–རྔ་བ་རྒྱལ་ཁམས་པ།
སྐད་གཉིས་སྨྲ་བའི་དབང་བོ་ལོ་ཆེན་མགོ་ལོག་པ་རྣམ་རྒྱལ་མཆོག་ནི། མགར་གྱི་རིགས་རྒྱུད་ལས་སྔགས་རྙིང་མའི་མཁས་གྲུབ་གཉིས་ལྡན་གྱི་བླ་སྤྲུལ་མཁན་པོ་མང་དུ་བྱུང་བའི་རྒྱུད་པ་ཡབ་དཔལ་ལྡན་དང་། ཡུམ་མགོ་ལོག་བཟའ་ཚེ་སྐྱིད་གཉིས་ཀྱི་སྲས་སུ་སྤྱི་ལོ༡༩༥༤ལོའི་ཟླ༡༢བར་ད་ལྟའི་མགོ་ལོག་གཅིག་སྒྲིལ་རྫོང་ཁོངས་སུ་སྐུ་བལྟམས། དགུང་ལོ་ཆུང་ངུའི་དུས་ནས་གཤིས་རྒྱུད་ལེགས་ཤིང་། རྣམ་རིག་བཀྲ་བས་བླ་མ་རེའི་སྐུ་སྐྱེ་ཡིན་ཚུལ་ངོས་འཛིན་བྱས་པར་གྲགས་ཀྱང་། ཁྲི་འདོན་ཞུ་ཉེར་དུས་འགྱུར་བྱུང་སྟེ་ལམ་ལྷོངས་བྱུང་མེད། རྒྱ་ནག་གིས་བོད་ལ་དབང་བསྒྱུར་རྗེས་སྔ་ཕྱིར་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་བརྒྱུད། བོད་རྒྱ་སྐད་ཡིག་ཤེས་རིག་དང་བཅས་པར་སྦྱངས་པ་མཐར་ཕྱིན་ཏེ་ངེས་དོན་གྱི་མཁས་པའི་དབང་བོ་ཞིག་ཏུ་གྱུར།
སྤྱི་ལོ༡༩༩༠ལོར་རྒྱ་ནག་དབུས་སློབ་གསོ་ལྷན་ཁང་དུ་ཕྱག་ལས་གནང་སྐབས་ཐང་གི་སྙན་ངག་སུམ་བརྒྱ་བ་སྒྱུར་མགོ་བརྩམས་ཏེ། སློབ་ཆེན་གྱི་དགེ་རྒན་དང་། རྫོང་དཔོན། ཁུལ་གཙོ་སོགས་རྒྱལ་ཁབ་རིམ་པའི་གོ་གནས་སྣ་མང་གི་ལས་འགན་ཕྲག་པར་བཞེས་ཞོར། ཁུང་ཙེའི་གསུང་སྒྲོས། མེང་ཙེ། སྤོར་ཐང་། བསླབ་ཆེན་གྱི་གཞུང་། སྲི་ཞུའི་གསུང་རབ། སུན་ཙིའི་དམག་ཇུས་སོགས། རྒྱ་ནག་རྫོགས་ལྡན་དུས་རབས་ཀྱི་བསམ་བློ་དང་། ཤེས་རིག་གི་སྙིང་བཅུད་རྫོགས་པའི་གཞུང་ལུགས་ཕལ་ཆེར་བོད་རང་གི་སྐད་ཡིག་གི་ཐོག་བསྒྱུར་ཅིང་། བརྡ་རྙིང་དང་གཞུང་ཚིག་གོ་དཀའ་སར་གོ་བདེའི་ཟུར་མཆན་དང་། ལོ་རྒྱུས་མི་སྣར་ངོས་འཛིན་ཡིག་ཆུང་ཡང་བཏབ་སྟེ། ལོ་ཆེན་གོང་མའི་ཕྱག་བཞེས་བཞིན་བསྒྱུར་ཅིང་ཞུས་ནས་གཏན་ལ་ཕབ་པ། མཚོ་སྔོན་དང་པེ་ཅིན་མི་རིགས་པར་སྐྲུན་ཁང་སོགས་ནས་པར་སྐྲུན་བྱས་དང་བྱེད་མུས་སུ་མངོན།
