འདྲེ་མགོ་རྡོ།
བོད་རྒྱ་ཞི་མོལ་ཞེས་པའི་སྐད་ཆ་འདིར་འཁྱུག་ལྟ་ཙམ་ཞུས་ན། དེ་ནི་ལོ་རབས་བདུན་བཅུའི་ནང་དངོས་ཡོད་དུ་གྱུར་འགོ་ཚུགས་ཤིང་། བརྒྱུད་ལམ་རིགས་འདྲ་མིན་གྱིས་ཏིན་རྒྱལ་གཉིས་ཀྱི་སྐད་ཆའི་འཕྲོ་མཐུད་བྱས་ཡོད་པས་ཟམ་གདོང་གཞུང་གི་འབྲེལ་མོལ་དུས་ཡུན་ལས་སྐུ་ཞབས་རྒྱལ་དོན་གྱི་ཞི་མོལ་ལ་ལོ་ངོ་མང་པོ་འགོར་ཡོད་པ་རེད། ཡིན་ནའང་། སྐུ་ཞབས་རྒྱལ་དོན་གྱིས་མཐའ་མར་ཨེ་ཤའི་ཡ་རང་དབང་རླུང་འཕྲིན་བརྒྱུད་ལམ་ནས་འདར་འདར་ཆེ་བའི་སྐད་ཀྱིས་འགན་ཁུར་ཐབས་བྲལ་བའི་གནས་ཚུལ་ཁབ་བསྒྲགས་བྱས་ཤིང་། ༧ཏཱ་ལའི་བླ་མར་མཚན་སྨད་ཞུས་རབས་ཤིག་ལ་ཧང་སང་མདོག་གིས་ཞི་མོལ་གྱི་ནང་དོན་སྦུག་སྦུག་ངང་འཇོག་མ་ཐུབ་ཚུལ་གནང་བ་ནི། དོན་དངོས་བྱས་ན། ཞི་མོལ་གྱི་རིམ་པ་དེའི་སྟེང་ནས་ཡོངས་སུ་རེ་མེད་དུ་གྱུར་ཚུལ་བསྟན་པ་རེད། སྐབས་དེར་ཁོང་གིས་གསར་ཁང་ཁ་ཤས་ལ་རྒྱ་ནག་གཞུང་ལ་ཡིད་ཆེས་མེད་ཚུལ་དངོས་སུ་གསུངས་དགོས་བྱུང་ཡོད། བྱུང་རིམ་འདི་ཁོང་སྒེར་གྱི་ཚབ་སྲིད་ཆོད་སེམས་ལས་སྐྱེས་མིན་ཁ་ཚོན་མི་ཆོད་ཀྱང་། ཞི་མོལ་གྱི་དུས་རིམ་དེ་༧ཏཱ་ལའི་བླ་མའི་ཕྱོགས་ཡོངས་སུ་ཕམ་ཉེས་ཕྱིན་པ་གསལ་བོར་བསྟན་ཡོད་པ་རེད། འོན་ཏེ། ཆབ་སྲིད་དཔྱད་བརྗོད་པ་ཁ་ཤས་ཀྱིས་དུས་རིམ་འདིར་རྒྱལ་སྤྱིའི་བོད་དོན་ལ་ཞི་མོལ་དང་འབྲེལ་ཏེ་འཕེལ་རྒྱས་ཕྱིན་ཚུལ་ཕྱོགས་སྡོམ་གནང་ཡོད་ཀྱང་། དོན་དངོས་བོད་ནང་གི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་ཕྱིན་མེད།
ཟམ་གདོང་གཞུང་གི་དུས་སྐབས་ནི་ཉེ་བའི་སྟོང་ལོ་གསར་ཚེས་ཀྱི་སྐབས་ཏག་ཏག་ཏུ་འཁེལ་ཡོད་ལ། བཙུན་པ་ཟམ་གདོང་ལ་མཚོན་ན་ཞི་མོལ་གྱི་བྱུང་རིམ་ཧྲིལ་བོར་རྒྱུས་ཡོད་ཡིན་ཡང་། མི་རྣམས་ཀྱིས་དེ་ལ་དཔྱད་པ་བྱེད་བཞིན་པ་ཞིག་ནི། ” ཉ་མོ་མ་ཟིན་པ་མ་གཏོགས།། མཚོ་མཐའ་མ་བསྐོར་བ་མ་རེད།། “ཅེས་པའི་ཁོང་གི་རྒྱ་ནག་ཕྱོགས་ཀྱི་ཤེས་ཚད་ཐད་ནས་རེད་ལ། གཏམ་དཔེ་འདི་ནི་ཁོང་གི་ཞལ་གསོན་པོའི་ཚིག་དྲོན་མོ་རེད། མཚོ་མཐའ་བསྐོར་མིན་ནི་བྱུང་རིམ་ཞིག་གི་ངོས་ནས་གླེང་སྟེ་ཉ་མོ་ཟིན་མིན་གྱི་ཐབས་ཇུས་མེད་པ་དེས། བཙུན་པ་ཟམ་གདོང་གི་རྒྱ་ནག་ཕྱོགས་ཀྱི་ཤེས་ཚད་ཐད་ལ་དོགས་འདྲི་ཡོད་པ་ནི་དེ་གར་གནས་ཡོད།
