ཤུལ་དུ་ལུས་ཡོད་པས་དེ་བརླག་འགྲོ་གི་རེད་བསམ་ནས་ཐག་རིང་པོ་ལ་ཕེབས་ཐུབ་ཀི་མ་རེད། མགྱོགས་པོ་ཕྱིར་ཡོང་གི་རེད། ཁ་བརྡ་དྲ་ཁང་གི་སྔ་འགྱུར་རྙིང་མའི་དབུ་ཁྲིད་དགོངས་པ་ཆོས་དབྱིངས་སུ་ཐིམ་འདུག་ཅེས་པའི་འོག་གི་མཆན་༡༣དང་༡༤པ།་་་་་་་་་་་་་་་་་་་་་་་་་་་
བླ་མ་ཚོ་བཤན་པ་ཞིག་དང་འདྲ་ཞིང་ནང་ཆོས་ནི་ཁོ་ཚོའི་ལག་གི་རལ་གྲི་དང་འདྲ་བར་བོད་ཆེན་པོ་དུམ་བུ་བཞི་རུ་བཏང་བ་རེད། བླ་མ་འདི་ཚོ་རང་རང་གི་རུ་སྣེ་འདྲེན་མཁན་གྱི་དམག་དཔོན་ཤར་སྟག་རེད། སྔ་འགྱུར་རྙིང་མའི་དམག་དཔོན་ཆེན་མོ་སྐུ་གཤེགས་པར་སེམས་གསོ་ཡོད། ཁ་བརྡ་དྲ་ཁང་གི་སྔ་འགྱུར་རྙིང་མའི་དབུ་ཁྲིད་དགོངས་པ་ཆོས་དབྱིངས་སུ་ཐིམ་འདུག་ཅེས་པའི་འོག་གི་མཆན་༡༥པ།་་་་་་་་་་་་་་་་་་་་་་་་་་་་་་་་
གསེར་གྱི་ལྷ་ཁང་བཞེངས་པའི་ཚོང་དཔོན་ཡང་།།
ཞིང་ཁམས་གཞན་དུ་ཕེབས་པའི་དོགས་མ་བྱེད།།
ཚེ་གཅིག་འབད་པས་བསྐྲུན་པའི་ནོར་དྲན་ནས།།
ཉེ་བའི་འགྲམ་ན་ལྡིང་སྐོར་བརྒྱག་བཞིན་ཡོད།།
ཉམས་ཆུང་བོད་མི་མཐོང་འདོད་མེད་པ་ལས།།
མགོ་སེར་ཕྱུག་བདག་ཚོ་ལ་ཞལ་གཟིགས་སྟོན།།
འབྱོར་མེད་བོད་མིས་མིག་གིས་མི་མཐོང་ཡང་།།
འབྱོར་ལྡན་ཀུན་ལ་པད་ནོར་སྒོ་ཉན་ཡོད།། ཁ་བརྡ་དྲ་ཁང་གི་སྔ་འགྱུར་རྙིང་མའི་དབུ་ཁྲིད་དགོངས་པ་ཆོས་དབྱིངས་སུ་ཐིམ་འདུག་ཅེས་པའི་འོག་གི་མཆན་༢༥པ།་་་་་་་་་་་་་་་་་་་་་་་་
ཁོང་རྒྱ་གར་ནང་གི་བླ་མ་ཕྱུག་ཤོས་རེད་ཟེར། ཨ་རི་དང་ཐེ་ཧན་སོགས་ན་སྦྱིན་བདག་དང་ཆོས་ཚོང་ཁང་མང་ཤོས་ཀྱི་བླ་མ་དེ་ཡིན་པ་རེད། ལྷོ་ཕྱོགས་ན་གསེར་གྱི་ལྷ་ཁང་བཞེངས་ཡོད་པ་རེད། བོད་མི་རྣམས་འུ་ཐུགས་ཐབས་ཟད་ཀྱི་སྐབས་འདིར་ཁོང་ལ་གསེར་གྱི་ལྷ་ཁང་བཞེངས་སྤྱད་དེ་འདྲ་ཡོད་ན་བོད་ཕྲུག་ཚོའི་ཆེད་དུ་སློབ་གྲྭ་ཁ་ཤས་བརྒྱབ་ཆོག་མོད། ཡོད་ཚད་ཁོ་རང་གི་ཆོས་ཚོང་ཁང་གི་མཛེས་རྒྱན་དང་མཚན་སྙན་གྱི་ཆེད་གཏོང་བ་མ་ཟད། གསེར་གྱི་ལྷ་ཁང་བཞེངས་པ་དེའི་ནང་སླར་ཡང་ཁོ་རང་སྐྱེས་འདོད་པ་མིན་འགྲོ། ཁ་བརྡ་དྲ་ཁང་གི་སྔ་འགྱུར་རྙིང་མའི་དབུ་ཁྲིད་དགོངས་པ་ཆོས་དབྱིངས་སུ་ཐིམ་འདུག་ཅེས་པའི་འོག་གི་མཆན་༡༨པ།་་་་་་་་་་་་་་་་་་་་་་་་་་་་་
པད་ནོར་མི་འགོར་སླར་ཡང་འཁྲུངས་པར་ངེས།།
གསེར་གྱི་ལྷ་ཁང་ནང་ལ་བཞུགས་མཛད་དེ།།
རིན་ཆེན་ཆོས་ཀྱི་ཚོང་ལས་བྱེད་དུ་འོང་།།
སྦྱིན་བདག་ཕྱུག་པོ་ཚོ་ལ་མཇལ་བར་ངེས།། ཁ་བརྡ་དྲ་ཁང་གི་སྔ་འགྱུར་རྙིང་མའི་དབུ་ཁྲིད་དགོངས་པ་ཆོས་དབྱིངས་སུ་ཐིམ་འདུག་ཅེས་པའི་འོག་གི་མཆན་༢༥པ།་་་་་་་་་་་་་་་་་་་་་་་་་་་་་་་་
པད་ནོར་མི་འགོར་སླར་ཡང་འཁྲུངས་པར་ངེས།།
གསེར་གྱི་ལྷ་ཁང་ནང་ལ་བཞུགས་མཛད་དེ།།
རིན་ཆེན་ཆོས་ཀྱི་ཚོང་ལས་བྱེད་དུང་འོང་།།
ནུབ་ཕྱོགས་སྦྱིན་བདག་ཚོ་ལ་མཇལ་དུ་འོང་།།
འབྱོར་ལྡན་ཀུན་ལ་པད་ནོར་སྒོ་ཉན་ཡོད།། ཁ་བརྡ་དྲ་ཁང་གི་སྔ་འགྱུར་རྙིང་མའི་དབུ་ཁྲིད་དགོངས་པ་ཆོས་དབྱིངས་སུ་ཐིམ་འདུག་ཅེས་པའི་འོག་གི་མཆན་༡༩དང་༢༠པ།་་་་་་་་་་་་་་་་་་་་་་་་་
བཙན་པོའི་རྒྱུད་ནས་ཆེད་པའི་གདོང་དམར་བོད་མི་དགོས་པ་བོད་ས་ཡིན།
སྤྲུལ་སྐུ་འབོད་པའི་རྒྱག་རྒན་འདི་ཚོ་དགོས་བ་རྒྱུ་དང་ཐོབ་ས་ཡིན།
བླ་སྤྲུལ་འདི་ཚོའི་བླ་བྲང་ཤོར་དུས་རང་ས་སྐྱུར་ནས་གཞན་ལ་ཤོར།
གཞན་གྱི་གཤེད་དམག་ནང་དུ་དྲངས་ནས་གདོང་དམར་བོད་མི་སྡེབ་གསོད་བྱེད། ཁ་བརྡ་དྲ་ཁང་གི་སྔ་འགྱུར་རྙིང་མའི་དབུ་ཁྲིད་དགོངས་པ་ཆོས་དབྱིངས་སུ་ཐིམ་འདུག་ཅེས་པའི་འོག་གི་མཆན་༤༡པ།་་་་་་་་་་་་་་་་་་་་་་་་་་་་་་་་
ཀ་ཡེ་རྒྱུ་འབྲས་མེད་པའི་ལྕི་འཐུས་ཚོ།།
ཁ་བ་ཅན་གྱི་སྤྱི་དོན་མི་གླེང་ཞིང་།།
ག་ལེར་ཆུ་ཚོད་བསྐྱལ་བའི་ཉེས་ཅན་ཚོ།།
ང་ལ་དབང་ཞིག་ཡོད་ཚེ་གསོད་ན་འདོད།།
དུས་བབ་ཟིན་བྲིས་ནང་གི་གྲོས་ཚོགས་ཁང་ནང་དུ་བྲིས་པའི་སྙན་ངག་བཀླགས་རྗེས་ཞེས་པར།
ཚེ་ཟད་ཁྱོད།་་་་་་་་་་་་་་་་་་་་ བསམ་གཏན་ཟེར་བ་ཚེ་ཟད་་་་་་་་་་་ཁ་་བརྡའི་ནང་གི་གདོན་འཕྲུལ་གྱིས་བསླུས་པ་ལྟ་བུའི་ལོ་རྒྱུས་ཞེས་པའི་འོག་གི་མཆན་༢༩དང་༣༢པ་་་་་་་་་་་་་་་་་་་་་་
ཅ་ཅོའི་ཚིག་རྙོག་མང་པོ་གླེང་མཁས་པའི།།
ཆ་ཡོད་སྤྱི་འཐུས་འདི་ཚོ་སྐྱུགས་རེ་བྲོ།།
ཇ་ཆང་ཐུགས་སྤྲོ་བསམ་ནས་ཡོང་བ་ལས།།
བོད་ཀྱི་སྤྱི་དོན་བསམ་མཁན་གཅིག་ཀྱང་མེད།།
དུས་བབ་ཟིན་བྲིས་ནང་གི་གྲོས་ཚོགས་ཁང་ནང་དུ་བྲིས་པའི་སྙན་ངག་བཀླགས་རྗེས་ཞེས་པར།་་་་་་་་་་་་་་་་་་་་་་་་་་་
དང་པོ་བླ་མ་བྱིན་རླབས་ཅན།།
བར་དུ་བླ་མ་འབྱོར་ཕྱུག་ཅན།།
མཐའ་མ་བླ་མ་སྲོག་འཕྲོག་མཁན།།
ཕྱི་མ་བླ་མས་དམྱལ་བར་འཕེན།། ཁ་བརྡ་དྲ་ཁང་གི་བོད་ཀྱི་སྤྲུལ་སྐུའི་སྐོར་ལ་བསམ་འཆར་ཡོད་ན་འདིར་ཤོད་ཅེས་པའི་འོག་གི་མཆན་༡་་་་་་་་་་་་་་
ངས་རྒྱལ་བ་པན་ཆེན་གྱི་ལམ་ལུགས་དེས་ངེད་ཚོའི་སྤྱི་ཚོགས་ལ་སྐྱོན་ག་ཚོད་རྒྱག་གི་ཡོད་པ་འདི་ཤོད་རྒྱུ་ཡིན། ཁ་བརྡ་དྲ་ཁང་གི་བོད་ཀྱི་སྤྲུལ་སྐུའི་སྐོར་ལ་བསམ་འཆར་ཡོད་ན་འདིར་ཤོད་ཅེས་པའི་འོག་གི་མཆན་༥༠པ་་་་་་་་་་་་་་་་་་་་་
ངས་བླ་མ་ཚོ་ལ་ཚོང་བ་ཞིག་འདུ་ཤེས་ལས་འཇོག་གི་མེད་ལ། འདི་ནི་བླ་མ་ཚོས་ང་ལ་བཞག་པའི་བག་ཆགས་རེད། ཁ་བརྡའི་ནང་གི་གདོན་འཕྲུལ་གྱིས་བསླུས་པ་ལྟ་བུའི་ལོ་རྒྱུས་ཞེས་པའི་འོག་གི་མཆན་༢༩པ་་་་་་་་་་་་་་་་་་་་་་་་་་
བཙན་བྱོལ་ནང་གི་བླ་མ་བརྒྱ་ཆ་དགུ་ཅུ་ལ་ཚོང་བ་རེ་རེའི་འདུ་ཤེས་ལས་མེད། དེ་ནི་དེ་འདྲ་ཚབས་ཆེན་ཞིག་རེད་དམ། ཁ་བརྡའི་ནང་གི་གདོན་འཕྲུལ་གྱིས་བསླུས་པ་ལྟ་བུའི་ལོ་རྒྱུས་ཞེས་པའི་འོག་གི་མཆན་༣༥པ་་་་་་་་་་་་་་་་་་་་་་་་་
གྲོགས་པོ་ཚོ། ད་དུང་མི་འདིས་ད་ནས་བཟུང་རང་བཙན་ལག་དེབ་ལ་སྒོར་མོ་རྡོག་གཅིག་སྤྲད་ན་དཀོན་མཆོག་གསུམ་ཟེར་བའི་མཆན་རྒྱས་པ་ཞིག་ཡོད་ཀྱང་དེ་རིང་འཚོལ་ཐུབ་མ་སོང་། རྗེས་སུ་ཁྱེད་ཚོར་སྟོན་ཆོག ད་དུང་ཤིས་ཚང་མཁྱེན་རབ་ཀྱིས་མི་འདིའི་རིགས་ལ་གདོང་འབག་ཅན་གྱི་སྨྱུག་ཐོག་པ་དང་། ཡང་ལྷ་ཆབ་སྦྱིན་པས་མི་འདིའི་རིགས་ལ་དྲ་འབུ་ཞེས་བཏགས་འདུག་མོད། ཁོ་བོས་མི་འདིའི་རིགས་ལ་དྲ་འདྲེ་ཞེས་བཏགས་པ་ཡིན། གང་ཡིན་ཟེར་ན་བོད་མིའི་སེམས་ནང་ན་ཡོད་པའི་གདོན་འདྲེ་ཞིག་གི་བྱེད་ལས་ཡོངས་རྫོགས་ཚང་ཡོད་པས་རྒྱུ་མཚན་གྱིས་སོ།།
སྟག་སྨྱོན་རོ་སྐེ་བཏགས། འོག་གི་མཆན་འདི་ཚོ་ངས་སྐར་མ་ལྔའི་རིང་ལ་ཕྱོགས་བསྡུས་བྱས་པའི་ཁྱོད་ཀྱི་རིན་ཐང་དང་བྱ་སྤྱོད་ལ་བལྟ་བའི་མེ་ལོང་ཡིན། དེ་ཡང་བརྗོད་གཞི་གཅིག་རང་གི་འོག་གི་མཆན་གྱི་ནང་ནས་བསྡུས་པ་ཡིན། དོ་དགོང་ད་ང་ཉལ་དགོས་ཀྱི་འདུག སང་ཉིན་གནང་ཉིན་ག་ལེ་བྱས་ནས་ཁྱོད་ཀྱི་རིན་ཐང་གཞལ་བྱེད་ཀྱི་ཐིག་ཤིང་བརྒྱ་ཕྲག་ལྷག་ཁྱོད་ཀྱི་སྐེ་ལ་རོ་བཞིན་བཏགས་ཆོག
༢༢༽ lolo ནས།
སྤྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༣༡ གི་ཆུ་ཚོད་ ༡༥ སྐར་མ་ ༡༦
ཨ་རོ་གདོང་དམར་གྱི་བུ་ཡིན་མིན་མི་ཤེས། དམར་བུ་ཞིག་ཡིན་པ་འདྲ། པད་ནོར་རིན་པོ་ཆེ་ལ་དད་པ་ཡོད་མཁན་ཚོས་ཁོང་ལ་གུས་བསྟོད་བྱས་ན་ཁྱེད་ཅི་ཕྱིར་མ་དགའ་བ་ཡིན་ནམ། པད་ནོར་ཚང་ལ་སྒོར་མོ་མང་ན་ཁྱོ་ཅི་ཕྱིར་ཚ་བོ་ཆགས་སོང་རེད་དམ། མ་གཞི་ཁྱོ་རྡ་ས་ན་མུགས་ཤི་འགྲོ་བཞིན་པ་ཞིག་ཡིན་པ་འདྲ། ཁྱོ་འདྲ་བའི་སློབ་གྲ་བ་ཡོད་པ་ལས་ཧི་མ་ལའི་སྤྲང་ཕྲུག་འགར་གསོ་སྐྱོང་བྱེད་ན་བཟང་གི
༢༤༽ ཨ་རིག་དགེ་མཐོང་ནས།
སྤྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༣༡ གི་ཆུ་ཚོད་ ༡༥ སྐར་མ་ ༣༨
ང་ཚོས་ཞེ་ས་བྱས་ན་གྲོང་སྡེ་ནང་གི་ཨ་མ་ཞིག་ཤི་ན་ར་གྲོངས་སོང་ཞེས་ཞེ་ས་སྦྱོར་རྒྱུ་འདུག་ལ། ད་ལྟ་བླ་མ་ཆེན་པོ་འདི་ཚང་ལ་ཞེ་ས་སྦྱོར་ལོས་དགོས། ཁ་ངན་གདོང་དམར་བུ་ཟེར་བ་ཁྱོད་ཀྱི་ཁྱི་ཁ་བཙུམས་ན་མི་ཆོག་ག
༢༦༽ lolo ནས།
སྤྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༣༡ གི་ཆུ་ཚོད་ ༡༦ སྐར་མ་ ༣༨
ཨ་རོ དམར་བུ། ཁྱོས་བོད་ལ་ཤ་ཚ་ཡོད་ཁུལ་བྱས་ནས་བོད་ཀྱི་སྙིང་སྟོབས་ཀྱི་རྩ་བ་དད་པ་མེད་པར་བཟོས་ནས་རྒྱ་དམར་ལ་སྲིད་ཞུ་སྒྲུབ་གི་ཡོད་ནོ་མི་ཤེས་རྒྱུ་ཡོད་ནི་མེད།
༢༧༽ བསྟན་འཛིན་བདེ་གསལ་ནས།
སྤྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༣༡ གི་ཆུ་ཚོད་ ༡༦ སྐར་མ་ ༥༤
Hi Dhongmar,
First, I find you are a very crooked whose mind is densely clouded with red Mao’s shitty doctrines.
Secondly, you are a coward rat who is not shameful to use big names such as Tak-Nyon and Dhongmar while acting like a dirty rate. I am deeply sad to learn that you have not a single hesitation at all to create disharmony in Tibetan community.
You are applying salt to wounds of those who are suffering.
