ཤར་ཕྱོགས་ཁུག་རྟ།
གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བཟུང་སྟེ་བགྲང་བྱ་ཧྲིལ་བོ་༤༠ འཁོར་ལ་ཉེ་ཞིང། ད་བར་སྲིད་བྱུས་འདི་བློ་གཅིག་སེམས་གཅིག་དང་ཁ་ཞེ་གཉིས་མེད་ཀྱིས་ཉམས་ལེན་རྒྱུན་འཁྱོངས་བྱས་པའི་གྲུབ་འབྲས་ལ། དེང་གི་ཁྲོམ་རྭའི་དཔལ་འབྱོར་གྱི་དབང་ཤེད་གཙོ་བོ་ཡིན་པའི་ཆབ་སྲིད་ཁེ་ཕན་བརྗེ་རེའི་ནང་དུའང། བོད་དོན་མ་ཉམས་གསོན་པོར་གནས་ཐུབ་ཡོད་པ་མ་ཟད། དམག་དོན་དང་དཔལ་འབྱོར་གྱི་མགྱོགས་ཚད་ཧ་ཅང་མྱུར་བའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཀྱང་ཐབས་ཤེས་འཇམ་རྩུབ་སྣ་ཚོགས་གང་འདྲ་ཞིག་ལག་བསྟར་བྱས་ཀྱང། བོད་ཀྱི་བདེན་དོན་ཉི་ཤར་སྤར་མོས་མི་ཁེབས་པའི་ཚུལ་དུ་གྱུར་ཡོད། ལྷག་པར་སྟོང་ལོ་གསར་པ་ནས་བཟུང་སྲིད་བྱུས་འདིའི་ཉམས་ལེན་དང་དངོས་དོན་མི་མང་གིས་གསལ་རྟོགས་ཐུབ་པའི་མཐུན་རྐྱེན་སྔར་བས་ལེགས་པར་འཛོམས་པ་བཅས་ལ་བརྟེན། གཞིས་བྱེས་མི་མང་གི་དབུ་མའི་ལམ་གྱི་ཆོད་སེམས་ནི་ཕྱི་ནང་གི་གནོན་ཤུགས་གང་གིས་ཀྱང་བསྒྱུར་ཐབས་བྲལ་བའི་ཚད་དུ་སླེབས་ཡོད།
དེ་བཞིན་དབུ་མའི་ལམ་གྱི་སྲིད་བྱུས་འདི་བོད་དོན་ཐག་གཅོད་ཀྱི་ཐབས་ལམ་ཁོ་ན་ཙམ་མིན་པར་གོ་ལ་ཟླུམ་པོ་འདིའི་རྩོད་རྙོག་ཆེ་ཕྲ་མཐའ་དག་གྲོས་མོལ་ལ་དབང་བར་བྱས་ཏེ་”གྲོས་མོལ་གྱི་དུས་རབས་”ཤིག་ཆགས་མིན་གྱི་འགག་རྩ་ཡང། རྒྱལ་ཁབ་ནས་མི་སྒེར་བར་དུ་དབུ་མའི་ལམ་གྱི་གོ་རྟོགས་ཡང་དག་པ་ཞིག་རྙེད་ཐུབ་མིན་ལ་ཐུག་ཡོད་པའང་སུས་ཀྱང་བསྙོན་དུ་མེད།
བོད་དུ་རྒྱ་ནག་གིས་མི་སེར་སྤེལ་བའི་རིང་ལུགས་ཀྱི་སྲིད་བྱུས་རྣམ་པ་འདྲ་མིན་ཐོག་བསྟར་བྱས་ཏེ། བོད་མི་རིགས་ཀྱི་ངོ་བོ་དང་ཁྱད་ནོར་བརྟན་གནས་ཐད་ཧ་ཅང་ཛ་དྲག་ཆེན་པོའི་གནས་སུ་བསྐྱལ་ཏེ། འབྱུང་འགྱུར་ལོ་བཅོ་ལྔ་ནས་ཉི་ཤུ་ཚུན་ཆུད་དུའང་མི་རིགས་ཀྱི་རྣམ་པ་འགྱུར་རྒྱུར་ཉེན་ཁ་ཆེན་པོ་འཕྲད་བཞིན་ནའང། བོད་མི་ཚོས་༸གོང་ས་ཆེན་པོའི་འཇིག་རྟེན་སྤྱི་ཡོངས་ཀྱི་མཛད་འགན་དང་ལམ་སྟོན་དང་ལེན་བྱས་ཏེ། སྒེར་གཅོད་སྲིད་གཞུང་གི་བོད་མི་སྡེབས་གསོད་ཀྱི་ཡ་ང་བའི་བྱུང་རབས་ཚུན་བརྗེད་པར་བྱས་ཤིང། འཚེ་བའི་ལན་ལ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཉག་ཅིག་གིས་འཐབ་རྩོད་བྱེད་བཞིན་ཡོད་ལ། བོད་མིའི་མངོན་འདོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་༼རྩ་ཁྲིམས་༽དང་༼མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱེད་ཕྱོགས་ཀྱི་བཅའ་ཁྲིམས་༽ཀྱི་གཞི་རྩའི་ལྟ་གྲུབ་དང། དེའི་འབྲུ་དོན་འོག་འཚོལ་རྒྱུའི་གྲོས་གཞི་༼བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་༽༢༠༠༨། ༡༠། ༢༩། ཉིན་༸གོང་ས་མཆོག་གི་སྐུ་ཚབ་ཀྱིས་པེ་ཅིང་དུ་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཚོར་འཇིག་རྟེན་ཡོངས་གྲགས་ཐོག་སྤྲད་ཟིན།
ཡིན་ནའང། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ད་བར་དོན་མཐུན་གྱི་ལན་འདེབས་བྱེད་རྒྱུ་ལས་ལྡོག་སྟེ། ཡིག་ཆའི་ཚིག་དོན་གང་དུའང་མེད་པའི་ཁོང་ཚོའི་རྣམ་རྟོག་ཁོ་ནས་བསླངས་པའི་དཀར་པོ་མིག་གིས་མཐོང་བཞིན་ནག་པོ་རེད་ཅེས་ཨུ་ཚུགས་བརྒྱབ་སྟེ་༼བསམ་འཆར༽་ཡིག་ཆ་”རང་བཙན་ཕྱེད་ཙམ་”དང ་”ངོ་བོ་འགྱུར་བའི་རང་བཙན་”རེད་ཅེས་བཤད་དེ། གཞིས་བྱེས་བོད་མིའི་དངོས་ཐོག་བདེན་འཚོལ་དང་གུ་ཡངས་ཀྱི་རེ་འདུན་ལ་བསམ་ཤེས་གང་ཡང་གནང་མེད།
དེར་བརྟེན་༢༠༠༩ ནས་ད་ལྟའི་བར་བོད་ནང་སེར་སྐྱ་རྒན་གཞོན་ཕོ་མོ་དབྱེར་མེད་བརྒྱ་ཕྲག་ལྷག་གིས་རང་ལུས་མེར་སྲེག་གིས་ཞི་རྒོལ་གནང་སྟེ། ”༧རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས་པའི་”ཐུགས་འདུན་མ་གྲོས་གཅིག་མཐུན་གྱིས་བཞག་ཡོད། ༧རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་ཆེད་རང་སྲོག་དོར་བའི་ཞི་རྒོལ་འདིས། ཀྲུང་གོ་གསར་པས་བོད་ལ་ཁྲིམས་མཐུན་མིན་པ་དང། བོད་མི་ཚོའི་མངོན་འདོད་དང་མི་མཐུན་པའི་དབང་སྒྱུར་བྱས་ཏེ་དུས་རབས་ཕྱེད་ལྷག་འགོར་ཟིནའང། བོད་མི་ས་ཡ་དྲུག་གིས་རང་གི་ཡིད་ཆེས་བློ་གཏོད་ཞུ་ཡུལ་གྱི་ཚབ་མཚོན་དབུ་ཁྲིད་གོང་ན་མེད་པ་༧རྒྱལ་བ་རིན་པོ་ཆེ་མཆོག་ལས་གཞན་མེད་པ་གསལ་སྟོན་བྱས་ཤིང། ༧གོང་ས་ཆེན་པོའི་རླབས་ཆེན་ལམ་སྟོན་འོག་གྲོས་གཞིར་སྤྲད་པའི་༼བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་༽ནི་བོད་མི་ས་ཡ་དྲུག་གི་མངོན་འདོད་ཡིན་པ་དེ་བས་ཀྱང་ར་སྤྲོད་གསལ་བོ་གནང་པ་རེད།
སྐར་ཆ་ནས་སྐར་ཆ་རེ་རེར་གནས་བབ་སྡུག་ཏུ་འགྲོ་བཞིན་པའི་བོད་ཀྱི་མེས་འབར་བཞིན་པའི་ཛ་དྲག་གནས་བབ་འདི་ལས་སྐྱོབ་ཆེད། རྒྱ་བོད་གཉིས་སྨན་གྱི་མདུན་ལམ་གང་མགྱོགས་སྨིན་ཆེད་༼བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་༽ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མགོ་ཁྲིད་གསར་པ་ཚོས་ཡ་ལན་ཚུལ་མཐུན་གནང་བའི་འབོད་སྐུལ་ཚ་ནན་ཞུ་རྒྱུ་ཡིན་ལ། སྐུ་ཞབས་ཞིས་ཅིན་ཕིན་གྱི་”རྒྱལ་ཁབ་བརྟན་བརླིང་ཡོང་བར་མཐའ་མཚམས་བརྟན་སྲུང་བྱེད་དགོས་པ་དང། མཐའ་མཚམས་བརྟན་སྲུང་བྱེད་པར་དང་པོར་བོད་ལྗོངས་བརྟན་བརླིང་ཡོང་དགོས་”གསུངས་པ་ལྟར། དུས་བདེ་ཞི་འཇམ་དང། ”ཤེས་དཔལ་ཞི་མཐུན་”གྱི་”བོད་ལྗོངས་བརྟན་བརླིང་”ཕུགས་འཕེར་བ་ཞིག་ཡོང་ཐབས་ཀྱང་མེ་མདའ་དང་སོ་ལྟའི་པར་ཆས་དག་གི་དྲག་ཤུགས་འོག་མིན་པར། གསེར་ལས་ལྷག་པའི་ད་ལྟའི་དུས་ཚོད་དམ་འཛིན་གྱིས་༼རྩ་ཁྲིམས་༽་དང་མཐུན་པའི་བོད་མི་མང་གི་མངོན་འདོད་༼རང་སྐྱོང་བསམ་འཆར༽་ལྟར་ཐག་གཅོད་བྱས་ཏེ། བོད་རིགས་ཡོངས་རྫོགས་རང་སྐྱོང་འཛིན་སྐྱོང་གཅིག་གི་འོག་སྒྲིལ་རྒྱུ་དེ་རེད།
དེ་ལྟའི་རང་སྐྱོང་འཛིན་སྐྱོང་གཅིག་ཏུ་བཟོ་བཅོས་བྱ་རྒྱུའི་ཐད་བཏོན་པའི་ཕྱོགས་གཉིས་ཀྱི་དགོངས་ཚུལ་མི་མཐུན་པ་ཁག་ནི་བསྒྱུར་ཐབས་མེད་པ་དང། གུ་ཡངས་བསྐྱར་ཞིབ་གནང་ན་འགྲིག་ཐབས་མེད་པ་ཞིག་ཡིན་པ་ངོས་འཛིན་བྱེད་ཀྱི་མེད་ལ། རྩ་ཁྲིམས་ཀྱི་སྒྲོམ་གཞི་དང་མི་རིགས་ས་ཁོངས་རང་སྐྱོང་བྱེད་དགོས་པའི་གཞི་རྩའི་ལྟ་གྲུབ་ཁས་ལེན་གནང་ཟིན་པས། རང་སྐྱོང་ཁུལ་གྱི་ས་མཚམས་བསྒྱུར་བཅོས་བྱ་ཕྱོགས་དང་རང་སྐྱོང་གཞུང་གི་ཁྲིམས་བཟོའི་ལས་དོན་བྱེད་ཕྱོགས་སྐོར་མ་མཐུན་པ་ཕྲན་བུ་ཡོང་སྲིད་པ་ནི་དཀའ་ངལ་ཆེན་པོ་ཞིག་གཏན་ནས་མ་རེད་ལ། བསམ་ཞིབ་གུ་ཡངས་ཀྱིས་གཉིས་སྨན་གྱི་ལམ་ནས་ཐག་གཅོད་ཐུབ་པ་ཡིན་ན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྤྱི་དང་རྒྱལ་ནང་གཉིས་ཀའི་མཚན་ཐོངས་གཟི་བརྗིད། བརྟན་བརླིང་བཅས་ལོ་རྒྱུས་ནང་དགོད་འོས་པ་ཞིག་ཡོང་རྒྱུ་ནི་ཚིག་ཐག་བཅད་ནས་ཞུ་ཐུབ་པ་ཞིག་རེད་འདུག་པས། རྒྱ་ནག་གི་མགོ་ཁྲིད་གསར་པ་ཚོས་དངོས་ཡོད་གནས་ཚུལ་གཞིར་བཟུང་བོད་མིའི་མངོན་འདོད་སྐོང་རྒྱུའི་ཆབ་སྲིད་ཀྱི་ཆོད་སེམས་རྩལ་དུ་འདོན་རྒྱུར་འབྲེལ་མོལ་མུ་མཐུད་གནང་དགོས་པ་དེ་རེད །
༧རྒྱལ་བ་རིན་པོ་ཆེ་མཆོག་གིས་རྒྱ་བོད་གཉིས་ཕན་དང། གླིང་ཆེན་ཨ་ཤ་ཡའི་ཞི་བདེའི་ལྷིང་འཇགས། འགྲོ་བ་མིའི་རིགས་ཀྱི་བྱུང་རབས་ནང་དཀའ་ངལ་རྣམས་གྲོས་མོལ་གྱི་ལམ་ནས་སེལ་ཐུབ་རྒྱུར་ཐུགས་འགན་བཞེས་ཏེ་རྣམ་པ་ཐམས་ཅད་དུ་མངོན་ལྐོག་རྒྱབ་མདུན་མེད་པ། ཕྱི་གསལ་ནང་གསལ། ཡིད་ཆེས་ངེས་པ་རྙེད་པ་བཅས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་དམ་འཛིན་ཞུ་བཞིན་ཡོད་པ་ལན་མང་ཕེབས་ཟིན་པ་ལྟར། གཞིས་བྱེས་མི་མང་གི་མངོན་འདོད་ཀྱང་དེ་ལས་གཞན་ཞིག་མེད་པ་བོད་ནང་རང་དབང་ལྡན་པའི་གོ་སྐབས་བྱུང་ན་མིག་མཐོང་ལག་ཟིན་ཡོང་ངེས་རེད། བཙན་བྱོལ་སྤྱི་ཚོགས་ནང་དུའང་ཆེད་མངགས་ཞིབ་འཇུག་པ་གཏོང་རྒྱུ་གལ་ཆེན་རེད།