ཡིན་ནའང་། ཞི་མོལ་གྱི་མིང་འགྱུར་འགོ་ཚུགས་པ་ནས་འབྲེལ་མོལ་གྱི་དུས་སྐབས་ཧྲིལ་བོ་ནི་བརྒྱུད་ལམ་གཅིག་དང་། ཞི་མོལ་ཚོགས་ཆུང་ཅན་གྱི་ངོ་བོར་འཕོས་པས་ཕྱི་ཚུལ་ནི་གཟབ་མནན་ཅན་དང་རེ་བ་ཅན་ཞིག་ཏུ་མཐོང་མཁན་བྱུང་ཡོད། ཟམ་གདོང་གཞུང་གི་ལོ་ངོ་བཅུ་ནི་རྒྱ་ནག་དང་འབྲེལ་ཐུག་ཐེངས་མང་བྱས་པའི་གྲས་སུ་སླེབས་ཡོད་ཀྱང་། ཆབ་སྲིད་ཁྱབ་ཁོངས་ནས་བཤད་ན་ཞི་མོལ་ལ་མིང་བསྒྱུར་བྱས་པ་ནས་རང་སྐྱོང་བསམ་འཆར་སྤྲད་པའི་ལས་དོན་ཡོངས་རྫོགས་ནང་། འབྲེལ་མོལ་གྱི་འདུན་པ་༧ཏཱ་ལའི་བླ་མའི་ལྡོག་ཏུ་མེད་པའི་བཀའ་དགོངས་ཡིན་ཤུགས་ལས། ཟམ་གདོང་དང་རྒྱ་རི་བློ་རྒྱན་གཉིས་ཀས་སྒེར་གྱི་བསམ་ཚུལ་དང་རེ་བ་སྦུག་སྦུག་རབ་རིབ་ཀྱིས་བཞག་ད་དུང་ཡོད། རྒྱ་རི་བློ་རྒྱན་ལ་མཚོན་ན་ལས་དོན་ག་རེ་ཡིན་ཡང་དོན་འབྲས་ཡོད་མེད་ལ་མ་ལྟོས་པར་༧ཏཱ་ལའི་བླ་མའི་བཀའ་ལུང་གལ་ཆེ་ཡིན་ཚུལ་གསལ་བཤད་བྱས་ཡོད་ལ། གལ་སྲིད་༧ཏཱ་ལའི་བླ་མའི་དབུ་ཁྲིད་མེད་པ་ཡིན་ན་ཁོང་གིས་ཕྱག་ལས་གནང་འདོད་མེད་པའི་འདོད་ཚུལ་གསལ་བོར་བསྟན་ཡོད། གནད་དོན་འདིས་སྐུ་ཚབ་རྒྱ་རིས་༧ཏཱ་ལའི་བླ་མའི་བློ་ངོར་ཡོད་པའི་བོད་དེ་གང་དུ་བོར་མིན་ལ་མི་རྣམས་ཀྱིས་དོགས་པ་བྱེད་ཀྱི་ཡོད་ལ། བོད་མེད་ས་ཞིག་དང་བོད་གལ་ཆུང་ཡིན་ས་ཞིག་ཏུ་༧ཏཱ་ལའི་བླ་མ་དེ་བས་ཀྱང་མེད་པ་དང་གལ་ཆུང་ཡིན་པས་རྒྱུ་མཚན་ཁོང་གིས་ཤེས་བཞིན་དང་ལེན་མ་ཞུས་པ་ནི་མི་རྣམས་ལ་དོགས་པའི་ངོ་བོར་བསྡད་ཡོད། ད་དུང་ཞོར་འཕྲོས་ཤིག་ལ། རྒྱ་རི་བློ་རྒྱན་བཀའ་ཁྲིར་མི་ལངས་པའི་ཁྱབ་བསྒྲགས་སྤེལ་བ་དེས། ཁོང་གིས་གནང་འདོད་པའི་ཕྱག་ལས་ཀྱི་ངོ་བོ་ཡང་མི་རྣམས་ལ་ཤེས་སུ་བཅུག་ཡོད།
གོང་དུ་བཤད་པའི་སྒེར་གྱི་ཆོད་སེམས་དེ་དག་ནི་རྩོམ་འདིའི་གླེང་གཞི་ཞི་མོལ་བྱེད་པོ་དག་གི་མཁྱེན་རྒྱ་དང་སྒེར་གཤིས་ཡིན་སྟབས། རིམ་པ་འདིའི་སྟེང་ནས་ཞི་མོལ་ལ་ལྟ་དགོས་ཚེ་ད་དུང་ང་ཚོར་ཞིབ་འཇུག་བྱ་ཡུལ་མང་པོ་ཞིག་ལྷག་བསྡད་ཡོད་པར་འདོད།