སྤྱིར་བཏང་རྒྱ་གར་རྫོགས་ལྡན་དུས་རབས་ཀྱི་རིག་པའི་གཞུང་ལུགས་ཕལ་ཆེར་ཞིག བོད་མེས་དག་གི་བཀའ་དྲིན་ལས་བོད་རང་གི་རིག་གཞུང་གི་ཆར་གཏོགས་སུ་སླེབས་ཡོད་ཀྱང་། རྒྱ་ནག་རྫོགས་ལྡན་དུས་རབས་ཀྱི་རིག་གཞུང་ཐར་ཐོར་ཞིག་ལས་ཆ་ཚང་ཞིག་བོད་བསྒྱུར་བྱེད་ཐུབ་མེད་པར་སྣང་། ལོ་ཙཱ་པ་ཆེན་པོ་འདིའི་སྐུ་རིང་དང་། དུས་རབས་ཉེར་གཅིག་པའི་སྟོད་ཀྱི་ཆ་འདི་ནས་བཟུང་། རྒྱ་ནག་གི་རིག་གཞུང་ཧྲིལ་བོ་ཞིག་བོད་ཡིག་ཐོག་བསྒྱུར་ཐུབ་པ་བྱུང་བས། ད་གཟོད་རྒྱ་གར་དང་། རྒྱ་ནག་སྟེ་ཤར་གླིང་རྒྱལ་ཁམས་ཀྱི་རྒྱལ་ཁབ་སྟོབས་ལྡན་འདི་གཉིས་ཀྱི་ཤེས་རིག་ཆ་ཚང་ཞིག་བོད་ཀྱི་སྐད་ཡིག་གི་ནང་སླེབས་ཐུབ་པ་བྱུང་ཡོད།
དོན་བཟང་འདིས་བོད་ཀྱི་ཚེ་སྲོག་དང་། འཚོ་གནས། བསམ་བློའི་ཤེས་རིག་གི་སྒྱུ་རྩལ་བཅས་ལ། སྤོབས་པ་གསར་བ་དང་། མཛེས་རྒྱན་གསར་བ། ཕྱོགས་སྟོན་གསར་བ་བཅས་བསྐྲུན་རྒྱུ་ཡིན་པར་མ་ཟད། བོད་རྒྱའི་བསམ་བློའི་ཤེས་རིག་གི་གཞི་རྩའི་འགལ་འདུ་རྟོག་ཞིབ་དང་། སྟོངས་ཆ་ཁ་སྐོང་། ཕ་རོལ་བོའི་བསམ་བློའི་གཙོ་གནད་ཀྱི་འདུ་ཤེས་སྔོག་ཐབས། དེའི་ཟློག་ཐབས། སྲོལ་རྩིས་ཁ་ཇེ་གསལ་དང་། དོན་ཇེ་ཟབ། ཆ་ཇེ་ཚང་། སྤྱོད་སྒོ་ཇེ་མོད་དུ་འགྲོ་བ་སོགས་ལ་ཕན་ཆ་ཆེན་པོ་ཡོད་པར་ཡིད་ཆེས་བྱེད་ཆོག་པ་ཡིན། ལོ་ཆེན་མཁས་དབང་མགོ་ལོག་རྣམ་རྒྱལ་ལགས་སུ་ཐུགས་རྗེ་བཀའ་དྲིན་བླ་མེད་ཆེ་ཞེས་ཞུ་བཞིན་ཡོད།
3/4/17
ལོ་ཙཱ་པ་འདི་ཉིད་ཀྱི་ལོ་རྒྱུས་ཁ་གསལ་ཆ་ཚང་ཞིག་ད་དུང་ཤེས་རྟོགས་མ་བྱུང་བས། ནོར་འཁྲུལ་རིགས་ལ་་དགོངས་དག་ཞུས་པ་ཡིན
ཕོ། བོད་རིགས། 1954ལོའི་ཟླ་12པར་སྐྱེས།
རུས། མགར།
མཚོ་སྔོན་ཞིང་ཆེན་གཅིག་སྒྲིལ་རྫོང་གི་མི་ཡིན།
1978ལོར་བྱ་བར་ཞུགས།
1989ལོའི་ཟླ་10བར་ཏང་ནང་དུ་ཞུགས། སློབ་ཆེན་བསླབ་ཚད།
ད་ལྟ་ཀྲུང་གུང་མགོ་ལོག་ཁུལ་ཨུའི་ཧྲུའུ་ཅུ་གཞོན་པ་དང་མགོ་ལོག་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་གཙོའི་འགན་བཞེས་ཡོད།
1978…1981.10མཚོ་སྔོན་མི་རིགས་སློབ་གླིང་གྲངས་ཉུང་མི་རིགས་སྐད་ཡིག་སྡེ་ཁག་གི་དགེ་རྒན་མཛད།
1981…10….1983…09མཚོ་སྔོན་ཞིང་ཆེན་མགོ་ལོག་མི་རིགས་དགེ་ཐོན་སློབ་གྲྭའི་དགེ་རྒན་མཛད།
1983.09…1986མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དགེ་ཐོན་སློབ་གྲྭར་སྔ་གཞུག་ཏུ་དགེ་རྒན་དང་སློབ་གཙོ་གཞོན་པ། སློབ་གཙོ་བཅས་ཀྱི་འགན་བཞེས།