༢༩༽ ཀུན་གསལ་ནས་ནས།
སྤྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༣༡ གི་ཆུ་ཚོད་ ༡༧ སྐར་མ་ ༥༣
དྲ་དཔོན་ལགས། པད་ནོར་རིན་པོ་ནི་སྔར་འགྱུར་རྙིང་མའི་དབུ་འཛིན་དང་སྤྱི་ནོར་ཡིན་པར་མ་ཟད་བོད་པ་སྤྱིའི་བླ་མ་གལ་ཆེན་ཞིག་རེད། བོད་ཕྱི་ནང་གི་རྙིང་མ་བ་ཡོངས་དང་འབྲུག་རྒྱལ་ཡོངས་ཀྱིས་མྱ་ངན་བྱེད་བཞིན་པའི་སྐབས་འདིར་གདོང་དམར་གྱི་བུ་འམ་དམར་བུ་ཟེར་བ་འདིས་སྐྱབས་རྗེ་པད་ནོར་རིན་པོ་ལ་ངན་སྨྲས་དང་སྙིང་གིས་མི་བཟོད་པའི་ཚིག་རྩུབ་བྱས་པ་འདི་རྩ་འགོག་བྱོས་ན་ཡོག་པོ་འདུག
༣༢༽ བསྟན་འཛིན་བདེ་གསལ་ནས།
སྤྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༣༡ གི་ཆུ་ཚོད་ ༡༩ སྐར་མ་ ༤༨
ཁ་བརྡ་དྲ་དཔོན་ཚོ་ངོ་མ་ཐ་ཆད་རེད། ཤི་སྡུག་གི་སྒང་ལ་ཤུལ་ལུས་མྱ་ངན་གྱིས་གདུང་བ་ཁྲི་ཁྲི་འབུམ་འབུམ་ལ་འཕྱ་དམོད་དང་ཁྱད་གསོད་བྱེད་པ་ད་དུང་མང་གཙོའི་གཤིས་ཀ་ཡིན་མདོག་མདོག གཏམ་བརྗོད་རང་དབང་རེད་མདོག་མདོག
ད་ལམ་དྲ་གནས་འདི་དམར་པོའི་སྐྱག་དྲི་འཐུལ་ལི་ལི་གི་ལྡིངས་ཆ་ཞིག་ཏུ་འགྱུར་ཉེན་ཆེ་ཞེས་་དྲན་སྐུལ་ཡང་གཏོང་འདོད་བྱུང་།
༣༣༽ ཉི་འོད་ནས།
སྤྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༣༡ གི་ཆུ་ཚོད་ ༢༠ སྐར་མ་ ༠༨
རང་རིགས་གཞིས་བྱེས་སྤྱི་དང་ལྷག་དོན་བོད་མའི་ཆོས་རིག་ལ་ཐུགས་ཁུར་ཅན་རྣམས་མྱ་ངན་གྱི་རྫོང་ལ་ཞེན་པའི་དུས་ཚིགས་འདིར་ནམ་དུས་བོད་དང་བོད་མའི་རིག་གཞུང་ལ་ཤ་ཚ་མདོག་ཅན་འགའ་དགའ་བའི་སྐད་གསང་མཐོ་བ་ནི་བསམ་འདས་དང་ཡ་མཚན་གྱི་གནས་སུ་གྱར། ད་དུང་གདོང་དམར་བུའི་མིང་ཅན་གྱི་བཤད་སྟངས་ལ་བལྟས་ན་མི་འདིས་བོད་དོན་ཟེར་བ་གང་ཡིན་པ་དང་སུས་བོད་དོན་ལ་ལས་ཀ་བྱེད་ཀྱི་ཡོད་པ་ཙམ་ཡང་ཧ་མ་གོ་བའི་རྟགས་སུ་མངོན་ཞིང༌། མ་ཟད་ཁོའི་སྐད་ཆ་འགས་རང་གི་སྙིང་ཁུང་དུ་རུལ་པའི་གྲུབ་མཐའི་སྡང་ནད་ཀྱི་མངན་མཚང་ཞིག་ཕྱི་རུ་འདོན་བཞིན་ཡོད་པ་མ་ཡིན་ནམ།
༣༩༽ ཀླུ་སྨྱོན་ནས།
སྤྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༣༡ གི་ཆུ་ཚོད་ ༢༡ སྐར་མ་ ༡༨
རང་ལ་ཆོས་རིག་མི་རིགས་གསུམ་གྱིས་འབྲེལ་བ་ཡོད་པའི་བླ་མ་ལ། །
དད་པ་བྱེད་འདི་རྨོངས་དད་ཡིན་ན་དེ་གསུམ་འབྲེལ་བ་ཅང་མེད་པའི། །
དམར་པོའི་སློབ་དཔོན་མར་ཁེ་སི་དང་ཨེན་ཁེ་སི་དང་ལེ་ཉིན་དང་། །
སི་ཏ་ལིན་དང་མའོ་ཙེ་ཏུང་གིས་ཆོས་ལུགས་དུག་ཏུ་བརྩིས་པའི་གཅིན། །
མིག་གཉིས་བཙུམས་ཏེ་འཐུང་རྐྱང་བྱེད་འདི་རྨོངས་དད་མིན་ན་ཅི་ཞིག་ཡིན། །
༤༠༽ ཤར་རལ་གྲི་ནས།
སྤྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༣༡ གི་ཆུ་ཚོད་ ༢༡ སྐར་མ་ ༢༧
སྤྱིར་ངེད་ལྟ་བུ་ཞིག་ལ་མཚོན་ན། གྲུབ་དབང་པད་ནོར་མཆོག་ལ་ཆོས་འབྲེལ་ཙམ་ཡང་ཞུ་མྱོང་མེད་མོད། གང་ལྟར་ཁོང་ནི་འཇིག་རྟེན་འདིར་ཞལ་བཞུགས་དུས། ང་ཚོའི་བོད་མི་རིགས་ཀྱི་ཁྲོད་དུ་འཁྲུངས་པའི་ནང་བའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་རླབས་ཆེན་གྱི་མི་སྣ་གལ་ཆེན་ཞིག་ཡིན་པས། དེ་རིང་ཁོང་འཇིག་རྟེན་འདི་དང་ཞལ་གྱེས་ཏེ་ཕེབས་དུས། ང་ཚོའི་ཁོང་ལ་གདུང་སེམས་དང་མྱ་ངན་ཞུ་དགོས་པ་ཞིག་ལས་དམོད་ཚིག་དང་དམའ་འབེབས་བྱེད་པ་འདི་ཆེས་ཐ་ཤལ་གྱི་ལས་ཤིག་རེད།
༤༢༽ ལུང་རྟོགས་བསྟན་འཛིན་ནས།
སྤྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༣༡ གི་ཆུ་ཚོད་ ༢༢ སྐར་མ་ ༣༥
ཨ་རོ། མེ་རི། ད་ཡིན་ན་ངས་ཁྱོད་སུ་ཡིན་གསལ་བོར་ཤེས་སོང་། གྲུབ་དབང་རིན་པོ་ཆེས་གཤེད་དམག་ནང་དུ་དྲངས་ནས་བོད་མི་སྡེབ་གསོད་བྱས་པའི་དཔང་རྟགས་ཁྱོད་ལ་ཨེ་ཡོད། ཁྱོད་ཀྱིས་མིང་འདྲ་མིན་བེད་སྤྱོད་བྱས་ནས་སྡིག་དམོད་བྱེད་དོན་ཅི་ཡིན། མགྱོགས་པོར་དགོངས་དག་ཞུས་ཤོག་མ་གཏོགས་ངས་ཁྱོད་ཀྱི་མིང་ངོ་མ་དང་ལོ་རྒྱུས་ངོ་མ་ཀུན་སློང་ངོ་མ་འདིར་ཁྱབ་བསྒྲགས་བྱེད་རྒྱུ་ཡིན།
ཁྱོད་ངོ་མ་འདི་འདྲའི་ཐ་ཤལ་བ་ཞིག་ཡིན་སྣང་མ་ཤར།
༤༩༽ བསྟན་འཛིན་བདེ་གསལ་ནས།
སྤྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༡ གི་ཆུ་ཚོད་ ༧ སྐར་མ་ ༢༢
ད་གོང་་ནས་ཞིང་གཤེགས་པད་ནོར་རིན་པོ་ཆེ་ལས་འཕྲོས་ཏེ་དཀྲུགས་དཀྲུགས་ཡག་ཐག་ཆོད་ཅིག་བཏང་་ཏེ། ད་ལམ་ཁྱོད་ཀྱིས་སླར་ཡང་གསར་འབྱོར་དང་་རྙིང་འབྱོར་གཉིས་དཀྲུག་དཀྲུག་གཏོང་འདོད་ཡིན་ནམ།
༥༣༽ ལུང་རྟོགས་བསྟན་འཛིན་ནས།
སྤྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༡ གི་ཆུ་ཚོད་ ༡༡ སྐར་མ་ ༠༢
གདོང་དམར་གྱི་བུ་ཟེར་བའི་གསར་ཐོན་དགྲ་བོ་ཁྱོད་ཉོན་ཅིག ངས་ཁྱོད་པད་ནོར་རིན་པོ་ཆེ་ལ་དད་དགོས་ཟེར་གྱི་མེད་ལ་དག་སྣང་དགོས་ཀྱང་ཟེར་གྱི་མེད། ཁྱོད་པད་ནོར་རིན་པོ་ཆེ་ལ་མ་དད་ན་དམ་ཉམས་རེད་ཀྱང་ཟེར་གྱི་མེད། དེ་ཁྱོད་ཀྱི་རང་དབང་རེད། འོན་ཀྱང་ང་ཚོའི་བླ་མ་གྲོངས་པའི་སེམས་སྡུག་གི་ཐོག་ཏུ་ཁྱོད་ཀྱིས་དགའ་བའི་རྟ་རྒྱུགས་བྱེད་བཞིན་སྙིང་ཚིམ་ཡང་ཡང་བརྡར་བ་འདི་ཧ་ཅང་མ་འོས། འཇིག་རྟེན་མི་ལུགས་ཀྱི་ཐོག་ནས་བཤད་ཀྱང་མི་ཞིག་ཤི་བའི་ཐོག་ཏུ་སྙིང་ཚིམ་གཏོང་བ་འདི་དགྲ་བོ་ཁོ་ན་མ་གཏོགས་སུ་ཞིག་གིས་བྱེད། གང་ལྟར་དེ་རིང་དགྲ་བོ་ཁྱོད་ལ་སྐད་ཆ་མང་པོ་བཤད་འདོད་མེད། བཤད་འདོད་པ་གཅིག་ཡོད་པ་ནི། ང་ཚོས་ཞིབ་འཇུག་ནན་མོ་བྱས་པ་བརྒྱུད་ཁྱོད་སུ་ཡིན་གསལ་བོར་ཤེས་སོང་། ང་ཚོས་ཁྱོད་ཤེས་པའི་རྒྱུ་རྐྱེན་ཁྱོད་ཀྱིས་ཀྱང་ཧ་ལོས་གོ དེ་རིང་ང་ཁྱོད་ཀྱི་སར་ཡོང་མི་ཐུབ་རུང་ཉི་མ་གཅིག་ལ་ང་ཁྱོད་ཀྱི་ལག་ནས་ཤི་ཐབས་མ་བྱས་ན་དཀོན་མཆོག་གསུམ་གྱི་སྐྱབས་འོག་ནས་བུད་པ་ཡིན། ཁྱི་རྒན། ཕ་མ་གཉིས་ཀྱི་སྙིང་ཁྲག་འཐུང་རྒྱུ་ཁྱོས་སྒུག་འ་སྡོད།
༥༤༽ ཉི་འོད་ནས།
སྤྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༡ གི་ཆུ་ཚོད་ ༡༢ སྐར་མ་ ༣༨
གདོང་དམར་བུའི་མིང་ཅན་གྱི་ངོ་སྤྲོད་ཐུང་ངུ་ཞིག
དད་ཡོད་དད་མེད་བཤད་པས་ལྟོ་འགྲོའི་ལྕེ་རྩེ་མངོན།
གཞན་དཀྲི་རང་དག་བྱས་པས་གཡོ་ཅན་ཝ་མོ་འགྲོས།
སྙད་འདོགས་འཛུལ་ཁུང་བཙལ་བས་རྐུན་བུ་གཡག་ཆད་འཕག
བསྐྱར་འབྲི་ཡང་བཀོད་ཅན་དེས་དྲ་རྒྱའི་གོ་ས་བཀག
བོད་མའི་ལ་རྒྱ་ཁ་ལ་ཁྱེར་ནས་སྲོལ་བཟང་རིག་གཞུང་རྐང་ནས་འཐེན།
ཕ་མེས་ཆོས་རིག་གོམས་གསུམ་མ་ཤེས་རིག་གཞུང་རྒྱ་མཚོའི་དད་དཔོན་སྨད།
ས་ཡ་དྲུག་གི་རྩེ་ཕུད་མ་མཐོང་ས་འོག་འབུ་བཞིན་འདེང་འཇོག་མཁན།
གདོང་དམར་སྙིང་གིས་སྟོང་པའི་གདོང་དམར་བུ་ཞེས་ཁྱི་རྒན་སེང་མིང་ཅན།
༥༨༽ ལུང་རྟོགས་བསྟན་འཛིན་ནས།
སྤྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༡ གི་ཆུ་ཚོད་ ༡༧ སྐར་མ་ ༢༤
གདོང་དམར། མིན། ངས་ཁྱོད་ལ་ཚེ་སྲོག་གི་ཉེན་བརྡ་བཏང་བ་མིན། རིན་པོ་ཆེའི་ཞལ་སློབ་དང་རྗེས་འཇུག་ས་ཡ་མང་པོས་མཆི་མ་རླུང་གིས་མི་ཆོད་པའི་སྐབས་སུ་ཁྱོས་རོ་ཐོག་རྟ་རྒྱུགས་བྱས་ནས་སྙིང་ཚིམ་བརྡར་ལུགས་ལ་ལྟོས་དང་། ཁྱོད་དང་འདྲ་བའི་ཕོ་རྒོད་པོ་སྡིག་གཅོད་བཤན་པ་རྨེ་རུ་ལྟ་བུ་ཞིག་ལ་སུས་ཚེ་སྲོག་གི་ཉེན་བརྡ་གཏོང་ཕོད། འོན་ཀྱང་ང་རང་རང་ཤི་རྒྱག་ཐུབ་ཀྱི་མི་འདུག་པས་ངའི་མུག་སྲོག་རྟ་རྔ་འདྲ་བོ་ཁྱོད་ཀྱིས་གཅོད་རོགས་ཀྱིས་ཞེས་ཞུ་བ་འཐེན་དུ་ཡོང་འདོད་ཡོད། ངའི་རྩ་བའི་བླ་མ་གྲོངས་པའི་ཐོག་ལ་སྙིང་ཚིམ་འདི་འདྲ་བཏང་བ་ཉན་ནས་སྡོད་ཐུབ་ཀྱི་མི་འདུག ཁྱི་རྒན། ངས་བྲང་གཟེད་ནས་ཁྱོའི་ས་ལ་གཅིག་ཡོང་མ་ཐུབ་དུས་ང་ཁྱིའི་བུ་ཡིན། ཁྱོས་ང་གཅིག་གསོད་མ་ཐུབ་དུས་ཁྱོད་ཁྱིའི་བུ་ཡིན།
༦༠༽ ཨ་བུ་བྷ་རྡོ་ནས།
སྤྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༡ གི་ཆུ་ཚོད་ ༡༩ སྐར་མ་ ༥༧