ཡིན་ནའང། བོད་མིའི་རླབས་ཆེན་གྱི་དབུ་མའི་ལམ་གྱི་ཆོད་སེམས་ཐད་འདྲ་ཆགས་པོ་དང་ཐབས་ཤེས་འདྲ་མིན་བཅས་ཀྱིས་སྔོན་ལྟར་”ནར་འགྱངས་”བཏང་བ་ཡིན་ན། བོད་མི་གུང་ཁྲན་ཏང་མི་མཁས་དབང་འབའ་བ་ཕུན་ཚོགས་དབང་རྒྱལ་གྱིས་གསུངས་པ་ལྟར། ཀྲུང་གོའི་དབུ་ཁྲིད་ཚོས་”ང་ལ་དོན་དག་མ་བྱུང་ཚེ་དེས་ཆོག་”སྙམ་པའི་སྒེར་སེམས་བཅངས་པ་ཡིན་ན་དེས་ལོ་རྒྱུས། མི་མང། རྒྱལ་ཁབ། མི་རིགས་བཅས་ལ་འགན་འཁུར་གྱི་མེད་པ་གསལ་བོ་ཡིན་པས། གང་མགྱོགས་གྲོས་མོལ་མ་གནང་བར་ནར་འགྱངས་ཕྱིན་ན་འབྱུང་སྲིད་པའི་འབྲས་བུར་མཁས་པ་ཞིག་གི་སྡོམ་ཚིག་ཏུ་ ”ཏཱ་ལའི་བླ་མས་བསྒྲགས་ཤིང་སྤེལ་བའི་དབུ་མའི་ལམ་རྩ་བ་ནས་བཀག་སྟེ། ཁོང་ཉིད་སྐུ་གཤེགས་རག་བར་བསྒུགས་རྗེས་མཐར་ཐུག་བོད་ལྗོངས་ཀྱི་གནད་དོན་ཐག་གཅོད་བྱེད་བསམ་གྱི་ཡོད་མོད། ཉིན་ཞིག་གནད་དོན་འདི་དག་ལ་བརྟེན་ནས་དོན་རྐྱེན་ཆེན་པོ་བྱུང་བའི་དུས་ནི། བཙན་གནོན་ཡུན་རིང་ཐེབས་པ་ལས་ཁོང་ཁྲོ་ཆེ་རུ་བསགས་པའི་བོད་མི་རིགས་མཐར་ཐུག་རང་བཙན་བྱེད་པའི་ཉིན་མོ་རེད། ད་ལྟ་ཀྲུང་གོ་པས་བོད་ལྗོངས་ཤོར་པའི་རྐྱེན་གྱིས་མི་རབས་རྗེས་མ་ཚོའི་སྡིགས་དམོན་མྱོང་མི་འདོད་ཚེ་ཏཱ་ལའི་བླ་མས་བསྒྲགས་པའི་དབུ་མའི་ལམ་དུ་གང་མགྱོགས་གཞུག་དགོས་པ་རེད་”ཅེས་གསུངས་འདུག་པ་དྲངས་ཏེ་” མཁས་པ་འདིའི་དྲང་པོ་དྲང་བཞག་གི་དཔྱད་བརྗོད་འདིར་སྐྱོན་དུ་བརྗོད་གཞི་གང་ཡང་ཡོད་མི་འོས་”ཞེས་བསྐྱར་ནན་གནང་འདུག་པ་སྐབས་འདིར་ངས་ཀྱང་དམིགས་བཀར་གྱིས་ཞུ་འདོད་བྱུང།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སོགས་ཀྱི་འབྲེལ་མོལ་ཐད་འཛིན་པའི་རྣམ་འགྱུར་རེ་འགའ་ཡ་མ་བརླ་དང། ཁ་གསལ་བོ་མེད་པ། བོད་ནང་གི་གནས་སྟངས་དངོས་གནས་མ་མཁྱེན་པ། རྒྱ་ནག་གི་གནས་ཚུལ་མ་ཤེས་པ་སོགས་ཅི་རིགས་ཡོང་བཞིན་ནའང། གནས་ཚུལ་འདི་དག་ནི་བོད་མི་རིགས་ཀྱི་འབྱུང་འགྱུར་ཕུགས་རྒྱང་རིང་པོའི་མདུན་ལམ་དང་སྦྲེལ་ན། བྱིས་པ་སྐོར་ཞིག་གི་ཡུད་ཙམ་གྱི་རྩེད་མོ་ལྟ་བུར་ངོས་འཛིན་དགོས་པ་དེ་རེད།
རྒྱ་ནག་གཞུང་གི་དབུ་ཁྲིད་གསར་པ་ཚོས། འཛམ་གླིང་གི་སྤྱི་ནོར་དང། བོད་མིའི་བླ་ན་མེད་པའི་གཙོ་འཛིན། མ་འོངས་པར་ཀྲུང་ཧྭ་མི་དམངས་ཀྱི་སྤྱི་ཁབ་ཀྱི་བཟང་སྤྱོད་དང་བྱམས་བརྩེའི་དབུ་བླ་ཆེན་པོ་༧གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པས་དུས་རབས་ཕྱེད་ལྷག་རིང། རྒྱ་བོད་གཉིས་སྨན་གྱི་ཕུགས་རྒྱང་རིང་པོར་རླབས་ཆེན་གྱི་མཛད་འཕྲིན་བསྐྱངས་པ་དག་ཆུད་ཟོས་མ་བཏང་བར། ལོ་རེ་འགར་ལས་ཀྱི་སྣེ་མོར་སླེབས་པའི་མི་སྣའི་ལབ་བརྡོལ་ལ་ཁ་མི་དཀྲི་བར་གང་མགྱོགས་༧གོང་ས་མཆོག་གི་སྐུ་ཚབ་མཉམ། འབྲེལ་མོལ་གནང་རྒྱུ་ཞལ་བཞེས་གནང་རྒྱུར་འབོད་སྐུལ་ཞུ་རྒྱུ་ཡིན་ལ། རླབས་ཆེན་མི་སྣ་ཞིག་གི་གསེར་ལས་ལྷག་པའི་དགུང་གྲངས་བརྒྱད་བཅུའི་དུས་སྐབས་ཀྱི་གོ་སྐབས་བཟང་པོ་འདི་ནི་མ་འོངས་པར་རང་གཞན་གཉིས་ཀ་ལྟ་སོ་མེད་པ་ཞིག་མི་ཆགས་རྒྱུའི་གྲ་སྒྲིག་བྱེད་སྐབས་དངོས་གནས་དེ་ཡིན་པ་བསྐྱར་དུའང་ནན་ཞུ་ཞུས་པ་ཡིན།།
༢༠༡༤། ༥། ༢༣། ཉིན།།
འདས་པའི་དུས་སུ་ཁ་བྲལ་རིང་ལུགས། ད་ལྟའི་དུས་སུ་ཏ་ལའི་རུ་ཚོགས། (མ་འོངས་པར་ཀྲུང་ཧྭ་མི་དམངས་ཀྱི་སྤྱི་ཁབ་ཀྱི་བཟང་སྤྱོད་དང་བྱམས་བརྩེའི་དབུ་བླ་ཆེན་པོ་༧གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་) ཞེས་ཟེར་ན། ཧཧཧ། ཁུག་རྟ་ནི་དཔྱིད་ཀ་སླེབས་དབྱར་ཁར་འགྲོ་མཁན་དེ་འདྲ་རེད། སྙིང་དོན་མི་འདུག
ཁུག་རྟ་འདིས་སྙིང་དྲོན་པོས་ཁ་གསོན་པོ་ཞིག་སྤེལ་འདུག ངས་བལྟས་ན་བློ་མཐུན་བློ་བཟང་སངྒེ་ནས་ཤར་ཁུག་འདི་ཕྱི་སྡོད་བོད་མིའི་སྐུ་ཚབ་ལ་བཏང་ན་གང་འདྲ།
ཆོས་འཕེལ་ལགས། ཁུག་རྟ་སེངྒེས་གངས་སྐྱིད་ཀྱི་དཀྱིལ་འཁོར་རྭ་བ་ནས་རྒྱང་ཕུད་བཏང་ཚར་བས་ཕྱི་སྡོད་བོད་མིའི་སྐུ་ཚབ་ལ་ཇི་ལྟར་གཏོང་དགོས་སམ། འོན་ཀྱང་ཁུག་རྟས་ཕྱི་སྡོད་བོད་མི་ཕྱི་སྡོད་རྒྱ་མི་ཡིན་ཟེར་ནས་དར་དམར་དགུངས་ལ་འཕྱར་ཏེས་མེས་རྒྱལ་གྱི་པང་དུ་ལོག་འདོད་ཀྱིས་བྲེལ་ཤ་ལངས་ཀྱིན་པ་རེད།
ཁུག་རྟ་དཀྱིལ་འཁོར་ནས་ཕུད། ལྷ་མིན་འདྲེ་མིན་གྱི་སྲོང་མ་དགའ་ལྡན་ཕོ་བྲང་ནས་ཕུད། གུང་ཁྲན་ཏིང་གིས་རྒྱལ་བ་རིན་པོ་ཆེས་གཙོར་བྱས་ཕྱི་སྡོད་བོད་མིའི་མི་ཐོག་སྔོན་མ་རྣམས་རང་ས་རང་ནས་ཕུད། ཕུད་པ་གསུམ་ལ་བལྟས་ནས་ད་ཡིན་ན་དཀོན་མཆོག་གསུམ་ལས་སྐྱབས་གནས་ཞིག་མ་མཐོངང་།:-)
རྒྱ་ནག་གཞུང་འབྲེལ་ཚགས་པར་ནང་ལ་ཁུག་རྟའི་འབོད་སྐུལ་ལ་ལན་འདི་ལྟར་བརྒྱབ་འདུག
”新华社回答有关东方哭大的要求”。
2014/5/2
北京 g
ངས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚབ་བྱས་ནས་ལྐུགས་བརྡའི་རེ་འདུན་དེ་ཁས་ལེན་བྱས་ནས་ང་ཚོའི་སྐུ་ཚབ་གྲོས་མོལ་བྱེད་པར་གཏོང་རྒྱུ་ཡིན། ཀྲུང་ཧྭ་མི་དམངས་ཀྱི་སྐུ་ཚབ་འགོ་ཁྲིད་གངས་ཅན་གླན་མ་ཡིན། འགོ་ཁྲིད་གཞོན་པ་བླ་འདར་ཚེ་རིང་ཡིན། དྲུང་ཡིག་དོལ་རྒྱལ་སྤྲུལ་སྐུ་ཡིན། ཚོགས་མི་གྲ་རྫུན་སྐྱ་ཚོ་ཡིན། སློབ་སྟོན་པ་འཁྲིག་ཟུར་ལངས་ཏོག་རྣམས་སྐྱལ་ཡིན།
གཉིད་ཕན་དབུ་རྨའི་དམིགས་ཡུལ་སྒྲུབ་ཆེད་ང་ཚོས་མཐའ་གཅིག་ཏུ་རང་བཙོང་འཇམ་དབྱངས་ནོར་བུ་དང་ ར་གཟི་སྐར་དམར་མཆོད་འབུལ་ལ་བདག་པོ་རྒྱག་གི་ཡིན།
སྒྱར་མཁན་གྱི་མཆན།
ང་རང་བདག་ཆ་ཡག་པོ་མེད་པས་ངོས་ལེན་ལ་གོང་གི་དོ་བདག་རྣམས་ལ་དཀྱིལ་མཛུབ་ཀེར་ཡོད་དོ།
ཚང་མས་ཉམས་འཇོག་བྱོས། འདི་ལྟར་རྒྱལ་བ་རིན་པོ་ཆེ་ལ་དད་གུས་ཆེ་མདོག་དང་། བརྩི་མཐོང་ཡོད་མདོག་བསྟན་ནས་ངོ་བསྟོད་དང་ཁ་ཡག་རྐྱང་རྐྱང་བཤད་མཁན་དག་ལ་ཉམས་འཇོག་བྱེད་རོགས། ༧གོང་ས་མཆོག་གིས་དུས་རྒྱུན་ང་ཚོས་ང་རང་ཚོའི་སྐྱོན་ཆ་གང་ཡོད་ངོས་ཟིན་པ་བྱས་ཏེ་བཅོས་བསྒྱུར་གཏོང་རྒྱུ་གལ་ཆེ། ང་ཚོའི་བཟང་ཆར་བསྟོད་ར་གཏོང་རྒྱུ་དེ་གཞན་གྱི་འོས་འགན་རེད། ང་ཚོའི་འགན་མ་རེད། ཞེས་ཐེངས་དུ་མར་ཡོད། ང་ཚོས་ཁོང་གི་བཀའ་སློབ་སྙིང་བཅིངས་སྒོས་མཐོ་དམའ་བར་ལ་དབྱེ་ཞིབ་བྱེད་རྒྱུ་གལ་ཆེ། འདི་ལྟར་ངོ་དགའ་སྤྲེལ་ལད་འཁྲབ་མཁན་དག་ལ་བལྟོས་ཡོང་ན་རྣམ་རྒྱུན་༧གོང་ས་མཆོག་དང་བོད་གཞུང་གི་ལངས་ཕྱོགས་ལ་སྐྱོན་བརྗོད་བྱེད་མཁན་ཚོ་ཡང་ཡག་སེ་འདྲ་འདུག་སྟེ། ཁོང་ཚོས་མ་མཐའ་ཡང་ང་ཚོས་ཕྱོགས་མང་བོ་ཞིག་ལ་ཉམས་འཇོག་བྱ་དགོས་པར་སྐུལ་འདེད་གཏོང་བཞིན་ཡོད།
དོལ་རྒྱལ་རྗེས་འབྲངས་པས་མདོ་སྨད་ལ་མཐོང་ཆུང་བྱེད་ཀྱི་ཡོད།
བློ་བཟང་ཆོས་འབྱོར།