སྐུ་ཞབས་རྒྱལ་དོན་གྱི་དུས་རིམ་དང་སྐུ་ཞབས་བློ་རྒྱན་གྱི་དུས་རིམ་གཉིས་ནི་ཞི་མོལ་ནས་འབྲེལ་མོལ་ལ་འཕོས་པའི་དུས་རིམ་ཡིན་ཞེས་ན་རིག་པས་མི་གནོད་ལ། དུས་རིམ་འདི་གཉིས་ལ་ང་ཚོས་ཞིབ་ལྟོས་བྱས་པ་ཡིན་ན་༧ཏཱ་ལའི་བླ་མ་མཆོག་ནི་རྒྱ་གཞུང་ལ་སྐད་ཆ་བཤད་རྒྱུའི་རེ་འདུན་ལྡོག་མེད་ཡོད་མཁན་དེ་ཡིན་པར་ཞི་མོལ་ལས་དོན་པ་ཆེ་ཕྲ་ཚང་མས་མགྲིན་གཅིག་ཏུ་སྐྱོར་ཡོད་མོད། ད་བར་ང་ཚོས་དོགས་པ་བྱས་མེད་པ་ཞིག་དང་། དྲི་བ་བཏང་མེད་པ་ཞིག་ནི་༧ཏཱ་ལའི་བླ་མ་དང་། ཁོང་གི་སྐུ་ཚབ། དེ་བཞིན་ཞི་མོལ་ཚོགས་ཆུང་གི་བསམ་ཚུལ་ལ་ཁྱད་པར་ཡོད་མེད་ཐད་རེད་ལ། ཁོང་ཚོས་རྒྱ་གཞུང་ལ་རེ་བ་མཐོང་གི་མེད་ན་འདི་ལྟར་འབྲེལ་མོལ་ལ་འགྱུར་བ་མེད་པའི་སྲིད་བྱུས་འཛིན་དགོས་དོན་ག་རེ་ཡིན་ནམ། ༧ཏཱ་ལའི་བླ་མས་ལོ་ཁ་ཤས་ཀྱི་སྔོན་ནས་ཁོང་ཉིད་རྒྱ་ནག་གཞུང་ལ་ཡིད་ཆེས་སྲབ་ཏུ་ཕྱིན་ཚུལ་གསུངས་ཡོད་ལ། རྒྱ་ནག་གཞུང་ཡང་༧ཏཱ་ལའི་བླ་མའི་སྐད་ཆར་ཡིད་ཆེས་མེད་པ་དེ་རིང་སྐུ་ཚབ་སྐལ་བཟང་རྒྱལ་མཚན་གྱིས་གསལ་བཤད་བྱས་ཡོད།
མཚམས་འདིར་ངས་དྲི་བ་ཞིག་འདྲི་འདོད་དེ་ཟམ་གདོང་གཞུང་དང་དམིགས་བསལ་སྐུ་ཚབ་རྣམ་གཉིས་རྒྱ་ནག་གཞུང་ལ་ཡིད་ཆེས་སྲབ་ཏུ་ཕྱིན་ཡོད་མེད་དང་། མཁྱེན་རླབས་མཚུངས་མེད་༧ཏཱ་ལའི་བླ་མ་མཆོག་གིས་ཀྱང་ཡིད་ཆེས་སྲབ་ཏུ་ཕྱིན་ཡོད་པའི་རྒྱ་ནག་གཞུང་དང་མཉམ་ཏུ་འབྲེལ་མོལ་བྱེད་རྒྱུའི་ཡིད་ཆེས་ཤིག་ཅི་ལྟར་རྙེད་ཀྱི་ཡོད་དམ། ཅེས་པ་འདི་ཡིན།
གཤམ་ཏུ་ཁ་སྣོན་ཞིག་ལ་དེ་རིང་བོད་གཞུང་དྲ་རྒྱ་ནས་སྐུ་ཚབ་སྐལ་བཟང་རྒྱལ་མཚན་གྱི་གསལ་བཤད་ཅིག་འདིར་དྲངས་ཡོད།
” ངའི་བསམ་པར་རྒྱ་ནག་གཞུང་ཕྱོགས་ནས་ད་ལྟ་རྒྱ་བོད་གཉིས་ཀྱི་འབྲེལ་ལམ་ཐོག་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་དང་། རྒྱ་བོད་གཉིས་ཀྱི་ལངས་ཕྱོགས་དེ་འགལ་ཟླ་ཆུང་དུ་འགྲོ་རྒྱུའི་གོམ་པ་མདུན་སྤོས་མ་ཐུབ་པའི་གནད་དོན་མང་དག་ཅིག་ཡོད་པ་རེད་བསམ་གྱི་ཡོད། འོན་ཀྱང་གནད་འགག་གཙོ་བོ་དེ་རྒྱ་ནག་གཞུང་གི་འགོ་ཁྲིད་རྣམས་ལ་བོད་ཀྱི་དཀའ་རྙོག་སེལ་རྒྱུའི་སྙིང་སྟོབས་དང་ཆོད་སེམས་མི་འདུག