ཨ་རོགས་ཚོ། ལུང་རྟོགས་བསྟན་འཛིན་ལ་ཁག་ཡོད་རྒྱུ་མ་རེད། རོ་ཐོག་རྟ་རྒྱུགས་ཟེར་བ་དེ་སྙིང་ཚ་བོར་བསྔོགས་པ་དང་གཅིག་མཚུངས་རེད། ད་དུང་ཆོས་པ་ཞིག་ལ་མཚོན་ན་བླ་མ་གྲོངས་པ་དེ་ཕ་མ་གྲོངས་པ་ལས་ཀྱང་སྡུག་གི་རེད། དུས་ཚོད་འདི་འདྲའི་སྐབས་སུ་སྙིང་ཚིམ་བགྲངས་པ་དེ་དོན་དག་ཆུང་ཞིག་གཏན་ནས་མ་རེད། རྒད་པོ་ང་ཡིན་རུང་གཅིག་མི་འཐམ་ན་དཀོན་མཆོག་གསུམ། མ་གཞི་བོད་མི་ཚོའི་ནང་ན་གདོང་དམར་གྱི་བུ་ཟེར་བའི་མི་འདི་ལྟ་བུའི་རྩ་མི་ཚང་མཁན་ཡོད་པ་དེ་ངོ་མ་ཐབས་སྡུག་རེད། ངས་བལྟས་ན་གདོང་དམར་གྱི་བུ་ཡིན་རྒྱུ་མ་རེད། ཕལ་ཆེར་ལག་དམར་གྱི་བུ་ཡིན་རྒྱུ་རེད། བོད་ལ་ཆོས་སྐྱོང་སྲུང་མ་ཞིག་མེད་པ་མ་གཏོགས་མི་འདི་ཅན་པོའི་སྙིང་ཁྲག་རྡ་ངོ་མ་ཐང་ལ་འཕོ་དགོས་པ་རེད། གཅིག་བྱས་ན་མི་འདི་ཡང་ཚེ་བླ་སྲོག་གསུམ་ཆ་ཚང་དོལ་རྒྱལ་དང་དོལ་རྒྱལ་གྱི་འཁོར་གྱིས་བསྡུས་ཚར་བ་ཞིག་ཡིན་རྒྱུ་རེད། མི་འདི་དངོས་གནས་དྲང་གནས་ཕ་མ་གཉིས་ཀྱི་སྙིང་ཁྲག་དྲོན་མོ་ཁ་ནང་དུ་ལྡུད་དགོས་རྒྱུ་ཞིག་རེད་འདུག ཁྱོད་ཨ་མའི་བྲང་ལ་འབྱར་ནས་ནུ་འོ་འཇིབ་ཚུལ་ཞིག་བཤད་འདུག་སྟེ་ཁྱོད་ཀྱིས་བཤད་སྟངས་དང་། ཀུན་སློང་ལ་བལྟས་ན་ཁྱོས་ཨ་མའི་ནུ་འོ་འཇིབ་ནས་ནར་སོན་པ་ཡིན་ས་མ་རེད། ཁྱོས་ཨ་མའི་སྙིང་ཁྲག་འཇིབ་ནས་ནར་སོན་པ་ཡིན་ས་རེད། ཨ་རོགས་ལུང་རྟོགས། ལག་དམར་གྱི་བུ་འདི་སུ་ཡིན་དྲྭ་ཐོག་འདི་ནས་གསལ་བོར་ཤོད་དང་ད་ལོ་དང་སང་ཕོད་སོགས་ནམ་ཡིན་རུང་ང་ཡང་གཅིག་མི་འཐམ་ན་དཀོན་མཆོག་གསུམ། ཕྱི་དགྲ་རྒྱ་མི་མི་ཐུབ་རུང་ནང་དགྲ་འདི་མོས་འདི་རྡ་ལོས་ཐུབ། མི་འདི་སུ་ཡིན་གཅིག་ཤེས་རྒྱུ་ཡོད་དུས་གཅིག་མི་འཐམ་ན་རྒྱལ་བ་རིན་པོ་ཆེ།
༦༣༽ བློ་བཟང་ནས།
སྤྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༡ གི་ཆུ་ཚོད་ ༢༠ སྐར་མ་ ༢༩
ཨ་རོགས་ཚོར། གདོང་དམར་བུ་ཟེར་བ་འདི་ཀླད་པ་སྐྱོན་ཡོད་པ་ཞིག་རེད། པད་ནོར་རིན་པོ་ཆེ་ངས་་མི་ཤེས་ཟེར་བ་དང་ཁོང་གིས་སྒོར་མོ་མང་པོ་བསགས་ཡོད་པས་མགྱོགས་པོ་ཕྱིར་ཡོང་གི་རེད།
དེ་ནས་པད་ནོར་རིན་པོ་ཆེ་ལ་དད་པ་ཡོད་ཟེར་སོགས་སྨྱོ་བཤད་རང་རེད།སྟག་་སྨྱོན་ནི་སྨྱོན་པ་རང་རེད།
ཁོས་བཤད་པ་ལ་གཟིགས་དང
༡བླ་མ་འདི་སུ་ཡིན་ངས་མི་ཤེས། ཟེར་བ་དང།
༢ དུས་བབ་ནང་མི་ཞིག་གིས་པད་ནོར་རིན་པོ་ཆེ་ལ་དད་པ་མེད་ན་གང་མགྱོགས་དམྱལ་བར་ལྷུང་གི་རེད་ཟེར་ནས་འཇིགས་བསྐུལ་གྱི་འདུག དེ་བདེན་པ་ཡིན་ནམ། བདེན་ན་ནི་དེ་འདྲའི་བླ་མ་འཇིགས་སུ་རུང་བ་ཞིག་རེད་ཨང་།
༣ མ་གཞིན་ནས་པད་ནོར་ཆེན་པོ་ཅང་འགོར་གི་མ་རེད། མགྱོགས་པོ་འཁྲུངས་ཡོང་གི་རེད། གང་ཡིན་ཟེར་ན་ཁོང་གིས་སྒོར་མོ་མང་པོ་བསགས་ཡོད་པ་ཚང་མ་ཤུལ་དུ་ལུས་ཡོད་པས་དེ་བརླག་འགྲོ་གི་རེད་བསམ་ནས་ཐག་རིང་པོ་ལ་ཕེབས་ཐུབ་ཀི་མ་རེད། མགྱོགས་པོ་ཕྱིར་ཡོང་གི་རེད།
༤པད་ནོར་རིན་ཆེ་ལ་ལུས་ངག་ཡིད་གསུམ་གྱིས་གུས་འདུད་ཡོད། པད་ནོར་རིན་པོ་ཆེ་ལ་མི་དད་པ་མ་ཡིན་ནོ།
༧༧༽ ལུང་རྟོགས་བསྟན་འཛིན་ནས།
སྤྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༢ གི་ཆུ་ཚོད་ ༢༡ སྐར་མ་ ༢༩
རེད། ཕྱག་གཉིས་པ། ཁྱོད་ཀྱིས་བྲུ་ཤའི་སྐོར་སོགས་ལ་བགྲོ་གླེང་མང་པོ་ཞིག་བྱས་པར་ངོ་མ་ཡིད་སྨོན་འཆོར་ནི་ཟིག་རེད། དྲྭ་ཐོག་འདིའི་མི་ཚང་མ་ཁྱོད་དང་འདྲ་བའི་བགྲོ་གླེང་ཡག་པོ་གནང་མཁན་ཏག་ཏག་ཡིན་ན་རང་གཞན་གཉིས་ཀར་བློ་སྐྱེད་ཐོན་ནི་རེད། དྲྭ་རྒྱ་འདི་ཡང་རིན་ཐང་ཅན་ཞིག་ཆགས་ཡོང་གི་རེད། འོན་ཀྱང་དྲྭ་ཐོག་འདིར་མིང་ཚབ་བེད་སྤྱོད་བྱེད་ཆོག་པས་ཆོས་ལུགས་འཐེན་ཁྱེར་གྱི་དུག་རོ་ཁོག་ཏུ་བཅུག་པ་འགའ་རེས་ཅི་ཟེར་འདི་ཟེར་ཞིག་མི་འདུག རྐང་བཙུགས་ནས་གོ་སྐབས་བཙལ་ཏེ་སྙིང་ལ་གྲིས་གཙག་ཡོང་གི་འདུག གནམ་སྔོན་པོ་འདིའི་འོག་ན་ཐུབ་ཚོད་ཟེར་བ་ཞིག་ཡོད་ན་དེ་ལས་ལྷག་ཅིག་བྱེད་རྒྱུ་ག་ལ་ཡོད། ཉི་མ་གཅིག་ལ་༧གོང་ས་མཆོག་གི་སྐུ་ཚེ་མ་ཟིན་པའི་གནས་ཚུལ་འདྲ་བྱུང་ན་མི་འདི་ཅན་པོས་ཡང་མིང་གསར་བ་ཞིག་བརྗེས་ནས་སྙིང་ཚིམ་བརྡར་ཡོང་གི་རེད། འདི་ཚོ་ལ་རྒྱག་རེས་བྱས་ནས་ཐག་ཨེ་ཆོད་བལྟ་རྒྱུ་མ་གཏོགས་ཐག་གཅོད་པའི་ལམ་ཁ་གཞན་ཞིག་ག་ལ་ཡོད། མགོ་བཏུམ་ནས་ཉལ་བསྡད་རུང་རུམ་ནང་དུ་ཁྲག་ལག་བཅུག་པའི་དགྲ་བོ་འཛུལ་ཡོང་གི་འདུག
སྟག་སྨྱོན།
ངས་ཁྱོད་ལ་སྡིགས་སྨད་བཏང་བའི་འབྲས་བུར་ང་ལ་དཀའ་ངལ་གཅིག་རྗེས་གཉིས་མཐུད་ནས་བྱུང་སོང་། ཐུགས་རྗེ་གཟིགས་ང་ལ་དགོངས་པ་དག་པ་མཛོད། ངས་ཁྱེད་ལ་སྨད་པ་ཐམས་བཅད་ནོར་འདུག ངའི་ཕ་ཡང་ཁ་ས་ནད་ཕོག་ནས་ཤི་སོང་། མ་ཡང་མགྱོགས་མྱུར་ཤི་འགྲབ་འདུག དགོངས་པ་དག་པ་ཞིག
དྲ་གྲོགས་གདུགས་དཀར་སྐྱབས་ལ་དྲི་ལན་ཐུང་ཐུང་ཞིག་ཕུལ་གྱི་ཡིན།
ངེད་ཀྱིས་རྩོམ་ཡིག་འདིའི་མཇུག་ཏུ་། འདི་རྩོམ་རྙིང་ཞིག་ཡིན་པ་དང་སྐབས་དེའི་ཤེས་ཡོན་གནས་ཚུལ་དང་ཐོས་རྒྱ་མཐོང་རྒྱ་གཞི་ལ་བཞག་ནས་བྲིས་བའི་རྩོམ་ཞིག་ཡིན་ཞེས་བརྗོད་ཡོད། ད་དུང་རྩོམ་འདིའི་ནང་གི་གནས་ཚུལ་རྣམས་རང་སོར་བཞག་ཐོག བསམ་ཚུལ་དང་ལྟ་ཚུལ་རྣམས་ལ་བཅོས་དང་འགྱུར་བ་བཏང་སྟེ་བོད་རྒྱ་འབྲེལ་མོལ་གྱི་བརྒྱུད་རིམ་ཡོངས་རྫོགས་ཚང་བའི་རྩོམ་ཡིག་གཞན་ཞིག་འབྲི་གིན་ཡོད་ཞེས་གསལ་བཤད་བྱས་ཡོད།
རྒྱ་ལོ་དོན་གྲུབ་ལ་བསྟོད་རྒྱུ་མང་དྲགས་འདུག་ཟེར་བ་དེ་བདེན་པ་རེད། བོད་རྒྱ་འབྲེལ་མོལ་གྱི་གནད་དོན་ཐད་ནས་རྒྱ་ལོ་དོན་གྲུབ་ལ་བསྟོད་རྒྱུ་མང་དྲགས་འདུག་ལབ་ན་བདེན་པ་རེད་སྙམ།
དེ་རིང་སང་ཉིན་ངེད་ལ་ཡང་བསམ་ཚུལ་འདི་གཅིག་མཚུངས་སུ་ཡོད། འོན་ཀྱང་། རྩོམ་རྙིང་འདི་རུ་བཀོད་པའི་རྒྱ་ལོ་དོན་གྲུབ་ཐད་ཀྱི་བསམ་ཚུལ་རྣམས་ལ་འགྱུར་བ་བཏང་མེད། རྒྱུ་མཚན། རྩོམ་རྙིང་འདི་རྩོམ་རྙིང་གི་ངོ་བོར་བཞག་པ་ཡིན། གཞན་དེ་རིང་སང་ཉིན། ངེད་ཀྱི་རྒྱ་ལོ་དོན་གྲུབ་ཀྱི་མི་ཚེའི་བརྒྱུད་རིམ་ལ་ཕྱོགས་བཞིའི་ངོས་ནས་བལྟ་གིན་ཡོད།
བོད་རང་དབང་རང་བཙན་ཤོར་ཁའི་མཚམས་ཀྱི་རྒྱ་ལོ་དོན་གྲུབ། བློ་སྨོན་ཐང་སྒྲིག་འཛུགས་དང་འབྲེལ་བའི་རྒྱ་ལོ་དོན་གྲུབ། བོད་རྒྱའི་འབྲེལ་མོལ་གྱི་གནད་དོན་དང་འབྲེལ་བའི་རྒྱ་ལོ་དོན་གྲུབ། ༢༠༠༢ལོའི་རྗེས་ཀྱི་རྒྱ་ལོ་དོན་གྲུབ་བཅས་ཕྱོགས་སྣེ་བཞི་ནས་བལྟ་གིན་ཡོད།
ཨ་ལགས་ཡེ་ཤེས་ལགས་ལ་ཡང་བསམ་ཚུལ་ཐུང་ཐུང་ཞིག་ཞུ་གི་ཡིན།
རྒྱ་ལོ་དོན་གྲུབ་ཀྱིས་ཅི་བྱས་བཙན་རྒོལ་རྒྱལ་སྐྱོབ་དང་མི་ཚེའི་བྱུང་བརྗོད་པ། སངས་རྒྱས་ཀྱི་དཔའ་རྟུལ་ཚོ་སོགས་ལ་གཟིགས་ན་ཤེས་ཀྱི་རེད་ལབ་ན་བདེན་པ་མ་རེད་ཟེར་དཀའ་མོད།
གཟིགས་ན་ཤེས་མི་ཤེས་ལ་ཡང་དཔྱད་ཞིབ་བྱེད་རྒྱུ་ཏནཏན་འདུག་བསམ། བཙན་རྒོལ་རྒྱལ་སྐྱོབ་དང་མི་ཚེའི་བྱུང་བ་བརྗོད་པའི་ཁོངས་སུ་རྒྱ་ལོ་དོན་གྲུབ་ཀྱི་དཀར་ཕྱོགས་རྐྱང་རྐྱང་མ་གཏོགས་གླེང་མེད་ལབ་ན་ཡང་རྫུན་དུ་མི་འགྲོ དཔེར་ན། བདུན་ཅུ་དོན་གྲངས་ནང་ལ་བྱུང་བའི་འབྲུག་གི་གནས་ཚུལ་དང་དེའི་རྒྱབ་ལྗོངས། འབྲས་ལྗོངས་སུ་བཅོལ་བའི་ཡབ་གཞིས་ཀྱི་དངུལ་དངོས་སྐོར་གྱི་གནད་དོན། བདུན་ཅུའི་འགོར་བྱུང་བའི་བལ་ཡུལ་ནང་གི་གནས་ཚུལ་དང་འབྲེལ་འབའ་བ་ཡེ་ཤེས་དང་རྒྱ་རྡོ་དབང་འདུས་ཀྱི་སྐོར་གྱི་གནས་ཚུལ། བློ་སྨོན་ཐང་སྒྲིག་འཛུགས་ཀྱི་དངུལ་རྩིས་ཀྱི་གླེང་རྙོག་སྐོར་སོགས་གསལ་གསལ་ཐིང་ཐིང་ཞིག་གླེང་མེད་པར་མ་ཟད་སྤྱན་ཡ་གཅིག་གིས་གཟིགས་ནོར་ཤོར་བའི་གནད་དོན་ཧ་ཅང་མང་། ད་དུང་བོད་རྒྱ་འབྲེལ་མོལ་གྱི་ཐད་ནས་ཏིན་ཞོའོ་ཕིང་གི་སྐད་ཆ་ཚིག་རྩར་བཟུང་བའི་གནད་དོན་གྱི་སྐོར་དང་༡༩༨༩ལོའི་པཎ་ཆེན་རིན་པོ་ཆེའི་དགོངས་རྫོགས་ཀྱི་མྱ་ངན་མཛད་སྒོའི་མགྲོན་ཤོག་དང་འབྲེལ་བའི་གནད་དོན་། རྒྱ་ལོ་རང་ངོས་ནས་༧གོང་ས་མཆོག་ལ་གཟིགས་ཚུལ་སོགས་རེ་རེ་བཞིན་དཔྱད་ཞིབ་བྱེད་རྒྱུ་ཧ་ཅང་མང་ཡ།
འ་འ་གྲོགས་བསམ་གཏན། ཁྱོད་སྨྱོས་དང་ནི་མ་རེད་པྰ། ཕ་མ་ལ་ཡང་་་་་་ འ འ་ ད་དེང་སང་གི་མི་འདི་ཚོ་མགོ་ནང་ལ་ཅིག་བྱུང་འདུག
འོ་འོ་ངས་ནོར་སོང་།
གཞོན་ནུ་ཟླ་མེད་ལགས། གོང་གི་མཆན་༡༡པ་དེ་ངའི་མཆན་མ་རེད། སྟག་སྨྱོན་གྱིས་མིང་དང་ཁ་བྱང་གསར་བ་བཟོས་ནས་ང་ཡིན་མདོག་བྱས་པ་རེད། ངའི་ཕ་མ་གཉིས་ཀ་ད་ལྟ་བདེ་ཐང་ཡིན་པར་མ་ཟད་ལོ་ཡང་གཞོན་གཞོན་ཡིན། སྟག་སྨྱོན་གྱིས་བོད་གཞུང་མང་གཉིས་ཁ་སྡིག་སྨད་བཏང་རུང་ཁ་ནས་ཁྲག་མ་སྐྱུགས་ན་ངས་སྟག་སྨྱོན་ལ་སྡིག་སྨད་བཏང་བས་ཕ་མ་གཉིས་ཀ་ཤི་དོགས་མེད། སྟག་སྨྱོན་ཁྱོད་ཨུ་གཉིས་ཀྱིས་ལྟད་མོ་ག་ལེར་བལྟ་ཨ། ཁྱོས་མི་བྱེད་རྒྱུ་གཅིག་ཀྱང་མི་འདུག་སྟེ་ཁྱོས་སྒུག་འ་སྡོད། ཉི་མ་གཅིག་ལ་ངས་ཁྱོད་ལ་དྲ་ཐོག་འདི་ནས་འབྲས་བུ་འདི་ཡིན་ཟེར་རྒྱུ་ཞིག་ཡོད་པ་བྱེད་ཡོང་། ཁྱོད་བྲེལ་བ་མ་ལངས་ཨ།
ད་གཡུག་ཞོག ཐང་ཆད་ཀྱི་འདུག
འ་འ་འ རིག་འབྱུང་བཀྲ་ཤིས་དོན་འགྲུབ་ཡིན་ནས་ན་འདི་ད་ཆབ་སྲིད་བཤད་དགོས་ན་ངོ་ནས་ལྷ་བབས་དང་ནས་འདྲ་ཟིག་རེད། རྡ་སའི་ལྷ་བ་དེ་ཚོ་ལྷ་བབས་ན་ཡང་ག་གི་འགག་གི་ཟིག་རེད།
རིག་འབྱུང་བཀྲ་ཤིས་དོན་འགྲུབ་འདིས་བདེ་སྲུང་ཉམས་ཞིབ་ནས་ལས་ཀ་ལས་ན་ཡག་ས་རེད་འདུག ཉམས་ཞིབ་ལས་ཁུངས་གི་མི་དེ་ཚོ་ཆེད་ལས་ལས་བྱེད་པ་ཡིན་ན་ཡང་འདི་འདྲ་ཞིབ་ཚགས་ཤོད་ཤེས་ཀྱི་མི་འདུག ལྷག་པར་དུ་ འོ་ ད་མང་པོ་མི་བཤད།