༸གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་རྒྱུ་མཚན་ཡང་དག་གིས་དོལ་རྒྱལ་སྐོར་སྔ་ཕྱིར་བཀའ་སློབ་ཅི་ལྟར་ཕེབས་ཀྱང། དོལ་རྒྱལ་རྗེས་འབྲངས་པ་ཉུང་ཤས་ཤིག་གིས་རྒྱ་ནག་གཞུང་གི་དངུལ་དངོས་ཀྱི་བསླུ་བྲིད་འོག་༧གོང་ས་མཆོག་གང་དུ་ཆིབས་བསྒྱུར་གནང་སར་ངོ་རྒོིལ་བྱེད་བཞིན་པ་ཀུན་གྱིས་མཁྱེན་གསལ་ལྟར། མི་དེ་དག་དངུལ་དངོས་ཀྱི་བསླུ་བྲིད་ཁོ་ན་མིན་པར། དོལ་རྒྱལ་དངོས་སུ་མ་བསྟེན་ཡང་བསྟེན་མཁན་དག་གི་མཐུན་ཕྱོགས་སུ་ཡོད་མདོག་སྟོན་པའི་སྒྲིག་འཛུགས་དང་སྒེར་པ་རེ་ཟུང་གི་བྱེད་བབ་ཀྱང་ཚུད་ཡོད། བྱེད་བབ་དེ་དག་དེང་སང་ཇེ་གསལ་དུ་འགྲོ་བཞིན་པ་མི་རབས་གསར་པ་ཚོས་ཤེས་གསལ་ཡིན་ནའང། ༧གོང་ས་བཅུ་བཞི་པ་ཆེན་པོའི་ཡང་དག་པའི་ལམ་སྟོན་ཚད་མ་མིན་པར་བསྙད་པའི་དུས་ཚོད་ཅིག་ཤར་ངེས་ཡིན་ན། ང་ཚོ་བོད་ཆོལ་ཁ་གསུམ་གཅིག་སྒྲིལ་ཞེས་པའི་དཀའ་ངལ་འདི་ལ་གཞི་རྩ་གང་ཡང་ཡོད་པ་མ་རེད་ལ། དཀའ་ལས་རྒྱག་དགོས་དོན་ཡང་ཡོད་པ་མ་རེད། བཙན་བྱོལ་ནང་མདོ་སྨད་པ་ཆེས་ཉུང་བ་ནས་གནད་ཡོད་དེ་བས་ཀྱང་ཉུང་ནའང། ༧གོང་ས་སྐྱབས་མགོན་ཆེན་པོ་སྐུ་ཕྲེང་བཅུ་བཞི་པ་མཆོག་གསལ་ཞལ་ལྷམ་མེར་བཞུགས་སྟབས། ང་དང་འདྲ་བའི་གསར་འབྱོར་ཅི་གང་མི་ཤེས་པ་ཚོས་ཀྱང་མདོ་སྨད་ཀྱི་སྐུ་ཡི་སྐུ་ཚབ་གསུང་གི་གསུང་ཚབ་གནང་སྟེ། མགོ་བོ་བཀྱག་ཆོག་པ་ཞིག་ཡོང་གི་ཡོད་པ་འདི་བོད་མི་ཚང་མས་ངེས་པར་དུ་ཤེས་དགོས་པ་ཞིག་ཡིན། ཡིན་ནའང། བར་སྐབས་ཤིག་ནས་དོལ་རྒྱལ་གྱི་སྐོར་དང་འབྲེལ་ནས་དབུས་གཙང་གི་ཕྱོགས་ནས་བཀྲས་མཐོང་འཇམ་དབྱངས་ནོར་བུས་སྔ་ཕྱིར་རྩོད་རྙོག་དེ་སྒེར་ལ་འཁྱེར་དགོས་ཚུལ་དང། སྒྲིག་འཛུགས་རེ་འགས་ཕྱོགས་ནས་ཀྱང་དེ་མཚུངས་ཀྱི་རྣམ་འགྱུར་སྟོན་གྱི་འདུག ཁྲི་ཟུར་འདས་པོ་འཇུ་ཆེན་གྱི་དེབ་དུའང་གསལ་བ་ལྟར་དབུས་གཙང་དང་མདོ་སྟོད། མདོ་སྨད་དང་མདོ་སྟོད་ཀྱི་བཙན་བྱོལ་ནང་གི་དེ་སྔའི་ལས་སྣེ་ཚོའི་བར་བྱུང་བའི་རྩོད་རྙོག་ནི་ད་ཆ་ཡར་འཐེན་མར་འཐེན། སུ་བདེན་སུ་རྫུན་རྩོད་དགོས་དོན་ཁྱོན་ནས་མེད་ཀྱང། བསམ་ཕྱོགས་ནོར་འཁྲུལ་ཅན་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་གཞན་གྱི་འོག་ནས་འདི་ལྟར་བོད་སྤྱི་པའི་བདེ་རྩ་དང་འབྲེལ་བའི་དོལ་རྒྱལ་གཏན་འགོག་གི་ལས་འདིར། རྣམ་འགྱུར་འདི་ལྟར་བསྟན་པ་ཡིན་ན། མདོ་སྨད་གཞིས་བྱེས་རྒྱ་ཆེ་མི་མང་གིས་བསམ་བློ་གཞན་ཞིག་མི་གཏོང་རང་གཏོང་རེད་ལ། དོལ་རྒྱལ་དང་མདོ་སྨད་བར་ཚ་གྲང་ལྟ་བུའི་འགལ་བ་བྱུང་ན་དེ་བས་ཀྱང་དགའ་ཞིང་སྤོབས་པའི་ངང་ངོས་ལེན་ཞུ་དགོས་པ་དེ་རེད། ཕྱོགས་གཞན་ཞིག་ནས་བོད་ཀྱི་ལོ་རྒྱུས་དང་ཡུལ་སྲོལ་གང་ལ་གཞིགས་ཀྱང། ༧སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་འདིའི་ཡབ་གཞིས་ནི་མདོ་སྨད་རེད། ཡབ་གཞིས་ཀྱི་གནང་སྟངས་ཀྱང་སྐུ་གོང་མ་དག་གི་གནང་སྟངས་ལྟར་མུ་མཐུད་ནས་འགྲོ་དགོས་པ། མྱི་ལ་བདག་པོ་དང། གོས་ལ་སེར་སྣ། ཞེས་བོད་ལ་གཏམ་དཔེ་ཡོད་པ་བཞིན། དོལ་རྒྱལ་གཏན་འགོག་གི་ལས་འདིར་ད་བཞིན་གནས་དུས་ཚོད་རྩིས་བྱས་ཚེ། མདོ་སྨད་གཞིས་བྱེས་རྒྱ་ཆེ་མི་མང་རང་དགར་འདུག་ས་མེད་པ་ཧ་ཅང་གསལ་བོ་ཡིན་སྟབས། དེ་རྒྱུད་ལམ་འདི་ནས་ནན་སྐུལ་ཞུ་བཞིན་ཡོད་ལ། དབུས་བོད་མིའི་སྒྲིག་འཛུགས་ནས་ཁྱབ་བསྒྲགས་གནང་བའི་༧གོང་ས་མཆོག་ལ་ངོ་རྒོལ་གནང་མཁན་དོལ་རྒྱལ་རྗེས་འབྲངས་པ་ཉུང་ཤས་དེ་ཚོའི་པར་དང་གནས་ཚུལ་བཅས་པ། ངེས་པར་དུ་བོད་མི་ས་ཡ་བདུན་གྱིས་མཁྱེན་ཐུབ་པ་ཞིག་གནང་སྟེ། དགྲ་གཉེན་མ་ནོར་བ་ཞིག་བྱེད་རྒྱུ་དུས་སུ་བབས་འདུག་ལ། ངྷ་སའི་མདོ་སྨད་དབུས་རྒྱུན་ལས་ཁང་ལའང་དེ་བསྟུན་གྱི་གྲ་སྒྲིག་ངེས་པར་དུ་ཡོད་དགོས་པ་བཅས་སྟབས་གཅིག་ཞུའོ།།
༢༠༡༤། ༥། ༢༣། ཉིན།
གཤམ་དུ། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཁྱབ་བསྒྲགས་གནང་བའི་དོལ་རྒྱལ་རྗེས་འབྲངས་པ་༧གོང་ས་མཆོག་ལ་ངོ་རྒོལ་གནང་མཁན་གྱི་བོད་མི་ཉུང་ཤས་ཤིག་གི་པར་དང་གནས་ཚུལ་བཅས་དྲ་འབྲེལ་འདི་ནས་གཟིགས།།
http://bod.asia/2014/05/%E0%BD%A2%E0%BE%92%E0%BE%B1%E0%BC%8B%E0%BD%86%E0%BD%BA%E0%BD%A0%E0%BD%B2%E0%BC%8B%E0%BD%98%E0%BD%84%E0%BC%8B%E0%BD%9A%E0%BD%BC%E0%BD%82%E0%BD%A6%E0%BC%8B%E0%BD%A2%E0%BE%A3%E0%BD%98%E0%BD%A6%E0%BC%8B/
ཁུག་རྟའི་ཁ་ནས་གཏམ་སྙན་ཐོས་དཀའ་བས་རྩོམ་ཡིག་འདི་ཀློག་འདོད་མ་བྱུང་། གང་ལྟར་མི་སུ་ཡིན་རུང་སྐད་ཆ་དྲང་པོ་ཞིག་བཤད་རྒྱུ་གལ་ཆེ། རང་ཉིད་ཀྱི་དབུ་ཁྲིད་ཚོར་སྐྱོན་བརྗོད་བྱེད་ཐུབ་ན་དེ་ནི་དམངས་གཙོ་ཡང་དག་པ་ཞིག་གི་མཚོན་དོན་ཡིན་པར་བསམ་ན་བཅོལ་ཆུང་གི་བསམ་བློ་རེད།
དབུས་བོད་མིའི་དྲ་རྒྱའི་སྟེང་དུ་དོལ་རྒྱལ་ཚོགས་པའི་མི་སྣ་ཁ་ཤས་ཤིག་གི་མིང་དང་པར་སོགས་འགྲེམ་སྤེལ་བྱས་པ་ཡག་པོ་ཁྱོན་ནས་མ་རེད་བསམ། འདི་རིགས་ཅོལ་ཆུང་གི་ལས་ཀ་རེད། ངའི་རེ་བ་ལ་པར་དང་མིང་འཁོད་པའི་གསལ་བསྒྲགས་དེ་ཕྱིར་འཐེན་བྱེད་རོགས། འདི་གཏན་ནས་མི་དགོས་པ་ཞིག་རེད། མི་རེ་རེ་བཞིན་དུ་བོད་རིགས་སྤུན་ཟླའི་འདུ་ཤེས་དང་རྣམ་འགྱུར་བསྟན་ནས་བཅར་འདྲི་ཞིབ་མོ་རེ་རེ་གྱིས་དང་དེ་ནས་ཁོང་ཚོའི་ལྕི་ཡང་དང་རིན་ཐང་དེ་གསལ་ཡོང་གིན་རེད། སྨྲ་བརྗོད་རང་དབང་གི་ཡུལ་ལུང་དུ་རྔམ་སྟོན་ཁྲོམ་སྐོར་དང་ངོ་རྒོལ་སྐད་འབོད་བྱེད་པ་དེ་རྒྱུན་ལྡན་དང་ཁྲིམས་མཐུན་ཡིན་མོད་དེ་ལ་མང་ཚོགས་ཀྱི་གནོན་ཤུགས་སྤྲོད་རེའི་ཁྱབ་བསྒྲགས་འགྲེམ་སྤེལ་བཅས་ལ་མ་གཟབ་ན་ཁྲིམས་ཐོག་ནས་དཀའ་ངལ་འཕྲད་ཡོང་གིན་རེད།
ཉེ་ཆར་བོད་ཀྱི་སྲིད་འཛིན་བློ་བཟང་སེང་གེས་དོལ་རྒྱལ་ཚོགས་པའི་སྟེང་ལ་བོད་ཀྱི་ཆོས་བརྒྱུད་ཡོངས་རྫོགས་ཀྱིས་གནོན་ཤུགས་སྤྲོད་དགོས་དགོས་མདོག་མདོག་གི་འབོད་སྐུལ་བྱས་པ་དེ་ཚོས་དཀའ་ངལ་སེལ་བར་ཕན་ཐོགས་མེད། དེ་ལས་ལྡོག་སྟེ་འགལ་བ་ཆུང་ས་ལ་བསྒྱུར་ཅི་ཐུབ་བྱེད་དགོས་པ་དེ་གལ་ཆེན་པོ་རེད།
དེ་ཡང་དཔེར་ན། བོད་མི་མང་གི་བར་གྱི་འགལ་བ་ཞིག་མ་ཡིན་པར་ལྷ་འདྲེ་རེ་དོག་ལ་དགའ་མཁན་ཁ་ཤས་ཀྱི་འགལ་བ་ཙམ་དང་། དེ་ཡང་། ཆོས་བརྒྱུད་ཁག་གཞན་དང་དགེ་ལུགས་པའི་འགལ་བ་མ་ཡིན་པར་དགེ་ལུགས་ནང་ཁུལ་གྱི་འགལ་བ་ཙམ་དུ་བསྒྱུར། དགེ་ལུགས་ནང་ཁུལ་གྱི་འགལ་བ་ཙམ་ཡང་མ་ཡིན་པར་འབྲས་སྤུངས་གཟིམ་ཁང་གོང་འོག་གི་འགལ་བ་ཙམ་སྟེ་བླ་བྲང་གཉིས་ཀྱི་འགལ་བར་བསྒྱུར། བླ་བྲང་ཆེན་པོ་གཉིས་བར་གྱི་འགལ་བ་ཞིག་ཀྱང་མ་ཡིན་པར་ཁྲི་བྱང་རིན་པོ་ཆེའི་དགེ་ཕྲུག་གཉིས་ཏེ་ཛེ་སྨད་སྤྲུལ་སྐུ་དང་ཏཱ་ལའི་བླ་མ་གཉིས་བར་གྱི་འགལ་བ་ཙམ་དུ་བསྒྱུར་ཨེ་ཤེས་དགོས། ཁ་དང་ཁ་སྤུ་དབྱེ་འབྱེད་བྱེད་ལུགས་ཤེས་ན་འགལ་བ་ཆེ་བ་དེ་ཆུང་བ་དང་། ཆུང་བ་དེ་རྩ་མེད་བཟོ་ཐུབ།
མི་གཅིག་གཉིས་ཤིག་གིས་བཟོས་པའི་ནག་ཉེས་དེ་ཆོས་བརྒྱུད་ཆེན་པོ་ཁག་གི་བར་དུ་བསྟན་སེལ་སློང་རྐྱེན་དང་། མདོ་སྟོད་མདོ་སྨད་དབུས་གཙང་མངའ་རིས་སོགས་ས་ཁུལ་ཆེན་པོའི་མིང་ཐོག་ཏུ་བླངས་ནས་སྡེ་འཁྲུགས་ཡོང་གཞིའི་རིགས་འདི་ཁ་ལག་འདྲེ་ཡིས་བརྒུལ་བ་ཡིན་པ་ཤེས་དགོས།
གོང་དུ་སྤོབས་པ་མཐའ་ཡས་ཀྱིས་༼དབུས་བོད་མིའི་དྲ་རྒྱའི་སྟེང་དུ་དོལ་རྒྱལ་ཚོགས་པའི་མི་སྣ་ཁ་ཤས་ཤིག་གི་མིང་དང་པར་སོགས་འགྲེམ་སྤེལ་བྱས་པ་ཡག་པོ་ཁྱོན་ནས་མ་རེད་བསམ། འདི་རིགས་ཅོལ་ཆུང་གི་ལས་ཀ་རེད། ངའི་རེ་བ་ལ་པར་དང་མིང་འཁོད་པའི་གསལ་བསྒྲགས་དེ་ཕྱིར་འཐེན་བྱེད་རོགས། འདི་གཏན་ནས་མི་དགོས་པ་ཞིག་རེད། མི་རེ་རེ་བཞིན་དུ་བོད་རིགས་སྤུན་ཟླའི་འདུ་ཤེས་དང་རྣམ་འགྱུར་བསྟན་ནས་བཅར་འདྲི་ཞིབ་མོ་རེ་རེ་གྱིས་དང་དེ་ནས་ཁོང་ཚོའི་ལྕི་ཡང་དང་རིན་ཐང་དེ་གསལ་ཡོང་གིན་རེད། སྨྲ་བརྗོད་རང་དབང་གི་ཡུལ་ལུང་དུ་རྔམ་སྟོན་ཁྲོམ་སྐོར་དང་ངོ་རྒོལ་སྐད་འབོད་བྱེད་པ་དེ་རྒྱུན་ལྡན་དང་ཁྲིམས་མཐུན་ཡིན་མོད་དེ་ལ་མང་ཚོགས་ཀྱི་གནོན་ཤུགས་སྤྲོད་རེའི་ཁྱབ་བསྒྲགས་འགྲེམ་སྤེལ་བཅས་ལ་མ་གཟབ་ན་ཁྲིམས་ཐོག་ནས་དཀའ་ངལ་འཕྲད་ཡོང་གིན་རེད།༽གསུངས་པ་དེ་ལ་དངོས་གནས་རྒྱབ་སྐྱོར་ཡོད། དེ་ཡག་པོ་མ་རེད་བྱེད་སྟངས་ཐབས་སྐྱོ་པོ་རེད།
བོད་སྤྱི་ལ་ཁྱབ་པའི་སྒྲིག་འཛུགས་ཤིག་ཡིན་ན་རྒྱལ་བ་རིན་པོ་ཆེ་ལ་སྙིང་ཉེ་དང་མི་ཉེ་ལ་བརྟེན་ནས་བྱ་དགའ་སྟེར་མི་རུང་། བོད་མི་མང་གིས་བདམས་པའི་སྲིད་འཛིན་ཞིག་ཡིན་ན་ཏཱ་ལའི་བླ་མ་ལ་གློ་བ་དཀར་དང་མི་དཀར་ལ་བརྟེན་ནས་ཉེས་ཆད་གཅོད་མི་རུང་། སྐུ་ཞབས་བློ་བཟང་སེང་གེ་ནི་རྒྱལ་བ་རིན་པོ་ཆེ་དང་བསྡུར་རྒྱུ་མེད་པར་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་དབུ་ཁྲིད་ཅིག་ཡིན་པའི་ཆ་ནས་སྲོལ་རྒྱུན་རྙིང་པ་དང་རྨོངས་དད་ཀྱིས་ཁ་ལོ་བསྒྱུར་དུ་མི་འཇུག་པར་དེངས་རབས་ཀྱི་ཁྲིས་ལུགས་དང་དམངས་གཙོའི་ལམ་སྲོལ་རང་ཚུགས་ཐུབ་པའི་ལམ་དུ་འགྲོ་ཁུལ་བྱེད་དགོས། རྩོམ་པ་པོ་སྐུ་ཞབས་ཤར་ཕྱོགས་ཁུག་རྟ་ལགས་ཀྱང་བཙན་བྱོལ་ནང་དུ་དེངས་རབས་ཀྱི་ལྟ་གྲུབ་ལམ་སྲོལ་བཏོད་པར་བྱས་རྗེས་ཆེན་པོ་ཡིན། དཔེར་ན། ཨ་མའི་བུ། ཞེས་པའི་དེབ་རྩོམ་སྒྲིག་བྱས་ཤིང་རྒྱལ་བ་རིན་པོ་ཆེ་མིའི་བུ་ཞིག་ཡིན་ཚུལ་བསྒྲགས་པས་ཁོང་ལ་ཡང་རྨོངས་དད་ཅན་དང་སྲོལ་རྙིང་ལ་ཞེན་པ་ཅན་འགས་རྒྱལ་བ་རིན་པོ་ཆེ་ལ་དམའ་འབེབས་བྱས་སོང་མདོག་མདོག་གིས་སྒྲོ་འདོགས་སྐུར་འདེབས་བྱས་མྱོང་བ་རེད།