དེ་དག་མེད་པའི་རྐྱེན་ནི་དོགས་པ་རྣམ་རྟོག་མང་པོ་ཞིག་ཡོང་གི་ཡོད་པ་རེད་བསམ་གྱི་ཡོད། ཕྱོགས་གཅིག་ནས་རྒྱ་ནག་གཞུང་གིས་ཡོངས་གྲགས་ཐོག་ངོས་ལེན་བྱས་རུང་མ་བྱས་རུང་། གནས་ཚུལ་གསལ་པོ་ཞིག་གང་རེད་དམ་ཞེ་ན། རྒྱ་ནག་གཞུང་ནས་བཅིངས་འགྲོལ་ལ་ཁ་གཡར་ནས་བོད་ལ་དྲག་པོའི་དམག་དཔུང་བེད་སྤྱོད་ བཏང་སྟེ་བཙན་འཛུལ་བྱས་པ་ཞིག་རེད། དུས་དེ་ནས་བཟུང་ད་ལྟ་བར་དུ་འཛིན་པའི་སྲིད་བྱུས་དེར་གུ་བཤངས་མ་བྱས་པར་གནས་ ཡོད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོའི་ངོས་ནས་རང་བཙན་རྩོད་ཀྱི་མེད་ལ་ ཁ་བྲལ་བྱེད་ཀྱི་མེད། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་གཉིས་ཀར་ཕན་ཐོགས་ཡོད་ པའི་ལམ་ནས། བོད་ཀྱི་དཀའ་རྙོག་སེལ་རྒྱུའི་ཐག་གཅོད་གཙང་མ་བྱས་ཡོད་ཅེས་བཀའ་སློབ་རབས་དང་རིམ་པ་ཕེབས་པ་དེར་ད་ལྟ་ཡིན་ནའང་རྒྱ་ནག་གཞུང་གི་འགོ་ཁྲིད་རྣམས་ནས་དོགས་པ་རྣམ་རྟོག་ཆེ་དྲགས་པའི་དབང་གིས་མགོན་པོ་གང་ཉིད་མཆོག་གི་བཀའ་སློབ་ལ་ཡིད་ཆེས་བྱེད་ཀྱི་མི་འདུག་” ཅེས་གསུངས་ཡོད།
2011/ 7/ 1/ ཧོང་ཀོང་རྒྱ་ནག་གིས་བླངས་པའི་ཉིན་མོར་བྲིས།
ལོ་ཡུན་འདི་དག་གི་རིང་། བོད་རྒྱ་ཞི་མོལ་བྱས་པའི་གྲུབ་འབྲས་དེ། ༢༠༠༨་ལོར་ནས་རུལ་སུངས་སུ་ཆགས་ཚར་བ་རེད། དེ་རུལ་སུངས་བཟོ་མི་ང་ཚོ་བོད་འགོ་ཚོ་ཡིན་པ་ལས་རྒྱ་མིའི་འཐུས་ཚབ་ཚོ་མིན། གྲུབ་འབྲས་མངོན་འགྱུར་བྱ་བའི་གོ་སྐབས་ཆེས་ལེགས་ཤོས་དེ་ཤོར་ཚར་སོང་། ད་བོད་རྒྱ་ཞི་མོལ་ཞེ་ན་ཁ་ཟས་སོས་ཚར་ནས་སྐྱག་པ་བཏང་འཕྲོ་ཞིག་དང་ཨ་ན་མ་ན་རེད། ངོ་མ་བོད་རྒན་ཆོས་བརླག་ཐལ་ཡ་་་་་་
བོད་རྒྱ་ཞི་མོལ་ཞེས་མིང་ཞིག་བཏགས་ནས་འདུ་འཛོམས་ཤིག་བྱེད་ཐུབ་པའི་དབང་དུ་བཏང་ཡང་། དེ་ཡི་མཇུག་འབྲས་ནི་སྔར་བཞིན་བོད་ཀྱི་གནད་དོན་ནི་རྒྱ་ནག་གི་ནང་སྲིད་ཡིན་པ་དེ་རེད། རྒྱ་ནག་གི་ནང་སྲིད་ནི་གུང་ཁྲན་གི་འགོ་ཁྲིད་བྱས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གནད་དོན་ཡིན་པ་རེད། སྤྱི་བཏང་བྱས་ན་འདི་ཁོ་ཚོས་གསལ་བོ་བྱས་ནས་བཤད་ཚར་ཡོད་པ་རེད། བོད་རང་བཙན་ཡིན་པའི་གནད་དོན་ལས་གཞན་དོན་དག་ག་རེ་ཡི་སྟེང་དུའང་གྲོས་མོལ་བྱས་ཆོག་ཟེར།