རིག་འབྱུང་གིས་དྲི་ལན་གནང་བར་བཀའ་དྲིན་ཆེ། རྒྱ་ལོའི་སྐོར་ནས་དྲི་བ་མང་པོ་ཡོད་ལ་དེ་ཚོ་རེ་རེ་བཞིན་འདྲི་གི་ཡིན་ད། ལན་རྒྱོབས་ཤོག་ཨ།
གཞོན་ནུ་ཟླ་མེད་འདིས་ཅི་ཟེར། སློབ་མ་ཞིག་ལ་བདེ་སྲུང་ཉམས་ཞིབ་ཁང་དུ་ལས་ཀ་བྱེད་ཐུབ་རྒྱུའི་འཇོན་ཐང་ཨེ་ཡོད།
བསམ་གཏན་ལགས།
ངས་ཁྱེད་ཡིན་མདོག་བྱས་ནས་གོང་གི་མཆན་༡༡༽པ་དེ་བཏང་བས་དངོས་གནས་དྲང་གནས་ད་ང་རང་ལ་ལས་རྒྱུ་འབྲས་འཁོར་སོང་། ངའི་ཕ་མ་གཉིས་ག་ལ་མདང་དགོང་གཟའ་ནད་གདུག་པ་ཅན་ཞིག་ཕོག་ནས་གཅིན་སྐྱག་གར་ཤོར་འདིར་ཤོར་མེད་པ་དང་། ཁ་དཀྱོག་དཀྱོག མིག་དཀྱོག་དཀྱོག་ཆགས་ནས་ད་ཆ་སྨན་ཁང་དུ་ཡོད། ད་ནངས་ནས་བཟུང་ཁྲག་དྲོན་མོ་སྐྱུགས་ཀྱི་འདུག་ཟེར། ད་དུང་ཨ་མས་རང་ཤི་རྒྱག་རྒྱུ་ཡིན་ཟེར་ནས་མི་མང་པོས་བཟུང་ཡང་ཐུབ་མི་ཐུབ་བྱེད་ཀྱི་འདུག་ཟེར། ད་ཧ་ལམ་ཤི་རྒྱུར་ཐག་མི་རིང་བ་འདྲ། ཧུ་ཧུ་ཧུ། ང་རང་ཡང་ད་ནངས་ཞོགས་པ་ཡར་ལངས་དུས་ཁྲག་སྡེར་མ་གང་ཙམ་སྐྱུགས་སོང་བར་ཟད། མདང་དགོང་རྨི་ལམ་ནང་ལ་ལྕགས་ཀྱི་སྡིག་པ་ར་ཙ་གཡག་ཤད་ཙམ་ཞིག་ཡོང་སྟེ་ངའི་བྲང་བསྔོགས་ནས་སྙིང་དྲོན་མོ་དམར་ཙ་རེ་བླངས་སོང་བ་ཞིག་རྨིས་སོང་བས་ད་ང་ངོ་མ་ངེས་གནས་ཞེད་ཀྱི་འདུག སྐུ་མཁྱེན་ང་ལ་སྙིང་རྗེ་སྒོམ་ནས་བཟོད་སྒོམ་གནང་རོགས་ཞུ། ང་རང་གིས་རང་བྱས་ཀྱི་རྣམ་སྨིན་རང་ལ་འཁོར་བ་ད་ངོས་ཟིན་གྱི་འདུག
དྲ་དཔོན་དང་ཀློག་མི་ཚོར་ཞུ་རྒྱུར་གོང་གི་མཆན་བུ་༡༡་དང་༢༢གཉིས་ངས་བྲིས་མེད། ལྷག་པར་གོང་གི་མཆན་བུ་དེ་གཉིས་ཚིག་དོན་གྱིས་ཆ་ནས་ངས་བྲིས་པ་མིན་པ་ཤེས་སླ། ངས་མི་ཆུང་ཞིག་ལན་འདེབས་ཆེད་དེ་ངན་དགུ་དྲན་མ་སོང། ཚིག་དོན་རང་གི་སྟེང་ནས་ཚིག་དེ་ཚོ་སུས་བྲིས་བཤད་མ་དགོས་པར་ཤེས་སླ། མི་འདིས་ཡར་དཀྲུགས་མར་བྱེད་ཁུལ་བྱེད་ཀྱི་འདུག་པས་ཁྱེད་ཅག་གིས་གོ་ནོར་མ་ཐེབས་པ་གལ་ཆེ། མ་ཟད་རིག་འབྱུང་སོགས་ཀྱིས་མི་འདི་དང་ངེད་གཉིས་རྩོད་པ་བྱེད་ཀྱི་ཡོད་པ་འདྲ་བོ་མཐོང་གི་ཡོད་འདུག་ཀྱང་། མི་འདིས་ང་ལ་ཚིག་ངན་ཡོད་ཚད་བྲིས་ནས་དྲ་ངོས་འབག་བཙོག་བཟོ་གི་ཡོད་པ་ལས། ངས་འདི་འདྲ་ལ་རྩོད་པ་བྱེད་ཀྱི་མེད། རྩོད་རྒྱུ་གང་ཡང་མི་འདུག ངས་དམོད་ཚིག་དེ་འདྲ་མི་སུ་འདྲ་ཞིག་གི་ཐོག་ལའང་འབྲི་འདོད་མེད། མདོ་དོན་ཁོས་ངའི་མིང་སྤྱད་ནས་དྲ་ངོས་འབག་བཙོག་གང་བྱུང་བྱས་ན་གུས་པ་དྲ་དཔོན་ཚོས་བདག་དྲ་ངོས་ནས་འགོག་གི་རེད་བསམ་པ་དང་། དྲ་དཔོན་ལ་མགོ་སྐོར་གཏོང་འདོད་པ་དེ་རེད། གཉིས་ནས་ཁོས་བྲིས་ཚད་ལ་ངས་ཡ་ལན་སྤྲོད་ཀྱི་མེད་ཕྱིར་འུ་ཐུག་ནས་ངའི་མིང་གི་ཐོག་ནས་དྲ་ངོས་འབོག་བཙོག་བཟོ་གི་ཡོད་པ་རེད། གོ་ནོར་མ་ཐེབས་གནང་རོགས།
མཆན་བཅུ་བདུན་པ་དེ་ངས་བྲིས་པ་ཞིག་མ་རེད
ད་དུང་མི་འདིས་འདི་འདྲ་མང་པོ་འབྲི་གི་རེད། དེའི་ཕྱིར་ངས་རེ་རེ་བཞིན་འདི་ངས་བྲིས་དང་་དང་དེ་བྲིས་མེད་ཟེར་ནས་གསལ་བཤད་བྱེད་ཐབས་བྲལ་བས། ཚང་མས་ཚིག་དོན་གྱི་ཆ་ནས་མ་ནོར་བ་གནང་དགོས་པ་དེ་ཙམ་ཡིན།
ཡ་སྟག་སྨྱོན་ཟེར་བའི་དྲ་གདོན་མ་རུང་པ་ཁྱོད་དང་ཡང་རྒྱག་རེས་རིང་པོ་ཞིག་མི་རྒྱག་ཐབས་མེད་བྱུང་བས་དུས་ཚོད་མེད་རུང་ལས་ཀ་འཐུས་ཤོར་གཏོང་དགོས་བྱུང་། རོ་སྐེ་བཏགས། ཁྱོད་ཀྱི་གསལ་བཤད་བྱེད་ཁུལ་གྱི་མཆན་རིང་པོ་དེ་ལ་བལྟས་ན་ད་ཁྱོད་རང་གིས་རང་ལ་ཡི་ཆད་ཀྱི་ཡོད་པ་འདྲ་མོད། འོན་ཀྱང་སྐྱག་རྫུན་ལུང་པ་གང་བཤད་འདུག་པས་མི་གཡོ་རྒྱུ་ཅན་ཞིག་གདོང་འབག་སྔར་བས་ཇེ་གསལ་དུ་ཕྱིན་འདུག
༡༽ ངས་ཁྱོད་གར་ཐོན་ས་ནས་ཁྱོའི་སྐེ་ལ་རོ་བཏགས་པ་དེས་དྲ་གྲོགས་མང་པོ་ཞིག་ལ་ཉོབ་སྣང་བྱུང་ཡོད་ངེས་ཡིན་མོད། ཁྱོད་ཕུད་པའི་དྲ་གྲོགས་གཞན་པ་ཚོའི་སེམས་པ་ཚལ་བར་བཏང་མེད་པས་ང་ལ་དགྲ་བོ་ཞིག་གི་བལྟ་ཚུལ་འཛིན་མཁན་གཅིག་ཀྱང་བྱུང་མེད། དེ་ལས་ལྡོག་སྟེ་ཁྱོད་ཀྱི་མི་སེམས་ཚལ་བར་གཏོང་རྒྱུ་མང་དྲག་པས་ད་བར་དྲ་ཐོག་འདི་ནས་ཁྱོད་དང་གསོད་རེས་བྱེད་འདོད་ཡོད་ལུགས་བཤད་མཁན་ཡང་བྱུང་སོང་ང་། དྲ་དཔོན་གྱིས་ཁྱི་རྒན་ཁྱོའི་ཚབ་ལ་དགོངས་དག་ཞུས་ནས་དྲ་སྒོ་རྒྱག་དགོས་བྱུང་སོང་ང་། དེས་ན་དྲ་ཁང་དུ་ཞུགས་མི་གཞན་པ་ཚོར་སུན་པོ་ཚད་མེད་བཟོ་བཞིན་པ་དེ་ཁྱོད་རང་རེད་མ་གཏོགས་ང་མ་རེད། ད་དུང་དྲ་ཁང་གི་མཛེས་སྣང་དང་དྲ་རྒྱ་ཡི་རིན་ཐང་གླེང་ཁུལ་བྱེད་པ་ཁྱོད་ངོ་མི་ཚ་འམ།
༢༽ ངས་འདིར་ཁྱོད་ཀྱིས་མ་བྲིས་པའི་མཆན་གཅིག་ཀྱང་ཁྱོད་ཀྱི་མགོ་ལ་བཀལ་མེད། ཁྱོད་ཀྱི་མིང་དང་པོ་སྟག་སྨྱོན་དང་། གཉིས་པ་གདོང་དམར་གྱི་བུ། གསུམ་པ་མེ་རི་བཅས་རེད། ད་དུང་སྦིང་སྦིང་དང་ནོར་ནོར་ཟེར་བའི་མིང་ཐོག་ནས་བྲིས་པ་རྣམས་ངས་འདིར་འགོད་རྒྱུ་བརྗེད་འདུག ཕག་རྒན་ཁྱོད་ཀྱིས་ཤེས་ཀྱི་མ་རེད་བསམ་གྱི་ཨེ་འདུག ཤེས་རྒྱུ་མ་རེད་བསམ་སྟེ་སྐོག་ལས་ནག་པོ་བྱས་ན་འབྲས་བུ་རང་མགོ་མ་གཏོགས་གཞན་མགོ་ལ་འཁོར་གྱི་མ་རེད། ད་ཉམ་མྱོང་ལོན་ཨེ་སོང་། ངོ་ཚ་གི་ཨེ་འདུག འགྱོད་པ་སྐྱེ་གི་ཨེ་འདུག
༣༽ ང་ཁྱོད་ལ་སྒེར་གྱི་སྙིང་ནད་གང་ཡང་མེད། ད་སྐབས་ངའི་དཀའ་ངལ་གཙོ་བོ་དེ་ཁྱོད་སུ་ཡིན་མི་ཤེས་པ་དེ་རེད། གལ་སྲིད་ཁྱོད་སུ་ཡིན་ཤེས་ན་ངས་སྔར་ནས་དྲ་ཐོག་འདིར་ཁྱོད་ཀྱི་གཡོ་མཚང་ཡོངས་རྫོགས་བརྟོལ་ཚར་བ་རེད། དེས་ན་ཁྱོད་སུ་ཡིན་མི་ཤེས་བཞིན་དུ་སྒེར་གྱི་ཞེ་འཁོན་ག་ལ་ཡོད། དེ་བཞིན་ངའི་དགའ་ཕྱོགས་ཤིག་ལ་ཚིག་ཟུར་ཕོགས་པས་མ་རེད་ལ། ཁྱོད་སྙན་ངག་གི་ཚིག་ཉམས་རྣོ་བས་ཡང་མ་རེད། ངོ་མ་བཤད་ན་ཁྱོད་ཀླད་པའི་དབང་རྩ་ཉམས་བསྡད་ཡོད་པའི་མི་ཞིག་ཡིན་པ་འདྲ་སྟེ། ཚིག་རྐང་རིང་ཐུང་མ་ཤོར་ཙམ་གྱི་ཚིག་བཅད་ཐབས་ཆག་རེ་ལས་འབྲི་མི་ཤེས་རུང་། ད་དུང་སྙན་ངག་གི་ཚིག་ཉམས་རྣོ་ཚུལ་གྱི་རང་བསྟོད་བྱེད་ལུགས་ལ་ལྟོས་དང་། ངོ་ཚ་རྒྱབ་ཏུ་གཡུག་པའི་མི་ཁྱོད་འདྲ་ད་བར་མཐོང་མ་མྱོང་། དེས་ན་ང་ཁྱོད་ལ་མི་དགའ་དོན་དང་། ཁྱོད་དང་དྲ་ཐོག་གི་དགྲ་བོ་ཆགས་དོན་ནི་ཁྱོད་རང་ཁྱོད་རང་གི་ཚོད་ཀྱི་ལྷྭྭམ་ནང་གི་ཚེར་མ་བཞིན་བོད་བསྟན་པ་ཆབ་སྲིད་ཀྱི་དགྲ་བོ་ཆུང་ཆུང་སེམས་རྩ་གནག་ཐག་ཆོད་པ་ཞིག་རེད་འདུག་པས་ངས་རྗེས་འདེད་བྱས་པ་ཡིན་ལ། ད་དུང་མ་ཤི་བར་ཏུ་སྟག་སྨྱོན་འདེད་ཀྱི་ཡིན།
༤༽ ངས་ཁྱོད་ཀྱི་དགོངས་དག་ལ་སྒུག་མེད་ལ་ཁྱོད་ཀྱི་དགོངས་དག་ལ་རེ་བ་ཡང་བརྒྱབ་མེད། ཁྱོད་ཀྱི་དགོངས་དག་དགོས་ཀྱང་མི་དགོས། ངས་ད་བར་དྲ་ཐོག་འདི་ནས་ཁྱོད་ཀྱི་དགོངས་དག་དང་སྡིག་ར་སྦྲགས་མ་མང་པོ་མཐོང་ཚར་མོད། དེ་ཚོར་བདག་པོ་མ་བརྒྱབ་པར་ཁྱོད་མུ་མཐུད་དུ་འདེད་ཀྱིན་ཡོད། གལ་ཏེ་དེ་ཚོར་བདག་པོ་བརྒྱབ་ཡོད་ན་དེ་རིང་ང་ཁྱོད་ཀྱི་སྐེ་ལ་རོ་འདོག་ཏུ་ཡོང་གི་མ་རེད།
༥༽ གསེར་རྟ་ཚུལ་ཁྲིམས་གཉིས་ཀྱི་བར་ཏུ་ཁྱོད་འཛུལ་ནས་དཀྲུགས་ཤིང་བརྒྱབ་ཡོད་པ་དེ་རིང་ཁྱོད་ཀྱིས་ཚུར་མ་ལབ་བར་ཏུ་གོ་མ་སོང་། གལ་ཏེ་གོ་ཡོད་ན་ངས་ཁྱོད་ཀྱི་མཆན་ཕྱོགས་བསྒྲིགས་ཀྱི་ནང་དུ་བསྡུ་གི་རེད། གཅིག་བྱས་ན་ཁྱོད་ཀྱི་སྐད་ཆ་འདི་ལ་བརྟེན་ནས་ངས་ཁྱོད་སུ་ཡིན་ཞིབ་འཇུག་བྱེད་ཐུབ་ཀྱི་རེད། ཡང་ཁྱོད་ཀྱི་རང་ཁ་སྒོ་མོའི་ནང་ནས་རང་སྲོག་གཅོད་བྱེད་ཀྱི་སྟ་རེ་ཞིག་དོན་སོང་ང་།
༦༽ བཀའ་ཁྲི་ཟམ་གདོང་གིས་འཇོན་རུང་མ་འཇོན་རུང་དེ་ངེད་ཚོ་བཙན་བྱོལ་གཞུང་ལ་རེ་ཐག་བཅད་མེད་མཁན་ཚོའི་དོན་དག་ཅིག་རེད། ཁྱོད་ཀྱིས་སྔར་ནས་བོད་ཡིག་དང་བོད་མི་རིགས་བོད་གཞུང་བཅས་ལ་རེ་ཐག་བཅད་ཚར་བའི་ཁྱབ་བསྒྲགས་བྱེད་ཟིན་སྟབས། ད་ང་ཚོའི་བཀའ་བློན་གྱིས་འཇོན་རུང་མ་འཇོན་རུང་ཁྱོད་དོལ་ཚོགས་ལ་ཇུས་གཏོགས་སྐར་མ་ལྔ་མེད། ད་དུང་ཇུས་གཏོགས་བྱེད་ན་རྙོག་དྲ་བཟོ་རུ་ཡོང་བར་ངོས་འཛིན་བྱེད་རྒྱུ་མ་གཏོགས་མེད། དཔེར་ན་ཁྱོད་དོལ་ཚོགས་ཀྱི་ཚོིགས་གཙོར་སུ་འཇོག་དང་དྲུང་ཆེ་ལ་སུ་འཇོག་སོགས་ཁྱོད་ཚོའི་དོན་དག་ཡིན་པ་ལས་ང་ཚོ་ལ་ཇུས་གཏོགས་མེད་པ་ལྟ་བུ་ཡིན།
༧༽ ཁྱོད་ཀྱིས་རང་ཉིད་དོལ་ཚོགས་ཀྱི་ནང་གི་ཚོགས་མི་མིན་མདོག་བྱེད་ཆེད། ཨི་ཊ་ལིར་ཡོད་པའི་དོལ་འདྲ་བླ་མ་གངས་གཅིན་དང་དབྱིན་ལན་གྱི་སྡུག་བཤེས་སྐལ་ཟད་སོགས་ཀྱང་ཟེར་ནས་རང་གིས་ད་བར་ལྟོ་གོས་དང་། མགྲོན་ཤོག་སོགས་ཀྱི་རྟེན་གཞི་བྱེད་ས་ཚོར་ཚིག་ངན་བརྗོད་པ་ནི་ཁྱོད་རང་ཉིད་འགག་ལ་ཐུག་ན་རང་གི་བླ་མ་དང་རང་གི་གྲོགས་པོ་འཚོང་རྒྱུར་ཐེ་ཚོམ་གང་ཡང་མེད་པའི་མི་ངན་ཁྱི་ལུད་འདྲ་བོ་ཞིག་ཡིན་པ་གསལ་སྟོན་བྱས་པ་རེད། ད་ངོ་མ་ཁྱོད་ཀྱི་ཤ་གསེང་ལ་རུས་པ་ཞིག་འདུག་གམ། ཁྱོད་ནི་རུས་པ་མེད་པའི་ཤ་ནར་མོ་མཇེ་དང་འདྲ་བ་ཞིག་ཡིན་པ་ད་ར་འཕྲོད་སོང་ང་།