སྔ་དྲོ་བདེ་ལེགས་ལ། ཞོགས་པ་བདེ་ལེགས་ཨེ།
་་་་་ བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་༽༢༠༠༨། ༡༠། ༢༩། ཉིན་༸གོང་ས་མཆོག་གི་སྐུ་ཚབ་ཀྱིས་པེ་ཅིང་དུ་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཚོར་འཇིག་རྟེན་ཡོངས་གྲགས་ཐོག་སྤྲད་ཟིན། ་་་་་
་་་་་ ལ་རྒྱལ་དང་མདོ་སྨད་བར་ཚ་གྲང་ལྟ་བུའི་འགལ་བ་བྱུང་ན་དེ་བས་ཀྱང་དགའ་ཞིང་སྤོབས་པའི་ངང་ངོས་ལེན་ཞུ་དགོས་པ་དེ་རེད། ་་་་་
སྲིད་སྐྱོང་བློ་སེང་སྒྲག་འཛུགས་ཀྱིས། དོལ་རྒྱལ་ཚོགས་མི་ངོ་སྤྲོད་་དང་། པར་འགྲེམ་ལ་རྒྱབ་སྐྱོར་དང་། དགའ་བསུ་ཡོད།
བོད་མི་རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་མཁྱེན་རྟོགས་ཆེད་༸གོང་ས་མཆོག་ཕྱི་ལོ ༢༠༡༤ ལོར་ཨ་རི་དང་། ཡུ་རོབ་ཁུལ་དུ་ཆིབས་སྒྱུར་སྐབས་ངོ་རྒོལ་བྱེད་མཁན་བོད་རིགས་དོལ་རྒྱལ་རྗེས་འབྲང་པ་དོལ་འདྲེ་ཉི་ཤུའི་ངོ་སྤྲོད་གཤམ་གསལ།
༡༽ ཁྱུང་པོ་བློ་བཟང་རྡོ་རྗེ།རརར )
ཨ་རིར་ཡོད་པའི་དོལ་རྒྱལ་ཚོགས་པ་བྱང་ཨ་རི་དགེ་ལྡན་སྙན་བརྒྱུད་འཛིན་སྐྱོང་ཚོགས་པ་ཟེར་བའི་ཚོགས་གཙོ། ཕྱི་ལོ་ ༢༠༠༨ ལོར་ཨ་རི་དང་། ༢༠༡༣ ལོར་ཨོ་སི་ཊོ་ལི་ཡ། ༢༠༡༤ ལོར་ཨ་རི་དང་། ཨོ་སི་ལོ། ཧོལ་ལེན་ཌི་བཅས་སུ་ངོ་རྒོལ་བྱེད་སྐབས་ཁོ་པ་དངོས་སུ་བསླེབས་ཡོད།
༢༽ལི་ཐང་སྣ་པོ་རྒྱ་མཚོ།
དེ་སྔ་སེར་སྨད་སྤོམ་རའི་གྲྭ་པ་ཡིན་པ་དང། བྱང་ཨ་རི་དགེ་ལྡན་སྙན་བརྒྱུད་འཛིན་སྐྱོང་ཚོགས་པའི་གཙོ་བོ་གྲས་རེད། ཨ་རིར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་དང་འབྲེལ་བ་དམ་ཟབ་ཡོད་པ་མ་ཟད། བོད་དང་རྒྱ་ནག་ལ་ཡང་སེ་བསྐྱོད་ཀྱི་ཡོད། ༢༠༠༨ ལོར་ཨ་རི་དང་། ༢༠༡༤ ལོར་ཨ་རིར་ངོ་རྒོལ་བྱེད་མཁན་གྱི་གྲས་སུ་ཡོད།
༣༽འདབ་པ། བདེ་ཆེན་སྤྲུལ་སྐུའམ་ཐུབ་བསྟན་ལུང་རིགས།
ཨ་རི་དོལ་རྒྱལ་ཚོགས་པའི་གཙོ་གྲས་དང་། དམངས་ཁྲོད་ཁ་བརྡའི་གཙོ་སྐྱོང་བ་རེད། ཨ་རི་རྒྱ་མིའི་གཞུང་ཚབ་དང་འབྲེལ་བ་ཆེན་པོ་ཡོད། ཕྱི་ལོ་ ༢༠༡༣ ལོར་རྒྱ་ནག་དང་བོད་དུ་བསྐྱོད་ཡོད། ༢༠༡༤ ལོར་ཨ་རིར་ངོ་རྒོལ་བྱེད་མཁན་གྱི་གྲས་སུ་ཡོད།
༤༽ ལི་ཐང་ཨ་ཐར་ཚེ་རིང་།
དེ་སྔ་སེར་སྨད་སྤོམ་རའི་གྲྭ་པ་ཡིན་པ་དང་བལ་ཡུལ་དོལ་རྒྱལ་ཚོགས་པའི་སློབ་སྟོན་པ་རེད།
ཨ་རི་དོལ་རྒྱལ་ཚོགས་པའི་དྲུང་ཆེ་ཟུར་པ་དང་ ༢༠༠༨ ལོར་ཨ་རིར་ངོ་རྒོལ་ནང་གི་བྱེད་གཏེ་གྲས་ཡིན། ཨ་རི་རྒྱ་མིའི་གཞུང་ཚབ་དང་འབྲེལ་བ་དམ་ཟབ་ཡོད་པ་མ་ཟད། བོད་དང་རྒྱ་ནག་ཏུ་ཡང་སེ་བསྐྱོད་ཀྱི་ཡོད། ༢༠༡༤ ལོར་ཨ་རིར་ངོ་རྒོལ་བྱེད་མཁན་གྱི་གྲས་སུ་ཡོད།
༥༽འདབ་པ་བློ་བཟང་བསྟན་འཛིན།
དེ་སྔ་སེར་སྨད་སྤོམ་རའི་གྲྭ་པ་རེད། ཕྱི་ལོ་ ༢༠༠༨ ལོར་ཨ་རི་དང་ ༢༠༡༣ ཨོ་སི་ཊོ་ལི་ཡ། ༢༠༡༤ ལོར་ཨ་རིར་ངོ་རྒོལ་བྱེད་མཁན་གྱི་གྲས་སུ་ཡོད།
༦༽ཚེ་རིང་ངམ་ཚེ་རིང་སྦོ་ལོ།
དེ་སྔ་དགའ་ཤར་རྡོ་ཁང་གི་གྲྭ་པ་རེད། སུད་སིར་གནས་སྡོད་བྱེད་ཀྱི་ཡོད། ༢༠༠༨ ལོར་ཕ་རན་སི་དང་། ༢༠༡༤ ལོར་ཧོལ་ལེན་ཌེར་ངོ་རྒོལ་བྱེད་མཁན་གྱི་གྲས་སུ་ཡོད།
༧༽བྱང་ཆུབ་རྒྱལ་མཚན།
༢༠༠༨ ལོར་ཇར་མན་དང་ཕ་རན་སི། ༢༠༡༤ ལོར་ཧོལ་ལེན་ཌེར་ངོ་རྒོལ་བྱེད་མཁན་གྱི་གྲས་སུ་ཡོད།
༨༽དཔལ་ལྡན།
སྦེལ་ཀོབ་སེར་སྤོམ་གྲྭ་ཚང་ཟེར་བའི་འགན་ཁུར་བ་རེད། ཕྱི་ལོ་ ༢༠༡༤ ཧོལ་ལེན་ཌེར་ངོ་རྒོལ་བྱེད་མཁན་གྱི་གྲས་སུ་ཡོད།
༩༽ཆ་ཕྲེང་བློ་བཟང་ཉི་མ།
ཁོ་པ་ཕ་རན་སིར་གནས་སྡོད་བྱེད་ཀྱི་ཡོད། ཕྱི་ལོ་༢༠༠༨ ལོར་ཕ་རན་སི་དང་། ༢༠༡༤ ཧོལ་ལེན་ཌེར་ངོ་རྒོལ་བྱེད་མཁན་གྱི་གྲས་སུ་ཡོད།
༡༠༽བསོད་ནམ་རྒྱལ་མཚན།
༢༠༠༨ ལོར་ཨ་རི་དང་། ༢༠༡༤ ལོར་ནོར་ཝེའི་རྒྱལ་ས་་ཨོ་སི་ལོར་ངོ་རྒོལ་བྱེད་མཁན་གྱི་གྲས་སུ་ཡོད།
༡༡༽ཆ་ཕྲེང་བ། གཡང་དར་སྤྲུལ་སྐུ།
དེ་སྔ་སེར་སྨད་སྤོམ་རའི་གྲྭ་པ་རེད། ༢༠༡༤ ལོར་ཨ་རིར་ངོ་རྒོལ་བྱེད་མཁན་གྱི་གྲས་སུ་ཡོད།
༡༢༽རྫ་བ་སྤྲུལ་སྐུའམ་བློ་བཟང་རྡོ་རྗེ་བསྟན་འཛིན་ཡར་འཕེལ་རིན་པོ་ཆེའམ་ཆ་ཕྲེང་སྤྲུལ་སྐུའང་ཟེར།
ཁེ་ན་ཌར་བྱང་ཆུབ་ཆོས་གླིང་ཟེར་བའི་ཆོས་ཚོགས་ཡོད་པ་དང་། ཕྱི་ལོ་ ༢༠༠༨ ལོར་ཨ་རིར་ངོ་རྒོལ་བྱེད་མཁན་གྱི་གྲས་སུ་ཡོད། ༢༠༡༤ ལོར་ཨོ་སི་ལོ་དང་ཧོལ་ལེན་ཌེར་ངོ་རྒོལ་བྱེད་མཁན་གྱི་གྲས་སུ་ཡོད།
༡༣༽བློ་བཟང་ཕུན་ཚོགས།
དེ་སྔ་དགའ་ཤར་རྡོ་ཁང་གི་གྲྭ་པ་རེད། ཨ་རིར་གནས་སྡོད་བྱེད་ཀྱི་ཡོད། ༢༠༠༨ ལོར་ཨ་རི་དང་། ༢༠༡༤ ལོར་ཧོལ་ལེན་ཌེར་ངོ་རྒོལ་བྱེད་མཁན་གྱི་གྲས་སུ་ཡོད།
༡༤༽འདབ་པ་བཀྲིས་དོན་གྲུབ།
དེ་སྔ་དགའ་ཤར་རྡོ་ཁང་གི་གྲྭ་པ་ཡིན་པ་དང་ཕ་རན་སི་དགེ་ལྡན་བསྟན་སྲུང་ཚོགས་པ་ཟེར་བའི་ཚོགས་གཙོ་རེད། ༢༠༡༤ ཧོལ་ལེན་ཌེར་ངོ་རྒོལ་བྱེད་མཁན་གྱི་གྲས་སུ་ཡོད།
༡༥༽འདབ་པ། བྱམས་པ་འོད་ཟེར།
དེ་སྔ་དགའ་ཤར་རྡོ་ཁང་གི་གྲྭ་པ་རེད། ཕྱི་ལོ་ ༢༠༡༤ ལོར་ཧོལ་ལེན་ཌེར་ངོ་རྒོལ་བྱེད་མཁན་གྱི་གྲས་སུ་ཡོད།༡༦༽ བློ་བཟང་བཟོད་པ།
ཕྱི་ལོ་ ༢༠༠༨ ལོར་ཨ་རི་དང་དབྱིན་ཡུལ་དུ་ངོ་རྒོལ་བྱེད་མཁན་གྱི་གྲས་སུ་ཡོད། ༢༠༡༤ ལོར་ཨ་རིར་ངོ་རྒོལ་བྱེད་སྐབས་མཉམ་ཞུགས་བྱས་ཡོད།
༡༧༽ཆ་ཕྲེང་འཇམ་དབྱངས།
དམངས་ཁྲོད་ཁ་བརྡའི་འགན་འཛིན་གྱི་མིང་འཁུར་བ། ༢༠༠༨ ལོར་ཨ་རི་ ༢༠༡༤ ལོར་ཨ་རི་དང་ཨོ་སི་ལོར་ངོ་རྒོལ་བྱེད་མཁན་གྱི་གྲས་སུ་ཡོད།
༡༨༽བློ་བཟང་བཀྲིས།
སྐབས་རེ་དམངས་ཁྲོད་ཁ་བརྡའི་གཙོ་སྐྱོང་བྱེད་ཀྱི་ཡོད་པ་དང་། ༢༠༡༤ ལོའི་ཨ་རི་དང་ཧོལ་ལེན་ཌི། ཇར་མན་བཅས་སུ་ངོ་རྒོལ་བྱེད་མཁན་གྱི་གྲས་སུ་ཡོད།
༡༩༽ཚེ་བརྟན་ཕུན་ཚོགས།
སུ་ཇ་བོད་ཁྱིམ་སློབ་གྲྭའི་སློབ་ཟུར་རེད། ༢༠༡༤ ལོར་ཧོལ་ལེན་ཌེར་ངོ་རྒོལ་བྱེད་མཁན་གྱི་གྲས་སུ་ཡོད།
༢༠༽ཆ་ཕྲེང་སྐལ་བཟང་སྒྲོལ་མ།
མོན་གྷོ་གཞིས་ཆགས་ཀེམ་ ༢ ཁང་ཨང་ ༡༣། ༢༠༡༤ ཧོལ་ལེན་ཌེར་ངོ་རྒོལ་བྱེད་མཁན་གྱི་གྲས་སུ་ཡོད།
༧རྒྱལ་བ་རིན་པོ་ཆེ་ཚང་གིས་བོད་ཀྱི་བདེ་སྡུག་ལ་ཕན་པའི་ལམ་དབུ་མ་གསུངས་དུས། ཆོལ་གསུམ་བོད་མིས་ཁོང་སྐུ་བདག་བྱས་ན་འགྲིག་མདོག་མདོག་དང་། བོད་ཀྱི་བདེ་སྡུག་ལ་གནོད་པའི་དོལ་རྒྱལ་ལ་མ་བསྟེན་དུས། ཆོལ་གསུམ་བོད་མིས་ཁོང་སྐུ་རྐྱང་དུ་གཡུག་དགོས་མདོག་མདོག་གི་བསམ་ཚུལ་སྐྱོན་ཅན་འདི་འདྲ་ནི། སྤོབས་པས་དོལ་རྒྱལ་བ་ཚོར་ཡིད་དྲང་མདོག་བསྟན་པ་ཡིན་ན་ཡང་། དགེ་སྐྱོན་གཉིས་ལས་སྐྱོན་དུ་ཕྱོགས་པ་ནི་ཚང་མས་ཤེས་ཤེས་བ་རེད།
བོད་ཀྱི་བདེ་སྡུག་ལ་གནོད་པའི་ལྷ་འདྲེ། ཆོལ་གསུམ་བོད་མི་སུ་ཡིན་གང་གང་། གནོད་པ་ཡོད་པའི་བྱེད་ལས་དང་བྱས་བའི་ངོ་བོ་རང་སྟེང་ནས་འཇོག་རྒྱུ་ལས། འདི་ལ་དག་འདོན་ཞིག་ཅི་ལྟར་བྱེད། མིག་གིས་ལྟོས་དང་། རྣ་བས་ཉོན་དང་།
མི་ཚོས་ལབ་ན། ༼བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར༢༠༠༨། ༡༠། ༢༩། ཉིན་༸གོང་ས་མཆོག་གི་སྐུ་ཚབ་ཀྱིས་པེ་ཅིང་དུ་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཚོར་འཇིག་རྟེན་ཡོངས་གྲགས་ཐོག་སྤྲད་ཟིན།༽ཟེར་བའི་ཡིག་ཆ་སྤྲད་ས་དེ་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་གཞོན་རེད། འགན་གཞོན་དེས་རྒྱུན་དུ༼གོང་ས་མཆོག་ནི་ཆོས་གོས་གྱོན་པའི་སྤྱང་ཀི་རེད༽ཟེར་བཞིན་པར་བཤད། འདི་འདྲའི་མཚན་སྨད་གནམ་འོག་ཏུ་མི་ཤོང་བ་ཞུ་མཁན་ཚོར་གུས་གུས་ཞུམ་ཞུམ་བྱེད་དོན་ཅི་རེད། ཡང་ན། རྒྱ་མིས་མཚན་སྨོད་ཞུས་ན་ཡག་པོ་ཞིག་དང་བོད་མིས་ཞེ་ས་ཞུ་མ་ཤེས་ན་སྡུག་ཅག་ཅིག་ཏུ་སྒྲོག་དོན་གང་རེད།