བདག་དབང་ཆ་ཚང་བོད་ཀྱི་བསྐལ་བ་ས་ལ་ཆགས་པ་ནས་རྒྱ་ནག་ལ་ཡོད་པར་ཁས་མ་བླངས་ན་རྒྱ་བོད་ཞི་མོལ་གྱི་རེ་བ་ད་ལྟའི་གནས་སྐབས་ལ་ཡོད་པར་ཚོར་གྱི་མི་འདུག
བཙན་བྱོལ་བོད་གཞུང་གིས་དགོས་གལ་བྱུང་ན་༇༸གོང་ས་མཆོག་གིས་རྒྱལ་སྤྱིའི་སྒང་བོད་རྒྱ་ནག་གི་ཆ་ཤས་ཡིན་པ་ཁྲིམས་མཐུན་བཟོས་ཆོག་པར་ཁས་ལེན་བྱས་ཡོད། དེ་ནི་འདས་པ་ནི་ད་ལ་ཐུག་གི་བར་གྱི་བདག་དབང་གི་གནད་དོན་ལ་ཁས་ལེན་བྱེད་ཀྱི་ཡིན་མིན་མི་ཤེས། ཟམ་གདོང་མཆོག་གིས་བོད་རྒྱ་ཞི་མོལ་གྱི་ཐད་མི་མཐུན་པའི་གནད་དོན་གསུམ་གསུངས་ཡོད་ཀྱང་། རྒྱ་གཞུང་གིས་བོད་དོན་ལ་ལག་པ་འཆང་ཆོག་པའི་བདག་དབང་གི་གནད་དོན་ཁས་ལེན་མ་བྱས་བར་དུ་གནད་དོན་གཞན་ཅི་ཡང་མེད་པར་བཤད་ཀྱི་ཡོད།
གནས་སྐབས་སུ་བོད་རྒྱ་འབྲེལ་མོར་གྲུབ་འབྲས་མེད་པ་ཞིག་ཏུ་མཐོང་བ་དེ་དངོས་བདེན་རེད། ཡིན་ན་ཡང་། བོད་རྒྱ་འབྲེལ་མོར་གྲུབ་འབྲས་མ་ཐོན་པ་དེ་དུས་ཡུན་ཐུང་དྲག་པས་རེད། དུས་ཡུན་གང་འཚམ་ཞིག་སོང་བ་ཡིན་ན་བོད་རྒྱ་ཞི་མོར་གྲུབ་འབྲས་ཐོན་ཐག་ཆོད་ཐོན་གི་རེད། མ་ཐོན་པ་སྲིད་གི་མ་རེད། གལ་ཏེ་མ་ཐོན་ན་འཛམ་གླིང་ཐོག་གི་མིའི་རིགས་ལ་ཡར་རྒྱས་ཟེར་ཡག་དེ་ཡོང་གི་མ་རེད་ལ། དངོས་པོའི་ཆོས་ཉིད་ཟེར་ཡག་དེ་ཡང་གོ་ལྡོག་ཏུ་འགྱུར་གི་རེད།
ད་ལྟའི་གནས་སྐབས་འདིར་ཕར་ཕྱོགས་རྒྱ་གཞུང་གི་སྣེ་ཁྲིད་ཁག་ཅིག་གི་ཀླད་པ་རྣམ་རྟོག་གིས་ས་རུབ་ཏེ་ནམ་མཁའ་གསལ་མེད་ཙང་༧གོང་ས་མཆོག་གི་ཁ་ཞེ་གཉིས་མེད་གི་མེ་ཏོག་དེ་ཇི་ཙམ་མཛེས་ན་ཡང་དོག་པའི་མུན་ཁུངས་ནས་མཐོང་ཐུབ་གི་མ་རེད། དེ་ཁོ་ཚོར་ཁག་ཡོད་མ་རེད། མི་སུ་ཡིན་ན་ཡང་མཚན་མོ་མེ་ཏོག་ལ་བལྟས་ན་མེ་ཏོག་གི་མཛེས་ཉམས་ཧ་གོ་གི་མ་རེད། ཡིན་ན་ཡང་། འཇིག་རྟེན་འདི་མཚན་མོ་རྐྱང་རྐྱང་ལ་བསྡད་གི་མ་རེད། ཉིན་མ་གཅིག་ནམ་ལངས་ཡག་ཡོང་གི་རེད།