༨༽ བོད་མི་རིགས་ཀྱི་ཆོས་སྲིད་རིག་གསུམ་གྱི་སྲོག་རྩ་བཟུང་བའི་བླ་མ་ཚོ་ཁྱོད་ཀྱི་དགྲ་བོ་ཡིན་ན་ཁྱོད་ཀྱི་མིང་ངོ་མའི་ཐོག་ནས་སྐྱོན་བརྗོད་བྱེད་མི་ཕོད་དོན་ཅི་ཡིན། དཔེར་ན་ཞོགས་དུང་དང་བཀྲ་རྒྱལ་སོགས་ཀྱིས་ནང་ཆོས་ལ་དགག་པ་རྒྱག་སྐབས་ཁོང་ཚོའི་མིང་ངོ་མ་འདོན་གྱི་འདུག་ག ཁྱོད་ཀྱི་མིང་ངོ་མའི་ཐོག་ནས་དགག་པ་རྒྱག་མི་ཕོད་པར་མིང་རྫུན་ཞིག་གི་ཐོག་ནས་སྐྱོན་བརྗོད་བྱེད་ཁུལ་བྱེད་པ་དེ་རང་ལ་སྤོབས་པ་མེད་པ་དང་། རང་ཉིད་ཀྱི་བཤད་ཚད་ལ་ཁུངས་སྐྱེལ་མི་ཐུབ་པ། དཀྲུགས་ཤིང་རེ་སློང་རྒྱུ་མ་གཏོགས་རང་གིས་བཤད་ཚད་ལ་འགན་ཁུར་ཐུབ་ཀྱི་མེད་པ་གསལ་བོར་མཚོན་པ་རེད། ད་དུང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་བཤད་རྒྱུ་མང་ཡང་ད་འགྲོ་རན་སོང་། རྗེས་ནས་མུ་མཐུད་དུ་ཤོག་དང་ཁྱི་རྒན་ཁྱོད།
འོ་རེད། སྟག་སྨྱོན། ད་ཡིན་ན་ཧ་གོ་སོང་། ད་ཁྱོད་ཀྱིས་ངས་བྲིས་པ་དང་མ་བྲིས་པ་ཟེར་བ་མང་པོ་ཞིག་བཤད་ནས་རང་ཉིད་དཀར་འདོན་བྱེད་ཐབས་བྱེད་ཀྱི་ཡོད་དམ། མཐར་གཏུགས་ན་ཁྱོད་ཀྱི་མཆན་སྔོན་མ་ཚོ་ཁྱོད་རང་གིས་བྲིས་པ་མིན་སར་འགྲོ་ཨེ་ཐུབ་བལྟ་གི་ཡོད་རེད་པ། སྙིང་རྗེ་ད་ཁྱོད་ངོ་མ་འུ་ཐུག་གི་ཡོད་པ་འདྲ། ཨ་ཧ་བོ་ཤ་ཚ། ངོ་མ་ཚ་བ་དཔེ་རེད། ཁྱོད་ཀྱིས་བྲིས་པ་མིན་ན་ཁྱོད་ཀྱི་ཡི་དམ་ཤི་འདྲེ་དེས་བྲིས་པ་ཨེ་རེད།
ད་དུང་ང་དང་རྩོད་པ་བྱེད་ཀྱི་མེད་རབས་བཤད་འདུག་མོད། ཁར་སང་ཁྱོད་ཉིན་དང་པོར་ཐོན་སྐབས་ནས། ད་ཤོག་ཟེར་ནས་སྐད་ཆེན་པོས་བོས་པ་བརྗེད་སོང་བ་ཨེ་རེད། ངོ་མ་ཁྱོད་ལ་དྲན་པ་ཞིག་མེད་ཀི་ཡིན་ན། ཨ་ཧ་བོ། ཤི་འདྲེ་བརྟེན་མཁན་ཚོ་ལ་འཇུག་འབྲས་ཡག་པོ་ཞིག་ཡོང་གི་མ་རེད་ཟེར་བ་བདེན་གྱི་འདུག་ག གཟབ་གཟབ་བྱོས་མ་གཏོགས་ཁ་ལག་དང་སྐྱག་པ་ནོར་ནས་ཁ་ལག་ཟ་རྒྱུའི་ཚབ་ལ་སྐྱག་པ་ཟ་ཡོང་།
དྲ་དཔོན་དང་ཞུགས་མི་ཡོངས་ལ་ཞུ་རྒྱུར། དྲ་སྐྱག་བསམ་གཏན་གྱིས་ཚིག་ངན་དང་དམོད་ཚིག་གང་བྱུང་བྲིས་ནས་དྲ་ངོས་འབོག་བཙོག་དང་མི་ཚོར་སུན་པོ་ཚད་མེད་བཟོ་བཞིན་པ་མཐོང་གི་ཡོད་ཤག་ཀྱང་། སྐབས་རེ་མི་ངན་འདིས་ངའི་སྨྱུག་མིང་དང་སྐབས་བསམ་གཏན་སྐབས་མིང་གཞན་པ་སོགས་སྤྱད་ནས་ང་ལ་འབྲི་ཁུལ་གྱིས་དྲ་ངོས་ཚད་ངེས་ཅན་གྱི་འབོག་བཙོག་བཟོ་གི་ཡོད་ཀྱང་ང་ལ་དེ་འགོག་ཐབས་མེད། དྲ་དཔོན་དང་རིག་འབྱུང་སོགས་དྲ་ངོས་ལ་བདག་གཅེས་བྱེད་མཁན་ཚོར་ངས་ཁས་ལེན་གཅིག་བྱས་ཆོག གུས་པར་མི་ངན་འདི་འདྲ་ལ་ཚིག་གཅིག་བཤད་འདོད་མེད། ད་ནས་བཟུང་སྟག་སྨྱོན་གྱི་མིང་བརྐུས་ནས་བསམ་གཏན་ཟེར་བར་གང་བྱུང་འབྲི་ཁུལ་བྱེད་སྲིད་ཀྱང་། ངས་མི་ངན་འདི་འདྲའི་ཆེད་དུ་རང་ཚུགས་བརླག་གི་མ་རེད། གང་ལྟར་་མི་ཆུང་འདིར་ཚིག་གཅིག་འབྲི་གི་མིན། འོན་ཀྱང་ངས་ཁོ་ལ་ལན་མ་བྲིས་པར་བཞག་ན་མི་ངན་འདི་བྱད་ཐབས་ཟད་ནས་འདིས་ངའི་སྨྱུག་མིང་སྟག་སྨྱོན་སྤྱད་ནས་དམོད་ཚིག་དང་སྡིག་ར་སྣ་ཚོགས་འབྲི་གི་འདུག མི་ཆུང་འདིས་ང་ལ་ག་ཚོད་བྲིས་ཀྱང་ཁྱད་པར་མེད། འོན་ཀྱང་མི་ཆུང་དོལ་འདྲེ་ཁོག་ཤུགས་ཅན་འདིས་ང་ལ་འབྲི་ཁུལ་གྱིས་དྲ་ངོས་འབོག་བཙོག་བཟོ་བཞིན་པ་འགན་ཡོད་ཁྱེད་རང་ཚོས་ཐག་གཅོད་དགོས་པ་ཞིག་ལས། ང་ལ་ཐབས་ཤེས་དང་ཁྱད་པར་མེད། མཐའ་དོན་སྟག་སྨྱོན་མིང་གི་ཐོག་ནས་བསམ་གཏན་ཟེར་བར་ག་རེ་ཞིག་བྲིས་ཡོད་ནའང་དེ་ང་མ་ཡིན་པའི་ཡིད་ཆེས་གནང་ཆོག ང་རང་ངོས་ནས་དྲ་ངོས་ཀྱི་མཛེས་སྡུག་གི་ཆེད་མི་ངན་འདིར་བཟང་ངན་གང་ཡང་མ་བྲིས་པར་བདག་མེད་བྱས་ནས་འཇོག་རྒྱུ་ལས་ལྷག་ཅིག་བྱེད་རྒྱུ་མེད། ཁོའི་རེ་བར་བདག་དྲ་ངོས་ནས་ཕྱིར་འབུད་འདོད་པ་དེ་རེད། དེ་ནི་ངས་དང་ལེན་བྱེད་ཐབས་མེད་པ་ཞིག་རེད། འབྲི་འདོད་དུས་འབྲི་གི་རེད། འགྲོ་འདོད་ཀྱི་འགྲོ་གི་རེད། མི་འདི་འདྲ་ལ་ཆ་འཇོག་བྱེད་རིན་མ་མཐོང་། སྐྱག་པར་ལག་པ་འཆང་གི་མ་རེད
བསམ་གཏན།
ཁྱོད་ལ་ཀླ་ཀློའི་འདུ་ཤེས་འདུག དོན་ཆུང་གཅིག་གི་སྟེང་ནས། ཁྱོད་ཀྱི་སེམས་ནག་པོ་ཆུང་ཆུང་འདི་ནས་གང་ཤར་ཁ་ནས་བཤད་ཕོད་པ་ཞིག་འདུག ཁྱོད་ལ་ད་དུང་ཁུངས་སྐྱེལ་མེད་པའི་སྒྲོ་བཏགས་མང་པོ་ཞིག་ལ་སྐྱབས་བཅོལ་ནས། གཞན་ལ་ཕོག་ཐུག་གཏོང་བའི་གཤིས་ངན་པ་ཞིག་ཀྱང་འདུག
ལེགས་ཤོས་ལ། ཁྱེད་རང་སྒེར་གྱི་དྲ་རྒྱ་ཞིག་བཟོས་ནས། དྲ་ནག་ཆུང་ཆུང་འདི་འདྲ་བ་ཞིག་ནང་གཞན་ལ་སྨོད་ནས་འདུག་ན་མི་ལེགས་བསམ།
བླུན་པོ་བྱབ་ཆུང་བའི་གཤིས་ཀ་རང་རེད།
ཡ་མཚན། ད་བར་དྲ་ཁང་འདིར་ཤེས་རབ་ཟེར་བ་ཞིག་མེད་ཀྱང་དེ་རིང་ང་ལ་གཤེ་རན་དུས་ཤེས་རབ་ཅིག་གློ་བུར་དུ་ཐོན་འདུག ཁར་སང་བསམ་གཏན་མིན་པའི་བསམ་གཏན་ཞིག་ཀྱང་ཐོན་འདུག འདི་ངོ་མ་ཡ་མཚན་མ་རེད་དམ། ང་ལ་འབུ་ལི་སྦོམ་པོ་རྟ་འདྲ་འདྲ།། རླིག་པ་ལྗིད་མོ་རྡོ་འདྲ་འདྲ།། རྩིད་པ་འཇམ་པོ་བལ་འདྲ་འདྲ།། ཧན་ཆུ་མང་པོ་ཞོ་འདྲ་འདྲ་ཞིག་ཡོད་པས་ཁྱོད་ཀྱི་ཁ་ནང་དུ་རྒྱག་ཨེ་དགོས། སྟག་རྒན་རོ་སྐེ་བཏགས་ཁྱོད་ལ་འོག་གི་མཆན་འདི་ད་ནངས་བྲིས་ནས་བཏང་བ་ཡིན་མོད། མཐོང་རྒྱུ་མི་འདུག་པས་དྲ་དཔོན་གྱིས་བསུབ་པའམ། ཡང་ན་ངས་གཏོང་ལུགས་ནོར་བ་ཡིན་ཧ་གོ་མ་སོང་བས་འདིར་བསྐྱར་དུ་བཏང་ཡོད། དྲ་དཔོན་གྱིས་བསུབ་པ་ཡིན་ན་འདིར་བསྐྱར་དུ་བཏང་བར་དགོངས་དག་ཞུ་རྒྱུ་ཡིན། ཡང་བསྐྱར་བསུབ་ཀྱང་ཆོག་གི་རེད།
ཡ་སྟག་སྨྱོན་ཟེར་བའི་དྲ་གདོན་མ་རུང་པ་ཁྱོད་དང་ཡང་རྒྱག་རེས་རིང་པོ་ཞིག་མི་རྒྱག་ཐབས་མེད་བྱུང་བས་དུས་ཚོད་མེད་རུང་ལས་ཀ་འཐུས་ཤོར་གཏོང་དགོས་བྱུང་། རོ་སྐེ་བཏགས། ཁྱོད་ཀྱི་གསལ་བཤད་བྱེད་ཁུལ་གྱི་མཆན་རིང་པོ་དེ་ལ་བལྟས་ན་ད་ཁྱོད་རང་གིས་རང་ལ་ཡི་ཆད་ཀྱི་ཡོད་པ་འདྲ་མོད། འོན་ཀྱང་སྐྱག་རྫུན་ལུང་པ་གང་བཤད་འདུག་པས་མི་གཡོ་རྒྱུ་ཅན་ཞིག་གདོང་འབག་སྔར་བས་ཇེ་གསལ་དུ་ཕྱིན་འདུག
༡༽ ངས་ཁྱོད་གར་ཐོན་ས་ནས་ཁྱོའི་སྐེ་ལ་རོ་བཏགས་པ་དེས་དྲ་གྲོགས་མང་པོ་ཞིག་ལ་ཉོབ་སྣང་བྱུང་ཡོད་ངེས་ཡིན་མོད། ཁྱོད་ཕུད་པའི་དྲ་གྲོགས་གཞན་པ་ཚོའི་སེམས་པ་ཚལ་བར་བཏང་མེད་པས་ང་ལ་དགྲ་བོ་ཞིག་གི་བལྟ་ཚུལ་འཛིན་མཁན་གཅིག་ཀྱང་བྱུང་མེད། དེ་ལས་ལྡོག་སྟེ་ཁྱོད་ཀྱི་མི་སེམས་ཚལ་བར་གཏོང་རྒྱུ་མང་དྲག་པས་ད་བར་དྲ་ཐོག་འདི་ནས་ཁྱོད་དང་གསོད་རེས་བྱེད་འདོད་ཡོད་ལུགས་བཤད་མཁན་ཡང་བྱུང་སོང་ང་། དྲ་དཔོན་གྱིས་ཁྱི་རྒན་ཁྱོའི་ཚབ་ལ་དགོངས་དག་ཞུས་ནས་དྲ་སྒོ་རྒྱག་དགོས་བྱུང་སོང་ང་། དེས་ན་དྲ་ཁང་དུ་ཞུགས་མི་གཞན་པ་ཚོར་སུན་པོ་ཚད་མེད་བཟོ་བཞིན་པ་དེ་ཁྱོད་རང་རེད་མ་གཏོགས་ང་མ་རེད། ད་དུང་དྲ་ཁང་གི་མཛེས་སྣང་དང་དྲ་རྒྱ་ཡི་རིན་ཐང་གླེང་ཁུལ་བྱེད་པ་ཁྱོད་ངོ་མི་ཚ་འམ།
༢༽ ངས་འདིར་ཁྱོད་ཀྱིས་མ་བྲིས་པའི་མཆན་གཅིག་ཀྱང་ཁྱོད་ཀྱི་མགོ་ལ་བཀལ་མེད། ཁྱོད་ཀྱི་མིང་དང་པོ་སྟག་སྨྱོན་དང་། གཉིས་པ་གདོང་དམར་གྱི་བུ། གསུམ་པ་མེ་རི་བཅས་རེད། ད་དུང་སྦིང་སྦིང་དང་ནོར་ནོར་ཟེར་བའི་མིང་ཐོག་ནས་བྲིས་པ་རྣམས་ངས་འདིར་འགོད་རྒྱུ་བརྗེད་འདུག ཕག་རྒན་ཁྱོད་ཀྱིས་ཤེས་ཀྱི་མ་རེད་བསམ་གྱི་ཨེ་འདུག ཤེས་རྒྱུ་མ་རེད་བསམ་སྟེ་སྐོག་ལས་ནག་པོ་བྱས་ན་འབྲས་བུ་རང་མགོ་མ་གཏོགས་གཞན་མགོ་ལ་འཁོར་གྱི་མ་རེད། ད་ཉམ་མྱོང་ལོན་ཨེ་སོང་། ངོ་ཚ་གི་ཨེ་འདུག འགྱོད་པ་སྐྱེ་གི་ཨེ་འདུག
༣༽ ང་ཁྱོད་ལ་སྒེར་གྱི་སྙིང་ནད་གང་ཡང་མེད། ད་སྐབས་ངའི་དཀའ་ངལ་གཙོ་བོ་དེ་ཁྱོད་སུ་ཡིན་མི་ཤེས་པ་དེ་རེད། གལ་སྲིད་ཁྱོད་སུ་ཡིན་ཤེས་ན་ངས་སྔར་ནས་དྲ་ཐོག་འདིར་ཁྱོད་ཀྱི་གཡོ་མཚང་ཡོངས་རྫོགས་བརྟོལ་ཚར་བ་རེད། དེས་ན་ཁྱོད་སུ་ཡིན་མི་ཤེས་བཞིན་དུ་སྒེར་གྱི་ཞེ་འཁོན་ག་ལ་ཡོད། དེ་བཞིན་ངའི་དགའ་ཕྱོགས་ཤིག་ལ་ཚིག་ཟུར་ཕོགས་པས་མ་རེད་ལ། ཁྱོད་སྙན་ངག་གི་ཚིག་ཉམས་རྣོ་བས་ཡང་མ་རེད། ངོ་མ་བཤད་ན་ཁྱོད་ཀླད་པའི་དབང་རྩ་ཉམས་བསྡད་ཡོད་པའི་མི་ཞིག་ཡིན་པ་འདྲ་སྟེ། ཚིག་རྐང་རིང་ཐུང་མ་ཤོར་ཙམ་གྱི་ཚིག་བཅད་ཐབས་ཆག་རེ་ལས་འབྲི་མི་ཤེས་རུང་། ད་དུང་སྙན་ངག་གི་ཚིག་ཉམས་རྣོ་ཚུལ་གྱི་རང་བསྟོད་བྱེད་ལུགས་ལ་ལྟོས་དང་། ངོ་ཚ་རྒྱབ་ཏུ་གཡུག་པའི་མི་ཁྱོད་འདྲ་ད་བར་མཐོང་མ་མྱོང་། དེས་ན་ང་ཁྱོད་ལ་མི་དགའ་དོན་དང་། ཁྱོད་དང་དྲ་ཐོག་གི་དགྲ་བོ་ཆགས་དོན་ནི་ཁྱོད་རང་ཁྱོད་རང་གི་ཚོད་ཀྱི་ལྷྭྭམ་ནང་གི་ཚེར་མ་བཞིན་བོད་བསྟན་པ་ཆབ་སྲིད་ཀྱི་དགྲ་བོ་ཆུང་ཆུང་སེམས་རྩ་གནག་ཐག་ཆོད་པ་ཞིག་རེད་འདུག་པས་ངས་རྗེས་འདེད་བྱས་པ་ཡིན་ལ། ད་དུང་མ་ཤི་བར་ཏུ་སྟག་སྨྱོན་འདེད་ཀྱི་ཡིན།