1986…1990མཚོ་སྔོན་ཞིང་ཆེན་མགོ་ལོག་སློབ་གསོ་ཅུས་ཀྱི་གཙོ་འགན་པའི་འགན་བཞེས།
1990…1991རྒྱལ་ཁབ་སློབ་ཨུའི་རྨང་གཞི་སློབ་གསོ་སི་རུ་ལས་ཁུར་གནང་ཞིང་། ཁྲུའུ་གཙོ་གཞོན་པའི་འགན་བཞེས།
1991…1993མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་སློབ་གསོ་ཅུས་ཀྱི་ཅུས་གཙོའི་འགན་བཞེས།
1993…1996མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་སྟོད་རྫོང་ཨུའི་ཧྲུའུ་ཅིའི་འགན་བཞེས།
1996…06..2001.05མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་གཙོ་གཞོན་པའི་འགན་བཞེས།
2001..05…2005..04ཀྲུང་གུང་མགོ་ལོག་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།
2005..04..2006..11ཀྲུང་གུང་མགོ་ལོག་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་གཙོ་གཞོན་པའི་འགན་བཞེས།
2006…11…ད་ལྟའི་བར་ཀྲུང་གུང་མགོ་ལོག་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་གཙོའི་འགན་བཞེས།
ཁུལ་སྲིད་གཞུང་གི་བྱ་བ་ཡོངས་ལ་མདོ་འཛིན་པ་དང་། ལྟ་ཞིབ། རྩིས་བཤེར་ཕྱོགས་ཀྱི་བྱ་བར་འགན་བཞེས། ཁུལ་ལྟ་ཞིབ་ཅུས་དང་། ཁུལ་རྩིས་བཤེར་ཅུས་ལ་བགོས་བདག་བཞེས་མྱོང་།
ལོ་ཙཱ་བ་པདྨ་རྣམ་རྒྱལ་ལགས་ཀྱིས་མི་རིགས་གཞན་གྱི་རིག་པའི་ལེགས་ཆ་ནང་འདྲེན་བྱས་ཏེ་མི་ཡུལ་ལ་བཞག་པའི་ལེགས་སྐྱེས་སུ་༼ ཐང་གི་སྙན་ངག་སུམ་བརྒྱ་བ།༽ ༼ བསླབ་ཆེན་གྱི་གཞུང་། ༼ སུན་ཙིའི་དམག་ཇུས་དང་ཇུས་བློའི་ཁུག་པ་སོ་དྲུག༽ ༼ མེང་ཙི།༽ ༼ སློབ་གསོའི་ཟིན་ཏིག༽༼ སློབ་བུའི་བསླབ་བྱ།༽༼ བྱིས་པའི་གཙུག་ལག་འབྲུ་གསུམ་པ།༽ ༼ ལིའོ་ཊིའི་གཏམ་རྒྱུད་བདམས་བསྒྱུར།༽ ༼ དབུས་འཛིན་གྱི་གཞུང་།༽ ༼ ཁུང་ཙིའི་གསུང་སྒྲོས།༽སོགས་དེབ་ཕྲེང་བཅུ་གསུམ་ཡོད་ལ་ད་དུང་མི་འགྱངས་པར་དེབ་ཕྲེང་བདུན་ཕྲག་ཁ་ཤས་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་སྐྲུན་བཞིན་ཡོད། བཙན་པོའི་མགར་གྱི་དྲྭ་བ་ལས་འདིར་དྲངས།
ཁོང་ལྟ་བུ་བོད་ལ་ཧ་ཅང་བཀའ་དྲིན་ཆེན་མོ་ཡིན།