ཨ་རོག་སྤོབས་པ་མཐའ་ཡས་ལགས། རྒྱལ་བ་རིན་པོ་ཆེས་དོལ་རྒྱལ་ལ་དམ་བསྒྲགས་གནང་བ་དེ་བོད་སྤྱི་པའི་དོན་དུ་ཡིན་པ་ལས། ཁོང་སྒེར་ལ་དོལ་རྒྱལ་གྱིས་གནོད་བསྐྱལ་བཞག་པ་གང་ཡང་མེད་པ་རེད། ཁོང་གིས་དོལ་རྒྱལ་ལ་དམ་བསྒྲགས་གནང་དགོས་དོན་ཡང་། དོལ་རྒྱལ་རྟེན་གསོལ་བྱེད་མཁན་ཚོས་ཆོས་རྒྱུད་བར་ལ་འགལ་ཟླ་ཚབ་ཆེན་བཟོས་པའི་ལོ་རྒྱུས་མང་པོ་ཡོད་པ་རེད། དཔེར་ན་ཕ་བོང་ཁ་པའི་སློབ་མ་ཁ་ཤས་ཁམས་སྨར་ཁམས་དང་བྲག་ཡབ་སོགས་ལ་ཕྱིན་ནས། གུ་རུའི་སྐུ་བཅག་པ་དང་བཀའ་ཐང་མེ་ལ་སྲེག་པ་སོགས་རིག་གསར་ཆུང་ཆུང་ཞིག་སླངས་མྱོང་བ་རེད། ད་དུང་དོལ་རྒྱལ་རྟེན་མཁན་ཚོས་རྙིང་ཆོས་བྱས་ན་ཤུགས་ལྡན་གྱིས་ཚར་བཅད་ཀྱི་རེད་ཅེས། ཕ་བོང་ཁ་པ་སློབ་རྒྱུད་དང་བཅས་པས་ཡང་ནས་བསྐྱར་དུ་བཤད་མྱོང་བ་མ་ཟད། རྙིང་ཆོས་ཉམ་ལེན་གནང་མཁན་གྱི་སྐྱེས་ཆེན་དམ་པ་མང་པོ་དོལ་རྒྱལ་གྱིས་སྐུ་སྲོག་དཀྲོང་པའི་ལོ་རྒྱུས་དོལ་རྒྱལ་བ་ཁོ་རང་ཚོས བཤད་ཡོད་པ་དེ་རེད། རྒྱུ་མཚན་འདི་དག་ལ་རྟེན་ནས་ཆོས་རྒྱུད་འཆམ་མཐུན་མཉམ་གནས་དང་། བོད་ཀྱི་ཆོས་རྒྱུད་རྣམས་དམ་གཙང་འོ་ཆུ་གཅིག་འདྲེས་ཡོང་ཆད་ཁོང་གིས་དོལ་རྒྱལ་ལ་དམ་བསྒྲགས་གནང་ཡོད་པ་གསལ་པོ་ཡིན་པས། ད་དུང་རྩོད་རྙོག་འདི་ཁོང་སྒེར་གྱི་གནད་དོན་ནམ། ཆོས་རྒྱུད་བྱེ་བྲག་པ་ཞིག་གི་ནང་ཁུལ་གྱི་གནད་དོན་ཡིན་པར་བཤད་སྡད་ན་གནས་ལུགས་དང་མཐུན་པ་ཞིག་དང་། རྒྱུ་འབྲས་བློ་མིག་ལྡན་པའི་སྐད་ཆ་བཤད་སྟངས་ཤིག་ཡིན་ནམ། ལྷག་པར་དུ་བཙན་བྱོལ་ནང་གི་དོལ་རྒྱལ་བ་ཚོས་བོད་རིགས་ནང་ཁུལ་ལ་མི་གསོད་ཁྲག་སྦྱོར་དང་འཇིགས་སྐུལ་རྡུང་རྡེག རྒྱ་ནག་གཞུང་གི་རྒྱུག་ཁྱི་མངོན་གསལ་དོད་པོས་བྱས་དང་བྱེད་བཞིན་པ་ང་ཚོ་ཚང་མས་ཤེས་གསལ་ཡིན་པས། བོད་མིའི་སྒྲིག་འཛུགས་ཀྱིས་ཁོང་ཚོའི་མིང་དང་ལོ་རྒྱུས་ཙམ་ཡང་ཁྱབ་བསྒྲགས་བྱེད་མི་རུང་བར་བཤད་པ་ནི་བློ་གཟུ་བོར་གནས་པའི་སྐད་ཆ་ཞིག་གཏན་ནས་མ་རེད། ལར་ནས་དོལ་རྒྱལ་བས་ལས་ངན་སྣ་དགུ་བྱས་པ་ལ་སྐྱོན་བརྗོད་ཚིག་ཅིག་མེད་པར། བོད་མིའི་སྒྲིག་འཛུགས་ཀྱིས་ཁོང་ཚོའི་ལོ་རྒྱུས་ཕྱིར་བསྒྲགས་པ་ཙམ་ལ་ཧང་སང་མདོག་བྱེད་པ་འདི་བཙན་བྱོལ་བོད་མི་ཚོའི་སྐྱུག་བྲོ་བའི་མི་གཤིས་ངོ་མ་དེ་ཡིན།
བཙན་བྱོལ་གྱི་མཁས་མིང་འཛིན་པ་ཚོའི་ཁྲོད་ནས་ནམ་ཡིན་ཡང་རང་ཉིད་ཀྱིས་སྒྲིག་འཛུགས་དང་དབུ་ཁྲིད་ཚོ་གཅིག་བཤད་རྒྱུ་ཨེ་སྙེད་ལྟས་སྡད་པ་ལས། ཁ་ཕར་ལ་སྐོར་ནས་བོད་སྤྱི་ལ་གནོད་བསྐྱལ་མཁན་གྱི་ཕྱི་ནང་གི་དགྲ་བོ་བོར་ཁ་གཏད་བཅོག་མཁན་ཞིག་བྱུང་མྱོང་མེད་པས། ད་དུང་དོལ་རྒྱལ་བ་ཚོར་སྙིང་རྗེ་མདོག་དང་རང་ཉིད་དྲང་པོ་ཞིག་ཡིན་མདོག་བྱེད་མཁན་གྱི་མི་བུ་དག་ནི་ཀླད་མེད་བྱབ་ཆུང་ཞིག་ལས་བཟང་པོ་ཞིག་ཡིན་པ་ནམ་ཡང་མཐོང་མི་སྲིད་དོ།
སྤོབས་པའི་སེམས་ཤུགས་རྫུན་མ་ཡིན།
གནམ་ལོའི་རྩོམ་དེའི་བཅོས་མ་ཡིན།
ཁུག་རྟའི་སྤེལ་པའི་རྩོམ་འདི་ནི།
བཤད་ཕོད་གཉིས་ཀྱི་འབྲས་བུའོ།
སྙིང་མ་རྗེ་་་་་་་བཙན་བྱོལ་ནང་ནས་ཐོག་དང་པོ་དར་དམར་གནམ་ལ་ཕྱར་ནས་གུང་ཁྲན་ཏང་ལ་ངོ་དགའ་བྱེད་མཁན་ཁུག་རྟ་མ་རེད་དམ།
སྐུ་ཞབས་སྤོབས་པ་མཐའ་ཡས་ལགས་ལ། རྒྱལ་བ་རིན་པོ་ཆེས་དོལ་རྒྱལ་བཀགས་པ་དེ་བོད་སྤྱིའི་དོན་མ་ཡིན་པར་གཟིམ་ཁང་གོང་འོག་གམ་གང་ཟག་སྒེར་གྱི་རྙོག་གྲ་ཞིག་རེད་ཟེར་བ་དེར་ངོས་ལེན་བྱེད་ཐབས་བྲལ་བར་མ་ཟད་ལོ་རྒྱུས་ལ་ཤིན་ཏུ་རྨོངས་པའི་བླུན་པོའི་གཏམ་ཁོ་ན་རེད་འདུག་གོ གཟིམ་ཁང་གོང་འོག་ཟེར་བ་དེ་ལོ་ངོ་སུམ་བརྒྱའི་གོང་ལ་བྱུང་བ་ཙམ་ལས་ད་ལྟ་མིང་ཙམ་ཡང་ལྷག་མེད་པ་མ་ཤེས་སམ། ད་ལྟ་འབྲས་སྤུངས་གཟིམ་ཁང་གོང་འོག་ཟེར་བ་ཞིག་འདུག་གམ། དེ་མིང་ཙམ་ཡང་མེད་ན་ད་ལྟའི་དོལ་རྒྱལ་གྱིས་རྙོག་གྲ་གཟིམ་ཁང་གོང་འོག་ལ་འབྲེལ་བ་ག་རེ་འདུག ༧གོང་ས་མཆོག་ནས་དོལ་རྒྱལ་འདིས་བོད་སྤྱིའི་བསྟན་པ་དང་ནང་སྒོས་ཆབ་སྲིད་ལ་གནོད་ཀྱིས་འདུག་ཟེར་ནས་བཀའ་སློབ་རིམ་པ་སྟོང་ཕྲག་ལས་བརྒལ་བ་གསུངས་ཟིན་པ་ཁྱོད་ཀྱི་རྣ་བས་མ་ཐོས་སམ། ཡང་ན་ངོས་ལེན་མེད་པ་རེད། །
ཐན་བྱ་ཁུག་རྟ་ལགས། ད ཁྱེད་ཀྱིས་རྒྱལ་བ་རིན་པོ་ཆེ་ཁ་ལ་འཁྱེར་ནས་ཕུ་དཀྲུགས་ཀྱི་ལས་ཀ་མ་བྱས་ན་ཡག ༧ གོང་ས་མཆོག་ནས་དོལ་རྒྱལ་བཀག་པ་ནི་བོད་སྤྱིའི་རྩ་དོན་ཆེད་ཡིན་པ་ལས། མདོ་སྨད་གཅིག་པོ་ལས་ཀ་མིན་པར་ཤེས་པར་ཤོག མ་གཞི་ཁྱི་ཕྲུག་ཁྱེད་ལ་ཁ་རྩེད་འདོད་མེད།
དོལ་རྒྱལ་བསྟེན་མཁན་ལས་ཀྱང་བསྟེན་མཁན་མིན་པའི་ཚུལ་གྱིས། དེར་ཐུན་ཕྱོགས་དང་རྒྱབ་སྐྱོར་ཡོད་མདོག་གི་རྣམ་པ་འཛིན་མཁན་ཚོ་ནི་དེ་བས་ཀྱང་གཟབ་གཟབ་བྱེད་དགོས་ས་དེ་རེད། ཇི་སྲིད་ལས་འབྲས་ལ་ཁྱད་དུ་མ་བསད། བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་ཅི་ཙམ་གཙང་མར་གནས་པ་དེ་སྲིད་དུ་དོལ་རྒྱལ་གཏན་འགོག་གི་ལས་འདིར་སུས་ཀྱང་གུ་ཡངས་གཏོང་ཐབས་མེད་པ་གསལ་བོ་ཡིན། བླ་བྲང་བྱེ་བྲག་པའི་བར་གྱི་འགལ་ཟླ་ཟེར་བ་དང་དེ་དག་ཏུ་བསྒྱུར་དགོས་ཚུལ་སོགས་ནི་རྒྱུས་མེད་ཀྱི་རྒྱུས་གཏམ་ཙམ་ཡིན་པ་གསལ་བོ་རེད། ངས་གསལ་བརྗོད་དགོས་པ་ཞིག་ནི། ཆོལ་ཁའི་སྒྲིག་འཛུགས་དང་འཐུས་མི་དེ་འདྲའི་ཕྱོགས་ནས་དོལ་རྒྱལ་སྐོར་ལ་རྣམ་འགྱུར་ཡ་མ་བརླ་འཛིན་གྱི་ཡོད་པ་དེ་ཡིན། དེ་ཡང་ཁ་གཏད་༧སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་ཡིན་པ་ལྟ་བུ། འདས་པའི་བྱུང་རབས་ནང་གང་བྱས་ཚང་མས་ཤེས་གསལ་ལྟར། ད་དུང་ཡང་མུ་མཐུད་ང་ཚོའི་ནང་འགལ་གྱི་རྣམ་པ་འདི་མུ་མཐུད་པ་ཡིན་ན། དགོས་པ་རྒྱུ་མཚན་གང་ཡང་མི་འདུག གཙོ་བོ་ཆོལ་གསུམ་ཆིག་སྒྲིལ་ཟེར་ནས་དཀའ་ལས་རྒྱག་དགོས་དོན་མི་འདུག ༧གོང་ས་ཆེན་པོའི་བཀའ་དགོངས་ལམ་སྟོན་བོད་མི་རིགས་ཀྱི་མདུན་ལམ་སྟེང་དེ་ཙམ་འབྲེལ་མེད་ཀྱི་འདོད་ཚུལ་འཛིན་མཁན་ཞིག་ཡོད་ན། རང་རང་ས་ནས་ལུགས་ཁ་ཁ་ལམ་སོ་སོ་བྱས་ཏེ་འགྲོ་རྒྱུ་ལས་ཐབས་ཤེས་མེད་པ་དེ་གསལ་བོ་རེད། སོང་ཙང། རིག་པ་སྒྲིམ་ན་སྒྲིམ་ཚོད། ལྷག་བསམ་དང་རིགས་ཞེན་ཡོད་ན་བེད་སྤྱོད་གནང་བའི་དུས་སྐབས་ནི་ད་ལྟ་ཡིན་པ་མ་གཏོགས། མ་འོངས་སུ་གང་གིས་གཉའ་སྒུར་སྒུར་བྱས་ཏེ་འདུག་གི་མ་རེད་ཅེས་ངས་གསལ་བརྗོད་བྱེད་འདོད་པ་དེ་ཡིན།
དོལ་རྒྱལ་ཁ་ལ་ཁྱེར་མཁན་ཚོ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ངོ་སྤྲོད་གསལ་བོ་གནང་བ་དེ་འགྲིག་ཡོད་པ་མ་ཟད། ཆོལ་ཁུངས་སྐྱེས་ཡུལ། གསལ་བོ་འགོད་དགོས་པ་རེད། གཙོ་བོ་ཆོལ་ཁ་སོ་སོ་སྡེ་བ་ཚོ་པ་གཅིག་པའི་བོད་མི་ཚོས་དང་བའི་ཀུན་ནས་བླངས་ཏེ་ཁ་ཏ་བསླབ་བྱ་བྱེད་དགོས་པ་དེ་གལ་ཆེན་རེད།
རེད་ལགས། རྩོམ་པ་པོ་ལགས། ཁ་ད་བསླབ་བྱ་བྱེད་པར་མཁས་དགོས་ན་རྒྱལ་བ་རིན་པོ་ཆེ་སྐད་གྲགས་ཡོད་པ་དེ་རེད། དོལ་ཚོགས་ཀྱིས་ཁོང་གི་ཁ་ལ་ཡང་མི་ཉན་པ་རེད། དེ་མ་ཡིན་པ་ཞིག་གི་ཁ་ལ་དེ་བས་ཀྱང་ཉན་རྒྱུ་མ་རེད། མདོ་སྨད་པ་ཡོན་ཏན་ཏན་རྒྱ་མཚོ་ལྟ་བུ་ཡིན་ན་ཡང་ཤི་ཁ་རང་མདོག་དེ་བས་ངན་པ་བསྟན་རྒྱུ་ཡོད་ན་མེད་ན་བསྟན་ནས་བུད་སོང་བ་དེ་རེད། ཚང་མ་དེ་དང་དེ་འདྲ་བ་རེད།
འདས་པའི་ལོ་རྒྱུས་ཀྱི་ནང་དུ་རྒྱལ་ཆེན་ཤུགས་ལྡན་བརྟེན་མཁན་རེ་ཟུང་གིས་བོད་ཀྱི་སྤྱི་ཚོགས་ལ་གཏོར་བཤིགས་བཏང་བ་དེ་ལོ་རྒྱུས་རེད། ལོ་རྒྱུས་ལོ་རྒྱུས་ཀྱི་ས་ལ་འཇོག་དགོས་པ་རེད། འདས་པའི་ལོ་རྒྱུས་དེ་འདས་པ་ཡིན་སྟབས་དེ་ལ་འཁོན་འཛིན་བཅངས་ནས་རྙོགས་མ་གཏིང་སློང་བྱས་ན་ཕན་ཐོགས་མེད་པ་རེད། གཙོ་ཆེ་བ་དེ་ད་ལྟ་དང་མ་འོངས་པའི་མི་རབས་ཚོ་མཐུན་སྒྲིལ་གྱི་ལམ་ལ་བསྐྱོད་དགོས་པ་དེ་གལ་ཆེན་པོ་རེད། བོད་ཀྱི་མི་རབས་གསར་པ་འདི་ཤེས་རིག་དང་། མཐུན་སྒྲིལ། དཔལ་འབྱོར་བཅས་ཀྱིས་བསྐྱབ་ན་མ་གཏོགས་རྒྱལ་ཆེན་གྱིས་སྐྱོབ་གི་མ་རེད་ལ། རྒྱལ་བ་རིན་པོ་ཆེས་ཀྱང་སྐྱོབ་གི་མ་རེད། དེ་ལས་ཁོ་རང་ཚོའི་ས་ལ་བཞག་ན་ཡག་གི་རེད་བསམ་གི།