༤༽ ངས་ཁྱོད་ཀྱི་དགོངས་དག་ལ་སྒུག་མེད་ལ་ཁྱོད་ཀྱི་དགོངས་དག་ལ་རེ་བ་ཡང་བརྒྱབ་མེད། ཁྱོད་ཀྱི་དགོངས་དག་དགོས་ཀྱང་མི་དགོས། ངས་ད་བར་དྲ་ཐོག་འདི་ནས་ཁྱོད་ཀྱི་དགོངས་དག་དང་སྡིག་ར་སྦྲགས་མ་མང་པོ་མཐོང་ཚར་མོད། དེ་ཚོར་བདག་པོ་མ་བརྒྱབ་པར་ཁྱོད་མུ་མཐུད་དུ་འདེད་ཀྱིན་ཡོད། གལ་ཏེ་དེ་ཚོར་བདག་པོ་བརྒྱབ་ཡོད་ན་དེ་རིང་ང་ཁྱོད་ཀྱི་སྐེ་ལ་རོ་འདོག་ཏུ་ཡོང་གི་མ་རེད།
༥༽ གསེར་རྟ་ཚུལ་ཁྲིམས་གཉིས་ཀྱི་བར་ཏུ་ཁྱོད་འཛུལ་ནས་དཀྲུགས་ཤིང་བརྒྱབ་ཡོད་པ་དེ་རིང་ཁྱོད་ཀྱིས་ཚུར་མ་ལབ་བར་ཏུ་གོ་མ་སོང་། གལ་ཏེ་གོ་ཡོད་ན་ངས་ཁྱོད་ཀྱི་མཆན་ཕྱོགས་བསྒྲིགས་ཀྱི་ནང་དུ་བསྡུ་གི་རེད། གཅིག་བྱས་ན་ཁྱོད་ཀྱི་སྐད་ཆ་འདི་ལ་བརྟེན་ནས་ངས་ཁྱོད་སུ་ཡིན་ཞིབ་འཇུག་བྱེད་ཐུབ་ཀྱི་རེད། ཡང་ཁྱོད་ཀྱི་རང་ཁ་སྒོ་མོའི་ནང་ནས་རང་སྲོག་གཅོད་བྱེད་ཀྱི་སྟ་རེ་ཞིག་དོན་སོང་ང་།
༦༽ བཀའ་ཁྲི་ཟམ་གདོང་གིས་འཇོན་རུང་མ་འཇོན་རུང་དེ་ངེད་ཚོ་བཙན་བྱོལ་གཞུང་ལ་རེ་ཐག་བཅད་མེད་མཁན་ཚོའི་དོན་དག་ཅིག་རེད། ཁྱོད་ཀྱིས་སྔར་ནས་བོད་ཡིག་དང་བོད་མི་རིགས་བོད་གཞུང་བཅས་ལ་རེ་ཐག་བཅད་ཚར་བའི་ཁྱབ་བསྒྲགས་བྱེད་ཟིན་སྟབས། ད་ང་ཚོའི་བཀའ་བློན་གྱིས་འཇོན་རུང་མ་འཇོན་རུང་ཁྱོད་དོལ་ཚོགས་ལ་ཇུས་གཏོགས་སྐར་མ་ལྔ་མེད། ད་དུང་ཇུས་གཏོགས་བྱེད་ན་རྙོག་དྲ་བཟོ་རུ་ཡོང་བར་ངོས་འཛིན་བྱེད་རྒྱུ་མ་གཏོགས་མེད། དཔེར་ན་ཁྱོད་དོལ་ཚོགས་ཀྱི་ཚོིགས་གཙོར་སུ་འཇོག་དང་དྲུང་ཆེ་ལ་སུ་འཇོག་སོགས་ཁྱོད་ཚོའི་དོན་དག་ཡིན་པ་ལས་ང་ཚོ་ལ་ཇུས་གཏོགས་མེད་པ་ལྟ་བུ་ཡིན།
༧༽ ཁྱོད་ཀྱིས་རང་ཉིད་དོལ་ཚོགས་ཀྱི་ནང་གི་ཚོགས་མི་མིན་མདོག་བྱེད་ཆེད། ཨི་ཊ་ལིར་ཡོད་པའི་དོལ་འདྲ་བླ་མ་གངས་གཅིན་དང་དབྱིན་ལན་གྱི་སྡུག་བཤེས་སྐལ་ཟད་སོགས་ཀྱང་ཟེར་ནས་རང་གིས་ད་བར་ལྟོ་གོས་དང་། མགྲོན་ཤོག་སོགས་ཀྱི་རྟེན་གཞི་བྱེད་ས་ཚོར་ཚིག་ངན་བརྗོད་པ་ནི་ཁྱོད་རང་ཉིད་འགག་ལ་ཐུག་ན་རང་གི་བླ་མ་དང་རང་གི་གྲོགས་པོ་འཚོང་རྒྱུར་ཐེ་ཚོམ་གང་ཡང་མེད་པའི་མི་ངན་ཁྱི་ལུད་འདྲ་བོ་ཞིག་ཡིན་པ་གསལ་སྟོན་བྱས་པ་རེད། ད་ངོ་མ་ཁྱོད་ཀྱི་ཤ་གསེང་ལ་རུས་པ་ཞིག་འདུག་གམ། ཁྱོད་ནི་རུས་པ་མེད་པའི་ཤ་ནར་མོ་མཇེ་དང་འདྲ་བ་ཞིག་ཡིན་པ་ད་ར་འཕྲོད་སོང་ང་།
༨༽ བོད་མི་རིགས་ཀྱི་ཆོས་སྲིད་རིག་གསུམ་གྱི་སྲོག་རྩ་བཟུང་བའི་བླ་མ་ཚོ་ཁྱོད་ཀྱི་དགྲ་བོ་ཡིན་ན་ཁྱོད་ཀྱི་མིང་ངོ་མའི་ཐོག་ནས་སྐྱོན་བརྗོད་བྱེད་མི་ཕོད་དོན་ཅི་ཡིན། དཔེར་ན་ཞོགས་དུང་དང་བཀྲ་རྒྱལ་སོགས་ཀྱིས་ནང་ཆོས་ལ་དགག་པ་རྒྱག་སྐབས་ཁོང་ཚོའི་མིང་ངོ་མ་འདོན་གྱི་འདུག་ག ཁྱོད་ཀྱི་མིང་ངོ་མའི་ཐོག་ནས་དགག་པ་རྒྱག་མི་ཕོད་པར་མིང་རྫུན་ཞིག་གི་ཐོག་ནས་སྐྱོན་བརྗོད་བྱེད་ཁུལ་བྱེད་པ་དེ་རང་ལ་སྤོབས་པ་མེད་པ་དང་། རང་ཉིད་ཀྱི་བཤད་ཚད་ལ་ཁུངས་སྐྱེལ་མི་ཐུབ་པ། དཀྲུགས་ཤིང་རེ་སློང་རྒྱུ་མ་གཏོགས་རང་གིས་བཤད་ཚད་ལ་འགན་ཁུར་ཐུབ་ཀྱི་མེད་པ་གསལ་བོར་མཚོན་པ་རེད། ད་དུང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་བཤད་རྒྱུ་མང་ཡང་ད་འགྲོ་རན་སོང་། རྗེས་ནས་མུ་མཐུད་དུ་ཤོག་དང་ཁྱི་རྒན་ཁྱོད།
ཕྲན་རང་འདས་པའི་བདུན་གསུམ་ཙམ་གྱི་རིང་འགྲུལ་བསྐྱོད་ལ་སོང་ཤུལ་དེར། སྟག་སྨྱོན་ལ་དམོད་པའི་ཚིག་ཐལ་ཆེ་ཤོར་འདུག བརྟགས་སྐབས། བསམ་གཏན་དང་སྟག་སྨྱོན་ཞེས་པའི་མིང་རྫུན་བཀོལ་མཁན་ཞིག་གློག་ཀླད་གཅིག་ནས་ཡོང་འདུག་ལ། དེ་དག་ནི་དཀྲུགས་ཤིང་ཁོ་ནའི་ཆེད་ཡོང་བ་ལས་གཞན་དུ་དྭོགས་པ་མི་འདུག མིང་བརྐུ་བ་ནི་ཧ་ཅང་ཐ་ཆད་ཅིག་རེད། རིམ་གྱིས་དུས་ཚོད་ཀྱི་ཁོམ་ལོང་དང་འབྲེལ་ནས་བརྟག་དཔྱད་ཞུ་ངེས་ཡིན་མོད། དེ་རིང་སྟག་སྨྱོན་ལ་ཚིག་ངན་ཤོར་བ་དེ་ཚོར་དགོངས་སེལ་ཞུ་འདོད་བྱུང་། ཐུགས་རྗེ་ཆེ།
བསམ་གཏན་ལགས། ཁྱོད་ཕར་བལྟས་ན་མི་རྒྱུ་མཚན་ཤེས་མདོག ཚུར་གཤིབ་ནས་ཡོང་དུས་ཨུ་ཚུགས་ཚ་པོ། གཞན་ལ་”རོ་སྐེ་བཏགས།”ཅེས་སྨོད་དུས་ཐེ་འཚོམ་མེད་མཁན། རང་ལ་ཚིག་ངན་ཏིལ་འབྲུ་ཙམ་བཟོད་མ་ཐུབ་མཁན་གྱི་གང་ཟག་ཐབས་ཆག་ཞིག་རེད། ད་ཁྱེད་ཕེབས་ན་བཟང་། ངོ་མ་ཁ་བརྡ་ཚང་བསམ་བློ་འཁོར་དུས་མ་སྐྱིད་པའི་འཚོར་སྣང་ཤར་བ་ཞིག་ཁྱེད་ཀྱིས་བཟོས་སོང་།
དྲ་བ་འཛིན་སྐྱོང་བས་མགྱོགས་མྱུར་གསང་རྟགས་འགེལ་རྒྱུ་ཡོད་པའི་མཆན་འདེབས་ཁུག་མ་བཟོས་ནས། བོད་རིགས་གཅིག་པ་ལ་རོ་སྐེ་བཏགས་ཟེར་མཁན་ཚོ་ངོ་མ་ཡོང་མ་བཅུག་ན་བཟང་།
བཀུར་འོས་སྐུ་ཞབས་དགེ་འདུན་རབ་གསལ་ལགས་སུ། ཆེད་ཞུ།
༡༽ ཁར་སང་ཁར་ཉིན་ཁྱེད་བཞུགས་ཡོད་མེད་མི་ཤེས་ཏེ་གང་ལྟར་སྟག་སྨྱོན་དང་ངེད་གཉིས་སྔོན་མ་ལྟར་དྲ་ཐོག་ནས་རྒྱག་རེས་བརྒྱབ་པ་ཡིན། ཉིད་ཀྱིས་མཁྱེན་གསལ་ལྟར་འདས་པའི་དུས་སུ་སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་ཞི་བར་གཤེགས་སྐབས་མི་འདིས་སྙིང་ཚིམ་དང་བྲོ་བརྡུང་བྱེད་རྒྱུ་མང་དྲག་པས་ངེད་གཉིས་རྒྱག་རེས་ཤོར་བ་རེད་ལ་ཁྱེད་ཀྱིས་མཆན་བུ་འདེབས་ས་དེ་བཅད་པས་གནས་སྐབས་རྒྱག་རེས་མཚམས་བཞག་པ་རེད། དེ་རྗེས་ཁོས་དྲ་ཐོག་ཏུ་ཞེན་པ་ལོག་ཚར་བས་ཕྱིན་ཆད་ཡོང་རྒྱུ་མིན་རབས་བཤད་ནས་བུད་སོང་བ་དང་ཡུན་རིང་པོ་ཞིག་ལ་མཐོང་མ་བྱུང་། ཉིན་གཉིས་གསུམ་ཞིག་གི་སྔོན་ལ་ཁོ་ཕྱིར་སླེབས་སོང་ཡང་ང་ལ་ཁོ་དང་མུ་མཐུད་དུ་རྒྱག་རེས་རྒྱག་རྒྱུའི་བརྩོན་འགྲུས་མེད་མོད། ཁོ་དང་པོ་སླེབས་པ་ནས་བཟུང་ལོངས་ཤོག་བླ་མའི་མཚན་སྙན་སྲུང་བའི་དད་པ་ཅན་གྱི་དགེ་ཕྲུག་ཚོ།། ཞེས་བོིས་ནས་ཡང་སྡོད་དུ་བཅུག་མ་སོང་། དེར་བརྟེན་རྒྱག་རེས་བརྒྱབ་པ་ཡིན།
༢༽ དྲ་ཐོག་འདིར་སྟག་སྨྱོན་རྫུན་མ་ག་ཚོད་ཡོད་མེད་ངས་མི་ཤེས། འོན་ཀྱང་སྟག་སྨྱོན་རྫུན་མ་གཅིག་བཟོ་མཁན་དེ་ང་ཡིན། གང་ཡིན་ཟེར་ན་བསམ་གཏན་རྫུན་མ་ཞིག་སླེབས་ནས་སྟག་སྨྱོན་ལ་དགོངས་དག་ཞེས་ལབ་འདུག་པས། ངས་དེ་སྟག་སྨྱོན་གྱིས་བཟོས་པ་རེད་བསམ་ནས་དེའི་ལན་ལ་སྟག་སྨྱོན་རྫུན་མ་གཅིག་བཟོས་པ་ཡིན། གལ་ཏེ་བསམ་གཏན་རྫུན་མ་དེ་སྟག་སྨྱོན་གྱིས་བཟོས་པ་མིན་ན་ཁྱེད་ཀྱིས་ཚངས་དབྱངས་དང་། བློ་གྲོས་ཟེར་བ་གཉིས་ཀྱི་གློག་ཀླད་ལ་ཞིབ་འཇུག་གནང་རོགས་ཞུ། ང་ལ་རྒྱུ་མཚན་ཆེན་པོ་ཡོད་ཀྱང་འདིར་གླེང་གི་མིན། ཡང་བསྐྱར་རྒྱག་རེས་ཤོར་རོགས་ལས་མེད། བསམ་གཏན་རྫུན་མའི་མཆན་བུ་འོག་གི་འདི་རེད།
༡༡༽ བསམ་གཏན་ནས།
སྤྱི་ལོ་ ༢༠༠༩ ཟླ་ ༧ ཚེས་ ༧ གི་ཆུ་ཚོད་ ༢༡ སྐར་མ་ ༣༠
སྟག་སྨྱོན། ངས་ཁྱོད་ལ་སྡིགས་སྨད་བཏང་བའི་འབྲས་བུར་ང་ལ་དཀའ་ངལ་གཅིག་རྗེས་གཉིས་མཐུད་ནས་བྱུང་སོང་། ཐུགས་རྗེ་གཟིགས་ང་ལ་དགོངས་པ་དག་པ་མཛོད། ངས་ཁྱེད་ལ་སྨད་པ་ཐམས་བཅད་ནོར་འདུག ངའི་ཕ་ཡང་ཁ་ས་ནད་ཕོག་ནས་ཤི་སོང་། མ་ཡང་མགྱོགས་མྱུར་ཤི་འགྲབ་འདུག དགོངས་པ་དག་པ་ཞིག
༣༽ ཁྱེད་ཀྱིས་སྟག་སྨྱོན་ལ་དགོངས་དག་ཞུས་པར་ང་མོས་འཐད་མེད། གཅིག་བྱས་ན་སྟག་སྨྱོན་ཟེར་བ་འདི་ཁྱེད་ཀྱི་གྲོགས་པོ་ཞིག་ཡིན་སྲིད། ཉེ་སྔོན་ང་རྣམ་གྲོལ་གླིང་གི་གྲྭ་བ་ཁ་ཤས་དང་མཉམ་དུ་སྐྱབས་རྗེ་རིན་པོ་ཆེ་གྲོངས་པ་དང་། ཁ་བརྡ་དྲ་ཐོག་ནས་སྙིང་ཚིམ་བརྡར་བའི་སྐོར་ལ་སྐད་ཆ་མང་པོ་བཤད་སྐབས། ཁོང་ཚོས་སྟག་སྨྱོན་ཟེར་བ་དེ་ཁ་བརྡ་དྲ་ཁང་གི་དྲ་བདག་ཚོའི་ནང་གི་གཅིག་ཡིན་རྒྱུ་རེད། གཅིག་བྱས་ན་རབ་གསལ་ཁོ་རང་ཡིན་ཡོང་། དེ་མིན་ཆོས་བརྒྱུད་ཅིག་གི་དབུ་ཁྲིད་གྲོངས་པའི་སྐབས་སུ་ཁ་བརྡའི་ཐོག་ནས་ཐེ་ལེ་དེ་འདྲ་བརྡུང་དུ་འཇུག་རྒྱུ་མ་རེད་ཟེར། ངས་ང་དགེ་འདུན་རབ་གསལ་ལ་ཆ་རྒྱུས་ཡོད། ཁོ་མི་ལྷག་བསམ་ཡོད་མཁན་དང་ད་བར་རྙོག་གླེང་གང་ཡང་མེད་མཁན་ཞིག་ཡིན་པས་ཁོས་དེ་འདྲ་བྱེད་སྲིད་ཀྱི་མ་རེད། དེར་མ་ཟད་ཁོང་གཉིས་ཁ་ཁ་ཡིན་པ་ངས་ཤེས་ཀྱི་ཡོད་ལབ་པ་ཡིན། འོན་ཀྱང་ཁོང་ཚོས་ཟེར་ན་གང་ལྟར་སྐྱབས་རྗེ་རིན་པོ་ཆེ་མཚན་སྨོད་སྐུར་འདེབས་ག་ཚོད་བྱས་ཀྱང་རབ་གསལ་གྱི་སེམས་ལ་མི་གནོད་པར་མ་ཟད་ད་དུང་དྲ་ཐོག་ཏུ་གུ་ཡངས་བཏང་བ་དེས་རབ་གསལ་ཁོ་རང་ཡང་རྙིང་མ་ལ་མི་དགའ་བའམ། ཡང་ན་སྟག་སྨྱོན་ཟེར་བ་དེ་ཁོའི་གྲོགས་པོ་ཞིག་ཡིན་པར་ཐེ་ཚོམ་མི་འདུག་ཟེར། སྤྱིར་གླེང་གཞི་དེ་འདྲ་རེད། ངོ་མ་བཤད་ན་ངས་ཁྱོད་སྟག་སྨྱོན་ཡིན་མིན་དང་མི་ཡག་པོ་ཞིག་ཡིན་མིན་གྱི་ཆེད་དུ་མི་གཞན་དང་ཁ་རྩོད་རྒྱག་མ་མྱོང་ན་དཀོན་མཆོག་གསུམ། ད་སྐབས་རྣམ་གྲོལ་གླིང་དང་། སྦིར། རྫོང་གསར་སོགས་སུ་གསར་འབྱོར་སློབ་གཉེར་བ་ཚོའི་ནང་ན་ཁ་བརྡ་དང་ཁ་བརྡའི་དྲ་དཔོན་ཟེར་ན་མི་དགའ་མཁན་ག་ཚོད་མང་པོ་ཡོད་པ་ཉིད་ཀྱིས་མཁྱེན་ངེས་རེད། དེར་བརྟེན་སྐུ་ཉིད་ཀྱིས་རིན་པོ་ཆེའི་ཞལ་སློབ་དང་རྗེས་འཇུག་ཚོར་དགོངས་དག་ཞུ་གི་མེད་ས་ནས་སྟག་སྨྱོན་ལ་དགོངས་དག་ཞུས་པ་དེར་མོས་འཐད་མེད།