གཞན་་་བོད་རྒྱ་འབྲེལ་མོ་ལ་དུས་ངོས་གཉིས་ནས་བལྟ་དགོས་གི་རེད་བསམ། གཅིག་་་བོད་རྒྱ་འབྲེལ་མོའི་ཕྱིའི་ཆབ་སྲིད་གི་རྣམ་པ་ལ་བལྟ་དགོས་པ་དང་། གཉིས་པ་དེ་བོད་རྒྱ་འབྲེལ་མོའི་ནང་གི་ཆོས་ཉེད་བདེན་དོན་ལ་བལྟ་དགོས་གི་རེད། དེ་གཉིས་ལས་ཕྱིའི་ཆབ་སྲིད་གི་རྣམ་པར་གྲུབ་འབྲས་ཐོན་མེད་ན་ཡང་ནང་ཆོས་ཉིད་ཀྱི་བདེན་དོན་དེ་ང་ཚོར་ཡོད་པ་རེད། དེས་ཕྱོགས་གཅིག་ཤོར་ཡོད་ན་ཡང་ཕྱོགས་གཅིག་ཐོབ་ཡོད་པར་བརྩི་དགོས་གི་རེད། རྩ་བ་ཉིད་ནས་གྲུབ་འབྲས་མེད་པ་ཅིག་ལ་བསམས་མི་རུང་། ད་དུང་ང་ཚོ་དབུ་མའི་ལམ་གི་ལམ་ནང་ན་འགྲོ་བཞིན་པ་ཡིན། དབུ་མའི་ལམ་གི་ལམ་མཐའ་ལ་བསླེབས་ཡོད་མ་རེད།
ནམ་མཁའ་ལངས་པ་དང་ལམ་མཐའ་ལ་བསླེབས་གི་རེད། རྡོག་རྡོག་བཤད་ན། ནམ་ལངས་རྒྱུ་ཡོད་པ་ཞིག་དང་ལམ་མཐའ་ཟིན་རྒྱུ་ཡོད་དེ་སེམས་ལ་ཉར་ནས་ཡིད་ཆེས་བྱེད་དགོས་གི་རེད།
ས་པཎ་གིས། མི་ལ་བརྩོན་འགྲུས་ལྡན་གྱུར་ན། །འཇིག་རྟེན་འདི་ན་དཀའ་བ་མེད། །གསུང་དེར་མཐོང་ཆེན་བྱེད་ན་སེམས་ཤུགས་མི་ཆགས་པར་ཕན་གི་རེད།
བོད་རྒྱ་འབྲེལ་མོ་་་་་བོད་རྒྱ་འབྲེལ་མོལ་ལ་བཅོས།
འདྲེ་མགོ་རྡོས་བྲིས་པའི་འཆལ་རྩོམ་འདི་ཚར་གཅིག་བཀླགས་ཟིན ། ང་ལ་དགོས་མཁོ་ཡོད་པ་དེ་གང་རེད ། ང་ལ་རན་པའི་སྐད་ཆ་དེ་གང་རེད ། ཞིབ་ཏུ་གཞིགས་ན་རྩོམ་འདིའི་གྲུ་ཟུར་ན་སྐྱག་དྲི་འཐིལ་གྱིན་གཅིན་དྲི་བྲོ་བཞིན་འདུག དེ་ནི་ང་ལ་བཞག་པའི་འདྲེ་མགོ་རྡོའི་རྩོམ་གཤིས་རེད ། དེ་ནི་ཀློག་པ་པོ་ཡོངས་ལ་ཕུལ་པའི་འདྲེ་མགོ་རྡོའི་ལག་རྗེས་རེད །
འདྲེ་མགོ་རྡོག ཉིད་ཀྱི་ལྟ་ཚུལ་དེས་ཤུགས་ནས་མཐོང་བ་ནི། སྒེར་འཁོན་ཅན་གྱིས་དམོད་ཚིག་བོར་རིས་དང་། རྒན་མོ་ངན་པས་དོན་མེད་ཀླན་ཀ་འཚོལ་བ་དང་གཉིས་སུ་མ་མཆིས་པ་ལྟ་བུ་བསྟན་འདུག་པ་ལས། གཟི་བོར་གནས་ཤིང་དཔྱད་མཐའ་རྫོགས་པའི་གྲུབ་དོན་ཞིག་ཏུ་ངོས་འཛིན་བྱེད་ཐབས་མེད་པ་ཞིག་ཏུ་ཚོར།
སྒོས་སུ་ཕྱོགས་ཡོངས་ཀྱི་ངོས་འཛིན་ཕྲ་མོ་ཙམ་ཡང་མཐོང་མེད་པ་དེ་ཡང་རང་གི་ངོས་ཟིན་དགོས་པའི་དུས་ལ་བབས་ཤ དེ་དོན་དགོངས་འཇགས་འཚལ།
དེ་བས་ན་རིག་པ་དང་འགལ་ཞིང་དོན་དངོས་དང་ལེ་བར་སྟོང་ཕྲག་གིས་བར་ཆོད་པའི་རྙོག་གཏམ་འདི་ནི་བཞད་གད་ཀྱི་གནས་ཁོ་ན་ལས་མ་འདས་བར་མཐོང་། ངས་བལྟས་ན་མིག་རྒྱང་ཐུང་ཐུང་གི་རང་བཙན་འདོད་མཁན་ཞིག་གིས་འོལ་ཚོད་དང་། བྱུང་རྒྱལ་དུ་སྨྲས་བར་ཟད་དོ།
ས་འཕྱར་ན་རྡོ་ལྷང་ལ་འབུད་