ཁུག་རྟ་ལ་བཙན་བྱོལ་དུ་དར་དམར་མ་ཁྱེར་རོགས། ད་ལྟ་ཁྱེར་སྔ་དྲག་འདུག་ཞུས་ཀྱང་ཉན་རོགས་མ་བྱས་ན། དོལ་ཚོགས་ཀྱང་ཉན་གྱིས་མ་རེད། གང་ཡིན་ཞེ་ན་ཁུག་རྟ་དང་དོལ་ཚོགས་གཉིས་རང་གཤིས་འདྲ་པོ་འདུག
ཁུག་རྟ་ལ་བཙན་བྱོལ་དུ་དར་དམར་མ་ཁྱེར་རོགས། ད་ལྟ་ཁྱེར་སྔ་དྲག་འདུག་ཞུས་ཀྱང་ཉན་རོགས་མ་བྱས་ན། དོལ་ཚོགས་ཀྱང་ཉན་གྱིས་མ་རེད། གང་ཡིན་ཞེ་ན་ཁུག་རྟ་དང་དོལ་ཚོགས་གཉིས་རང་གཤིས་འདྲ་པོ་འདུག
་་་་་ མདོ་སྨད་པ་ཡོན་ཏན་ཏན་རྒྱ་མཚོ་ལྟ་བུ་ཡིན་ན་ཡང་ཤི་ཁ་རང་མདོག་དེ་བས་ངན་པ་བསྟན་རྒྱུ་ཡོད་ན་མེད་ན་བསྟན་ནས་བུད་སོང་བ་དེ་རེད། ཚང་མ་དེ་དང་དེ་འདྲ་བ་རེད། ་་་་་་
མདོ་སྨད་པ་ཡོན་ཏན་རྒྱ་མཚོ།
མདོ་སྨད་པ་ཡོན་ཏན་རྒྱ་མཚོ།
མདོ་སྨད་པ་ཡོན་ཏན་རྒྱ་མཚོ།
མདོ་སྨད་པ་ཡོན་ཏན་རྒྱ་མཚོ།
ཁྱོད་སྡིག་ཆེན་ཚེ་ཐུང་ན་ཡང་འགྲིགས་འདུག
་་་་་་ དཔེར་ན་ཕ་བོང་ཁ་པའི་སློབ་མ་ཁ་ཤས་ཁམས་སྨར་ཁམས་དང་བྲག་ཡབ་སོགས་ལ་ཕྱིན་ནས། གུ་རུའི་སྐུ་བཅག་པ་དང་བཀའ་ཐང་མེ་ལ་སྲེག་པ་སོགས་རིག་གསར་ཆུང་ཆུང་ཞིག་སླངས་མྱོང་བ་རེད། ་་་་་
སྐུ་ཞབས་སྤོབས་པ་མཐའ་ཡས་ལགས་རྣམ་དཔྱོད་དང་ལྡན་པར་མ་ཟད་བློ་སྟོབས་ཀྱང་ཆེན་པོ་འདུག དེ་ལ་རྗེས་ཡི་རང་ཡོད། འོན་ཀྱང་༧གོང་ས་མཆོག་གིས་དོལ་རྒྱལ་བསྟེན་པར་དམ་བསྒྲགས་གནང་བ་དེ་ཁོང་སྐུ་སྒེར་གྱི་རྙོག་གྲ་ཞིག་ཡིན་ཚུལ་བཤད་པ་དེ་ནི་ཤིན་ཏུ་ནས་ནོར་བ་ཞིག་རེད། ༧གོང་ས་མཆོག་གིས་དོལ་རྒྱལ་བསྟེན་ན་སངས་རྒྱས་བསྟན་པ་སྤྱི་དང་ཡང་དགོས་བོད་ཀྱི་ཆབ་སྲིད་ལ་གནོད་ཀྱིན་འདུག་ཅེས་པའི་བཀའ་གསུངས་སྔ་ཕྱི་ལོ་མང་རིང་གསུངས་པ་དེ་ཚོ་མ་ཐོས་པ་ག་ལ་ཡིན། ཁྱོད་ཀྱིས་ཅིས་ཕྱིར་ཨུ་ཚུགས་བྱས་ཏེ་དོལ་རྒྱལ་གྱི་རྙོག་གྲ་དེ་གང་ཟག་སྒེར་བ་ཞིག་རེད་ཟེར། ང་ནི་ཁྱོད་ཀྱི་གཏམ་དེར་ཧ་ལས་ཤིང་ཧང་སངས་ཀྱི་འདུག དོལ་རྒྱལ་འདི་༧་གོང་ས་ལྔ་བ་དང་བཅུ་བཞི་བ་གཅིག་པུས་བཀགས་པ་མ་ཡིན་པར་བོད་ཀྱི་བླ་ཆེན་དུ་མས་བཀགས་ཟིན་པ་གསལ་པོ་རེད། ལྷག་པར་དུ་དོལ་རྒྱལ་བསྟེན་མཁན་ཚོས་བསྟེན་ལུགས་ནོར་ཡོད་པའང་གསལ་པོ་རེད་འདུག དེས་ན་རྒྱུ་མཚན་ཅིས་ཕྱིར་ཨུ་ཚུགས་བྱས་ནས་དོལ་རྒྱལ་དེ་གང་ཟག་སྒེར་བའི་རྙོག་གྲ་རེད་ཟེར།།
་་་་་་ དོལ་རྒྱལ་འདི་༧་གོང་ས་ལྔ་བ་དང་བཅུ་བཞི་བ་གཅིག་པུས་བཀགས་པ་མ་ཡིན་པར་བོད་ཀྱི་བླ་ཆེན་དུ་མས་བཀགས་ཟིན་པ་གསལ་པོ་རེད། ་་་་་་
སྤོབས་མཐའི་མགོ་ལས། རྨ་ཆེ་བ་བཟོ་བཞིན་འདུག ད་སྤོབས་མཐའ་ཁྱོད་ཀྱི་ཁ་དེ། བདག་པོ་བརྒྱབ་ན་ལེགས་པ་འདྲ། ཧཧཧ།། །ཀུ་རེ་དང་བཅས།། །།
ངས་རྒྱལ་ཆེན་ཤུགས་ལྡན་དང་དེ་བརྟེན་མཁན་ཚོ་ལྷ་ལྟ་བུར་བཀུར་དགོས་རེད་ཟེར་གི་མེད། འདྲེ་ལྟ་བུ་ཞིག་ལ་བརྩི་དགོས་རེད་ཀྱང་ཟེར་གི་མེད། འོ་ན་གང་ཟེར་གི་ཡོད་ཟེར་ན། ཁོང་ཚོ་སྤུན་ཟླ་མིའི་ས་ལ་བཞག་ནས་བཅར་འདྲི་ཞིབ་མོ་རེ་བྱས་ནས་ཁོ་ཚོའི་སྐད་སྒྲ་ལ་ཐག་ཉེ་ས་ནས་གཅིག་ཉོན་དགོས་གི་འདུག་ཟེར་གི་ཡོད། དེ་ང་ཚོའི་གསར་ལམ་ཁག་གི་ལས་འགན་རེད་ལ་ཁོང་ཚོས་བསྒྲུབ་ཐུབ་པ་དེ་ཡང་རེད་བསམ་གི།
ང་ནི་རྒྱལ་ཆེན་ཤུགས་ལྡན་ལ་གང་ཡང་མི་དགའ། རྒྱལ་བ་རིན་པོ་ཆེས་དེ་མ་བརྟེན་པ་ལ་རྒྱབ་སྐྱོར་ཐུབ་ན་མ་ཐུབ་ན་བྱེད་ཀྱིན་ཡོད། དེའི་སྐོར་ལ་སྔོན་མ་ཡང་ཁ་བརྡ་དྲ་ཐོག་འདིར་སྐད་ཆ་ཁ་ཤས་བཤད་མྱོང་། ཡིན་ན་ཡང་། རྒྱལ་བ་རིན་པོ་ཆེ་དང་ངེད་ཚོ་མི་དགའ་བ་ཙམ་རྒྱུ་མཚན་དུ་བྱས་ནས་བོད་མི་ཚང་མས་ཧུང་རུབ་ཕད་རུབ་བྱེད་དགོས་ཟེར་བའི་སྐུལ་སློང་བྱས་ན་ལས་རྒྱུ་འབྲས་དང་མཐུན་པ་ཞིག་མ་རེད་བསམ་གི།
སྤོབས་མཐས་བཤད་པ་ཐམས་ཅད་མི་བདེན་རེད་ཟེར་ནས་ཞུ་བཤད་ཤེས་ཀྱི་མ་རེད། མ་གཞི་ནས་ཆོས་དང་ཡིད་ཆེས་དད་པ་ཁས་མི་ལེན་མཁན་དེ་ཚོའི་ངོ་ལ་ལྟས་ན་སྤོབས་མཐའི་བཤད་པ་དེ་ཚོར་བདེན་བདེན་ཁ་རེད། སྤྱིར་སྟངས་སྤོབས་མཐའ་འདི་ཡིས་ཅིད་བཤད་ལ་ཡིད་ཆེས་བྱེད་རྒྱུ་ཡོད་པ་མ་རེད། ཁོས་སྐབས་རེར་དད་པ་དང་ཡིད་ཆེས་སེར་མོ་བ་ལས་སོགས་གལ་ཆེ་རབས་དང། ཡང་ཕྱོགགས་གཞན་ཞིག་ནས་གསང་སྔགས་ནང་རྒྱུད་ཀྱི་ལྷ་དེ་ཚོ་འཇིག་སྣང་སློང་བྱེད་ཅིག་དང་དུས་འཁོར་ལས་སོགས་གསང་སྔགས་ཀྱི་བཀའ་དེ་ཚོར་ཡིད་ཆེས་མེད་རབས་བཤད། ཡང་སྤོབས་མཐའ་ལ་ཆོས་ལུགས་ལ་རྨོངས་དད་མེད་རེད་ཅེས་ན་དེ་ཡང་མ་རེད། ཁོ་ལ་ཆོས་ལུགས་ཆོས་རྒྱུད་ཀྱི་ཕྱོགས་ཞེན་སྡང་ཟུག་ཆེན་པོ་ཡོད་མཁན་ཞིག་དང། ལྷག་པར་དུ་ཁོས་བན་དེའི་ཁ་འཛིན་དུ་ཀེ་རེར་ལངས་ནས། བོན་དང་བོན་སྟོན་ལས་སོགས་ལ་ཚད་མེད་པའི་སྐུར་བ་བཏབ་མྱོངས། བྱས་ཙང་ཚན་རིག་ཞིབ་འཇུག་པ་ཞིག་ཀྱང་མ་རེད་ལ། ཆོས་ལུགས་རྒྱུད་འཛིན་ཡང་དག་པ་ཞིག་ཀྱང་མ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་ངས་ཁོང་ལ་ཞལ་གསུམ་ཕྱག་དྲུག་ཅེས་བཏགས་མྱོང། དཔེར་ན། ཉེ་འཆར་རང་དོལ་རྒྱལ་བ་ཚོར་དགག་ཡིག་བརྩམས་སོང་མོད་དེ་རིང་འདིར་དེའི་ཁ་ཕྱོགས་སུ་ལང་ནས་ཅིག་བཤད་ཡོང་གི་འདུག ཡིན་ནའང་ཁོང་ལ་དེང་དུས་ཀྱི་བསམ་བློ་ཅུང་ཙམ་ཡོད་མཁན་དང་མ་ཟད་དྲན་རིག་རྒོད་པའི་མཆན་མང་ཙམ་འདེབ
བཞིན་འདུག དྲ་ཉུལ་བ་འདི་དག་གི་ནང་ནས་ཅུང་མཁྱེན་རྒྱ་དང་རྒྱུ་མཚན་གསར་པ་རིག་པའི་ལམ་ནས་མང་པོ་ཞིག་ཡོང་གི་འདུག དེ་ཚོར་དགའ་བསུ་ཞུ་གི་ཡོད།
སྤོབས་པ་ཁ་བརྡ་ཡོའུ་ཕྲོབ་བརྙན་འཕྲིན་ལ་སོང་དང་། དོལ་རྒྱལ་ཚང་གིས་ག་རེ་བཤད་དགོས་བ་དེ་བཤད་འདུག། ང་ཚོས་གོ་དགོས་བ་དེ་ཡང་གོ་འི། ང་ཚོའི་བར་ལ་གོ་བརྡ་མ་འཕྲོད་པའི་དཀའ་ངལ་ཞིག་ནམ་ཡང་ཤར་མེད་པ་རེད།
གོ་བ་མེད་པའི་དོལ་ཚོགས་ལ། གངས་ཅན་བོད་ལས་དགྲ་དགྱ་བྲིན། དེ་ལ་ཡ་བྱེད་སྨྱོན་པའི་ཚོགས། སྤོབས་པ་འདྲ་བའི་ངོ་གཉིས་མ།
སྤོབས་མཐས་བཤད་པ་ལྟར་བཙན་བྱོལ་སྒྲིགས་འཛུགས་ནས་དོལ་རྒྱལ་བ་རེ་རེ་ནས་མིང་དང་པར་བཅས་གསལ་བསྒྲགས་གནང་བ་དེར་ཡག་པོ་མཐོང་གི་མེད། སྤྱི་ཚོགས་ཟེར་བ་དེར་མི་གཤིས་ཁམས་མི་འདྲ་བ་སྣ་ཚོགས་ཡོད་པ་རེད། དེ་མཚུངས་ཀྱི་དད་པ་ཡིད་ཆེས་ཀྱང་མི་འདྲ་བ་ཡོད། ང་ཚོ་བོད་བཙན་བྱོལ་སྒྲིག་འཛུག་དང་བོད་མིའི་སེམས་ཁམས་སུ། བོད་མི་གདོང་དམར་ཐམས་ཅད་ནང་པ་ཡིན་ཚུལ་དང་བོད་མི་ཐམས་ཅད་མ་ཎི་འདོན་མཁན་ཡིན་རབས་ཀྱི་བསམ་བློ་ཕུག་སོབ་དོག་པོ་དེ་འདྲ་ཡོད་པ་ང་ཚོས་ཤེས་གསལ་རེད། དགའ་ལྡན་པའི་དུས་སུ་བོད་མི་ཐམས་ཅད་དགེ་ལྡན་པ་ཡིན་པར་ངོས་འཛིན་གྱིས་་་་་དགའ་ལྡན་ལྔ་མཆོད་མ་བྱས་མི་འགྲིག་རབས་དང་གཞུང་གིས་ཀྱང་དེར་བརྩི་མཐོང་ཆེན་པོར་བྱེད་དེ་དུས་ཆེན་གྱི་མཛད་སྒོ་ཟབ་རྒྱས་བྱས་ཡོད། དེ་བཞིན་སྒྲིག་འཛུགས་ཀྱི་ཆེད་དུ་གཞུང་གིས་བཀའ་རྒྱའི་ནང་དུ་བོད་མིའི་སྡོད་སྒར་ཐམས་ཅད་དུ་མ་ཎི་དང་སྒྲོལ་མ་འདོན་དགོས་རབས་ཀྱིས་བཀའ་ཡིག་ཕབ་དང་ཕེབས་བཞིན་ཡོད། བྱེད་སྟངས་དེའི་རིགས་ནི་བོད་ལ་ཞེས་ཆིག་བསྒྲིལ་མི་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་དེ་ཡིན། རྒྱུ་མཚན་འདི་དག་ལ་བསམ་ན་་་སྤོབས་མཐས་བཤད་པ་ལྟར་དོལ་རྒྱལ་གྱི་སྐོར་འདིའང་སྒེར་གྱི་རྙོག་ཁྲ་ཞིག་ཏུ་བསམ་སྲིད་པ་ཞིག་དང་ཟུར་གནས་པ་ཞིག་གིས་དཔྱད་ཀྱང་དེ་འདྲ་རང་ཡིན་སྲིད།
གོང་དུ་བསམ་ཚུལ་གསུངས་མཁན་རང་བྱུང་རིག་པའི་རྡོ་རྗེའི་མིང་འཛིན་པ་ལགས། གཟིམ་ཁང་གོང་འོག་དེང་སང་ཡོད་དང་ཡོད། ཡོད་པ་ཙམ་དུ་མ་ཟད་རྒྱ་ཆེ་ཆེ་དང་དཔང་ཇེ་མཐོར་སོང་འདུག གྲགས་པ་རྒྱལ་མཚན་ལས་དོལ་རྒྱལ་བྱུང་ཞིང་དོལ་རྒྱལ་ཚོགས་པས་འདི་དོན་དུ་གཟིམ་ཁང་གཅིག་ཤུལ་འཛིན་པ་རེད། གཟིམ་ཁང་གཅིག་ནི་དེང་སང་དགའ་ལྡན་ཕོ་བྲང་ཚང་སྐུ་ཟིལ་བ་ཁྲོམ་མེར་ཡོད་པ་དེ་རེད།