༤༽ སྟག་སྨྱོན་ཟེར་བ་འདི་ཧ་ལས་པའི་མི་མ་རབས་ཐ་ཤལ་རྒྱ་མི་དང་དོལ་ཚོགས་ལྟ་བུའི་སྡུག་སེམས་ནག་པོ་ཡོད་མཁན་ཞིག་རེད། ཁྱེད་ཀྱིས་མཁྱེན་གསལ་ལྟར་ཉེ་སྔོན་སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་གྲོངས་སྐབས་སྟག་སྨྱོན་གཅིག་པོའི་མིང་ཐོག་ནས་མཚན་སྨོད་ཞུས་པས་འདོད་པ་མ་ཚིམ་པར། མི་མང་པོ་ཞིག་གིས་མཚན་སྨོད་ཞུ་གི་ཡོད་མདོག་གིས་གདོང་དམར་གྱི་བུ་ཟེར་བ་དང་། སྦིང་སྦིང་ཟེར་བ། ནོར་ནོར་ཟེར་བ། མེ་རི་ཟེར་བ་བཅས་ཀྱི་མིང་ཐོག་ནས་མཚན་སྨོད་འདྲ་མིན་སྣ་ཚོགས་འཕྲོ་རིམ་འཕྲོར་བཏང་བ་རེད། ཉིད་དང་དྲ་གྲོགས་གཞན་པ་ཚོས་བསམ་བློ་ཞིག་ཐོངས་དང་། སྐྱབས་རྗེ་རིན་པོ་ཆེ་ནི་བསམ་གྱིས་མི་ཁྱབ་པའི་བྱང་ཆུབ་སེམས་དཔའ་ཞིག་ཡིན་སྟབས་མི་གཞན་པ་ཚོ་སྨྲོས་ཅི་དགོས་ཏེ། རང་གི་ཁ་གཏད་དུ་ལངས་པའི་དགྲ་བོ་ལ་ཡང་བྱམས་སྐྱོང་གནང་མཁན་ཞིག་ཡིན་པ་དང་། སྐྱབས་རྗེ་རིན་པོ་ཆེ་དང་སྟག་སྨྱོན་གཉིས་ཀྱི་བར་ལ་གནམ་ས་ལྟ་བུའི་མཐོ་དམན་དང་དྲག་ཞན་ཡོད་སྟབས་སྐྱབས་རྗེ་རིན་པོ་ཆེ་དང་། སྟག་སྨྱོན་གཉིས་ལ་སྒེར་གྱི་རྒྱག་རེས་འཁོན་འཛིང་ཞིག་མེད་པ་ནི་སྨྲོས་མ་དགོས་པ་རེད། དེས་ན་ཁོས་མ་རབ་ཀྱི་བྱ་སྤྱོད་དེ་འདྲ་སྤེལ་དགོས་དོན་ནི་ཆོས་ལུགས་ཀྱི་ཞེན་ཁོག་གི་དུག་རོ་མ་རུང་བ་ཞིག་ཁོག་ཏུ་ཉར་ཡོད་པས་ཡིན་པ་སྨྲོས་ཅི་དགོས། གྲྭ་བ་ལོག་ཀྱང་ཆགས་སྡང་མ་ལོག་པ་དང་། སྡོམ་པ་ཤོེར་ཡང་ཞེ་སྡང་མ་ཤོར་བ་འདིའི་བསམ་སྤྱོད་མི་སུས་ཀྱང་ཤེས་ཀྱི་རེད། སྔར་བོད་པའི་ལོ་རྒྱུས་ཀྱི་ཐོག་ཏུ་ཆོས་ལུགས་ཀྱི་དམག་འཁྲུག་ཇི་སྙེད་ཅིག་བྱུང་བ་ཐམས་ཅད་མི་འདིའི་རིགས་ཀྱི་བསམ་སྤྱོད་ལ་བརྟེན་ནས་བྱུང་བ་རེད། ད་སྐབས་ཀྱང་སྟག་སྨྱོན་ཟེར་བ་འདི་ལ་དབང་ཆ་དང་འཁོར་ཡུག་མེད་པ་མ་གཏོགས་བསམ་བློའི་ཐོག་ཏུ་དུག་རོ་ཆ་ཚང་བ་ཡོད་པ་རེད། ད་དུང་ཆབ་ཆའི་གྲྭ་པ་ཞིག་གིས་ཟེར་ན་མི་འདི་དོལ་ཚོགས་ཀྱི་ནང་གི་མི་ཡིན་པ་དང་། ནུབ་ཕྱོགས་སུ་མ་སོང་གོང་མན་ཇུ་ཏྲི་ལིཻར་ཡོད་པའི་ལྷ་མི་སྲུང་སྐྱོབས་ཚོགས་པའི་མགྲོན་ཁང་ཞིག་གི་ནང་དུ་ལས་ཀ་བྱེད་མཁན་རེད་ཟེར། ངས་ཨུ་ཚུགས་ག་ཚོད་བརྒྱབ་ཀྱང་མིང་ངོ་མ་བཤད་རོགས་བྱས་མ་སོང་མོད། ག་ལ་ག་ལེར་ཞིབ་འཇུག་བྱས་ན་ཤེས་ཡོང་གི་རེད་བསམ་གྱི་འདུག
གང་ལྟར་ངས་སྔར་ཐེངས་མང་ཞུས་པ་བཞིན་དྲ་དཔོན་དང་དྲ་གྲོགས་རྣམ་པ་ཚོ་སུན་པོ་བྱུང་བར་སྙིང་ཐག་པ་ནས་དགོངས་འགལ་མེད་པ་ཞུ་རྒྱུ་ཡིན། ངས་མཆན་བུ་ལ་བརྟེན་ནས་མ་འགྲིག་པ་བྱུང་ཚད་ང་བསམ་གཏན་གྱི་སྐྱོན་ཡིན་མ་གཏོགས་ཁ་བརྡ་དང་ཁ་བརྡའི་དྲ་དཔོན་ཚོའི་སྐྱོན་རྩ་བ་ནས་མིན། ང་རང་གི་སྐྱོན་ལ་ང་རང་གི་འགན་ཁུར་གྱི་ཡོད། འོན་ཀྱང་སྟག་སྨྱོན་དང་ངེད་གཉིས་ཀྱི་རྙོག་གླེང་ད་དུང་རྫོགས་མེད་པས་མུ་མཐུད་དབུགས་ཐག་སུ་རིང་བལྟ་རྒྱུ་མ་གཏོགས་མེད། དེས་ན་ངའི་རེ་བར་ཕྱིན་ཆད་བོད་མི་ནང་ཁུལ་ལ་དཀྲུགས་ཤིང་སློང་བའི་དྲ་གདོན་མ་རུང་བ་འདི་ཁ་བརྡ་དྲ་ཐོག་ཏུ་ཡོང་རུ་མ་འཇུག་རོགས་གནང་། ཤ་རུལ་མེད་ན་སྦྲང་མ་ཡོང་མཚམས་ཆད་པ་རེད། དེར་བརྟེན་དྲ་དཔོན་རྣམ་པས་དྲ་ཐོག་ནས་ཁོ་ལ་ཕྱིན་ཆད་འདིར་མ་ཡོང་གསུངས་སྟབས་མི་བདེ་ན་ཁོ་རང་སྒེར་གྱི་གློག་འཕྲིན་ཐོག་ཏུ་འབྲེལ་བ་གནང་ཆོག་གི་རེད། ང་ལ་ཡང་དེ་བཞིན་གསུང་རྒྱུ་གང་ཡོད་ཀྱང་དྲ་ཐོག་གམ་སྒེར་གྱི་གློག་འཕྲིན་ཐོག་ཏུ་གསུངས་རོགས་གནང་། རེ་ཞིག་དེ་ཙམ་ཞུ། ཡི་གེ་ལ་ཞུ་དག་བྱས་མེད། དགོངས་དག
རེད་རེད། དེ་རིང་ངའི་ཐོག་ལ་ངར་མཁན་གྱི་ཤེས་རབ་ཟེར་བ་ཞིག་དང་ཀུན་དགའ་ཟེར་བའི་སྔར་མེད་ཀྱི་མི་གཉིས་གློ་བུར་དུ་ཐོན་འདུག གཅིག་བྱས་ན་ད་དུང་མི་གསར་བ་ཐོན་རྒྱུ་ཡོད་སྲིད། གང་ལྟར་ངས་ཁྱེད་གཉིས་སྟག་སྨྱོན་གྱི་ཆོ་འཕྲུལ་ཡིན་མིན་ད་དུང་ཤེས་ཀྱི་མི་འདུག་པས་ལན་རྒྱག་འདོད་མ་བྱུང་། གལ་ཏེ་སྟག་སྨྱོན་གྱི་ཆོ་འཕྲུལ་མིན་པར་དངོས་གནས་མི་གཞན་པ་གཉིས་ཡིན་ན་ཁྱེད་གཉིས་ལ་སུན་པོ་བྱུང་བར་སྙིང་ཐག་པ་ནས་དགོངས་དག་ཞུ་རྒྱུ་ཡིན་ལ། སྟག་སྨྱོན་གྱི་ཆོ་འཕྲུལ་ཡིན་ན་ཡིན་ན་ཁྱོད་དང་འུ་གཉིས་མུ་མཐུད་དབུགས་ཐག་སུ་རིང་བལྟ་ཟེར་རྒྱུ་ཡིན།
འོ་ད་དུང་ཟེར་རྒྱུ་གཅིག་ལ་མ་འོངས་པར་ཤེས་རབ་དང་ཀུན་དགའ་གཉིས་རྒྱུན་དུ་དྲ་ཐོག་ལ་ཞུགས་མི་ཞུགས་བལྟ་གི་ཡིན།
བསམ་གཏན་ལགས། ཁྱོན་ནས་འདི་འདྲས་མ་གསུངས། ང་ཡོང་བ་ཕྱི་མོ་ཡིན། ཀློག་པ་སྔ་མོ་ཡིན། འུ་ཐུག་ནས་བཤད་དགོས་ཐུག་སོང་། ཁྱེད་རང་ངོ་མ་མི་སེམས་གནག དམིགས་ཡུལ་ངན་པ་བཅངས་ནས་འདིར་ཡོང་བ་འདྲ་པོ་འདུག བོད་གཞུང་དང་བོད་ཀྱི་ཆོས་ལ་ཁ་གཏོང་མཁན་སྟག་སྨྱོན་གཅིག་པུ་མ་རེད། ཅིའི་ཕྱིར་ཁོ་གཅིག་པུར་འབེན་འཛུགས་བྱེད་དམ། རོ་སྐེ་བཏགས་ཟེར་མཁན་ཁྱེད་ལས་མིན་པ་སུ་འདུག
སྟག་སྨྱོན་ཟེར་མཁན་འདི་གལ་ཏེ་ཁྱེད་ཀྱིས་རྒྱུས་ཡོད་མཁན་གྱི་མི་གཅིག་ཡིན་ན། ཁྱོད་ཅི་ཤོད། དེ་རབ་གསལ་ཡིན་སྲིད་ལ། དེ་ཀླུ་སྨྱོན་ཡང་ཡིན་སྲིད། ཡང་ན་འདི་རིག་བྱུང་དོན་སྒྲུབ་བཀྲིས་ཡང་ཡིན་སྲིད། ཁྱོད་ཀྱི་ཅི་ཤེས། བྱས་ཙང་ནག་ཁུང་ནང་མདའ་མ་འཕེན་ཟེར་བ་འདི་མི་བདེན་ནམ།
གྲོགས་པོ་ཚོས་མ་ཤེས་སྐུར་འདེབས་འདི་འདྲ་མི་གནང་རོགས་ཞུ་ཞེས་གསོལ་བ་ཕུར་ཚུགས་སུ་འདེབས་པ་ཡིན། ཕྲན་གྱིས་སྟག་སྨྱོན་གྱི་མིང་བེད་སྤྱོད་བྱས་མ་མྱོང་ཞེས་ལན་སྟོང་དུ་བཟླས་ནས་ཞུས་པ་ཡིན། དེ་ནས་པད་ནོར་རིན་པོ་ཆེའི་དགོངས་རྫོགས་ཀྱི་མཇུག་དེ་མ་ཐག་ཏུ་ཕྲན་གྱིས་དེ་མཆན་གཉིས་བྲིས་ཡོད་པ་དེ་གཤམ་གསལ་གྱི་འབྲེལ་ཐག་ལ་བསྣུན་ན་མཐོང་ཐུབ་ལ། མཆན་གཉིས་པོ་དེ་འདིར་ལུང་དྲངས་ཡོད།
http://www.khabdha.org/?p=2224#comments
————–
༡༧༽ དགེ་འདུན་རབ་གསལ་ནས།
སྤྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༣༡ གི་ཆུ་ཚོད་ ༩ སྐར་མ་ ༠༢ འདིར་ཞུ་དག་བྱོས།
ཁ་ སང་ནས་རབ་འབྱོར་གྱིས་བླ་མ་འདིའི་མཛད་པ་གསུངས་རོགས་ཞེས་རེ་བ་བཏོན་སོང་། ད་བླ་མ་གྲོངས་པའི་མྱ་ངན་གྱི་སྒང་ལ་ཚིག་མཚོན་དང་ཟུར་ཟའི་གཏམ་འདི་རིགས་འོས་ པོ་མི་འདུག དངོས་གནས། དེ་ལས་མཛད་པ་ཡོད་ན་གསུངས་རོགས། དེ་མིན་བསྟོད་སྨད་ཀྱི་ཚིག་ཕྲེང་བརྩིགས་ནས་ཅི་བྱེད།
——–
༨༦༽ དགེ་རབ་ནས།
སྤྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༣ གི་ཆུ་ཚོད་ ༡༡ སྐར་མ་ ༡༥ འདིར་ཞུ་དག་བྱོས།
གྲོགས་ པོ་ཚོ་དང་དམིགས་བསལ་གྱིས་སྔ་འགྱུར་རྙིང་མའི་བསྟན་པའི་བདག་པོ་སློབ་དཔོན་པད་ ནོར་རིན་པོ་ཆེའི་རྗེས་འཇུག་སློབ་མ་རྣམས་ལ་ཁ་བརྡ་དྲ་དེབ་ཀྱི་ངོས་ནས་དགོངས་ སེལ་ཞུ་རྒྱུ་ཞིག་ལ། མྱ་ངན་གྱི་དུས་སྐབས་འདི་འདྲ་ཞིག་ལ་ང་ཚོས་མྱ་ངན་ཞུ་བ་དང་ཆབས་གཅིག་ དྲ་དེབ་ཀྱི་ངོ་བོའི་ཐོག་ནས་དང་། རྩོམ་མཁན་གྱི་མིང་སྦས་པའི་ཐོག་ནས་ཚིག་ངན་ཐལ་ཆ་ཤོར་བ་བྱུང་རིགས་ནི་ཧ་ཅང་མ་ འོས་པ་ཞིག་ཡིན་པར་ངོས་འཛིན་ཞུས་པ་ཡིན་ལ། མཚམས་རེར་ང་ཚོ་ཚང་མ་བོད་རིགས་གཅིག་པ་ཡིན་བརྟེན་རྩོད་པ་བརྒྱབ་ནའང་རྩོད་པ་དེ་ རང་ཞིར་འགྲོ་བ་ཞིག་ཡོང་འདི་ཡང་དགའ་བ་སྐྱེས་པ་ཞིག་ཅིས་མ་ཡིན། གང་ལྟར། དེ་རིང་ཁ་བརྡ་དྲ་དེབ་ཀྱིས་སྐྱེས་ཆེན་དམ་པ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ མྱ་ངན་ཞུ་བ་དང་། ཁོང་གིས་སྐྱེ་འགྲོར་བཅངས་པའི་བཞེད་དགོངས་ལྷུན་གྱིས་འགྲུབ་པའི་སྨོན་ལམ་ཞུ་བ་ དང་བཅས། ཐེངས་འདིའི་མཆན་བུ་འདེབས་ས་ཡང་སྒོ་བརྒྱབ་པ་ཡིན། ཐུགས་རྗེ་ཆེ།
སྟག་སྨྱོན་དང་རབ་གསལ་གཅིག་མིན་པ་གི་སྒྲའི་རྩོད་པས་ཤེས་སླ། ཀླུ་སྨྱོན་དང་སྟག་སྨྱོན་གཅིག་པ་མིན་དགེ་བསྐོས་བཙན་པོའི་སྐབས་ནས་གསལ་ཡོད།