བོད་རྒྱ་ཞི་མོལ་གྲུབ་འབྲས་གང་ཡང་ཡོང་རྒྱུ་མེད། དེ་ལས་ང་ཚོའི་གོ་སྐབས་ལ་སྒུག་ནས་སྡོད་དགོས། ད་ལོའི་རྒྱ་ནག་གི་གནམ་ཟླའི་ཚ་གྲང་མི་མཉམ་པའི་སྟེང་རྒྱ་ནག་མི་མང་ལ་ཞི་དྲག་གི་འགྱུར་རྡོག་ཡང་མང་པོ་འདུག ཁ་སང་ཧོང་ཀོང་ནང་གི་གནས་ཚུལ་ལ་བལྟས་ན་རྒྱ་ནག་གུང་ཁྲན་ནི་རླུང་ནག་ནང་གི་སྒྲོན་མེ་ལྟ་བུ་མིན་ནམ་སྙམ། ཚང་མས་བལྟས་ན་དེ་འདྲ་ཡིན་ནམ།
འདྲེ་མགོ་འདི་ཁ་སང་སྔོན་མ་ལྷ་མོས་གཅིག་འདུལ་ཚར་བ་རེད། དེ་རིང་སླར་ཡང་ཟམ་གདོང་རིན་པོ་ཆེར་གཏད་པའི་སྐད་ཆ་དེ་ཚོ་ཡང་བསྐྱར་ལྷང་ལ་བུད་འདུག འདིས་ཟམ་གདོང་རིན་པོ་ཆེ་ཟོས་བཏང་ན་ཨ་ཚ་མེད་ངེས། མི་འདི་་་་་་་་་་།
བོད་པ་ཚང་གི་གཏམ་དཔེ་རང་རེད། སྐད་གྲགས་རྟ་ལས་ཆེ་བ། གཞུག་གུ་ལུག་ལས་ཐུང་བ། བོད་བདེ་བ་གཞུང་གིས་ལབ་རྒྱུ་དང་ལས་རྒྱུ་ཚང་མ་འདི་འདྲ་རེད་འདུག ཆང་དང་པོ། ཆང་གཉིས་པ། ཆང་གསུམ་པ། བོད་རྒྱ་ཞི་མོལ། བོད་རྒྱ་འབྲེལ་མོལ། བོད་རྒྱ་འབྲེལ་ཆད། དུས་རབས་ཉི་ཤུའི་ནང་བོད་རྒྱ་ཆེའི་མི་དམངས་གློད་བཏང་། དུས་རབས་ཉི་ཤུ་རྩ་ཅིག་ནང་བོད་མི་རིགས་གློད་བཏང་།་་་་་་་་་་་འཛམ་གླིང་ཞི་བདེ།་་་ འཛམ་གླིང་ཁོར་ཡུག་་་་ འཛམ་གླིང་ཁྲུས་བསྟེན་རེད་ཡ།་་་་བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག་་་་་་་བདེན་པ་ཚང་མ་རྣམ་པར་རྒྱལ་གྱུར་ཅིག་་་་ཨོྃ་ཨཱ་ཧུྃ༔
བོད་མི་མང་དང་བོད་མི་མང་གི་སྤྱི་འཐུས་ཚོ་ལ་ནུས་པ་གང་ཡང་མིན་འདུག །བོད་གཞུང་དེ་ཟམ་གདོང་བླ་མས་གང་དུ་སྐྱེལ་སྐྱེལ་དང་གང་དུ་སྒྱུར་སྒྱུར་རེད། བོད་དེ་རྒྱ་འོག་ཏུ་སྒྱུར། བོད་གཞུང་དེ་སྒྲིག་འཛུགས་ལ་སྒྱུར། ཐུགས་རྗེ་གཟིགས་ཟམ་གདོང་བླ་མ་ཁྱེད་རང་རྡ་རམ་ས་ལ་གཡས་གཡོན་དུ་མ་བཞུགས་རོགས་གནང༌། ཚེ་ཕྱི་མའི་འདུན་ལམ་གྱི་མཚམས་བསྙེན་སྒྲུབ་ལ་བཞུགས་རོགས་གནང༌། བོད་གཞུང་གི་སྲིད་གཞུང་དེ་ང་རང་ཚོ་གཞོན་སྐྱེད་ཚོའི་བྱེད་ཐུབ། ཐུགས་འབྲེལ་གནང་མི་དགོས། བོད་རྒྱལ་ལོ། །བོད་རྒྱལ་ལོ། བོད་རང་བཙན་ཡིན་ནོ། །བོད་རང་བཙན་ལས་གཞན་པའི་གང་ཡང་བརྩོད་རྒྱུ་མེད། བོད་རང་བཙན་རྒྱལ་ལོ།