གཟིམ་ཁང་གོང་འོག་འཁྲུགས་འོག་ཏུ། །
གྲགས་པ་རྒྱལ་མཚན་འདྲེ་རུ་སྐྱེས། །
འདས་པ།
སྤྲུལ་རྫུན་སྤྲུལ་རྫུས་གྲགས་མཚན་ཁོ། །
མཐའ་མ་འབྱུང་པོ་འདྲེ་རུ་སྐྱེས། །
མ་འོངས་པ།
རྒྱལ་མཚན་ནོར་བུ་སྤྲུལ་རྫུན་ཡང་། །
མཐའ་མ་དོལ་རྒྱལ་འཁོར་དུ་ངེས། །
སྤོབས་པ་མཐའ་ཡས་མི་བསམ་ཡོད་འདིས་སྐད་ཆ་བསམ་མེད་ཅིག་བཤད་ཀྱི་འདུག དོལ་རྒྱལ་གྱི་རྙོག་གྲ་འདི་འདས་པའི་ལོ་རྒྱུས་ཙམ་ཞིག་ཡིན་ན་ང་ཚོས་ཅི་ཡང་བཤད་དགོས་དོན་མེད་པ་རེད། འོན་ཀྱང་འདི་ནི་འདས་པའི་ལོ་རྒྱུས་ཙམ་མིན་པར་རྩ་བ་འབུས་ནས་རྩེ་མོ་ད་ལྟའི་བར་མ་སྐམ་པར་གནས་ཡོད་པ་མ་ཟད། དེང་སང་གི་དོལ་རྒྱལ་བ་ཚོས་ཐ་ན་མི་རིགས་འདིས་གཉེན་འཕྲང་གི་གནས་བབ་ལ་ཡང་བསམ་བློ་ཅུང་ཟད་ཙམ་མེད་པར། རྒྱ་དམར་གཞུང་དང་ངན་པ་ལག་སྦྲེལ་གྱིས་བོད་པའི་བླ་ན་མེད་པའི་སྐྱབ་མགོན་གོང་ས་མཆོག་ལ་ངོ་རྒོལ་བྱས་པ་མ་ཟད་ཁོང་གི་སྐུ་ཕྱ་ལ་ཡང་ཉེན་ཁ་བཟོ་བཞིན་པ་འདི་རེད། ད་དུང་བོད་མིའི་སྒྲིག་འཛུགས་དང་དབུ་ཁྲིད་ཚོར་གཞི་རྩ་མེད་པའི་སྐྱོན་བརྗོད་དང་། བོད་མི་སྤྱིའི་མངོན་མདོད་བོད་མིའི་རང་དབང་ལ་ཡང་དོ་ཕོག་གཏོང་བཞིན་ཡོད་པ་ནི་ཁོང་ཚོའི་སྔ་བར་ཕྱི་གསུམ་གྱི་བྱེད་སྟངས་ནས་གསལ་པོ་ཡིན་པས། ད་དུང་འདི་ཚོ་སྣང་མེད་ལ་བཞག་དགོས་པ་རེད་ཟེར་ན་མི་བསམ་ཡོད་ཀྱི་སྐད་ཆ་བཤད་སྟངས་ཤིག་གཏན་ནས་མིན། བོད་པ་ཚོ་སྤུན་ཟླའི་འདུ་ཤེས་ཀྱིས་མཐུན་སྒྲིལ་བྱེད་དགོས་པའི་སྐད་ཆ་དེ་བདེན་པ་རེད། འོན་ཀྱང་ཕར་མཐུན་ཐབས་ཇི་ཙམ་བྱས་ཀྱང་ཚུར་བསམ་ཤེས་གཏན་ནས་མ་བྱས་ན་དེ་ནི་ལག་པ་ཡ་གཅིག་གི་ཟློག་པའི་དཔེ་རུ་སོང་བ་མིན་ནམ། བོད་ཀྱི་མི་རབས་གསར་པ་འདི་ཤེས་རིག་དང་མཐུན་སྒྲིལ་དཔལ་འབྱོར་གྱིས་སྐྱབ་ན་མ་གཏོགས་རྒྱལ་བ་རིན་པོ་ཆེས་སྐྱབ་ཀྱི་མ་རེད་ཟེར་ནི་ཅུང་ཐལ་དྲག་པ་རེད། དེ་སྔ་ཡང་ཆད་བཙན་བྱོལ་བོད་མི་ཚོ་ལ་ལེགས་ཚོགས་གང་བྱུང་ཡོད་པ་འདི་དག་བརྒྱ་ཆ་བརྒྱ་རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་མིན་པའི་དབང་དུ་བཏང་ཡང་། བརྒྱ་ཆ་ལྔ་བཅུ་ནི་ཁོང་གི་མཛད་འཕྲིན་དང་ཐུགས་རྗེ་ལ་རྟེན་ནས་བྱུང་བ་སུས་ཀྱང་སྙོན་མི་ནུས། ཐ་ན་ང་ཚོས་ཁོང་ལ་ཡང་གང་བྱུང་གང་དྲན་ཞུ་ཆོག་པའི་དམངས་གཙོ་དང་གཏམ་བརྗོད་རང་དབང་འདི་ཡང་ཁོང་གིས་ཨུ་ཚུག་གིས་མར་གསོལ་རས་གནང་བཞག་པ་ཞིག་ཡིན་པ་ལོང་བས་ལྟས་ཀྱང་རྒྱལ་ཁམས་ཀྱི་དཔེ་རེད། ད་ཁོང་གིས་སྲིད་དབང་བཞག་ཚར་དུས་ཁོང་གིས་ཕན་ཐོག་གང་ཡང་བྱས་མེད་པ་དང་། ཁོང་གིས་མི་སྐྱབ་པ་སོགས་བཤད་སྡད་ན་དེ་ནི་དཔེར་ན་ཕ་ཡུལ་གྱི་མི་ཚང་འགའ་རེས་རྟ་རྒན་མཛོ་རྒན་ཚོ་ལོ་ཆུང་དུས་བེད་སྤྱོད་ཡག་ཐག་ཆོད་བཏང་ནས་ན་སོ་རྒས་སྐབས་ད་འདི་ཚོས་ཕན་ཐོག་མི་འདུག་ཅེས་རི་ལ་རྒྱབ་བཞག་པ་དང་ཅིག་མཚུངས་ཡིན་པས། དེ་ནི་རྒྱུ་འབྲས་དང་བཟང་སྤྱོད་ཡོད་པའི་སྐད་ཆ་ཞིག་གཏན་ནས་མིན། ཤུགས་ལྡན་བ་ཚོའི་སྐད་སྒྲ་ལ་ཉན་དགོས་པ་རེད་ཟེར་བ་ནི་དོན་མེད་ཀླན་ཀ་འཚོལ་བ་ཞིག་ཡིན་པ་ལས། མིག་གཉིས་བཀབ་ཨ་མཆོག་གཉིས་བཀག་ནས་ཉལ་སྡད་མཁན་ཞིག་མིན་ན་ཁོང་ཚོས་ག་རེ་བཤད་ཀྱི་ཡོད་མེད་མི་ཤེས་མཁན་ཞིག་ཡོད་མི་སྲིད།
ལོ་སྟོང་གི་བོན་པོའི་བྲག་རྐོས་རི་མོ་རྙེད།
2014-05-25 《藏地阳光》
ཉེ་ཆར། རྒྱལ་རོང་ཆུ་ཆེན་རྫོང་ནས་བོན་པོའི་བྲག་རྐོས་རི་མོ་ཚོ་གཅིག་རྙེད་ཡོད། ང་རང་རྒྱལ་གྱི་ཆོས་ལུགས་གནའ་རྫས་རྟོག་ཞིབ་པ་མཁས་ཅན་ཝུན་ཡུས་ཁྲེང་དང་ཀྲུང་དབྱང་མི་རིགས་སློབ་གླིང་གི་དགེ་རྒན་ཆེན་མོ། བོད་ཁུལ་གྱི་བྲག་རྐོས་རི་མོ་རྟོག་ཞིབ་པ་མཁས་ཅན་ཀྲང་ཡྰ་སྭ་རྣམ་གཉིས་དང་ལྷན་དུ་ཆུ་ཆེན་རྫོང་གི་བྲག་རྐོས་རི་མོ་རྟོག་ཞིབ་བྱེད་དུ་ཕྱིན།
བྲག་རྐོས་རི་མོ་དེ་དག་ནི་རྔ་བ་ཁུལ་ཆུ་ཆེན་རྫོང་ཐོག་ནས་སྤྱི་ལེ་གསུམ་ཙམ་ལས་མེད་པའི་ལི་ཝེལ་ས་ཆ་རུ་འདུག གཡས་གཡོན་གཉིས་ཀྱི་བྲག་ངོས་སུ་བོན་གྱི་བླ་མ་ཡིད་དམ་དང་། མཁའ་འགྲོ་ཆོས་སྐྱོང་། ལྷ་དང་ཀླུ། ད་དུང་བྱ་དང་གཅན་གཟན། ཤིང་དང་ཆུ་བོ། བུམ་པ་དང་དུང་དཀར་སོགས་བརྐོས་འདུག ཅའོ་ཧྲུའུ་རྣམ་གཉིས་ཀྱིས་རི་མོ་དེ་དག་དུས་རབས་བཅུ་གཅིག་པ་ནས་བཅུ་གཉིས་པ་ཙམ་གྱི་ལོ་རྒྱུས་ཡོད་པའི་བསམ་ཚུལ་བཏོན། དོན་དངོས་དེ་འདྲ་ཡིན་མིན་བོད་རང་གི་རི་མོ་མཁས་ཅན་དང་བོན་གྱི་ལོ་རྒྱུས་ལ་ཆ་རྒྱུས་ཆེ་བའི་མཁས་དབང་ཚོས་བརྟག་དཔྱད་གནང་ན་ཧ་ཅང་འགྲིག་སྙམ།
ས་གནས་དེ་ལ་ཆ་རྒྱུས་ཆེ་བའི་ བོན་པོའི་མཆོག་སྤྲུལ་བསྟན་པའི་རྒྱལ་མཚན་གྱིས་གསུང་རྒྱུར། རབ་བརྟན་ཡུལ་གྱི་ལོ་རྒྱུས་དང་བྲག་རྐོས་རི་མོ་དག་གི་མཚོན་དོན་སོགས་ལ་བལྟས་ན་གནས་འདི་ནི་མ་རྒྱུད་དང་གསང་གཅོད་ཀྱི་གནས་རི་ཞིག་ལ་ངོས་བཟུང་ན་ཤིན་ཏུ་འགྲིག་པར་མ་ཟད། རབ་བརྟན་དྲུང་ཡིག་མགོན་པོ་ཐར་གྱིས་ཁོང་གི་ལག་ཏུ་སྤྲད་པའི་རྒྱལ་རོང་ལོ་རྒྱུས་དང་ས་ཁྲ་སོགས་ལ་བལྟས་ན། གནས་འདི་ནི་ལི་ཝེལ་དུར་ཁྲོད་ཞེས་གསལ་པོར་བཀོད་འདུག མ་ཚད་པར་ཁྱུང་ལུང་དྲན་པ་ནམ་མཁའ་དང་འོད་ལྡན་འབར་མ་སོགས་གནས་འདིར་ཕེབས་ཏེ་གནས་སྒོ་ཕྱེ་བ་གསལ་ལ། དྲན་པ་ནམ་མཁའ་རྒྱལ་རོང་ཕེབས་པའི་གནས་ཚུལ་སོགས་ནི་རྒྱལ་རོང་དམུ་རྡོའི་བསང་མཆོད་དང་ཡུལ་ལྷའི་བསང་མཆོད་སོགས་སུ་གསལ་པོར་བཀོད་འདུག་གསུངས། གནས་འདི་ནི་རྒྱལ་རོང་གནས་ཆེན་དམུ་རྡོ་དང་། མཐའ་བཞི་ན་གནས་རི་ཆེན་པོ་བཞི། དེའི་མཐའ་ན་གནས་འབྲིང་བརྒྱད། དེའི་མཐའ་ན་གནས་ཕྲན་དྲུག་ཅུ་རྩ་གཉིས་ཡོད་པའི་ནང་གསས་གནས་འབྲིང་བརྒྱད་ཡོད་པའི་ནང་གི་གཅིག་རེད།གནས་ཡིག་དང་ལོ་རྒྱུས་ཡིག་ཚང་ལྟར་ན་རྒྱལ་རོང་བྱ་རུ་གཙུག་ལྡན་ཞེས་པའི་གནས་ཡིན་པར་ཡང་གསལ།
མུ་འཐུད་ནས། ད་དུང་བོན་གྱི་བསྟན་པ་སྐྱོང་བའི་བདག་མོ་ཡེ་ཤེས་དབལ་མོའི་འདྲ་གཟུགས་དང་གཟུངས་སྔགས་ཀྱང་བརྐོས་འདུག རང་གི་ལྟ་ཚུལ་ལ། རི་མོ་འདི་དུས་རབས་གཅིག་གི་ནང་བརྐོས་པ་ཞིག་ཡིན་མིན་ལ་ཐེ་ཚོམ་ཅུང་འདུག སྒྲུབ་ཕུག་གཡས་གཡོན་སུ་བརྐོས་མ་དེ་དག་གི་ལྟ་སྐུའི་འོག་ཏུ་མཚན་བྱང་ཁ་གསལ་པོ་བརྐོས་ཡོད་པས་བོན་པོའི་མ་རྒྱུད་སྐོར་གྱི་ལྷ་ཡིན་མིན་ལ་ཐེ་ཚོམ་གཏན་ནས་ཟ་མི་དགོས། འོན་ཏེ་མཚན་བྱང་གི་ཡིག་གཟུགས་ལ་བལྟས་ན་བསྟན་པ་ཕྱི་དར་རྗེས་སུ་བརྐོས་པ་འདྲ་ཞིང་། གོང་མ་ཆན་ལུང་གིས་རྒྱལ་རོང་དབང་དུ་མ་བསྡུས་སྔོན་དུ་བརྐོས་པ་ཞིག་ཡིན་ངེས་ལགས་སྙམ། ད་དུང་ཁྱད་མཚར་བའི་གནས་ཚུལ་ཞིག་ནི་བོན་བོའི་བསྟན་པ་སྐྱོང་བའི་བདག་མོ་ཞེས་མཚན་དུ་གསོལ་བའི་ཡེ་ཤེས་དབལ་མོའི་འདྲ་གཟུགས་དང་གཟུངས་སྔགས་སོགས་བྲག་ལགསལ་པོར་བརྐོས་འདུག འོན་ཏེ་དེའི་འདྲ་གཟུགས་དང་ད་ལྟའི་ཡེ་ཤེས་དབལ་མོའི་འདྲ་གཟུགས་བར་འགྱུར་བ་ཆེན་པོ་བྱུང་འདུག་པའི་ཐོག་ནས་བརྟག་ན་བྲག་བརྐོས་རི་མོ་འདི་དག་དུས་རབས་གཅིག་ཏུ་བྱུང་བ་ཞིག་ཡེ་ནས་མི་འདྲའོ།། གཞན་ཡང་བེེ་རོ་ཙ་ནའི་རྡོ་རྐོས་འོག་ཏུ་གཡུང་དྲུང་བོན་གྱི་བསྟན་པ། རྒྱལ་ཚབ་བེེ་རོ་ཙ་ན། གནས་འདིར་བྱིན་གྱི་རླབས་ཤིག་ཤེས་བཀོད་འདུག་པ་འདི་ལ་བརྟག་ན་དོན་དུ་བེེ་རོ་ཙ་ནས་རྒྱལ་རོང་དུ་བན་དེའི་བསྟན་པ་སྐྱོང་ངམ་བོན་གྱི་བསྟན་པ་སྐྱོང་ཡོད། རྒྱལ་རོང་ཡུལ་གྱི་རྫོགས་པ་ཆེན་པོའི་བྲག་རྐོས་རི་མོས་རྙིང་མའི་རྫོགས་པ་ཆེན་པོ་དང་བོན་པོའི་རྫོགས་པ་ཆེན་པོ་མི་འདྲ་ས་གང་ཞིག་ཡོད་པ་སོགས་ཀྱི་འདྲི་ཚིག་ཞིག་མང་པོ་ཞིག་ཀྱང་མི་འགོད་རང་འགོད་དུ་གྱུར་འདུག་སྙམ།
(དཀོན་མཆོག་རྡོ་རྗེས་བྲིས་ཤིང་པར་བླངས།)