འ་རོགས་ཀྱྰ། ངས་འདི་ནས་བསམ་ཚུལ་ཁ་ཤས་ཞུས་རྒྱུ་ཡིན། ༡༽པད་ནོར་རིན་པོ་ཆེའི་སྐོར་ལ་འདྲ་མི་འདྲ་ཅིག་ཞུས་གི་ཡོད་ཚོད། བོད་མི་བསམ་ཤེས་ཤིག་ཡིན་ན་ཞིང་དམ་པ་ལ་རྟེན་པའི་དགེ་བ་བསགས་མི་ཐུབ་ན་ཡང་། སྡིག་རླབས་པོ་ཆེ་མ་བསགས། འོན་ཀྱང་གཞན་དབང་གིས་བོད་ནང་ཁུལ་དཀྲིགས་དགོས་གི་ཡོད་ན་ཁ་འགོག་ཐུབ་ནི་མ་རེད་དེ། ནང་ཁུལ་ནས་ཤེས་དགོས་པ་ཅིག་ཡོད་པ་ནི། དེང་སང་ཁ་ཤས་བོད་ནང་ཁུལ་དཀྲུགས་བའི་ས་བོན་ཡག་པོ་བཏབ་ན་ཅིག་རེག་རྒྱུ་ཡོད་པའི་སྐད་ཆ་འདུག
༢༽ ༧གོང་ས་མཆོག་གི་སྐུ་དྲིན་ལས་དེང་སང་བོད་ཆོད་གསུམ་ཆོས་ལུགས་ཡོངས་སུ་རྫོགས་པ་དམ་ཚིག་འོ་ཆུ་གཅིག་ཏུ་འདྲེས་ཡོད་པ་འདི་མུ་མཐུད་ཡུན་གནས་ཐུབ་པའི་ཡིད་ཆེས་ཡོད།
༣༽དེ་མིན་རྩོམ་ཡིག་གི་ཐོག་ནས་ནང་ཁུལ་རྒྱག་རེ་རྒྱག་དགོས་ནི་རེད། དེ་ཡང་དང་པོ་རང་གི་མི་རིགས་དང་། སྤྱི་བ་ལ་ཕན་སེམས་ཅིག་སྔོན་དུ་བཏང་ནས་རྒྱག་དགོས་ནི་རེད། འགན་ཅིག་ཡོད་པའི་ཐོག་ནས་རྒྱག་རེ་རྒྱག་དགོས་ནི་རེད། འོན་ཀྱང་ཚད་ལས་བརྒལ་ན་འགྲིག་ནི་མ་རེད། ཚད་ལས་བརྒལ་ཟེར་བ་ནི། དཔེ་མཚོན་ཁ་ཤས་ཞུས་གི་ཡིན། བོད་རྒྱལ་མཐའ་མ་ཨུ་དུམ་བཙན་གྱི་སྐབས་སུ་ཆོས་ཡོད་དང་ཆོས་མེད་གཉིས་ལ་རྩོད་པ་བྱུང་ནས་ཆོས་མེད་ཕྱོགས་ནས་ཆོས་ཡོད་ཕྱོགས་གསོད་གང་ཐུབ་བྱས་མཐར་ཆོས་ཡོད་ཕྱོགས་ནས་རྒྱལ་བོ་བསད་པ་རེད། འོན་ཀྱང་ཆོས་ཡོད་ཕྱོགས་ནས་རྒྱལ་བོ་བསད་པ་ཙམ་མ་གཏོགས་ཆབ་སྲིད་མུ་མཐུད་འགན་ཁས་ཡོད་ནི་མ་རེད། འདི་ནི་ཕྱོགས་གཉིས་ཀྱི་ཚད་ལས་བརྒལ་བའི་སྐྱོན་རེད། ཡང་བཀའ་བརྒྱུད་དང་དགེ་ལུགས་གཉིས་ཀྱིས་གྲུབ་མཐའ་རྩད་ནི་རེད། ཐོག་མར་བཀའ་བརྒྱུད་པས་དགེ་ལུགས་པ་ལྷ་སའི་སྨོན་ལམ་ནས་བདས་དང་ནི་རེད། དེ་བཞིན་འབྲས་སྤུངས་ལ་དམག་བརྒྱབ་ནས་བསྡད་མ་ཐུབ་པ་བཟོས་པ་རེད། དེ་ནས་དགེ་ལུགས་པས་བཀའ་བརྒྱུད་པའི་ལག་ནས་སྲིད་དབང་འཕྲོག་དང་ནི་རེད། འདི་ཡང་ཚད་ལས་བརྒལ་བའི་རྩོད་པ་ཅིག་རེད། འདས་པའི་ཆར་དེ་ཙམ་གྱིས་འཐུས་པ་བྱས། ད་ལྟའི་སྐབས་སུ་ཡང་ཚད་ལས་བརྒལ་བའི་རྩོད་པ་ཁ་ཤས་ཡོང་གི་འདུག ཆོས་མེད་པས་ཆོས་ལུགས་རྩ་མེད་བཟོ་དགོས་ཟེར་བ་དང་། ཡང་༧ གོང་ས་མཆོག་ལ་མཚན་སྨད་ཞུས་པ། དེ་བཞིན་བོད་སྤྱི་ཚོགས་ནང་གི་ནུས་པ་སུ་ཆེའི་མི་སྣ་དང་བླ་སྤྲུལ་ཁག་ལ་གཞི་མེད་སྒྲོ་སྐུར་ཞུས་པ་སོགས་ཡོང་གི་འདུག ད་འདི་ཚང་མ་༼ཤྭ་ཁྱི་ཤྭ་བོ་རེག་ནས་རྒྱུག སྒོ་ཁྱི་ཧ་མ་ཧེད་ལ་རྒྱུག་༽ཟེར་པའི་དཔེ་ལྟར་རེད། འདི་དག་གིས་རང་ཉིད་ཀྱི་ཚིག་གི་འགན་རང་ཉིད་ཀྱིས་ཁས་ཤེས་གི་མ་རེད། གཙོ་ཆེ་ཤོས་བོད་འབངས་ཡོངས་ནས་ཕན་ཚུན་བསམ་ཤེས་བྱེད་པ་གལ་ཆེ་ནི་རེད། དུས་ནམ་ཡང་འདིའི་རིགས་ནང་ཁུལ་གྱི་འགལ་ཟླར་བཟུང་ན་གྱོང་བོད་མི་སྤྱི་པོ་གནམ་བསྟན་ཡོངས་ལ་རེག་ནི་རེད། ༧གོང་ས་མཆོག་བཞུགས་པའི་རིང་ལ་སྐྱོན་ཡོད་ནི་མ་རེད།
བོད་མི་ཁག་ཅིག་མགོ་ཆེ་ན་ཡང་ཀླད་པ་ཆུང་ནོ་འདི་ག་རེ་ཡིན་ན། དཀོན་མཆོག་མཁྱེན།
ཨ་རོ། དགེ་རབ་རྩམ་པ་རང་གི་ཟས་དང་ངས། རྩམ་ཁུག་གཞན་གྱི་མགོ་འཇོག་གོ་ཀ གྲོད་ཁོག་བཤལ་རྒྱུ་ཡིན་ནོ་ཤེས་ཤེས། དུག་ཁུ་འཐུང་དོན་མེད་ལ།
བོད་རྒྱ་ཞི་མོལ་བཤད་ན། ང་ལ་ཡང་གླེང་རྒྱུ་དོན་དག་ཆེན་པོ་གཅིག་ཡོད། ངས་བཤད་འདོད་པ་ནི་བོད་རྒྱ་ཞི་མོལ་གྱི་སྐུ་ཚབ་ཀྱི་སྐོར་ཡིན། བོད་གཞུང་གི་གསར་འགྱུར་ཁག་ན་སྐུ་ཚབ་ཚོ་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་ཡིན་ཟེར། རྒྱ་ནག་གིས་སྐུ་ཚབ་ཚོ་ཏཱ་ལའི་བླ་མ་སྒེར་གྱི་སྐུ་ཚབ་ཡིན་ཟེར། ངས་བསམ་ན་འདི་ནི་གནད་དོན་ཞིག་རེད། ཕྱོགས་གཉིས་ལ་རྒྱུ་མཚན་ཡོད་པའི་གནད་དོན་ཆེན་པོ་ཞིག་རེད། བསམ་བློ་ཞིབ་ཏུ་བཏང་ན་རྒྱ་ནག་ལ་ལྷག་ཏུ་རྒྱུ་མཚན་དང་གནས་ལུགས་ཡོད་པའི་དོན་ཆེན་གཅིག་རེད། གང་ལྟར་ཟེར་ན། གལ་སྲིད་སྐུ་ཚབ་འདི་ཚོ་དངོས་གནས་དྲང་གནས་ཀྱི་བོད་བཙན་བྱོལ་གཞུང་གི་སྐུ་ཚབ་ཡིན་ན་མི་འདི་ཚོའི་དབང་ཚད་དང་ཆ་རྐྱེན་སོགས་བོད་གཞུང་གི་བཅའ་ཁྲིམས་རིན་པོ་ཆེ་དང་མཐུན་པ་ཞིག་དང་བཅའ་ཁྲིམས་རིན་པོ་ཆེའི་ནང་ལ་ཚུད་པ་ཞིག་ཡིན་དགོས་རྒྱུ་རེད། ཡིན་ནའང༌། མི་འདི་ཚོ་བཅའ་ཁྲིམས་རིན་པོ་ཆེ་དང་འབྲེལ་བ་གང་ཡང་མེད་པའི་མི་དཀྱུས་མ་ཤ་རྟགས་རེད་འདུག མི་འདི་ཚོ་གོང་ས་མཆོག་གི་ཐད་ཀར་འདེམས་པ་ཡིན་ན་ཡང༌། བོད་གཞུང་གི་ཁྲིམས་འོག་ན་མེད་པའི་མི་ཞིག་བོད་གཞུང་གི་སྐུ་ཚབ་ཡིན་ཟེར་ན་དོན་དག་ཅུང་གནད་ལ་མ་གནས་པར་སྙམ། དེ་བས་དྲ་གྲོགས་ཚང་མས་དོན་དག་འདི་ལ་བསམ་བློ་རེ་གཏོང་རོགས་གནང་ཞུ།
བཀྲ་ཤིས་ཚེ་རིང་ལགས་ཀྱི་བསམ་ཚུལ་འདི་ཡང་གལ་ཆེན་པོ་རེད།
ད་ཕན་གཞུང་འབྲེལ་གཏམ་བཤད་དང་གསར་ཤོག སྒེར་གྱི་ཚགས་པར་སོགས་སུ་༧གོང་ས་མཆོག་གི་སྐུ་ཚབ།བཙན་བྱོལ་བོད་གཞུང་གི་སྐུ་ཚབ།ང་ཚོའི་སྐུ་ཚབ།
དམིགས་བསལ་སྐུ་ཚབ་ཟེར་བ་སོགས་བཏགས་མིང་སྣ་ཚོགས་ཤིག་ཡོད་རུང་། མདོར་དོན་༧གོང་ས་མཆོག་གི་སྐུུ་ཚབ་ཀྱི་ངོ་བོའི་ཐོག་ནས་ཕར་ཚུར་ལ་འགྲོ་འོང་བྱེད་ཀྱི་ཡོད་པ་རེད།
འདི་ཡང་བོད་མི་ཚོས་ཤེས་དགོས་བའི་གནད་དོན་ཞིག་རེད། དེ་ནས་བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་རིན་པོ་ཆེའི་འོག་ན་ཡོད་མེད་ཀྱི་སྐད་ཆ་དེ་གནད་དོན་གཞན་ཞིག་རེད།
གང་ཡིན་ཞེ་ན། བཅའ་ཁྲིམས་ཀྱི་དགོངས་དོན་གཞིར་བཟུང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་རྒྱལ་ཁབ་ཀྱི་བླ་ན་མེད་པའི་དབུ་ཁྲིད་དང་གཙོ་འཛིན་ཡིན་པའི་ཆ་ནས་བཅའ་ཁྲིམས་ནང་གསལ་བའི་དམིགས་བསལ་སྐུ་དབང་དེ་བེད་སྤྱད་དེ་ཐད་ཀར་བདམས་པ་དེ་འདྲ་རེད། དེ་ང་ཚོའི་རྩོད་གཞི་ཞིག་མིན་པ་འདྲ། དེ་ཙམ་ཞུ།
ཡ་རིག་འབྱུང་ལགས།
ཁྱོད་ཀྱིས་བཤད་པ་ལྟར་ན་སྐུ་ཚབ་ཟེར་མཁན་དེ་ཚོ་གོང་ས་མཆོག་གི་སྐུ་ཚབ་ཡིན་པ་རེད་འདུག་ག དེ་ན་ང་ཚོས་རྒྱུ་མཚན་ཅི་ཞིག་གི་ཕྱིར་དུ་རྒྱ་ནག་གིས་བཤད་བཞིན་པའི་གོང་ས་མཆོག་སྒེར་གྱི་སྐུ་ཚབ་ཟེར་བ་འདི་ངོས་ལེན་བྱེད་མ་ཐུབ་པ་རེད་དམ། འདི་ཅུང་གསལ་བོ་བཟོ་རོགས།
གཞན། སྐུ་ཚབ་འདེམས་སྟངས་དེ་ང་ཚོའི་རྩོད་གཞི་མ་རེད་ཟེར་ནས་ཕར་གཡུག་རྐྱང་མ་བྱེད་རོགས། འདི་གནད་དོན་ཞིག་རེད། ཁ་སང་དེ་རིང་གོང་ས་མཆོག་སྐུ་འཚོ་ཞིང་བཞུགས་པའི་སྐབས་འདིར་འདི་གནད་དོན་ཞིག་མིན་པའི་དབང་དུ་བཏང་ཆོག་ཡང༌། མ་འོངས་པར་འདི་ནི་ནང་རྙོག་ཞིག་ཆགས་རྒྱུ་ཡིན་པ་ད་ལྟའི་གནས་བབ་ལས་གསལ་བོ་མཐོང་གི་མི་འདུག་གམ། རྡོག་རྡོག་བྱས་ནས་བརྗོད་ན་ངས་དམིགས་བསལ་དམིགས་བསལ་ཟེར་བ་འདི་ཚོ་འགྲིག་གི་མི་འདུག རྒྱལ་ཁབ་ཞིག་ཡིན་པའི་ཆ་ནས་ཁྲིམས་མཐུན་འདི་གཙོ་བོ་དགོས་ཀྱི་འདུག་ཟེར་གྱི་ཡོད། རྒྱལ་དོན་དང་སྒེར་དོན་གང་ཡིན་ཡང་ཁྲིམས་ཀྱིས་ཐག་ཆོད་པ་ཞིག་བྱུང་ན་ནམ་ཞིག་གང་ཟག་གང་ཞིག་ཡོད་ཀྱང་རུང་ལ་མེད་ཀྱང་རུང་བར་དོན་དག་ཚང་མ་སྔོན་མ་བཞིན་ལམ་ཁ་ཡག་ཏུ་འགྲོ་ངེས་རེད། དེ་ལྟར་མ་ཡིན་པར། ཅིག་གི་སྐུ་དབང་དང༌། ཅིག་གི་དམིགས་བསལ་ཟེར་ནས་བསྡད་ན་གྱོང་རེག་ས་དེ་རང་རང་རེད་ཡ་ལོ།
བཀྲ་ཤིས་ཚེ་རིང་ལགས།
དུས་ཐོག་ལ་ལན་ཕུལ་མ་ཐུབ་པར་དགོངས་དག་ཞུ།
ངེད་རང་བྲེལ་བྲེལ་འཚུབ་འཚུབ་ཞིག་གི་ྐློང་ན་ཡོད། དེ་རིང་ཡང་ལན་ཁ་ཚང་ཞིག་རྒྱག་རྒྱུའི་ཆུ་ཚོད་མི་འདུག
འདིར་གནད་དོན་གཅིག་གསལ་བོ་བཟོ་འདོད་བྱུང་། རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་སྐུ་ཚབ་རེད་ཟེར་བ་དེ་ངོས་ལེན་ཐུབ་མ་ཐུབ་ཀྱི་གནད་དོན་མ་རེད།
རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་སྐུ་ཚབ་ཀྱིས་བཏོན་པའི་བོད་རྒྱའི་དཀའ་རྙོག་ཐད་ཀྱི་བསམ་ཚུལ་དག་༧གོང་ས་མཆོག་སྐུ་སྒེར་གྱི་གནད་དོན་རེད་ཟེར་བ་དེ་ཚོའི་རིགས་ངོས་ལེན་ཐུབ་མ་ཐུབ་ཀྱི་གནད་དོན་རེད། གཞན། དམིགས་བསལ་དང་སྐུ་དབང་། ཁྲིམས་མཐུན་ཟེར་བའི་སྐད་ཆ་འདི་ཚོར་་སང་ཉིན་ལན་ཞིབ་ཏུ་བརྒྱབ་ཆོག། དེ་ཙམ་ཞུ།
དྲ་གཙོ་རིག་འབྱུང་ལགས།
གནད་དོན་དེ་གཉིས་ལ་ཁྱད་པར་ཅང་ཡོད་པ་མ་རེད། གཙོ་བོ་སྐུ་ཚབ་དེ་ཚོ་གོང་ས་མཆོག་སྐུ་སྒེར་གྱི་ཡིན་སོང་བས་ལན་པས་རེད། དེ་མ་གཏོགས་སྐུ་ཚབ་དེ་ཚོ་བོད་གཞུང་གི་བཅའ་ཁྲིམས་དང་མཐུན་པ་ཞིག་ཡིན་ན། ཡང་མིན་ན་རྒྱ་ནག་གིས་སྐུ་ཚབ་ཚོ་གཏན་ནས་ངོས་ལེན་བྱེད་ཀྱི་མ་རེད། གལ་སྲིད་ངོས་ལེན་བྱས་པ་ཡིན་ན་དོན་དག་ཤར་རྒྱག་བོད་ཀྱི་གནད་དོན་ཐོག་ལ་འགྲོ་བ་ལས་གོང་ས་མཆོག་སྐུ་སྒེར་ཟེར་ནས་ཁ་གཡར་ས་ཅང་ཡོད་པ་མ་རེད། གོང་ས་མཆོག་སྐུ་སྒེར་ཟེར་བ་འདི་རྒྱ་ནག་གི་ཁ་གཡར་ས་གཙོ་བོ་དང༌། བོད་གཞུང་གི་ངོས་ཟིན་གྱི་མེད་པའི་གནད་དོན་ཉག་གཅིག་པུ་རེད་ལགས།
དགོངས་འཆར་གནང་བར་ཐུགས་རྗེ་ཆེ།