དྲ་གྲོགས་མང་དག་ཅིག་སླེབས་འདུག་ཀྱང་། ང་ལ་དྲི་བ་གཏོང་མཁན་མི་འདུག་ལ་ངའི་རྩོམ་ཡིག་གི་གནད་འགག་གོ་ནས་སྐད་ཆ་བཤད་མཁན་ཀྱང་སླེབས་མི་འདུག
འཇིགས་མེད་ཚེ་རིང་ཟེར་བ་དེས་བསམ་གཞིག་རེ་བྱེད་ཀྱི་ཡོད་པ་ཤེས་ཐུབ་ཀྱི་འདུག དེ་མིན་ནག་ཁུངས་ནང་དུ་བསྡད་མི་འདུག་གམ།
ཞི་མོལ། གྲོས་མོལ། འབྲེལ་མོལ། ཚིག་མགོ་མཇུག་ཏག་ཏག་ལོག་པར་རྟེན་དོན་འབྲས་མགོ་ལྡོག་འབྱུང་བ་ནི་རྟེན་འབྱུང་གི་རང་བཞིན་ལས་མ་འདས། དངོས་གནས་བྱས་ན་ཐོག་དང་པོ་ཕན་ཚུན་འབྲེལ་བར་མོལ། དེ་ནས་གནད་དོན་ཐམས་ཅད་གྲོས་ལ་མོལ། མཐའ་མ་ཕན་ཚུན་གུ་ཤངས་དང་འབྲེལ་ཞི་འགྲིག་ཡོང་བའི་ཐབས་ལ་མོལ།
གསལ་བོ་མཁྱེན་དགོས་པ་ཞིག་ནི།
རང་རེའི་བོད་མི་རྣམས་ཀྱིས་༧གོང་ས་མཆོག་དང་བོད་གཞུང་གི་ལངས་ཕྱོགས་ལ་ཡིད་ཆེས་བློས་འགལ་བྱེད་ཀྱི་ཡོད་ཙང་། འབྲེལ་མོལ་ལའང་དེ་མཚུངས་ཀྱི་གྲུབ་དོན་ཞིག་རེ་བ་རྒྱགས་པ་ནི་ཆོས་ཉིད་ཅིག་ཡིན་པས། རེ་བ་དེའི་ངོས་ནས་ལྟོས་ན་གྲུབ་འབྲས་གང་ཡང་ཐོན་མེད་པ་ནི་གསལ་བོ་ཡིན།
འོན་ཀྱང་། ལྟ་ཚུལ་ཉི་ཚེ་བ་དང་ཚོར་བ་གཅིག་པུའི་སྒང་དུ་ཕྱིན་པའི་འཐབ་རྩོད་པ་སྒྲིག་འཛུགས་དང་སྒེར་བ་དེ་ཚོ་དང་ནམ་ཡང་བསྡུར་ཐབས་མེད་པ་ནི་གསལ་བོ་རེད་ལ། དེ་དག་གིས་སྲིད་བྱུས་ལངས་ཕྱོགས་ཀྱི་རྐྱེན་པས་ལས་རིམ་འབྲེལ་མོལ་མ་ལའང་བསམ་བཞིན་བར་ཆད་བཏང་བའང་ཡོད་པས། དེ་རིགས་ཉི་ཚེ་བ་དག་རྗེས་སུ་གླེང་ཆོག
འདྲེ་མགོ་རྡོ་ལགས། ཁྱེད་རང་ལ་ད་ལྟ་ཟམ་གདོང་བླ་མས་བོད་གཞུང་ལ་བོད་མིའི་སྒྲིག་འཛུགས་ཞེས་སྒྱུར་བ་དེ་ལ་དགོངས་གང་ཡོད་དམ།
འདྲེ་མགོ་རྡོ་ལགས། ཁྱེད་རང་ལ་ད་ལྟ་ཟམ་གདོང་བླ་མས་བོད་གཞུང་ལ་བོད་མིའི་སྒྲིག་འཛུགས་ཞེས་སྒྱུར་བ་དེ་ལ་དགོངས་ཚུལ་གང་ཡོད་དམ།
ཨ་ཁུ་སྟོན་པ་ལགས།
དེའི་སྐོར་གྱི་སྙིང་བསྡུས་ཤིག་དུས་བབ་དྲ་ངོས་ཀྱི་བསམ་ཚུལ་ཞེས་པར་བཀོད་ནས་ཡུན་རིང་སོང་ཟིན། ད་ལྟ་བོད་ནང་གི་བོད་མི་ཚོར་འགན་ཁུར་ནས་ཞིབ་འཇུག་གནད་འདྲོངས་ཀྱིས་དེའི་སྐོར་ལ་བསམ་ཚུལ་ཞིག་འབྲི་བཞིན་པ་ཡིན་ལགས།
འདྲེ་མགོ་རྡོ་ལགས། ཐུགས་རྗེ་ཆེ། དེའི་སྐོར་གང་མང་ཞིག་གླེང་རྒྱུ་གལ་ཆེན་པོ་ཞིག་མཐོང་གི་འདུག །