དང་པོ། དེ་རིང་ཁ་སང་དོད་རྒྱལ་ཁ་འཁྱེར་ངང་༧གོང་ས་མཆོག་ལ་ངོ་རྒོལ་བྱེད་མཁན་ཕལ་ཆེ་བ་གུང་ཁྲན་ཏང་དང་ངན་པ་ལག་སྦྲེལ་བྱེད་ཀྱི་ཡོད་པར་བརྟེན། ཁོ་པ་ཚོ་སྲིད་དོན་གྱི་ཁེ་ཕན་འཚོལ་མཁན་ཞིག་ལས་ཡང་དག་པའི་ཆོས་ལུགས་མི་སྣ་ཞིག་གཏན་ནས་མིན། གཉིས་པ། ཁོ་པ་ཚོས་ནང་པའི་སངས་རྒྱས་པའི་སྐྱབས་འགྲོའི་བསླབ་བྱ་སྟེ། དཀོན་མཆོག་གསུམ་ལས་གཞན་པའི་སྐྱབས་གནས་མཐར་ཐུག་ཅིག་མེད་པའི་རྩ་དོན་ལ་རྒྱལ་འགལ་བྱས་སྟབས། སངས་རྒྱས་ཆོས་ལུགས་པའི་རྗེས་བྲངས་ཤིག་མིན་པ་གསལ་བོ་དག་པོ་རེད། གསུམ་དུ། ཁོ་ཚོས་དོད་རྒྱལ་གྱི་འདུ་ཤེས་སྲུང་སྐྱོབས་དང་ཁྱབས་སྤེལ་བྱེད་པའི་ཐབས་ལམ་དེ་སྤྱི་དམངས་ལ་འཇིགས་བསྐུལ་དང་། མི་གསོད་ཀྱི་དོན་རྐྱེན་བརྒྱུད་ནས་འགྲོ་བཞིན་ཡོད་སྟབས་དོན་དམ་དུ་ཆོས་ལུགས་ཐལ་བསྐྱོད་རིང་ལུགས་པའི་བྱ་སྤྱོད་རང་ལས་མ་འདས། དེར་བརྟེན་དུས་ཚོད་ཀྱི་སྔ་ཕྱི་ཙམ་མ་གཏོགས་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཁོ་ཚོ་འཇིགས་བསྐུལ་རིང་ལུགས་པའི་ཁོངས་སུ་ངོས་འཛིན་གྱིས་རྡུང་རྡེག་ཚ་ནན་ཕོག་ངེས་རེད་དོ།
དོལ་རྒྱལ་ལ་བཅོས་རོགས།
གོང་དུ་ལུང་རྟོགས་ལགས་ནས། ༼རྒྱལ་བ་རིན་པོ་ཆེས་དོལ་རྒྱལ་ལ་དམ་བསྒྲགས་གནང་བ་དེ་བོད་སྤྱི་པའི་དོན་དུ་ཡིན་པ་ལས།༽ ཞེས་དམ་བསྒྲགས་ཞེས་པ་ཚིག་རྩ་ནན་བརྗོད་བྱས་པ་དེ་ནི་བསྟོད་མི་ཤེས་པས་བསྟོད་པ་ལས། སྨད་མི་ཤེས་པས་སྨད་ན་དགའ་ཞེས་པ་ལྟར་རེད། གང་ཡིན་ཟེར་ན་དོལ་རྒྱལ་ཚོགས་པས་ཀྱང་༧གོང་ས་མཆོག་གིས་དོལ་རྒྱལ་དམ་བསྒྲགས་བྱས་ཏེ་བསྟེན་གསོལ་བྱེད་མི་ཆོག་ཅེས་བརྗོད་དེ་ཆོས་དད་རང་མོས་བཙན་བཀག་བྱས་པའི་དཀྲོགས་གཏམ་བཟོ་གིན་ཡོད། དོན་དངོས་ཐོག་༧གོང་ས་མཆོག་གིས་སྔ་ཕྱི་བར་གསུམ་དུ་དོལ་རྒྱལ་དམ་བསྒྲགས་གནང་མྱོང་མེད། དོལ་རྒྱལ་བསྟེན་དང་མི་བསྟེན་སྐྱེ་བོ་སྒེར་གྱི་རང་དབང་རེད། འོན་ཀྱང་དོལ་རྒྱལ་བསྟེན་གསོལ་སྲོག་རྩར་འཛིན་པ་ནི་ནང་པ་སངས་རྒྱས་པའི་སྐྱབས་འགྲོའི་བསླབ་བྱ་དང་རྒྱབ་འགལ་བྱེད་ཀྱི་ཡོད་ཅེས་བླང་དོར་གྱི་བཀའ་བསློབ་གནང་བ་ཙམ་ཁོ་ནའོ།
་་་་་་་་ དེང་སང་གི་དོལ་རྒྱལ་བ་ཚོས་ཐ་ན་མི་རིགས་འདིས་གཉེན་འཕྲང་གི་གནས་བབ་ལ་ཡང་བསམ་བློ་ཅུང་ཟད་ཙམ་མེད་པར། རྒྱ་དམར་གཞུང་དང་ངན་པ་ལག་སྦྲེལ་གྱིས་བོད་པའི་བླ་ན་མེད་པའི་སྐྱབ་མགོན་གོང་ས་མཆོག་ལ་ངོ་རྒོལ་བྱས་པ་མ་ཟད་ཁོང་གི་སྐུ་ཕྱ་ལ་ཡང་ཉེན་ཁ་བཟོ་བཞིན་པ་འདི་རེད། ་་་་་་་་་་་་་་་
གོང་ས་མཆོག་གིས་དོལ་རྒྱལ་ལ་དམ་བསྒྲགས་གནང་བ་ལས་བཀག་འགོག་གནང་མེད་ཅེས་བདེ་སྲུང་བཀའ་བློན་ནས་ཀྱང་གསུངས་སོང་ལ། ངས་ཀྱང་དེ་ལ་རྒྱུ་མཚན་ཡོད་པར་མཐོང་། གང་ཡིན་ཟེར་ན། གོང་ས་མཆོག་གིས་མི་སྒེར་གྱིས་དོལ་རྒྱལ་རྟེན་མ་རྟེན་སོ་སོའི་རང་དབང་རེད། འོན་ཀྱང་ཚོགས་པ་སྒྲིག་འཛུགས་སོགས་ཀྱིས་རྟེན་གསོལ་ཤུགས་ཆེན་པོ་བྱས་ན་ཡག་པོ་མི་འདུག་ཅེས་ཚོགས་པ་སྒྲིག་འཛུགས་སོགས་ཀྱིས་རྟེན་གསོལ་ལ་དམ་བསྒྲགས་གནང་ཡོད་པ་རེད།
སྤྱིར་བཏང་བདེ་སྲུང་བཀའ་བློན་ཟེར་བ་དེ་ཚོ་ཚད་མའི་སྐྱེ་བུ་དེ་འདྲ་ཅང་མ་རེད་ལ། བརྡ་སྤྲོད་ཀྱི་སྤྱི་སྲོལ་དང་ཡིག་གེའི་ཐོབ་ཐང་སོགས་ལ་བྱང་ཆ་དེ་བས་ཀྱང་མེད་པ་ས་རིས་ཐང་གསལ་མ་ལགས་སམ། ལར་ནས་བཀག་འགོག་ཅེས་པར་སྤྱིར་ཏང་གི་ཚིག་ནུས་ལས་མེད་དེ། མི་གཉིས་འཛིང་མོ་བྱེད་སྐབས་བར་འདུམ་བྱས་པར་བཀག་འགོག་དང་། མི་ར་བཟི་ཞིག་གིས་ཁྱོད་ཀྱི་ལམ་བཀག་འགོག་བྱས་པ་སོགས་ཧ་ཅང་ཧ་ཅང་གི་ཕལ་ཚིག་རེད། དེ་ལས་ལྡོག་སྟེ་དམ་བསྒྲགས་ནི་ཁྲིམས་ལུགས་རང་བཞིན་གྱི་མིང་ཚིག་ཡིན་སྟབས། ཨ་མི་རི་ཁས་འཇིགས་བསྐུལ་རིང་ལུགས་པའི་དོགས་ཡོད་མི་སྣ་ཚང་མར་དམ་བསྒྲགས་ཀྱི་བཀའ་རྒྱ་བཏང་ཞེས་དང་། ལྷ་སར་ཆབ་སྲིད་ཀྱི་དམ་བསྒྲགས་ཤུགས་ཆེར་བྱེད་བཞིན་ཡོད་སོགས་ཆབ་སྲིད་དཔྱད་གླེང་གི་བརྒྱུད་ལམ་ཕལ་ཆེ་བར་རྒྱུན་སྤྱོད་ཀྱི་མིང་ཚིག་རེད་ལ། བོད་རྒྱ་ཚིག་མཛོད་ཆེན་མོའི་ནང་དམ་བསྒྲགས་ཀྱི་གོ་དོན་ལ། ཁྲིམས་ཀྱིས་འདོམས་པའམ་དོ་དམ་བཙན་པོ་ཞེས་བྲིས་འདུག་ན་དཔྱད་པར་འཚལ། ད་དུང་དོལ་རྒྱལ་རྟེན་མ་རྟེན་ཞེས་པ་ཤིན་ཏུ་ནས་ནོར་བ་དང་། འོལ་ཚོད། རྒྱ་ཚོམ་ཁོ་ནར་སྣང་ན་ངེས་པར་དུ་དོལ་རྒྱལ་བསྟེན་མ་བསྟེན་ཞེས་སུ་སྲ་ཐག་གིས་བཅོས་དགོས། གལ་སྲིད་དེ་རིགས་ངན་པ་ལངས་ཤོར་དང་། ནད་ཡམས་རླུང་འཁྱེར་ལྟར་དུ་འཕྱན་ན་བསྟན་པ་ནང་བཤིག་གི་རྒྱུ་རུ་འགྱུར་རྒྱུ་གདོན་མི་ཟ་བས་ནམ་རྒྱུན་བོད་ཀྱི་རིག་གཞུང་ལ་དང་ཞེན་ཡོད་མདོག་མཁན་དང་། བཙན་བྱོལ་སྒྲིག་འཛུགས་ལ། ལ་རྒྱ་ཡོད་མདོག་གནང་མཁན་སྐུ་ཞབས་ལུངས་རྟོགས་ལགས་སུ་ཞེན་བསྐུལ་གྱི་ཚུལ་དུ།
དབྱིན་མིང་ཅན་ལགས། ངས་བདེ་སྲུང་བཀའ་བློན་ཚད་མའི་སྐྱེས་བུ་རེད་ཟེར་བ་མིན། འོན་ཀྱང་ཆབ་སྲིད་ཀྱི་དཀྱིར་འཁོར་ནང་ལོ་མང་ཕྱག་ལས་གནང་མྱོངས་བའི། ཤེས་འཇོན་ཉམ་མྱོང་གསུམ་ལྡན་གྱི་དབུ་ཁྲིད་རྒན་གྲས་ཤིག་གི་སྐད་ཆ་ལ་ཚད་འཛིན་ས་གཏན་ནས་མེད་པ་ཞིག་མིན་པར་སྙམ། ལྷག་ཏུ་ཁོང་གིས་བརྡ་སྤྲོད་ཀྱི་འགྲོ་སྟང་དང་ཡི་གེའི་ཐོབ་ཐང་སོགས་མི་ཤེས་པར་བཤད་པ་ནི་རང་ཉིང་ཅུང་ཟད་ང་རྒྱལ་ཆེ་སོང་བ་མིན་ནམ་སྙམ། བཀག་འགོག་དང་དམ་བསྒྲགས་ཞེས་པའི་ཚིག་འདིའི་ངོ་གདོང་ནས་གོ་བ་བླང་ན། བཀག་འགོག་ཅེས་པ་ནི་བྱ་བ་གང་ཞིག་མཐའ་ཅིག་ཏུ་བྱེད་མི་བཅུག་པ་ཞིག་ལ་གོ་དགོས་ཏེ། དེ་ཡང་ཚིག་མཛོད་ཆེན་མོ་ལས། བྱེད་དུ་མི་འཇུག་པའམ་འགྲོ་རུ་མི་འཇུག་པ།འགྲུལ་པ་དོན་མེད་བཀག་འགོག་བྱེད་མི་རུང༌། འདི་ལྟར་འགྲེལ་འདུག་པ་ལས་ཤེས། དམ་བསྒྲགས་ཤེས་པ་ནི་བྱ་བ་དེ་བྱེད་ན་མི་འགྲིག་པའི་ཉེན་བརྡ་བཏང་བ་ལ་ཡང་གོ་ཆོག་པས་མཐའ་ཅིག་ཏུ་བཀག་པའི་དོན་ལ་གོ་མི་དགོས། ཡིག་ནོར་གྱི་ཐད་ནས། སྤྱིར་བཙན་བྱོལ་ནང་ལ་ཡིག་ནོར་མི་འབྲི་མཁན་ཧ་ཅང་དཀོན་ཞིང་། ཡིག་ནོར་བཅོས་མཁན་ཚོས་ཀྱང་ཡིག་ནོར་འབྲི་བཞིན་འདུག་པས། ངས་ཡིན་ནོར་རེ་ཟུང་ཤོར་བར་དེ་ཙམ་ཧང་སང་དགོས་པའི་གནད་དོན་ཞིག་ཨེ་ཡིན་མི་ཤེས་ལ། ཡིག་ནོར་གྱིས་ཁེངས་པའི་དཀྱིལ་འཁོར་ནང་ལ་ཡིག་ནོར་ཤོར་བའི་དོག་གཟབ་ཀྱང་དེ་ཙམ་བྱེད་ཐུབ་ཀྱི་མི་འདུག་མོད། གང་ལྟར་ཡིག་ནོར་བཅོས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ལས་ཅི་ཡོད།
དོལ་རྒྱལ་གི་གནད་དོན་བཞིན་སྤྱི་སྒེར་སུའི་ཆེད་དུ་དགག་གི་ཡོད་མ་མེད་མ་མཐོང་་ན་ལོང་བ་དང་།མ་གོ་ན་འོན་པ། མ་ཤེས་ན་བླུན་པོ་རེད་ཟེར་རྒྱུ་ལས་སྤྱི་ཚོགས་དྲྭ་འབུ་དག་ལ་གསལ་བཤད་དགོས་གལ་མི་ཆེ་་་
དབུ་མའི་ལམ་འདི་མི་ལེགས་པ་ཞིག་ཅི་ལ་ཡིན་ཏེ་མིན་མོད། དབུ་མའི་ལས་འགུལ་བ་ཡིན་ཟེར་མཁན་གཟམ་གདོང་གཙོ་བྱས་པས་མི་ངན་འདི་ཚོས་འཐབ་རྩོད་ཁ་ཕྱི་ལ་མི་སྟོན་པར་ནང་ལ་སྟོན་གྱིན་འདུག་པ་འདི་ལས་སྡུག་ཅིག་དང་འདི་ལས་བཙོག་ཅིག་མི་འདུག གཞོན་ནུ་ཚོགས་པ་སོགས་རང་བཙན་རྩོད་མཁན་རྣམས་ནི་ཕྱིའི་དགྲ་བ་ོདང་དོལ་ཚོགས་སོགས་ལས་ཀྱང་སྡུག་གི་རེད་ཟེར་ནས་སྒྲོག་གིན་འདུག སྐད་ཆ་འདི་བཤད་མཁན་ལ་ངོ་མི་ཚ་ནའང་ཉན་མཁན་ལ་སྙིང་ཚ་གི་འདུག དོན་དངོས་སུ་རྒྱ་གཞུང་ལ་ན་ཟུག་གཏོང་ཐུབ་མཁན་གཞོན་ནུ་ཚོགས་པ་ལས་ལྷག་ཅིག་བྱུང་མེད་ལ་བོད་ཀྱི་རྩ་དོན་ལ་ལག་པ་འཇུ་ཐུབ་མཁན་ཡང་དེ་ལས་ལྷག་ཅིག་ཡིན་ལུགས་ཀྱི་ཐོག་ནས་བཤད་ན་མི་སྙེད་པ་རེད། དབུ་མའི་ལམ་ཟེར་བའི་ཚོགས་པ་འདིས་བྱེད་སྟངས་ནི།
་ཕྱི་དགྲ་བོའི་སེམས་པ་དགའ་བྱེད་ལ།
ནང་ཕུ་ནུའི་འཆམ་མཐུན་དཀྲུགས་ཀྱིན་འདུག
རྒྱ་ནག་པོའི་ངོ་མདངས་དཀར་བྱེད་ལ།།
བོད་གདོང་དམར་ཕུངས་ལ་སྦྱོར་ཀྱིན་འདུག
མི་སྒེར་གྱི་མྱིང་ཐོབ་གོ་སའི་ཆེད།།
བོད་སྤྱི་བའི་ལས་དོན་བརྣོག་གིན་འདུག །
མྱི་གཅིག་གི་ལ་རྒྱ་བསྲུང་བྱེད་ལ།།
འབུམ་དྲུག་ཅུའི་རུས་རྐང་གཅོག་གིན་འདུག །
གླུ་གོ་ན་རྣ་བའི་བདུད་རྩི་ཡིན།།
མ་གོ་གླུ་ལ་འགྲེལ་བ་ཡོད།།
ཁྱོད་དབུ་རྒྱུན་སེམས་ལ་དེ་ལྟར་ཞོགས།